བོད་ཡིག་གི་རིག་ནུས་ས་སྟེང་ཀུན་ལ་ཁྱབ་པར་ཤོག

དཔལ་ཡོན་གསར་གཏོད་སྡེ་ཚན།

Palyon Creative Lab|拜云创新实验室

དཔལ་ཡོན་གསར་གཏོད་སྡེ་ཚན་ནི་བོད་ལྗོངས་དཔལ་ཡོན་ཆ་འཕྲིན་ཚན་རྩལ་ཀུང་སིའི་ཁོངས་གཏོགས་ཞིབ་འཇུག་དང་གསར་གཏོད་སྡེ་ཚན་ཞིག་ཡིན། གཙོ་བོ་བོད་ཡིག་གི་རིག་ནུས་དང་སྐད་བརྡ་རིག་པ། བོད་ཡིག་གི་ཡིག་འཛིན་སྒྲ་འཛིན། ད་དུང་མཉེན་ཆས་གཙོ་གྲས་བོད་ཡིག་གི་པར་ངོས་སུ་བསྒྱུར་བཞིན་པའི་ཆ་འཕྲིན་ལག་རྩལ་ལ་བརྩོན་ལེན་བྱེད་བཞིན་ཡོད།

5+
རིག་ནུས་སྐད་མཛོད།
50+
མཉེན་ཆས་བོད་བསྒྱུར།
200+
གསར་གཏོད་འབྲས་བུ།
1000+
སྒོ་འབྱེད་གཞི་གྲངས།
1000W+
སྐད་བརྡ་ཚིག་མཛོད།
འཕྲོ་མའི་ནང་དོན།

ང་ཚོའི་གཏམ་རྒྱུད།

དཔལ་ཡོན་གསར་གཏོད་སྡེ་ཚན་གི་གནས་ཚུལ་གསར་བ་དང་ལོ་རྒྱུས།

༢༠༢༤ལོའི་ཟླ་བཅུ་གཉིས་པར།

དཔལ་ཡོན་གསར་གཏོད་སྡེ་ཚན་གཞི་བཙུགས། དུས་མཚུངས་དཔལ་ཡོན་རིག་ནུས་གསར་པ་སྤེལ།

༢༠༢༥ལོའི་ཟླ་བརྒྱད་པར།

དཔལ་ཡོན་གསར་སྤེལ་པ་མནའ་འབྲེལ་ཚུགས། དུས་མཚུངས་སུ་དྲི་མེད་རིག་ནུས་བཀྲམ།

༢༠༢༦ལོའི་ཟླ་དང་པོར།

དཔལ་ཡོན་དྲ་མང་དང་ཡིག་འཛིན། རིག་ནུས་སོགས་སྒོ་འབྱེད་བྱས། བརྙན་སྟེགས་ནས་བརྒྱུད་སྒྲོག་བཏང་།

གསར་གཏོད་ཀྱི་ཆ།

ང་ཚོའི་ཐོན་རྫས་ཀྱི་དཀར་ཆག

སྤྱི་ཁྱབ་བོད་ཡིག་རིག་ནུས།

དྲི་མེད་རིག་ནུས།

དྲི་མེད་རིག་ནུས་ནི་དཔལ་ཡོན་གསར་གཏོད་སྡེ་ཚན་གྱི་བོད་ཡིག་རིག་ནུས་ཐོན་རྫས་ཆེས་ལེགས་ཤོས་དེ་ཡིན། བོད་ཡིག་གི་ནང་དོན་ཕྱིར་འཕྱུང་། གོ་བརྡ་སྤྲོད་པ། ཇུས་གཞི་འདོན་པ། རྣམ་གྲངས་གསར་བཟོ་སོགས་བགྱིས་ཆོག

དྲི་མེད་རིག་ནུས། དྲ་ཚིགས། མཉེན་ཆས་ཕབ་ལེན། ཕབ་ལེན་དྲ་ཐག
འོད་སྣང་བོད་ཡིག་ཡིག་འཛིན་ལག་རྩལ།

སྣང་ས་ཡིག་འཛིན།

སྐད་མཛོད་ཆེན་མོ་ལ་གཞི་བཅོལ་ནས་བོད་ཡིག་གི་དཔེ་དེབ་དང་ཡིག་ཚགས་ཀྱི་པར་གཞི་ངོས་འཛིན་དང་པར་ངོས་ཡི་གེ་ཡིག་འཛིན་སོགས་ལ་རྩལ་ལ་ཉམས་ཞིབ་བྱེད་བཞིན་པ་བང་གྲུབ་འབྲས་བཟང་པོ་ཐོབ་ཡོད།

ཡིག་རྙིང་འཛིན་པ།ཕབ་ལེན། སྐད་མང་འཛིན་པ།དྲ་ཐག པར་དབྱེ།དྲ་ཐག
དྲ་རྒྱ་ལྟ་བཤེར་ཆས་ཀྱི་བོད་བསྒྱུར་ལྷུ་ལག

དོན་ཡོད་དྲ་རྒྱའི་མྱུར་ལམ།

དྲི་མེད་རིག་ནུས་ཀྱི་ཡིག་བསྒྱུར་ནུས་པ་ལ་གཞི་བཅོལ་ནས་འཛམ་གླིང་ཡུལ་གྲུ་སོ་སོའི་སྐད་ཡིག་གི་གྲུབ་པའི་དྲ་ངོས་ནང་དོན་གང་བྱུང་དེ་ཉིད་གངས་ཅན་བོད་ཡིག་ཏུ་བསྒྱུར་བྱེད་ཀྱི་ལྟ་བཤེར་ཆས་ཅ་ལག

དྲ་ལམ་ཡིག་བསྒྱུར། བོད་ཡིག་ཡིག་གཟུགས་གཏན་འཁེལ། ཡིག་བསྒྱུར་ནུས་པ་ལེགས་ཐོན།
རིགས་དང་སྤྱོད་སྒོ་མང་བའི་དྲ་ཚིགས་གསར་གཏོད་ལས་གཞི།

དཔལ་ཡོན་དྲ་མང་།

བོད་ཡིག་ལ་ཤིན་ཏུ་དཀོན་པའི་དྲ་ངོས་བེད་སྤྱོད་ཅ་ལག་ཅན་གྱི་དྲ་ཚིགས་དང་ཉེར་སྤྱོད་ཀུན་འདུས། བརྗེ་སྒྱུར་ནས་རྣམ་གཞག་ཅན། ཡི་གེ་ནས་པར་རིས། རོལ་རྩེད་དང་ནང་དོན་ཁག་ཀུན་འདུས་སོ།།

དྲ་མང་ཞབས་ཏོགདྲ་ཐག རིག་ལམ་གསར་བ། ཡོངས་སུ་བཀྲམ་པ།

ཞིབ་འཇུག་གི་ཁྱབ་ཁོངས།

མ་འོངས་ལ་ཕྱོགས་པའི་ལམ་བུ་གསར་བ་དང་རིག་ལམ་གསར་བ།

སྤྱི་བྱིངས་ཡིག་འཕྱུང་རིག་ནུས།

མུ་མཐུད་དུ་བོད་ཡིག་གི་ཡིག་འཕྱུང་རིག་ནུས་གཏིང་ཟབ་དང་ཁྱབ་ཆེ་ས་ནས་མཉམ་ཞིབ་བྱ་རྒྱུ་དང་ཐོན་རྫས་གསར་བ་ཡང་དང་ཡང་དུ་བཟོ་རྒྱུ་ཡིན། རིག་ནུས་ལག་རྩལ་ལ་གཞི་བཅོལ་ནས་གངས་ལྗོངས་ཤེས་རིག་གི་ནང་འདྲེན་དང་ཕྱི་སྤེལ་བཅས་ལ་རབ་འདེགས་ཞུ་རྒྱུ།

ཡིག་རིགས་ཞིབ་འཇུག དོན་གྱི་མཚོན་ཐབས་ཞིབ་འཇུག གྲངས་ཀྱི་རིག་ལམ།

ཡིག་འཛིན་ལག་རྩལ་ལེགས་བཅོས།

མུ་མཐུད་དུ་བོད་ཡིག་གི་ཡིག་གཟུགས་དང་པར་ངོས་མི་འདྲ་བར་དམིགས་ནས་འོད་སྣང་ཡིག་འཛིན་ལག་རྩལ་འདི་ཉིད་ལ་གསར་སྤེལ་བྱ་རྒྱུ། རབ་ཡིན་ན་བོད་ཡིག་གི་ད་ཡོད་དཔེ་དེབ་དང་པར་རིས་རྣམ་པའི་ཡི་གེ་ཐབས་ཅད་གྲངས་འཛིན་ཅན་དུ་གཏོང་རྒྱུ།

དེབ་ཆ་ཚང་ངོས་འཛིན། གཏེར་ཡིག་ངོས་འཛིན། སྐད་ཡིག་མང་པོ་འདུས་སྦྱོར་ངོས་འཛིན།

བོད་ཡིག་རང་བྱུང་སྐད་བརྡ་ཞིབ་འཇུག

མུ་མཐུད་དུ་བོད་ཡིག་གི་བརྡ་སྤྲོད་རིག་པ་དང་མིང་གཤིས་རྟགས་བཀོད་རིག་ལམ་ཇེ་རྒྱས་ཇེ་ལེགས་སུ་བཏང་ནས་རིག་ནུས་གསར་ཐོན་ལ་རིག་པའི་རམ་འདེགས་ཞུ་བ་དང་ཆབས་གཅིག ད་དུང་ནུས་ཕྱོགས་དང་རྒྱ་ནག་གི་སྔོན་ཐོན་སྐད་བརྡ་རིག་པའི་གཞུང་ལུགས་ལ་བརྟེན་ནས་བོད་ཡིག་དེང་རབས་ཅན་ཏུ་གཏོང་པར་ཤུགས་རྒྱག་རྒྱུ།

སུམ་རྟགས་བསྐྱར་ཞིབ། སྐད་བརྡའི་གཞུང་ལུགས་ཟུང་འབྲེལ། མིང་གཤིས་རྟགས་བཀོད།

རང་འགུལ་ཅན་གྱི་ལས་གཞི།

གསར་དུ་རིག་ནུས་ལ་སོགས་བཟོ་ལས་རང་བཞིན་ཅན་གྱི་རང་འགུལ་ཐབས་ཤེས་བོད་ཡིག་བོད་སྐད་དུ་བེད་སྤྱོད་གཏོང་བའི་རིག་ལམ་ལ་སློབ་གཉེར་དང་ལག་ལེན་བཏབ་ནས། འབོར་ཆེན་གྲངས་གཞི་དང་དཔེ་མཛོད། དྲ་སྒང་ཡིག་ཆ་གང་ཅི་ཐད་ནས་བོད་ཡིག་རིག་གཞུང་ཁྲོད་དུ་འདྲེན་པར་བརྩོན་རྒྱུ།

vibe coding རིག་ནུས་རིག་ལམ་སློབ་སྦྱོང་། བོད་ཡིག་ལ་བསྟུན་པའི་རིག་ལམ། MCP

བེད་སྤྱོད་ལས་རིམ།

ང་ཚོས་བཟོས་པའི་ཐོན་རྫས་ནི་ལས་རིམ་འདི་གར་བེད་སྤྱོད་བཏང་ཆོག

རིག་ནུས་སློབ་གསོ

སློབ་གསོའི་རིག་ལམ་གསར་སྒྱུར།
མ་འོངས་བར་ཁ་འཕྲོད་པའི་སློབ་གསོ།

རིག་ནུས་ཡིག་བསྒྱུར།

ཁྱབ་ཁོངས་ཀུན་ལ་མཁས་པ།
རིག་གནས་ནང་འདྲེན་གྱི་རིན་ཐང་།

རིག་ནུས་ནང་དོན་སྤེལ་བ།

རིག་གནས་ལ་དུས་ཀྱི་བླ་ཞུགས་པ།
ལས་ཆོད་ལྡན་པའི་སྒོ་ནས་ནང་དོན་བཟོ་བ།

རིག་ནུས་རིག་གཞུང་ཞིབ་འཇུག

རིག་ནུས་ཀྱི་འབུམ་རམས་པའི་འཆར་གཞི།
དྲི་མེད་རིག་གཞུང་བོད་ཡིག་ཏུ་འདྲེན་པ།

དཔལ་ཡོན་གསར་གཏོད་སྡེ་ཚན་དང་རིག་གཞུང་ལས་ཁོངས་མཉམ་ལས།

སློབ་ཆེན་པ་བསྡུ་བའི་རེ་ཞུ།

ང་ཚོས་སྐོམ་པ་ཆུ་འདོད་ཇི་བཞིན་དུས་གསུམ་ཀུན་ལ་བོད་ཡིག་དང་རྩིས་འཕྲུལ། ད་དུང་ཆ་འཕྲིན་ལག་རྩལ་གསར་སྤེལ་ལ་ཉམས་མྱོང་ཡོད་པའི་རྒྱ་བོད་སོག་གསུམ་གྱི་འཇོན་མི་ཀུན་ལ་མཉམ་དུ་བྱ་བ་སྒྲུབ་རྒྱུའི་རེ་ལྟོས་ཆེན་པོ་ཡོད།
གལ་ཏེ་ཁྱོད་ལ་འཇོན་ཐང་ཡོད་ཁད་སྤྲོ་བ་ཡོད་ན། མྱུར་དུ་ང་ཚོར་ཡིག་ཟམ་བརྒྱུད་ནས་འབྲེལ་བ་གནང་རོགས།

འབྲེལ་གཏུགས།