Tibetan Dictionary Master
| ཀ |
1.བོད་ཡིག་གི་གསལ་བྱེད་དང་པོ། འདིའི་ང་རོ་འདོན་ཚུལ་ལ་སྐྱེ་གནས་མགྲིན་པ་དང༌། བྱེད་པ་མགྲིན་པ། ནང་གི་རྩོལ་བ་མགྲིན་པ་ནང་ཕྲད། ཕྱིའི་རྩོལ་བ་སྲོག་ཆུང་སྒྲ་མེད།2.མིང་གཞིའི་ཕོ་ཡིག་ཅིག3.རྟགས་མཚུངས་འདྲེན་སྐབས་ག་ད་བ་ས་སྟེ་རྗེས་འཇུག་ཕོས་དྲངས་པའི་མིང་གི་ཆ་ཤས་ཤིག (དཔེར་ན།) ཐབ་ཀ དཔྱིད་ཀ དཔྱིད་ཀའི་མེ་ཏོག ཐོག་ཀའི་ཁང་མིག ངེད་གཉིས་ཀས་སློབ་སྦྱོང་བྱེད་ལྟ་བུ། 4.གྲངས་ཀྱི་མིང་མཐར་བཅུག་ནས་ཚང་མའམ་ཐམས་ཅད་ཅེས་པའི་དོན་སྟོན་པའི་ཆ་ཤས་ཤིག (དཔེར་ན།) སྔ་ཕྱི་གཉིས་ཀ 5.རྩ་བ་དང༌། ཐོག་མ། གདོད་མ་བཅས་ཀྱི་དོན་ཏེ། (དཔེར་ན) གཞི་ནས་དག་པ་ལ་ཀ་ནས་དག་པ་ཟེར་བ་ལྟ་བུ། |
| ཀ་ཀ |
1. སྐྱ་ཀའི་མིང་དང་དེའི་སྐད།2. ལུག་གི་ཨ་ཅུག་གམ་ཐེ་གེ།3. ཡུལ་སྐལ་ལ་ལར་བྱིས་པ་ཆུང་ངུའི་གྱོན་པར་ཡང་ཀ་ཀ་ཟེར། |
| ཀ་ཀ་ནཱི་ལ |
ཨིནྟྲ་ནཱི་ལ་དང་ནི་མ་ལ་གཉིས་ལས་ཅུང་ཟད་ནག་པའི་རྡོ་སྨན་ཞིག་ཡིན་པ་འདིས་ནད་མ་ལུས་སེལ། |
| ཀ་ཀཱ |
(ལེགས་སྦྱར།) བྱ་རོག་གི་མིང་། |
| ཀ་ཀུ་བྷ་ཡ |
(ལེགས་སྦྱར།) ཤིང་དུག་མོ་ཉུང་ངམ་ཨརྫུ་ན། |
| ཀ་ཀོ་ལ |
རྒྱ་གར་ནག་དང་ལྷོ་མོན་ནས་ཐོན་པའི་རྩྭ་ལྡུམ་གྱི་འབྲས་བུ་དེའི་ལོ་སྡོང་ལྗང་གུ་དང་འབྲུའི་པགས་པ་མཐུག་ཅིང་སུལ་ཅན། དྲི་རོ་ག་བུར་དང་ཕྱོགས་མཚུངས་པ་འདིས་ཕོ་མཚེར་གྱི་གྲང་ནད་སེལ། མིང་གི་རྣམ་གྲངས། ཟླ་བའི་བྱེ་མ་དང༌། ཟླ་བའི་གཞོན་ནུ་མའོ། ། |
| ཀ་ཀོ་ལ |
རྩི་ཤིང་ཞིག་གི་འབྲས་བུའི་མིང་ཡིན། ཆེ་བ་སྟར་ཁ་ཙམ། དབྱིབས་འཇོང་ཟླུམ་དང་ཤུན་པར་གཉེར་མ་མང་ཞིང་ནང་ལ་ས་བོན་གྱིས་བཀང་ཡོད། རྒྱ་སྐད་དུ་ཚོ་ཀོ་ཟེར་ཞིང་། ཟས་ཀྱི་བྲོ་བ་འབྱིན་བྱེད་དང་སྨན་བྱེད་ཆོག |
| ཀ་ཁ |
1.བོད་ཡིག་གསལ་བྱེད་སུམ་ཅུའི་མིང་། 2.ཡོན་ཏན་གྱི་ཐོག་མའི་དོན་ཏེ། (དཔེར་ན།) ཀ་ཁ་ཙམ་ཤེས་ཞེས་པ་ལྟ་བུ། |
| ཀ་ཁ་པ |
བོད་ཡིག་ཐོག་མར་སློབ་སྦྱོང་བྱེད་མཁན་གྱི་མིང་། |
| ཀ་ཁ་ཕྱེ |
མདོ་ཁམས་ཀྱི་ས་ཆ་ཕལ་མོ་ཆེར་ཀ་དང་ག་གཉིས་ཀྱི་སྒྲ་གདངས་གཅིག་ཏུ་ཀློག་པས་དེ་གཉིས་དབྱེ་བ་འབྱེད་ཆེད་མདོ་སྨད་པས་ཀ་ལ་ཀ་ཁ་ཕྱེ་ཟེར་ལ། ཀ་ཁ་དབྱེའང་ཟེར། ཁ་ཕྱེ་མེད་པའི་ག་ལ་ཁ་ཟུམ་ཟེར་ལ། ག་ཁ་སྡོམ་ཡང་ཟེར། |
| ཀ་ཁོལ་མ |
སྲོང་བཙན་སྒམ་པོས་རང་གི་བཀའ་ཆེམས་ལེའུ་ཀ་པ་ནས་ཁོལ་བཏོན་གྱིས་ལྷ་ལྡན་གཙུག་ལག་ཁང་གི་ཀ་བ་ཤིང་ལོ་ཅན་གྱི་ལོགས་སུ་གཏེར་དུ་སྦས་པ་ཕྱིས་ཇོ་བོ་རྗེ་ཨ་ཏི་ཤས་གཏེར་ནས་བཏོན་པའི་ཆོས་འབྱུང་ཞིག་ཡིན་ཞིང༌། མིང་གཞན་ལྷ་སའི་དཀར་ཆག་ཀྱང་ཟེར། |
| ཀ་ཁྱི |
ཆུ་འཁོར་གྱི་སྲོག་ཤིང་འོག་གི་ཤིང་རྩབ་ཅིག |
| ཀ་གཅིག་མ |
ནང་དུ་ཀ་བ་གཅིག་ཡོད་པའི་ཁང་མིག |
| ཀ་གཅིག་ལྕམ་གང་མ |
ཁང་བ་ཀ་གཉིས་མའི་ཀ་བ་གཅིག་གི་ཐད་ནས་བར་བཅད་བརྒྱབ་པའི་ཁང་བ། |
| ཀ་གཅིག་སྒོ་གཅིག་མ |
མདོ་སྦུག་མེད་པའི་ཁང་བ་ཀ་གཅིག་མ། |
| ཀ་གཉིས་པ |
(མངོན་བརྗོད།) ཁྭ་ཏའི་མིང་། |
| ཀ་གཏུགས |
ཐབས་ཟད་པའི་དོན་ཏེ། (དཔེར་ན།) ཁས་མི་ལེན་ཀ་གཏུགས་བྱུང༌ལྟ་བུ། |
| ཀ་གཞུ |
ཀ་བ་དང་གཞུ། ཀ་མགོ་དང་གདུང་མའི་བར་གྱི་ཤིང་རྟེན། |
| ཀ་གཟོང |
རང་འཐག་ལ་སོ་འདོན་བྱེད་ཀྱི་གཟོང༌། |
| ཀ་གཡེལ |
‘ཀ'འདིའི་མིང་། |
| ཀ་གྲངས |
གསལ་བྱེད་ཀ་མད་སུམ་ཅུ་སོགས་ཀྱིས་མཚོན་པའི་གྲངས་རིམ། |
| ཀ་གྷཾ་གི |
(ལེགས་སྦྱར།) རྡོ་སྨན་གཡུ་ཡི་རིགས་སྔོ་ནག་ཅིག་འདིས་དུག་སེལ་ཞིང་མཆིན་པའི་ཚ་བ་ལ་ཕན། |
| ཀ་ཅ |
1.ནོར་རྫས་ཀྱི་སྤྱི་མིང་སྟེ། (དཔེར་ན།) ཀ་ཅ་གསོག་འཇོག ཀ་ཅས་ཚིམ་པར་བྱེད་ཅེས་པ་ལྟ་བུ། 2.འཚོ་བའི་ཡོ་བྱད་ཀྱི་སྤྱི་མིང་སྟེ། (དཔེར་ན།) སྣོད་ཀ་ཅ་ཞེས་པ་ལྟ་བུ། |
| ཀ་ཅི |
(ལེགས་སྦྱར།) རས་དཀར་སྲབ་མོ་ཞིག |
| ཀ་ཅོག་ཞང་གསུམ |
སྐ་ཅོག་ཞང་གསུམ་དང་འདྲ། |
| ཀ་ཆ |
ཀ་ཅ་དང་འདྲ། |
| ཀ་ཆུག |
(བརྡའ་རྙིང་།) དེ་ལྟར་ཞེས་པའི་དོན། |
| ཀ་ཆེན་བཞི |
ལྷོ་བྲག་མར་པའི་སློབ་མ་མཆོག་གྱུར་བཞི་སྟེ། རྔོག་ཆོས་སྐུ་རྡོ་རྗེ། མཚུར་སྟོན་དབང་གི་རྡོ་རྗེ། མེས་སྟོན་ཚོན་པོ། མི་ལ་རས་པ་སྟེ་བཞིའོ། ། |
| ཀ་ཎ་ཡ |
(ལེགས་སྦྱར།) མདུང་གི་མར་སྣེར་ཐ་གུ་བཏགས་པའི་མདུང་ཞགས། |
| ཀ་ཏ་རུ |
(ལེགས་སྦྱར།) རེའུ་མིག་གི་མིང་། |
| ཀ་ཏོ་ར |
ཟངས་རག་སོགས་ལས་བཟོས་པའི་གཞོང་བ། |
| ཀ་ཏོ་ར |
གཞོང་བ་ལྟ་བུའི་ཟས་སྣོད་ཅིག་གི་མིང་སྟེ། (དཔེར་ན།) ཤེལ་གྱི་ཀ་ཏོ་ར། ཟངས་ཀྱི་ཀ་ཏོ་ར་ཞེས་པ་ལྟ་བུ། |
| ཀ་ཏྱའི་བུ |
(ལེགས་སྦྱར།) ཤཱཀྱ་མུ་ནེའི་དངོས་སློབ་ཉན་ཐོས་མཐའ་འཁོར་འདུལ་བའི་མཆོག་ཏུ་གྱུར་པ་ཞིག་ཡིན་ལ། ཁོང་ནི་ཉན་ཐོས་ཀྱི་རྩ་བའི་སྡེ་བཞིའི་གནས་བརྟན་པའི་སྡེའི་སྲོལ་གཏོད་མཁན་ཡིན། |
| ཀ་ཐོ |
ཨང་ཀིའི་ཚབ་ཏུ་ཀ་ཁའི་རིམ་པ་བསྒྲིགས་པའི་ཐོ་ཡིག |
| ཀ་དག |
1.སྟོང་བ་ཉིད།2.ཀ་ནས་དག་པ་སྟེ་ཐོག་མ་ཉིད་ནས་དྲི་མ་མེད་པ། |
| ཀ་དག་ཁྲེགས་ཆོད |
གསང་སྔགས་རྫོགས་པ་ཆེན་པོའི་ཉམས་ལེན་གྱི་གནད། ལེ་ལོ་ཅན་འབད་མེད་དུ་གྲོལ་བའི་གདམས་པ་སྟེ། གཞི་གནས་རང་བྱུང་གི་ཡེ་ཤེས་དེ་གྲོལ་ལུགས་ཆེན་པོ་བཞིའི་ངང་དུ་གནས་པ་ཉིད་ངོ་རང་ཐོག་ཏུ་འཕྲོད། ཐག་ཆིག་ཐོག་ཏུ་ཆོད། གདིང་གྲོལ་ཐོག་ཏུ་བཅའ་བ་བཅས་ཀྱིས་ཆོས་ཉིད་ཀ་དག་མ་བཅོས་གཉུག་མའི་དོན་ལ་ཡེ་བབ་སོར་བཞག་གི་ངང་སྐྱོང་བའོ། ། |
| ཀ་དཔེ |
ཀ་ཁའི་དཔེ་སྟེ། ཡིག་གཟུགས་འབྲི་ཀློག་གི་ཐོག་མར་མཁོ་བའི་མ་དཔེ། |
| ཀ་དབྲག |
ཀ་བ་གཉིས་བར་གྱི་སྟོང་ཆ། |
| ཀ་དམ་པ |
(ལེགས་སྦྱར།) 1.ཤིང་ཚོགས་ཅན།2.ཆུ་བྱ་མཐིང་རིལ་ལམ་ཆུ་སྐྱར། |
| ཀ་དམ་པ་ཅན |
(མངོན་བརྗོད) སྤྲིན་པའི་མིང་། |
| ཀ་དམ་པ་བདེ་གཤེགས |
མཚན་དངོས་ཤེས་རབ་སེང་གེའམ། སྤོབས་པ་མཐའ་ཡས་ཀྱང་ཟེར། རབ་བྱུང་གཉིས་པའི་ཆུ་སྟག་ལ་མདོ་ཁམས་སུ་འཁྲུངས། རབ་བྱུང་གསུམ་པའི་ས་ཡོས་ལ་ཁམས་དཔལ་ཡུལ་དུ་ཀཿ ཐོག་དགོན་པ་བཏབ། ཆུ་བྱི་ལ་འདས་པའི་སྔགས་རྙིང་མའི་སློབ་དཔོན་ཞིག |
| ཀ་དམ་བྷ་ར |
(ལེགས་སྦྱར།) སྔོ་སྨན་རིགས་ཤིག |
| ཀ་དར |
རྟེན་འབྲེལ་བྱེད་སྐབས་ཀ་བ་ལ་སྒྲོག་པའི་ཁ་བཏགས། |
| ཀ་ནི་ཀ |
(ལེགས་སྦྱར།) སྔར་རྒྱ་གར་གྱི་རྒྱལ་པོ་ཞིག་སྟེ། དུས་རབས་དང་པོའི་མཇུག་ཏུ་དྲག་ཤུགས་ཀྱིས་རྒྱལ་ཕྲན་གཞན་རྣམས་བཏུལ་ནས་ཇན་ཏོ་ལ་ཞེས་པའི་རྒྱལ་ཁབ་བཙུགས། ཚེ་མཇུག་ཏུ་སངས་རྒྱས་སྐྱབས་སུ་སྟེན་ནས་དགོན་སྡེ་དང་མཆོད་རྟེན་མང་པོ་བཞེངས། སློབ་དཔོན་རྟ་དབྱངས་བཤེས་གཉེན་དུ་བསྟེན་ནས་བསྟན་པ་སྲུང་སྐྱོང་བྱས། ཁ་ཆེའི་ཡུལ་དུ་དགྲ་བཅོམ་པ་མང་པོ་གདན་དྲངས་ཏེ་སྡེ་སྣོད་གསུམ་ལས་བཏུས་པའི་བྱེ་བྲག་ཆེན་པོ་ཞེས་པའི་བསྟན་བཅོས་བསྒྲིགས། |
| ཀ་ནི་ཥཀ |
ཀ་ནི་ཀ་དང་འདྲ། |
| ཀ་པ |
ཀ་ཁའི་རིམ་པ་ལྟར་བསྒྲིགས་པའི་དང་པོ་མཚོན་བྱེད། (དཔེར་ན།) དེབ་ཀ་པ། སྡེ་ཚན་ཀ་པ་ལྟ་བུ། |
| ཀ་པཱ་ལ |
(ལེགས་སྦྱར།) 1>མིའི་ཐོད་རུས། 2>བདེ་བ་སྐྱོང་བ་སྟེ། མིའི་ཐོད་པ་ལས་བཟོས་པའི་སྣོད་ཅིག |
| ཀ་པེད |
1.ཀ་བེད་དང་འདྲ། 2.ལོ་གཅིག་སྐྱེ་བའི་རྩི་ཤིང་ཞིག་གི་འབྲས་བུའི་མིང་ཡིན། ཤུན་ཁོག་མཐུག་ལ་སྲ་བས་སྣུམ་ནག་གི་སྣོད་བྱེད་ཆོག་ཅིང་ས་བོན་སྨན་བྱེད་ཆོག རྒྱ་སྐད་དུ་ཧུ་ལུ་ཟེར། |
| ཀ་ཕིབས |
ཕྱོགས་གཅིག་ལ་རྩིག་པ་མེད་པའི་ཐོག་གཡབ་ཅན་གྱི་སྡོད་གནས། |
| ཀ་ཕུར |
ཕྱུགས་འདོགས་བྱེད་ཀྱི་ཕུར་པ་རིང་པོའི་མིང་ (དཔེར་ན) མཛོ་ཀ་ཕུར་ལ་བཏགས་ལྟ་བུ། |
| ཀ་ཕོར |
ཆུ་འཁོར་གྱི་སྲོག་ཤིང་ཀ་འགོའི་འོག་གི་ཤིང་སྒོར། |
| ཀ་ཕྲེང |
1.གསལ་བྱེད་ཡི་གེའི་སྡེ་ཚན། 2.བོད་ཡིག་གསལ་བྱེད་ཀ་ནས་ཨ་བར་གྱི་རིམ་པ། |
| ཀ་བ |
1.ཁང་བའི་གདུང་མ་འདེགས་བྱེད། (དཔེར་ན།) ཀ་བ་རིང་པོ། ཀ་བ་སྦོམ་པོ་ཞེས་ལྟ་བུ།2.སྲོག་ཤིང་ལྟ་བུའི་དཔེ་སྟེ། (དཔེར་ན) ཚེ་དང་སྲོག་གི་ཀ་བ་བརྟན་པོར་གནས་ཞེས་པ་ལྟ་བུ།3.མཐོ་བའི་དཔེ་སྟེ། (དཔེར་ན།) རི་མཐོན་པོ་གནམ་གྱི་ཀ་བ་འདྲ་ཞེས་པ་ལྟ་བུ། |
| ཀ་བ་བུམ་པ་ཅན |
ལྷ་ས་འཕྲུལ་སྣང་གཙུག་ལག་ཁང་གི་ཀ་བ་ཞིག དེའི་འོག་བོད་རྒྱལ་སྲོང་བཙན་གྱིས་བསྟན་པ་དར་བའི་སྨོན་ཚིག་གི་གཏེར་སྦས་ཡོད་ཟེར། |
| ཀ་བ་ལི |
(ལེགས་སྦྱར) དཔེ་སྣོད་ཤོ་ཀ་ལིའི་མིང༌། |
| ཀ་བ་ཤིང་ལོ་ཅན |
ལྷ་ས་འཕྲུལ་སྣང་གཙུག་ལག་ཁང་གི་ཀ་བ་ཞིག དེའི་འོག་བོད་རྒྱལ་སྲོང་བཙན་གྱིས་ནོར་གཏེར་སྦས་ཡོད་ཟེར། |
| ཀ་བ་སེང་མགོ་ཅན |
ལྷ་ས་འཕྲུལ་སྣང་གཙུག་ལག་ཁང་གི་ཀ་བ་ཞིག དེའི་འོག་བོད་རྒྱལ་སྲོང་བཙན་གྱིས་སྒོ་ཕྱུགས་དར་བའི་སྨོན་ཚིག་གི་གཏེར་སྦས་ཡོད་ཟེར། |
| ཀ་བ་སྦྲུལ་མགོ་ཅན |
ལྷ་ས་འཕྲུལ་སྣང་གཙུག་ལག་ཁང་གི་ཀ་བ་ཞིག དེའི་འོག་བོད་རྒྱལ་སྲོང་བཙན་གྱིས་མཐུ་སྔགས་ཀྱི་གཏེར་སྦས་ཡོད་ཟེར། |
| ཀ་བཀོལ་མ |
ཀ་ཁོལ་མ་དང་འདྲ། |
| ཀ་བཀྱག |
ཀ་བའི་འོག་གདན། |
| ཀ་བཞི་གདུང་བརྒྱད |
ཀ་བ་བཞི་དང་གདུང་མ་བརྒྱད་ཡོད་པའི་ཁང་མིག |
| ཀ་བཤད |
ཚིག་རྐང་རེ་རེའི་ཐོག་མཐའ་བར་གསུམ་གང་རུང་དུ་ཀ་སོགས་གསལ་བྱེད་རིམ་པར་བཀོད་པའི་རྩོམ་ཡིག |
| ཀ་བསྟོད |
ཚིག་རྐང་རེ་རེའི་ཐོག་མཐའ་བར་གསུམ་གང་རུང་དུ་ཀ་སོགས་གསལ་བྱེད་རིམ་པར་བསྒྲིགས་པའི་བསྟོད་པ། |
| ཀ་བེ་ཀོ་བེ |
ཀབ་ཀོབ་སྟེ་མཉེན་པོ་མེད་པ། (དཔེར་ན།) ཀོ་བ་བསྐམས་ནས་ཀབ་ཀོབ་ཏུ་གྱུར་ཞེས་པ་ལྟ་བུ། |
| ཀ་བེ་ཀོབ་བེ |
ཀབ་ཀོབ་ལ་ལྟོས། |
| ཀ་བེད |
1.སྟོད་ནས་བྱུང་བའི་ཤིང་ཏོག་བིལ་བ་མོ། འདིའི་དབྱིབས་བུམ་པ་དང་འདྲ་བས་ཆུ་སྣོད་བྱས་ཆོག་པ་ཞིག 2.ཤིང་སྨན་གྱི་རིགས་ཤིག་རོ་མངར་ལ་ཁ་བ། ཞུ་རྗེས་དྲོད། ནུས་པས་འཁྲུ་བ་གཅོད། ཡན་ལག་གི་སྐྲངས་པ་འཇོམས། 3.ཀ་པེད་ཀྱི་འབྲི་སྲོལ་གཞན། |
| ཀ་མ་རུ |
(ལེགས་སྦྱར།) རྡོ་སྲ་ཞིང་དཀར་བ་ཞིག སྟེང་དུ་རི་མོ་རྐོ་ཆོག་པས་རྩིག་བཟོའི་རྒྱུ་ཆ་བཟང་པོ་ཞིག་ཡིན། མིང་གཞན་ལ་རྡོ་བ་རྒ་ཡང་ཟེར། |
| ཀ་མ་ལ |
1.(སོག་སྐད།) དུས་རབས་བཅུ་བཞི་བར་བྱུང་བའི་ཡོན་རྒྱལ་རབས་ཀྱི་རྒྱལ་པོ་ཐའི་ཏིང་ཡེ་སོན་ཐེ་མུར་གྱི་མཚན།2.(ལེགས་སྦྱར།) མེ་ཏོག་པད་མ་སྔོན་པོ་འདབ་མ་བརྒྱད་པ། |
| ཀ་མ་ལ་ཤཱི་ལ |
པདྨའི་ངང་ཚུལ་ཏེ་དུས་རབས་བརྒྱད་པར་རྒྱ་གར་ཤར་ཕྱོགས་སུ་བྱུང་བའི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་སློབ་དཔོན་ཞིག་ཡིན། འདི་ཁྲི་སྲོང་ལྡེའུ་བཙན་སྐབས་བོད་དུ་གདན་དྲངས་ནས་ཧྭ་ཤང་མ་ཧ་ཡ་ནའི་ལྟ་བ་སྟོན་མུན་ཏེ་ཅིག་ཅར་བའི་ལྟ་བ་དང༌། བོ་དྷི་ས་ཏྭ་སོགས་ཀྱི་ལྟ་བ་ཙེན་མིན་ཏེ་རིམ་གྱིས་པའི་ལྟ་བ་གཉིས་མ་མཐུན་པར་རྩོད་པ་བྱས་མཐར་ཀ་མ་ལ་ཤཱི་ལ་རྒྱལ་ཞིང་སྒོམ་རིམ་རྣམ་གསུམ་ཡང་མཛད། |
| ཀ་མང་མ |
ཀ་བ་མང་པོ་ཡོད་པའི་ཁང་བ། |
| ཀ་མད |
བོད་ཡིག་གསལ་བྱེད་ཀ་ལ་སོགས་པ། (དཔེར་ན།) ཀ་མད་སུམ་ཅུའི་སྒྲ་གདངས་དག་པོར་བཀླགས་ལྟ་བུ། |
| ཀ་མི་ཡམ |
(ལེགས་སྦྱར།) མཚེར་བའི་མིང་། |
| ཀ་མིག |
1.བོད་ལུགས་ཁང་བ་ཆེ་ཆུང་བརྩི་སྟངས་ཀ་བ་གཅིག་གི་སའི་རྒྱ་ཁྱོན། (དཔེར་ན།) ཁང་བ་ཀ་མིག་གསུམ་གྱི་ས་ཡོད་ཅེས་པ་ལྟ་བུ། 2. ཁང་བ་ཀ་བཞི་མའི་ནང་གི་རྒྱ་ཁྱོན་ཏེ། ཁང་མིག་དང་དོན་གཅིག |
| ཀ་མེད |
ཐབས་དང་ནུས་པ་མེད་པའི་དོན་ཏེ། (དཔེར་ན།) མི་བྱེད་ཀ་མེད། མི་འགྲོ་ཀ་མེད་ཅེས་པ་ལྟ་བུ། |
| ཀ་འགོ |
1. ཀ་བའི་ཡར་སྣེའི་ཆ།2. ཆུ་འཁོར་གྱི་སྲོག་ཤིང་གི་འགོ་ལ་བསྐོན་པའི་ལྕགས་སྒོར། |
| ཀ་འཇའ་ལ |
ཁམས་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་གི་ལ་མཐོན་པོ་ཞིག |
| ཀ་འཕན |
གོས་ཆེན་དང་རས་སོགས་ལས་བཟོས་པའི་ཀ་བའི་རྒྱན་ཞིག |
| ཀ་ཡེ |
འབོད་སྒྲ་ཞིག་སྟེ། (དཔེར་ན) ཀ་ཡེ་བྱིས་པ་ཞེས་པ་ལྟ་བུ། |
| ཀ་ར |
1. སྦྲ་གུར་གྱི་གདུང་མ་དང་ཆོན་ཐག་འགེར་བྱེད་ཀྱི་ཀ་རྒྱུག་གི་མིང་། 2.(ལེགས་སྦྱར།) རོ་མངར། ཞུ་རྗེས་བསིལ། ནུས་པས་ཚ་བ་སེལ། གློ་འཇགས། དབང་པོ་གསལ་བར་བྱེད། ལུས་སྟོབས་གསོ། ཚ་བ་ཁྲག་མཁྲིས་ལ་ཕན་པའི་སྨན་གྱི་ནུས་པ་རྩར་འཁྲིད་པར་བྱེད། 3. བུ་རམ་ཤིང་དང་ཚོད་མངར་གྲོ་འབྲས་སོགས་བཙོ་སྦྱང་བྱས་ནས་བཟོས་པའི་ཁ་ཟས་མངར་མོ་སྤྱིའི་མིང་ (དཔེར་ན།) ཀ་ར་དཀར་པོ་དང་བྱེ་མ་ཀ་ར། ཤེལ་ཀ་ར་སོགས་ལྟ་བུ། |
| ཀ་ར་ཤིང |
བྱེ་མ་ཀ་ར་སོགས་བཟོ་བྱེད་བུར་ཤིང་གི་མིང་། |
| ཀ་ར་ཧ་རི |
(ལེགས་སྦྱར།) བུ་རམ་གྱི་མིང་། |
| ཀ་རག |
རྩིག་ངོས་སོགས་ལ་འབྱུག་བྱའི་ས་རྩི་དཀར་པོ་ཞིག |
| ཀ་རཉྫ |
(ལེགས་སྦྱར།) ལག་པའི་ཐལ་སྦྱོར་ཏེ་ཤིང་སྨན་གྱི་རིགས་ཤིག། རོ་ཁ། ཞུ་རྗེས་དྲོད། ནུས་པས་ཕོ་བའི་མེ་དྲོད་སྐྱེད་པར་བྱེད། |
| ཀ་རཎ་ཌ |
(ལེགས་སྦྱར།) བྱ་སྐད་སྙན་པོ་ཞིག་གི་མིང་། |
| ཀ་རུ |
1.ཁ་དོག་དཀར་པོའི་དོན་ཏེ། (དཔེར་ན།) བལ་ཀ་རུ། གཡག་ཀ་རུ་ཞེས་པ་ལྟ་བུ། 2.འབྲི་གཡག་སོགས་ཀྱི་ཐོད་པའི་སྤུ་དཀར་པོའི་མིང་ངམ་སྤུ་རྟགས་དེ་ཡོད་པའི་ནོར་གྱི་མིང་སྟེ། (དཔེར་ན།) གཡག་ཀ་རུ་ཞེས་པ་ལྟ་བུ། |
| ཀ་རེ་ཀོ་རེ |
1.དྲང་མིན་གཡོ་སྐོར་གྱི་གཏམ་བཤད་སྟངས་ཏེ། (དཔེར་ན།) སྐད་ཆ་ཀ་རེ་ཀོ་རེ་ཁོ་ན་བཤད་པ་ལྟ་བུ།2.ཕར་ཚུར་འཐེན་གྱིས་ནར་འགྱངས་བྱས་པའི་དོན་ཏེ། (དཔེར་ན།) ལམ་བར་ལ་ཀ་རེ་ཀོ་རེ་བྱས་ནས་དུས་ཐོག་ཏུ་སླེབས་མ་ཐུབ་པ་རེད་ལྟ་བུ། |
| ཀ་རྒྱན |
འཕན་སོགས་ཀ་བའི་ལོགས་ཀྱི་རྒྱན་ཆའི་རིགས། |
| ཀ་རྒྱུག |
སྦྲ་དང་གུར་གྱི་ཚུགས་ཤིང༌། |
| ཀ་རྟེན |
ཀ་རྟིང་བརྟན་པོ་བྱེད་པའི་རྡོའི་མིང་། |
| ཀ་རྩོམ |
ཚིག་རྐང་རེ་རེའི་ཐོག་མཐའ་བར་གསུམ་གང་རུང་དུ་ཀ་སོགས་གསལ་བྱེད་རིམ་པར་བསྒྲིགས་པའི་རྩོམ་ཡིག |
| ཀ་ལ |
ལྕགས་ཟངས་འགྱིག་སོགས་ལས་བཟོས་པའི་ཆུ་འདྲེན་ཡོ་བྱད་སྦུབས་ཅན། |
| ཀ་ལ་པིང་ཀ |
(ལེགས་སྦྱར།) ངག་རྒྱུན་ལ་གྲགས་པའི་བྱ་སྐད་སྙན་པ་ཞིག་གི་མིང་། (དཔེར་ན།) སྒོ་ངའི་སྦུབས་རྒྱ་མ་གྲོལ་སྐད་འབྱིན་པའི། །ཀ་ལ་པིང་ཀས་སྐྱེ་དགུ་ངོ་མཚར་འཛིན་ཞེས་པ་ལྟ་བུ། |
| ཀ་ལ་རོ་ཟན |
(ལེགས་སྦྱར།) དུར་གྱི་བྱ་ཞིག |
| ཀ་ལག |
རྡོའི་རིགས་ཤིག་སྟེ་དེའི་ཕྱེ་མས་ཨར་འདམ་གྱི་ཚབ་བྱེད་ཆོག མིང་གཞན་ཞ་ལག་ཀྱང་ཟེར། |
| ཀ་ལཱ་པ |
(ལེགས་སྦྱར།) 1>ཆ་བསགས་པ། 2>བྱང་ཤམྦྷ་ལའི་གྲོང་ཁྱེར་ཞིག་གི་མིང་། |
| ཀ་ལཱ་བྱཱ་ཀ་ར་ཎ |
(ལེགས་སྦྱར།) ཆ་བསགས་ཀྱི་བརྡ་སྤྲོད་པ་སྟེ་སྒྲ་རིག་པར་ཉེ་བར་མཁོ་བའི་ཆ་ཤས་བསགས་པའི་བསྟན་བཅོས་དང༌། དེ་རྩོམ་པ་པོ་ནི་སློབ་དཔོན་སཔྟ་ཝརྨའམ། བོད་སྐད་ལྟར་ན་བདུན་པའི་གོ་ཆ། |
| ཀ་ལི |
མགོ་བོའི་ཐོད་རུས། |
| ཀ་ལི་ཀཱ |
(ལེགས་སྦྱར།) ཙམ་པ་ཀའི་འབྲས་བུའི་མིང། སྨན་དུ་སྤྱད་ཆོག |
| ཀ་ལི་མཐུག་པོ |
(ཡུལ་སྐད།) ཨུ་ཚུགས་ཆེ་བའི་དོན་ཏེ། དཔྲལ་ཀོ་མཐུག་པོའང་ཟེར། |
| ཀ་ཤ |
1.ཤ་མོའི་བྱེ་བྲག་ཅིག2.(ལེགས་སྦྱར) གསལ་བྱེད་ཟེར་བའི་འདམ་རྩྭ་ཞིག |
| ཀ་ཤུ་ཀ |
(ལེགས་སྦྱར།) གསེར་གྱི་སྤུས་ཀ་ལེགས་ཉེས་རྟོག་བྱེད་ཀྱི་རྡོ་ནག་པོ་ཞིག་གི་མིང་། |
| ཀ་ཤུབས |
གོས་ཆེན་དང་སྣམ་ཕྲུག་སོགས་ལས་བཟོས་པའི་ཀ་བའི་ཤུབས། |
| ཀ་སྐྱོར |
ཀ་བའི་འགྲམ་ནས་སྐྱོར་བའི་ཤིང༌། (དཔེར་ན) ཁང་གོག་ལ་ཀ་སྐྱོར་བརྒྱབ་ལྟ་བུ། |
| ཀ་སྒྲོམ |
ཀ་བའི་སྒྲོམ་སྐྱོར། |
| ཀ་སྡེ |
1.བོད་ཡིག་གསལ་བྱེད་ཀྱི་སྡེ་བ་དང་པོ་ཀ་ཁ་ག་ང་བཞིའི་སྤྱི་མིང་།2.ལེགས་སྦྱར་གསལ་བྱེད་ཀྱི་སྡེ་བ་དང་པོ་ཀ་ཁ་ག་གྷ་ང་བཞིའི་སྤྱི་མིང་། |
| ཀཀྞི་སྒོ་བཞི |
(ལེགས་སྦྱར།) མཆོད་རྟེན་གྱི་བང་རིམ་འོག་ཏུ་ཕྱོགས་བཞིར་འགྲོ་སའི་སྒོ་རེ་ཡོད་པ་ཞིག |
| ཀག |
1.དུས་ངེས་ཅན་གྱི་བར་ཆད་ཀྱི་དོན་དུ་གོ་བའི་སྐག་དང་འདྲ།2.(བརྡ་རྙིང་།) གློ་བུར་གྱི་དོན།3. གནོད་འཚེའི་མིང་ལོ་ཏོག་གི་ལོ་ཀག་སེལ་ལྟ་བུ། འདི་ལ‘སྐྱེག’ཀྱང་འབྲི། 4.(བསྣན་ཚིག) 1>དུད་འགྲོའི་ཡན་ལག་སྔོན་མ་གཉིས་ཡར་བཀྱགས་ནས་ལངས་པའི་རྣམ་འགྱུར་ཏེ། རྟ་ཀག་གིས་ལངས་ལྟ་བུ། 2>མྱུར་བའི་དོན་ཏེ། བོས་པ་ཙམ་གྱིས་ཀག་གིས་ལངས་ལྟ་བུ། |
| ཀང་ཀ |
(ལེགས་སྦྱར།) ངག་རྒྱུན་ལ་གྲགས་པའི་བྱ་ཆེན་པོ་སྲོག་ཆགས་ཤི་བའི་རོ་ཟ་མཁན་ཞིག་གི་མིང་། |
| ཀང་ཀའི་མཆུ |
(ལེགས་སྦྱར།) ཤ་རྔམས་མཐུག་པོའི་གཏིང་དུ་ཡོད་པའི་རུས་པ་ཆག་པ་རྣམས་འདོན་བྱེད་ཀྱི་སྐམ་པ་ཞིག |
| ཀཎྜ་ཀ་རི |
(ལེགས་སྦྱར།) ཤིང་སྨན་གྱི་རིགས་ཤིག རོ་མངར་ལ་ཁ་ཞིང་ཚ་བ། ཞུ་རྗེས་སྙོམས། ནུས་པའི་རླུང་ཚད་དང་བད་ཀན་སྐྱ་བོ། གློ་ནད་བཅས་ལ་ཕན། མིང་གཞན་ལ་སྟག་ཚེར་ཞིང་། དེའི་འབྲས་བུ་སྨིན་ཚེ་དམར་བོ་བྱི་རུ་སྤུངས་པ་དང་འདྲ་ལ་ཡུལ་སྐད་དུ་འབྲུ་སིལ་ཟེར་ཞིང་ཟ་ཆོག ལོ་མ་དང་སྡོང་བུ་སྨན་བྱེད་ཆོག། |
| ཀཏྤཱུ་ར |
(ལེགས་སྦྱར།) རྩི་སྨན་ག་བུར་གྱི་མིང་གཞན་ཞིག |
| ཀཏྤཱུ་ར |
(ལེགས་སྦྱར།) ལུས་རྒྱས་སམ་རབ་བསིལ་ཏེ་ག་བུར་གྱི་མིང་གཞན་ཞིག |
| ཀན |
1.(རྒྱ་སྐད) སྨན་པས་ནད་པའི་ལག་རྩར་ལྟ་སྐབས་གོང་མཛུབ་ལ་ཚོན་དང་དཀྱིལ་མཛུབ་ལ་ཀན། སྲིན་མཛུབ་ལ་ཆག་ཟེར་ཏེ། (དཔེར་ན།) ཚོན་ཀན་ཆག་གསུམ་མ་འདྲུས་སྙོམས་པར་བཞག་ཅེས་པ་ལྟ་བུ།3.(ཚབ་ཚིག) ཕ་རོལ་སྟོན་པའི་སྤྱི་སྒྲ་ཞིག་སྟེ། (དཔེར་ན།) རི་འགོ་ཀན་ལ་དར་ལྕོག་ཚུགས། མི་ཀན་གང་ལ་འགྲོ་རྒྱུ་རེད་ཅེས་པ་ལྟ་བུ། |
| ཀན་ཁྲང |
(རྒྱ་སྐད།) རྒྱ་ཐུག་དང༌། བོད་ཐུག་མན་ཆིའི་སོགས་སྒྲིལ་བྱེད་ཀྱི་རྒྱུག་ཧྲིལ། |
| ཀན་གཡས་འོག |
ནད་པའི་ལག་པ་གཡས་པའི་ཀན་རྩར་དོན་ལྔའི་ནང་གི་མཚེར་བ། སྣོད་དྲུག་ནང་གི་ཕོ་བའི་རྩ་ཡོད། |
| ཀན་གཡོན་འོག |
ནད་པའི་ལག་པ་གཡོན་པའི་ཀན་རྩར་དོན་ལྔའི་མཆིན་པ་དང༌། སྣོད་དྲུག་གི་མཁྲིས་པའི་རྩ་གཉིས་ཡོད། |
| ཀན་ཏུར |
(རྒྱ་སྐད།) གཟུགས་པོ་གན་བུབ་བམ་མགོ་རྟིང་སློག་པའི་ལུས་རྩལ་གྱི་མིང་། |
| ཀན་ཚལ |
(རྒྱ་སྐད།) སྔོ་ཚལ་སྐམ་པོ་དང༌། མཚོ་ནས་ཐོན་པའི་ཤ་ཚལ་སྐམ་པོའི་སྤྱི་མིང༌། |
| ཀན་འོག |
(རྒྱ་སྐད།) གུང་མཛུབ་འོག་གི་རྩ། |
| ཀན་རྩ |
(རྒྱ་སྐད།) གུང་མཛུབ་འོག་གི་རྩ། |
| ཀབ་ཀོབ |
(རྒྱན་ཚིག) 1.ཀ་བེ་ཀོ་བེའི་བསྡུས་ཚིག 2.ཀོ་བ་གྱོང་བོ་ལྟ་བུའི་རྣམ་པ་སྟེ། (དཔེར་ན།) ལག་པ་འཁོབ་ནས་ཀབ་ཀོབ་ཏུ་གྱུར་ལྟ་བུ། ཁ་སྐད་དུ་ཀ་བེ་ཀོབ་བེ་ཟེར་བ་དང་དོན་གཅིག་སྟེ། (དཔེར་ན།)ལས་ཀ་མ་ལས་ན་ལུས་པོ་ཀ་བེ་ཀོབ་བེ་ཡིན་ལྟ་བུ། |
| ཀམ་ཀུམ |
(རྒྱན་ཚིག) ཀམ་མི་ཀུམ་མིའི་བསྡུས་ཚིག |
| ཀམ་ཀེམ |
(རྒྱན་ཚིག) ཀམ་མེ་ཀེམ་མེའི་བསྡུས་ཚིག |
| ཀམ་པ |
(ལེགས་སྦྱར།) ཧོར་ཟླ་དང་པོའི་མིང་། |
| ཀམ་མི་ཀུམ་མི |
པགས་རས་སོགས་གཉེར་མ་འཁུམས་ཚུལ། (དཔེར་ན།) ཀོ་གྱོང་ཀམ་མི་ཀུམ་མི་འདི་ཆུ་ལ་སྦོངས་ཤིག ཀོ་བ་ཀམ་མི་ཀུམ་མི་སྤུས་ཚད་ཞན་ལྟ་བུ། |
| ཀམ་མེ་ཀེམ་མེ |
མིག་གདང་བཙུམ་ཡང་ཡང་བྱེད་ཚུལ། (དཔེར་ན།) མིག་ནད་ཅན་གྱིས་ཀམ་མེ་ཀེམ་མེར་ལྟ་ཞེས་པ་ལྟ་བུ། |
| ཀམ་ཚང |
ཀརྨ་བཀའ་བརྒྱུད་པའི་ནང་གསེས་ཀམ་ཚང་བཀའ་བརྒྱུད་ཀྱི་མ་དགོན་ཆགས་ཡུལ། |
| ཀའུ་ཀ་རི |
ཤིང་ཞིག་གི་མིང་། |
| ཀའུ་རིང་བསྲེལ |
(རྒྱ་སྐད།) སྔོ་ཞིག་གི་མིང་། |
| ཀར |
1.(རྒྱན་ཚིག) གཟེར་ཟུག་གམ་གཟེར་མིག་དྲག་པོ་ལངས་པའི་དོན་ཏེ། (དཔེར་ན) གཟེར་བ་ཀར་ཟུག་ནད་དྲག་ངེས་མེད་འཕོ། ན་ཟུག་ཀར་ཀར་ལངས་ཞེས་པ་ལྟ་བུ། 2.གཏིང་ནས་དང་ཤུགས་དྲག་གི་ཚུལ་ཏེ། (དཔེར་ན།) ཁོང་ཁྲོ་ཀར་ཀར་དུ་ལངས་ལྟ་བུ། |
| ཀར་ཀོར |
1.(རྒྱན་ཚིག) དངོས་རྫས་དབྱིབས་ཟླུམ་པོ་མང་པོ་དོན་ཏེ། (དཔེར་ན།) རྡོ་ཀར་ཀོར་དང་། ས་ཀར་ཀོར་ཞེས་པ་ལྟ་བུ། ཁ་སྐད་དུ་ཀ་རེ་ཀོར་རེ་ཟེར། 2. ཀ་རེ་ཀོ་རེའི་བསྡུས་ཚིག |
| ཀར་ཎ་ཀཱ |
(ལེགས་སྦྱར) སྤོས་དཀར་ཤིང༌གི་མིང་། |
| ཀར་བརྒྱུད |
ཀརྨ་བཀའ་བརྒྱུད་པའི་མིང་གཞན་ཞིག |
| ཀར་མྱང་གི་རྩིས |
ཀ་རའི་རོ་མྱང་ལྟ་བུའི་རྩིས་ཏེ་བལ་ཡུལ་དུ་དར་བའི་ཆར་འབྲས་སོགས་བརྟག་ཐབས། |
| ཀར་ཡོལ |
དཀར་ཡོལ་གྱི་འབྲི་ཚུལ་གཞན། |
| ཀར་ལུགས |
ཀརྨ་བཀའ་བརྒྱུད་པའི་མིང་གཞན་ཞིག |
| ཀརྐ་ཊ |
(ལེགས་སྦྱར) སྦལ་བའི་མིང་། |
| ཀརྐ་ཊའི་ཁྱིམ |
ཉི་མའི་ཁྱིམ་བཅུ་གཉིས་ཀྱི་ཁྱིམ་བཞི་པ། ཁྱིམ་ཞག་ཉེ་མ་ཀརྐ་ཊའི་ཁྱིམ་ན་གནས། |
| ཀརྐོ་ཊ |
(ལེགས་སྦྱར) ཀླུ་ཆེན་བརྒྱད་ཀྱི་གྲས་ཤིག |
| ཀརྞ་ཀཥ་ར |
(ལེགས་སྦྱར) བཙོ་བཀྲུ་སྐབས་དུག་འདོན་བྱེད་ཀྱི་རྫས་ཆ་སྐྱེས་པ་དར་མ་ལོ་ཉི་ཤུ་རྩ་གྲངས་ལོན་པའི་དྲི་ཆུ། |
| ཀརྞི་སྒོ་བཞི |
ཀཀྞི་སྒོ་བཞི་དང་འདྲ། |
| ཀརྞི་སྒོ་བཞིའི་མཆོད་རྟེན |
ལྷ་སའི་གཙུག་ལག་ཁང་གི་བྱང་རྒྱུད་ཁྲོམ་ལམ་དུ་སྔར་ཡོད་མཆོད་རྟེན་སྒོ་བཞི་མའི་མིང༌། སྤྱི་ལོ་1368 ལོའི་ གོང་ལ་བོད་ཀྱི་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ཡུན་རིང་སྐུ་མཚམས་ལ་བཞུགས་མྱོང་བའི་གནས་ཤིག་ཡིན་པར་གྲགས། |
| ཀརྟི་ཀ |
(ལེགས་སྦྱར།) ཧོར་ཟླ་བཅུ་པ། |
| ཀརྨ |
(ལེགས་སྦྱར) འཕྲིན་ལས་ཀྱི་མིང་། |
| ཀརྨ་དུས་གསུམ་མཁྱེན་པ |
རབ་བྱུང་གཉིས་པའི་ལྕགས་སྟག་ལོར་མདོ་ཁམས་ཏྲེ་ཤོད་གངས་ཀྱི་ར་བར་འཁྲུངས། ལོ་བཅུ་དགུ་པ་ནས་བཟུང་དབུས་སུ་དབུ་ཚད་དང་བཀའ་གདམས་པའི་ལམ་རིམ་སོགས་མང་དུ་གསན། རང་ལོ་སུམ་ཅུ་པར་སྒམ་པོ་བ་ཁུ་དབོན་ལས་གདམས་པ་དུ་མ་མནོས། རབ་བྱུང་གསུམ་པའི་མེ་ཡོས་ལོར་ཁམས་རི་བོ་ཆེར་ཀརྨ་པའི་གདན་ས་བཏབ་པས་ཀརྨ་པ་ཞེས་ཐོགས་ཤིང༌། ཕྱིས་སུ་ལྷ་སའི་ཉེ་འདབས་སྟོད་ལུང་དུ་མཚུར་ཕུ་དགོན་པ་བཏབ་པས་ཀརྨ་པའི་གདན་ས་གོང་འོག་གཉིས་ཞེས་གྲགས། རབ་བྱུང་གསུམ་པའི་ཆུ་གླང་ལོ་དགུང་ལོ་བརྒྱད་ཅུ་རྩ་བཞི་པ་ལ་འདས། |
| ཀརྨ་དེ་བཞིན་གཤེགས་པ |
ཀརྨ་བཀའ་བརྒྱུད་ཞྭ་ནག་པའི་སྐུ་ཕྲེང་ལྔ་པ་འདི་རབ་བྱུང་དྲུག་པའི་ཤིང་བྱི་ལོ་ལ་འཁྲུངས་ཏེ་ཤིང་ལུག་ལོ་ལ་འདས། (1384-1415) མཚན་དངོས་ཆོས་དཔལ་བཟང་པོ་ཡིན། མཚུར་ཕུའི་གདན་ས་བསྐྱངས། རབ་བྱུང་བདུན་པའི་མེ་ཁྱི་ལོར་ཏཱ་མིང་རྒྱལ་པོའི་ཡབ་ཡུམ་གྱི་འདས་མཆོད་ལ་རིས་མེད་ཀུན་སྒྲོལ་གྱི་རིམ་གྲོ་རྒྱ་ཆེར་བསྒྲུབས་པའི་ཡོན་དུ་རྒྱལ་པོས་དེ་བཞིན་གཤེགས་པ་རིན་ཆེན་ཆོས་རྒྱལ་ཞེས་པའི་འཇའ་ས་ཤེལ་ཐམ་བཅས་ཕུལ། |
| ཀརྨ་པ |
1.(ལེགས་སྦྱར) འཕྲིན་ལས་པ།2.ཀརྨ་བཀའ་བརྒྱུད་པའི་བླ་ཆེན་ཀརྨ་རིན་པོ་ཆེའི་སྐུ་འཕྲེང་རིམ་བྱོན་གྱི་མཚན་། 3.ཀརྨ་བཀའ་བརྒྱུད་ཀྱི་གྲུབ་མཐའ་འཛིན་པའི་བླ་མ་དང་མཁན་པོ་སོགས་ལ་ཡང་ཀརྨ་པ་ཟེར། |
| ཀརྨ་པཀྴི་ཆོས་ཀྱི་བླ་མ |
རབ་བྱུང་གསུམ་པའི་ཤིང་བྱི་ལོར་ཁམས་འབྲི་ལུང་དུ་སྐུ་འཁྲུངས་ཤིང་། རབ་བྱུང་ལྔ་པའི་ཆུ་ལུག་ལོར་འདས། (1204-1283) འདི་ཉིད་ཀརྨ་དུས་གསུམ་མཁྱེན་པའི་ཡང་སྲིད་དུ་ངོས་བཟུང་བས་བོད་ལ་བླ་མའི་སྤྲུལ་སྐུ་ངོས་འཛིན་བྱེད་སྲོལ་ཐོག་མ་དེ་ནས་འགོ་ཚུགས། དུས་གསུམ་མཁྱེན་པའི་ཡང་སློབ་སྤོམ་བྲག་པ་བླ་མར་བསྟེན། མེ་ལུག་ལོ་ནས་མཚུར་ཕུར་ཕེབས་ཏེ་ལོ་དྲུག་བཞུགས། སེ་ཆེན་རྒྱལ་པོས་གདན་དྲངས་པ་བཞིན་རོང་ཡུལ་གསེར་སྟོད་དུ་རྒྱལ་པོ་དང་མཇལ། ནང་སོག་ཏུ་འཕྲུལ་སྣང་སྤྲུལ་པའི་ལྷ་ཁང་བཞེངས། རབ་བྱུང་བཞི་པའི་མེ་འབྲུག་ལོར་མོང་གོར་རྒྱལ་པོས་གདན་དྲངས་ཏེ་གུ་ཤྲིའི་གསེར་ཐམ་དང་ཞྭ་ནག་གསེར་མདོངས་ཅན་གནང་བས་ཀརྨ་པཀྴི་ཞེས་གྲགས། པཀྴི་ཞེས་པ་སོག་སྐད་དུ་སློབ་དཔོན་ཟེར། ལྕགས་སྤྲེལ་ལོར་མོང་གོར་རྒྱལ་པོ་འདས། གོ་བེ་ལ་གཅེན་གཅུང་ནང་མ་འཆམས་པ་དང་འབྲེལ་ཚུལ་གྱི་དབང་གིས་བཙོན་དུ་བཟུང་ཞིང་རྒྱང་འབུད་བཏང༌། ཤིང་བྱི་ལོར་གུ་ཡངས་བྱུང་སྟེ་དབུས་སུ་ཕེབས་པའི་ལམ་བར་མདོ་ཁམས་སུ་བསྟན་པ་ལོ་བརྒྱད་སྤེལ། དེ་ནས་མཚུར་ཕུར་བྱོན། དགོན་པ་རྒྱ་ཆེར་བསྐྲུན། |
| ཀརྨ་བཀའ་བརྒྱུད |
དྭགས་པོ་ལྷ་རྗེའི་སློབ་མ་དུས་གསུམ་མཁྱེན་པ་ནས་བརྒྱུད་པའི་གྲུབ་མཐའི་ཆོས་བརྒྱུད་ཀྱི་མིང་། |
| ཀརྨ་མི་བསྐྱོད་རྡོ་རྗེ |
ཀརྨ་ཞྭ་ནག་པའི་སྐུ་ཕྲེང་བརྒྱད་པ། རབ་བྱུང་དགུ་པའི་མེ་ཡོས་ལོར་འཁྲུངས། ཤིང་སྟག་ལོ་ལ་འདས།(1507-1554) དཔའ་བོ་གཙུག་ལག་ཕྲེང་བའི་སློབ་དཔོན་ཡིན། རིག་གནས་ཐམས་ཅད་ལ་མཁས་པས་ལེགས་བཤད་གསུང་རྩོམ་ཤིན་ཏུ་མང༌། |
| ཀརྨ་རང་བྱུང་རྡོ་རྗེ |
ཀརྨ་དུས་གསུམ་མཁྱེན་པའི་སྐུ་ཕྲེང་གསུམ་པའི་མཚན་ཏེ། རབ་བྱུང་ལྔ་པའི་ཤིང་སྤྲེལ་ལོ་ལ་འཁྲུངས། (1284-1339) ས་ཡོས་ལོར་འདས། ཀརྨ་པཀྴིའི་སློབ་མ་ཨུ་རྒྱན་པ་རིན་ཆེན་དཔལ་གྱི་སློབ་མ་ཡིན། ཁམས་དང་དབུས་ཕྱོགས་སུ་གཙུག་ལག་ཁང་དུ་མ་གསར་བཞེངས་དང་ཉམས་གསོ། ཟམ་པ་གསར་འཛུགས་སོགས་ཀྱིས་འགྲོ་དོན་མཛད། རབ་བྱུང་དྲུག་པའི་ལྕགས་ལུག་ལོར་པེ་ཅིན་ལ་ཕེབས་ཏེ་རྒྱལ་པོ་དང་བཙུན་མོ་ལ་དུས་འཁོར་གྱི་དབང་ཆེན་བསྐུར། ཤིང་ཁྱི་ལོར་རི་བོ་རྩེ་ལྔ་བརྒྱུད་ནས་དབུས་སུ་བྱོན་ཏེ་བསམ་ཡས་གཙུག་ལག་ཁང་དུ་བཞུགས། བཀའ་བསྟན་བོད་དུ་འགྱུར་རོ་ཅོག་གསར་དུ་བཞེངས། མདོ་སྔགས་གཉིས་ཀྱི་བསྟན་བཅོས་དང༌། རྩིས་གཞུང་ཀུན་བཏུས་སོགས་མང་དུ་བརྩམས། མེ་བྱིར་རྒྱལ་པོའི་བཀའ་ལྟར་སླར་པེ་ཅིན་དུ་ཕེབས། དེའི་སློབ་མ་གྲགས་པ་སེང་གེ་ནི་ཞྭ་དམར་པའི་སྐུ་ཕྲེང་དང་པོ་ཡིན། |
| ཀརྨ་རབས་བརྒྱད |
བཀའ་བརྒྱུད་པའི་བླ་མ་རིམ་བྱོན་ཀརྨའི་མཚན་ཅན་བརྒྱད་དེ་ཀརྨ་དུས་གསུམ་མཁྱེན་པ། ཀརྨ་པཀྴི། ཀརྨ་རང་བྱུང་རྡོ་རྗེ། ཀརྨ་རོལ་པའི་རྡོ་རྗེ། ཀརྨ་དེ་བཞིན་གཤེགས་པ། ཀརྨ་མཐོང་བ་དོན་ལྡན། ཀརྨ་ཆོས་གྲགས་རྒྱ་མཚོ། ཀརྨ་མི་བསྐྱོད་རྡོ་རྗེ་རྣམས་སོ། ། |
| ཀརྵ་པ་ན |
(ལེགས་སྦྱར) སྔར་རྒྱ་གར་དུ་དངུལ་གྱི་ཚབ་ཏུ་སྤྲོད་ལེན་བྱེད་པའི་མགྲོན་བུ་ཞིག་དངུལ་ཞོའམ་ཊམ་གྱི་དོད་ཡིན། |
| ཀལྤ |
(ལེགས་སྦྱར) དུས་ཀྱི་བསྐལ་བ། |
| ཀསྨིར |
(ལེགས་སྦྱར) རྒྱ་གར་བྱང་ཕྱོགས་ཁ་ཆེའི་ཡུལ་ཞིག་གི་མིང་། |
| ཀཱ་ཀ་རུ |
(ལེགས་སྦྱར།) སྡིག་སྲིན་གྱི་མིང་། |
| ཀཱ་ཀོ་ལ |
(ལེགས་སྦྱར།) 1. བྱ་རོག་ཆེན་པོའི་མིང་།2. དུག་ཀཱ་ཀོ་ལ་སྟེ་བཙན་དུག |
| ཀཱ་ཏྱཱ་ཡ་ན |
ཀ་ཏྱའི་བུ་དང་འདྲ། |
| ཀཱ་ཡཿ |
(ལེགས་སྦྱར།) སྐུའི་མིང་། |
| ཀཱ་རི་ཀ |
(ལེགས་སྦྱར།) བསྟན་བཅོས་ཀྱི་ནང་དོན་དང་གོ་རིམ་ལྟར་དབྱེ་བ་དགར་བའི་དོན་ཚན་གྱི་མིང་ཚིག་ལེའུར་བྱས་པ། |
| ཀཱ་ལི |
1.(ལེགས་སྦྱར།) ཀ་ཕྲེང་སྟེ་གསལ་བྱེད་ཡི་གེའི་སྡེ་ཚན། 2.བོད་ཡིག་གསལ་བྱེད་སུམ་ཅུའི་སྤྱི་མིང་ཡིན་ཏེ། ཀཱ་ལི་སུམ་ཅུ་ཐམ་པའོ་ཞེས་པ་ལྟ་བུ། |
| ཀི |
1.ཀི་སྒྲའི་མིང་སྟེ། (དཔེར་ན།) ཀི་བཏབ་ནས་འབོད་པ་ཞེས་པ་ལྟ་བུ། 2.མིང་མཐར་འཇུག་པ་ནི། (དཔེར་ན།) ཡ་ཀི། མ་ཀི། ཕ་ཀི། སྤྱང་ཀི། ཨང་ཀི་ཞེས་པ་ལྟ་བུ། |
| ཀི་ཀང |
1.གཟའ་རཱ་ཧུ་ལའི་བྱ་རོག་མགོ། 2.ས་བདག་ཅིག |
| ཀི་ཀི |
སྐད་ཕྱུངས་ནས་སྒྲོག་པའི་འབོད་བརྡ་ཞིག་སྟེ། (དཔེར་ན།) ཀི་ཀི་བསྭོ་བསྭོ་དགའ་བའི་ང་རོ་སྒྲོགས་ལྟ་བུ། |
| ཀི་ཀི་བསྭོ་བསྭོ |
ལྷ་གསོལ་སྐབས་ལྷའི་མགོ་འཕང་བསྟོད་བྱེད་དུ་སྒྲོག་པའི་སྒྲ་ཞིག |
| ཀི་ཀུ |
བོད་ཡིག་དབྱངས་བཞིའི་དང་པོ་ཨི་མཚོན་བྱེད་ཀྱི་རྟགས་ (ི) འདིའི་མིང་། |
| ཀི་ལི་ཀི་ལ |
(ལེགས་སྦྱར) གསང་སྔགས་ཀྱི་ཡི་དམ་ཕུར་པ། |
| ཀི་ལི་ཀི་ལིའི་སྒྲ་ཅན |
དུར་ཁྲོད་ཆེན་པོ་བརྒྱད་ཀྱི་ནང་གསེས་ཤིག |
| ཀི་ལྡིར |
མི་མང་པོས་མཉམ་དུ་ཀི་སྒྲ་འབྱིན་པ་སྟེ། (དཔེར་ན།) མི་མང་པོས་ཀི་ལྡིར་བྱས་ནས་སྤྱང་ཀི་འདེད་ཅེས་པ་ལྟ་བུ། |
| ཀི་ཧི་ཧི |
1.དཔའ་ངར་སྐྱེད་བྱེད་ཀྱི་སྐད་གསང་མཐོན་པོ་ཞིག 2. སྙད་བརྐོ་བའི་སྒྲ་ཞིག |
| ཀིང་ཀང |
(རྒྱ་སྐད) རྡོ་རྗེ། |
| ཀིང་ཤུ་ཀ |
ཀེང་ཤུ་ཀ་དང་འདྲ། |
| ཀིན |
སྤར་ཁ་བརྒྱད་ཀྱི་དྲུག་པ། |
| ཀིམ་པ་ཀ |
(ལེགས་སྦྱར) འབྲས་བུ་ལྟ་ན་སྡུག་ཅིང་རོ་མངར་ལ་ཟོས་ན་འཆི་བའི་དུག་རིགས་ཀྱི་ཤིང་ཞིག (དཔེར་ན།) ཡིད་བརྟན་མི་རུང་སྲིད་པའི་ཕུན་ཚོགས་འདི། རྒྱལ་བའི་དབང་པོས་ཀིམ་པའི་འབྲས་འདྲར་གསུངས་ཞེས་པ་ལྟ་བུ། |
| ཀིམས་ཤིང་ཀོང་ཅོ |
གྱིམ་ཤིང་ཀོང་ཇོ་ཡི་འབྲི་ཚུལ་གཞན་ཞིག |
| ཀིའུ |
1. སྒོག་པ་ཆུང་རིགས་ཤིག 2.ཐག་རིང་ནས་འབོད་པའི་བརྡ་ཞིག |
| ཀུ |
1.གུ་ལ་ལྟོས། 2.འདྲེ་གདོན་ཞིག་གི་མིང་། |
| ཀུ་ཀུ |
སྒྲའི་བྱེ་བྲག་ (དཔེར་ན།) ཁུ་བྱུག་ཀུ་ཀུ་གྲགས་ལྟ་བུ། |
| ཀུ་ཀུ་བུ་ཤི |
(ཡུལ་སྐད།) ཏི་ཏི་ཀུ་ཀུ། |
| ཀུ་ཅོ |
འུར་སྐད་དམ་དོན་མེད་དུ་སྒྲོག་པའི་སྐད་སྒྲ་ཆེན་པོའི་དོན་ཏེ། (དཔེར་ན།) ཆུ་ཕྲན་རྟག་ཏུ་ཀུ་ཅོ་ཆེ། རྒྱ་མཚོ་ཀུ་ཅོ་ག་ལ་སྒྲོག ། ཁྱི་རྒན་ཀུ་ཅོ་འདོན་པ་ན། རྒྱུ་མཚན་མེད་པར་གཞན་དག་རྒྱུག་ཅེས་པ་ལྟ་བུ། |
| ཀུ་ཅོ་ཅ་ཅོ |
མི་མང་པོས་བབ་ཅོལ་དུ་སྒྲོག་པའི་སྐད་སྒྲ་ཆེན་པོ། |
| ཀུ་ཅོ་དི་རི་རི |
དོན་མེད་པའི་སྐད་སྒྲ་ཆེན་པོ་འདོན་སྟངས་ཏེ། (དཔེར་ན།) དོན་མེད་ཀྱི་ཀུ་ཅོ་དི་རི་རི་བྱེད་པ་ལྟ་བུ། |
| ཀུ་ཐུག |
(བྱེད་མེད་ལས་ཚིག) ཐབས་ཟད་པའི་དོན་ཏེ། (དཔེར་ན།) དགྲ་དམག་ཀུ་ཐུག་ནས་མགོ་བཏགས་ལྟ་བུ། |
| ཀུ་དམ |
ཀུ་བའི་དམ་འབི། ཆང་རག་གམ་སྣུམ་སོགས་བླུག་སྣོད། |
| ཀུ་དིང་ངེ |
ཀུ་ཅོ་དིང་ངེ་སྟེ་དོན་མེད་པའི་སྐད་སྒྲ་ཆེན་པོ་འདོན་སྟངས་ཤིག་གི་མིང་། |
| ཀུ་དིར |
མི་མང་པོའི་སྐད་སྒྲ་འདོན་སྟངས་ཤིག |
| ཀུ་དིར་བཞད་སྒྲ |
རྒྱོབ་སོད་ཀུ་དིར་བཞད་སྒྲ་མཚང་འབྲུའི་ཚིག |
| ཀུ་དོག |
(བརྡ་རྙིང་།) གུ་དོག |
| ཀུ་བ |
ཀ་པེད་ལ་རིགས་གཉིས་ཡོད་པའི་རིགས་ཤིག་གི་མིང་སྟེ། (དཔེར་ན།) འབྲས་བུའི་སྟེང་ན་རྐེད་ཉག་ཡོད་པ་ཞིག་ཡིན། |
| ཀུ་བ་ལ |
ཨུཏྤལ་སྤྱིའི་མིང༌། |
| ཀུ་བའི་གཟིངས |
སྒྲུང་ནང་གསལ་བ་ཀྭ་ཀྭ་ཟེར་བའི་འབྲས་བུ་བཤགས་ནས་བཟོས་པའི་གྲུ་གཟིངས། |
| ཀུ་བེ་ར |
(ལེགས་སྦྱར) རྣམ་སྲས་རྟ་བདག་བརྒྱད་ཀྱི་གྲས་ཤིག |
| ཀུ་མ་ར་ཏ |
(ལེགས་སྦྱར།) དུས་རབས་གཉིས་པའམ་གསུམ་པ་ཙམ་ལ་རྒྱ་གར་ནུབ་ཕྱོགས་སུ་འཁྲུངས་པའི་རིགས་པའི་རྗེས་འབྲང་གི་མདོ་སྡེ་བའི་སློབ་དཔོན་ཞིག |
| ཀུ་མཱ་ར |
(ལེགས་སྦྱར།) གཞོན་ནུ། |
| ཀུ་མཱ་ར་ཤི |
འདི་ཀུ་མཱ་ར་ཛི་བ་ཞེས་པའི་ཟུར་ཆག་སྟེ་སྔར་ལི་ཡུལ་ལས་བྱུང་བའི་ལོ་ཙཱ་བ་ཆེན་པོ་ཞིག་ཡིན། འདིའི་ཡབ་རྒྱ་གར་བ་ཡིན་ཡང་ལི་ཡུལ་བྱང་རྒྱུད་ཀྱི་རྒྱལ་པོ་ཞིག་གི་མག་པར་གྱུར་པས་ལོ་ཆེན་འདི་ལི་ཡུལ་དུ་ཤིང་འབྲུག་ལོར་འཁྲུངས། (344-413)དགུང་ལོ་བདུན་ཅུ་ལ་འདས། ཆུང་དུས་སུ་རབ་ཏུ་བྱུང་ཞིང༌། མཚན་གཞོན་ནུ་ཚེ་རིང་ཞེས་བཏགས། ཁ་ཆེའི་ཡུལ་དུ་ལེགས་སྦྱར་སྐད་དང་ཐེག་དམན་གྱི་ཆོས་སྦྱངས། ཕྱིས་སུ་ཐེག་ཆེན་ལ་ཞུགས་ཏེ་དབུ་མའི་ལྟ་བ་ལ་མཁས་པ་ཆེན་པོ་བྱུང༌། ལྱང་ཅུ་སྡེ་བཞིར་ཡུན་རིང་བཞུགས་ཏེ་རྒྱ་བོད་ཀྱི་སྐད་ཡིག་ལའང་བྱང་ཆུབ་པར་མཛད། དགུང་ལོ་ང་བདུན་པའི་དུས་སུ་ཡའོ་ཆིན་རྒྱལ་པོ་ཧུང་ཤིའི་ཁྲི་ལོ་གསུམ་པར་རྒྱལ་ས་ཁྲང་ཨན་དུ་གདན་དྲངས། དེར་ལོ་བཅུ་གསུམ་གྱི་རིང་ལ་རྡོ་རྗེ་གཅོད་པ་སོགས་ཤེར་མདོ་ཆེ་ཆུང་དང༌། དམ་པའི་ཆོས་པད་མ་དཀར་པོ། དྲི་མེད་གྲགས་པས་བསྟན་པ་སོགས་མདོ་སྡེ་དུ་མ་དང༌། མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རྩ་ཤེས། དབུ་མ་སྒོ་བཅུ་གཉིས་པ། ཨརྱ་དེ་བའི་དབུ་མ་བརྒྱ་པ་ལེའུ་བཅུ། གཞན་ཡང་རྒྱ་ནག་ཏུ་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་ཤེར་ཕྱིན་ཆེན་མོ་བམ་པོ་བརྒྱ་པ་བཅས་བཀའ་བསྟན་བམ་པོ་སུམ་བརྒྱ་གྱ་བཞི་བསྒྱུར། སློབ་མ་མང་པོ་བསྐྱངས། |
| ཀུ་མུ་ད |
ཀུ་མུད་དང་འདྲ། ཚ་བའི་ཁུལ་དུ་སྐྱེ་བའི་རྩི་ཤིང་མེ་ཏོག་དཀར་ཞིང་མཛེས་པ་ཞིག་གི་མིང་ཡིན་ཞིང་། མཚན་མོ་ཟླ་བ་ཤར་ཚེ་མེ་ཏོག་ཁ་འབྱེད་པ་དང་། ཉིན་མོ་མེ་ཏོག་ཁ་ཟུམ་པ་ཞིག་ཡིན་པར་གྲགས། |
| ཀུ་མུཏ |
ཀུ་མུད་དང་འདྲ། |
| ཀུ་མུད |
1.(ལེགས་སྦྱར།) འདམ་ལས་སྐྱེས་པའི་མེ་ཏོག་ཅིག་མཚན་མོ་ཟླ་བ་ཤར་ཚེ་འདབ་མ་ཁ་འབྱེད་ཅིང༌། ཉིན་མོ་ཉི་མ་ཤར་ཚེ་མེ་ཏོག་ཁ་ཟུམ་པ་ཞིག་ཡིན་པར་གྲགས། མིང་གི་རྣམ་གྲངས་ལ་དགུན་ཟླ་ཐ་ཆུང་སྐྱེས་དང༌། ཆུ་སྐྱེས། སྟེང་འཐུང་དཀར་པོ། འདབ་མའི་མཛོད། མཚན་མོ་བཞད། ཟླ་བ་དགའ། ཟླ་བའི་དྲི། ས་དགའ། ས་སྒྲོག ས་སྟོབས། སའི་གདུ་བུ། ས་མོས། སི་ཏ། ཨུཏྤལ་དཀར་པོ་བཅས་སོ། ། 2. ཀུ་མུ་ད་ཡི་འབྲི་ཚུལ་གཞན། |
| ཀུ་མུད་གཉེན |
(མངོན་བརྗོད།) ཟླ་བའི་མིང་། |
| ཀུ་མུད་དགྲ |
(མངོན་བརྗོད།) ཉི་མའི་མིང་། |
| ཀུ་མུད་ཕན |
(མངོན་བརྗོད།) ཟླ་བའི་འོད་ཟེར་གྱི་མིང་། |
| ཀུ་མུད་ལོ་མ |
(མངོན་བརྗོད།) ཤིང་ཡོངས་འདུ་ས་བརྟོལ་གྱི་མིང་། |
| ཀུ་ཙན་དན |
ཙན་དན་ངན་པ། |
| ཀུ་ཡ |
མིའི་གཅིན་གྱི་སྙོག་ཆའི་མིང་ནད་ཅན་ནད་མེད་གང་གི་དྲི་ཆུའི་ནང་དུ་འབྱུང་ཞིང་ཆུའི་རང་མདོག་གིས་བསྒྱུར་མི་བཏུབ་པ་ལྦུ་བའི་དབྱིབས་ལྟར་ཆེ་ཆུང་སྲོ་མ་ཙམ་སོགས་མདོག་ཤས་ཆེར་སྐྱ་ཞིབ་ཞིབ་ཏུ་ཆུ་ཡི་སྟེང་འོག་བར་བཅས་ལ་གནས་ལ། ནང་གསེས་སུ་དབྱེ་ན་དབྱིབས་མ་ངེས་པ་སྤུ་དང༌། བལ་འདབ། སྤྲིན་འདྲ་བ་སོགས་དང༌། མདོག་ཀྱང་ནད་ཁམས་ཀྱི་དབང་གིས་སྣ་ཚོགས་སྣང་ངོ་། ། |
| ཀུ་ཡངས་དོག |
(བརྡ་རྙིང་།) གུ་ཡངས་དོག་དོན་འདྲ། |
| ཀུ་རུ |
1.སྣམ་བུའི་རྒྱུ་སྒྲིམ་བྱེད་ལག་ཆ་འཕང༌། 2.བོང་བུ། |
| ཀུ་རུ་ཀུ་ལེ |
(ལེགས་སྦྱར།) རིག་བྱེད་མ་ས་སྐྱའི་གསེར་ཆོས་སོགས་ལས་བྱུང་བའི་དབང་གི་ལྷ་མོ་ཞིག |
| ཀུ་རུ་ཀུ་ལླེ |
ཀུ་རུ་ཀུ་ལེ་དང་འདྲ། |
| ཀུ་རུ་ཁ |
1.ཁྲམ་རྟགས་ཏེ་རྟགས༌འདི་ (྾) ལ་ཟེར། 2.ཀོ་རུ་ཁ་ཡི་འབྲི་སྲོལ་གཞན། |
| ཀུ་རེ |
1.བསམ་བཞིན་གད་མོ་སློང་བའི་སྐད་ཆའི་མིང་གཏམ་གྱི་ཐོག་མར་ཀུ་རེ་བཤད་ལྟ་བུ། 2.བསམ་བཞིན་གད་མོ་སློང་བའི་བྱ་བ་བྱས་པ་ལའང་ཀུ་རེ་རྩེ་ཟེར། |
| ཀུ་ལུང |
སྔོ་ཞིག |
| ཀུ་ཤ |
(ལེགས་སྦྱར) ངན་སེལ་ལམ་རྩྭ་མཆོག་རྩྭ་གྲ་མ་ཅན་ཞིག་རོ་མངར་ལ་བསྐ། ཞུ་རྗེས་སྙོམས། ནུས་པས་ཚེ་རིང་དུ་སྲིང་བ་དང༌། ལུས་ཟུངས་རྒྱས་པར་བྱེད། མིང་གི་རྣམ་གྲངས་ལ་ཁྲུས་རྩྭ་དང༌། ངན་སེལ། མཆོད་སྦྱིན་རྒྱན། དག་བྱེད། བདུད་འདུལ་ལྡན། གཙང་བྱེད། རྩྭ་མཆོག་རྩྭ་དབང༌། ས་གནས་བཅས་སོ། ། |
| ཀུ་ཤ་གཙང་བསྲེལ |
རྩྭ་ཀུ་ཤ་གདན་འོག་ཏུ་བཏིང་ནས་གཙང་སྦྲ་མཚོན་པར་བྱེད་ཚུལ་ཞིག |
| ཀུ་ཤ་བྷནྡྷ |
(ལེགས་སྦྱར།) 1>ངན་སིལ་བདེ་སྐྱོང་རྩྭ་ཀུ་ཤའི་འབྲས་བུ་སྨིན་པ་ལས་བྱུང་བའི་རིན་པོ་ཆེའི་རིགས་ཤིག་ནུས་པས་རིམས་ནད་སེལ་བར་བྱེད། 2>དུང་གཡས་འཁྱིལ་གྱི་མིང་གཞན་ཞིག |
| ཀུ་ཤ་ལི |
ཀུ་སཱ་ལི་དང་འདྲ། |
| ཀུ་ཤའི་གྲོང |
རྒྱ་གར་གྱི་གྲོང་ཁྱེར་ཞིག་སྟེ་སྔར་སྟོན་པ་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་སའི་ཡུལ་དེའོ། ། |
| ཀུ་ཤུ |
ཤིང་ཏོག་རིགས་ཤིག་གི་མིང་ཡིན་ཞིང་། ཡུལ་ལ་ལར་སིལ་སྔོ་འཇོང་ཟེར་བར་ངོས་འཛིན་པ་དང་། ཤིང་ཏོག་བིམ་པ་སྟེ་རྒྱ་སྐད་དུ་ཕེན་གོ་ཟེར་བར་ངོས་འཛིན་པའང་ཡོད་ལ། ཉིན་མི་ཟེར་བའི་ཤིང་ཏོག་ལ་ངོས་འཛིན་པའང་ཡོད། |
| ཀུ་ཤུའི་ཁམས |
(མངོན་བརྗོད།) མཐིང༌། |
| ཀུ་ས་ར |
(ལེགས་སྦྱར།) ཆོས་རྒྱལ་སྲོང་བཙན་སྐབས་གདན་ཞུས་ལྟར་བོད་དུ་ཕེབས་པའི་རྒྱ་གར་གྱི་སློབ་དཔོན་ཞིག་ཡིན། ཁོང་གིས་རྒྱུད་སྡེ་ཁག་མང་བོད་ཡིག་ཏུ་བསྒྱུར། |
| ཀུ་སཱ་ལི |
(ལེགས་སྦྱར།) 1>དགེ་བ་ཅན། 2>སྤྲང་པོ། |
| ཀུ་སཱ་ལིའི་ཚོགས་གསོག |
གཅོད་ལུགས་ཀྱི་རང་ལུས་སྦྱིན་པར་བཏང་ནས་ཚོགས་གསོག་པའི་ཆོས་སྤྱོད་ཀྱི་མིང་། |
| ཀུ་སྒྲ |
དོན་མེད་པའི་ཀུ་ཅོའི་སྒྲ། |
| ཀུ་ཧྲང |
(ཡུལ་སྐད།) 1>ར་མ། 2>རྐྱང༌། |
| ཀུག |
(རྒྱན་ཚིག) གཞུའི་དབྱིབས་ལྟ་བུ་སྟེ། (དཔེར་ན།) ཚེས་གསུམ་ཚེས་རིས་གཞུ་ལྟར་ཀུག གྲི་ཀུག ཤིང་ཀུག་ཀུག་ཅེས་པ་ལྟ་བུ། |
| ཀུག་ཀུག |
(ཡུལ་སྐད།) ཁུ་བྱུག་སྟེ་དེའི་སྐད་ལ་བརྟེན་ནས་བཏགས་པའི་མིང༌། |
| ཀུང་ཁང |
(རྒྱ་སྐད།) སྦྲག་ཁང་ངམ་སྦྲག་ཚུགས་ཏེ་གཞུང་དོན་མི་སྣ་དང་སྦྲག་ཡིག་སྐྱེལ་མཁན་གྱི་གནས་ཚང༌། |
| ཀུངྐུམཾ |
(ལེགས་སྦྱར།) གུར་གུམ་གྱི་མིང་། |
| ཀུན |
1.(གྲངས་ཚིག) མིང་མཐར་སྦྱར་ན་མང་ཚིག་ལ་འཇུག་པ་ནི། (དཔེར་ན) དོན་ཀུན། ཕྱོགས་ཀུན། དེ་དག་ཀུན། གཞན་ཀུན། དུས་དང་རྣམ་པ་ཀུན། ཉིན་མཚན་ཀུན་ལྟ་བུ། 2.སྤྱི་ཡོངས་སམ་ཐམས་ཅད་ཀྱི་དོན་ལ་འཇུག་པ་ནི། (དཔེར་ན། ) མཐུན་རྐྱེན་ཀུན་འཛོམས། གཞུང་ལུགས་ཀུན་ཆུབ། ཀུན་མཁྱེན། ཀུན་གཟིགས་ཞེས་པ་ལྟ་བུ། 3. ཡི་གེ་འདིའི་མཐར་ཏུའམ་ནས་གང་རུང་ཞིག་སྦྱར་ན་ཚིག་གི་རྒྱན་དུ་འགྲོ་བའི་རབ་ཏུ་དང་ཤིན་ཏུ་སོགས་ཧ་ཅང་གི་དོན་ཡིན་ཞིང༌། དེ་ཡང་སྐད་གསར་བཅད་མ་བྱས་གོང་དུ་ཀུན་ལ་ད་དྲག་ཐོབ་པས་ཏུ་སྒྲ་འབྲི་དགོས་པར་མ་ཟད། ད་ལྟའང་ཏུ་སྒྲ་དངོས་སུ་འབྲི་དགོས། (དཔེར་ན།) ཀུན་ཏུ་སྐྲག་པ། ཀུན་ཏུ་སྐྱོ་བ། ཀུན་ཏུ་བསྐོར་བ། ཀུན་ཏུ་རབ་ཏུ་འཁྲུགས་པ། ཀུན་ཏུ་འུར་འུར། ཀུན་ཏུ་ཤེས་པར་བྱ་བ། ཀུན་ནས་དགོད་པ། ཀུན་ནས་གྲགས་པ། ཀུན་ནས་གནོད་པར་འགྱུར་བ། ཀུན་ནས་མཛེས་པ། ཀུན་ནས་ཡོངས་སུ་གྲུབ་པ་ཞེས་པ་ལྟ་བུ། |
| ཀུན་ཁྱབ |
(མངོན་བརྗོད།) 1>ནམ་མཁའ། 2>ཕྱོགས། |
| ཀུན་ཁྱབ་ཀྱི་དོན་གཞན་བཀོད་པ |
སྙན་ངག་གི་དོན་གཞན་བཀོད་པའི་རྒྱན་གྱི་ནང་ཚན་ཞིག་སྟེ་བསྒྲུབ་བྱ་གྲགས་ཆེ་བའི་དངོས་པོའི་གནས་ཚུལ་ཁྱད་པར་བ་ཞིག་དམ་བཅར་བཀོད་ནས། དེའི་སྒྲུབ་བྱེད་ཀྱི་རྒྱུ་མཚན་དུ་ཀུན་ལ་ཁྱབ་པའི་དོན་གཞན་ཞིག་བཀོད་པའི་རྒྱན་ལ་ཟེར། |
| ཀུན་ཁྱབ་དཔལ་མོ |
(མངོན་བརྗོད། )ནམ་མཁའི་མིང་། |
| ཀུན་གཏུམ |
(མངོན་བརྗོད།) དམངས་རིགས། |
| ཀུན་གཞི |
1.ཀུན་གཞི་རྣམ་ཤེས་ཀྱི་བསྡུས་མིང་། 2.གཤིས་རྒྱུད་དམ་སེམས་རྒྱུད་ཀྱི་དོན་ཏེ། (དཔེར་ན།) གཤིས་རྒྱུད་དུལ་བ་ལ་ཀུན་གཞི་དུལ་བ་ཟེར་བ་ལྟ་བུ། 3.(ཨཱལཱཡཿ) འདུ་བའི་གནས་དང་བཟེད་སྣོད། |
| ཀུན་གཞི་གནས་ཀྱི་འཁོར་ལོ |
རྩ་རྣམས་སྙིང་ཁར་འདུས་ཏེ་གནས་པའི་ས། |
| ཀུན་གཞིའི་རྣམ་ཤེས |
ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་བཞིའི་ནང་ཚན་སེམས་ཙམ་པས་འདོད་པའི་རྣམ་ཤེས་ཚོགས་བརྒྱད་ཀྱི་ནང་གསེས་ཤིག་ངོ་བོ་ནི་མ་བསྒྲིབས་ལུང་མ་བསྟན་པའི་གཙོ་བོའི་རྣམ་ཤེས་གང་ཞིག བག་ཆགས་ཀྱི་བགོ་གཞིར་གྱུར་པ། རྣམ་སྨིན་དང་ས་བོན་ཐམས་ཅད་ཀྱི་རྟེན་དུ་གྱུར་བའི་གཙོ་སེམས། |
| ཀུན་གཟིགས |
1.ཀུན་ཏུ་གཟིགས་པ་སྟེ་ཐམས་ཅད་ལ་ལྟ་བའམ་བལྟས་པ།2.(མངོན་བརྗོད།) སངས་རྒྱས་ཀྱི་མཚན། |
| ཀུན་གསལ |
(མངོན་བརྗོད།) 1. ཉི་མ། 2.ནམ་མཁའ། 3.མེ་ལོང༌། |
| ཀུན་གསོད |
(མངོན་བརྗོད) སྲིན་པོའི་མིང་། |
| ཀུན་གྱི་མཆོག |
སངས་རྒྱས་ཤཱཀྱ་ཐུབ་པས་སྐྱེ་བ་སྔ་མར་སྦྱིན་པའི་ཕར་ཕྱིན་སྤྱོད་སྐབས་ཀྱི་མཚན། |
| ཀུན་གྱིས་བཀུར་བ |
མི་ཐམས་ཅད་ཀྱིས་གོང་དུ་ཁུར་བའམ་མཐོ་སར་བཏེགས་པ། |
| ཀུན་གྱིས་བཀུར་བའི་སྡེ |
མང་པོས་བཀུར་བའི་སྡེ་དང་དོན་གཅིག |
| ཀུན་གྲུབ |
1.དོན་ཐམས་ཅད་གྲུབ་པ། 2.(མངོན་བརྗོད།) སྟོན་དུས་ཀྱི་མིང་། |
| ཀུན་ཉོན་གྱི་དབང་པོ་ལྔ |
སོ་སྐྱེས་རྒྱུད་ཀྱིས་བསྡུས་པའི་ཚོར་བ་ལྔའོ། ། |
| ཀུན་ཏུ |
(བསྣན་ཚིག) རྒྱན་ཚིག་དང་ལས་ཚིག་ལ་ལའི་མགོར་སྦྱར་ན་ཚད་ཆེ་བ་སོགས་ཀྱི་དོན་ཏེ། (དཔེར་ན།) ཀུན་ཏུ་དམར། ཀུན་ཏུ་བསྐྱོད། ཀུན་ཏུ་གཡོས། ཀུན་ཏུ་ཁྱབ། ཀུན་ཏུ་བརྟགས་ལྟ་བུ། |
| ཀུན་ཏུ་གས |
(མངོན་བརྗོད།) སྤང་རྒྱན་མེ་ཏོག་གི་མིང་། |
| ཀུན་ཏུ་བཟང་པོ |
1.ཆ་ཐམས་ཅད་ནས་དགེ་བའམ་ལེགས་པའི་རིགས་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ།2.ཆོས་དབྱིངས་དང༌། ཆོས་སྐུ། སངས་རྒྱས་ཀྱི་སྤྱི་མིང་། 3.དེ་བཞིན་གཤེགས་པའི་བྱེ་བྲག་ཅིག4. བྱང་ཆུབ་སེམས་དཔའི་བྱེ་བྲག་ཅིག5.བོན་ལུགས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ། |
| ཀུན་ཏུ་བཟང་པོ་ཞེས་བྱ་བའི་གཟུངས |
རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པའི་བསྟན་བཅོས་ཤིག |
| ཀུན་ཏུ་བཟང་པོའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ |
གཟུངས་མདོའི་སྡེ་ཚན་འགྱུར་བྱང་མེད་པ་ཞིག |
| ཀུན་ཏུ་བརྗོད་པའི་ཆོ་འཕྲུལ |
གཞན་གྱི་སེམས་ཤེས་པའི་སྒོ་ནས་ཉེས་དམིགས་དང་ལེགས་པའི་ཡོན་ཏན་གང་ཡིན་པ་དེ་དག་གཞན་གྱི་སེམས་དང་མཐུན་པར་སྟོན་པ། |
| ཀུན་ཏུ་བརྟགས་པའི་མཚན་ཉིད |
མཚན་ཉིད་གསུམ་གྱི་ནང་གསེས། བཏགས་པ་ཙམ་དུ་ཡོད་པ་རང་འཛིན་རྟོག་པས་སྒྲོ་བཏགས་པ་ཡིད་ཀྱི་རྣམ་པར་ཤེས་པ་ཀུན་ཏུ་རྟོག་པ་དེས་གང་ཟག་དང་ཆོས་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་ནས་བདག་དང་བདག་གི་བ་དང་མིང་ལ་སོགས་པ་ཀུན་ཏུ་བཏགས་པ། |
| ཀུན་ཏུ་འཁོར་བའི་རྒྱན |
སྙན་ངག་གི་སྒྲ་རྒྱན་ཡི་གེའི་སྒྲ་འདྲ་བས་ཚིག་རྐང་བརྩེགས་པའི་ཚིགས་བཅད་སྒོར་མོའམ། གྲུ་བཞིའི་དབྱིབས་ཅན་གྱི་ཕྱོགས་ཀུན་ཏུ་འཁོར་བར་བཀོད་པའི་རྒྱན་ཞིག |
| ཀུན་ཏུ་འགྲོ |
(མངོན་བརྗོད།)1.ནེ་ཙོ།2.ཆུ་བོ།3.རླུང༌བཅས་ཀྱི་མིང་། |
| ཀུན་ཏུ་འཇུག་པ |
1.ག་ས་ག་ལ་འགྲོ་བ།2.སྡུག་བདེན། |
| ཀུན་ཏུ་འཇུག་པ་སྒྲོལ་བ |
ལམ་བདེན། |
| ཀུན་ཏུ་འཇུག་བྱེད |
ཀུན་འབྱུང་བདེན་པ། |
| ཀུན་ཏུ་འཇུག་བྲལ |
འགོག་བདེན། |
| ཀུན་ཏུ་འོད |
ས་བཅུ་གཅིག་པ་སྟེ་མངོན་པར་སངས་རྒྱས་པའི་ས། |
| ཀུན་ཏུ་འོད་རྡོ་རྗེའི་ས |
ས་བཅུ་བཞི་ཡི་གྲས་ཤིག |
| ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུ |
སྔར་ཤཱཀྱ་མུ་ནེ་ཞལ་བཞུགས་སྐབས་རྒྱ་གར་གྱི་གྲུབ་མཐའ་སྨྲ་བ་དྲུག་གི་ནང་གསེས་རང་འབྱུང་བའི་སྟོན་པ་འདིས་སེམས་ཅན་ཐམས་ཅད་ཀྱི་བདེ་སྡུག་རྣམས་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བ་མིན་པར་ངང་ཤུགས་ཀྱིས་བྱུང་བར་འདོད། |
| ཀུན་ཏུ་རྒྱུ་སེན་རིང་གིས་ཞུས་པ་ཞེས་བྱ་བའི་མདོ |
ཤོ་ལོ་ཀ་སོ་བདུན་པ་འགྱུར་བྱང་མེད་པའི་མདོ་ཞིག |
| ཀུན་ཏུ་ཤིས་མ |
ལྷ་མོ་ཨུ་མཱཿ |
| ཀུན་ཏུ་སྦྱོར་བ |
ཉོན་མོངས་པ་སྟེ་དེའི་དབང་གིས་ཁམས་གསུམ་ལ་ཡིད་མི་འབྱུང་བས་དགེ་བ་མི་སྤྱོད་ཅིང་མི་དགེ་བ་བསྒྲུབས་པས་ཕྱི་མ་ལ་སྡུག་བསྔལ་དང་ཀུན་ཏུ་སྦྱོར་བར་བྱེད་པ། |
| ཀུན་ད |
1.ཀུན་མུད་ཀྱི་ཟུར་ཆག2.(མངོན་བརྗོད།) ཁུ་བའི་མིང་། |
| ཀུན་དཀྲིས |
ཞི་གནས་དང༌། བཏང་སྙོམས་སྒོམ་སྐབས་སུ་སེམས་ཡང་ཡང་དཀྲི་བར་བྱེད་པའི་ཉོན་མོངས་ཤིང་། དེ་ལ་རྒྱུན་མི་འཆད་པར་སྤྱོད་པ་དང༌། ངོ་ཚ་ཁྲེལ་མེད་དུ་སྤྱོད་པ། དགའ་ཞིང་མགུ་བར་སྤྱོད་པ། ཉེས་དམིགས་སུ་མི་ལྟ་བ་བཅས་ཡན་ལག་བཞི་ཚང་ན་ཆེན་པོ་དང༌། ཉེས་དམིགས་སུ་མི་ལྟ་ཞིང་ཡན་ལག་གཞན་དག་མ་ཚང་ན་འབྲིང་བ། ཡན་ལག་གཞན་དག་ཚང་ཞིང་ཉེས་དམིགས་སུ་བལྟས་ན་ཆུང་བ་བཅས་དབྱེ་བ་གསུམ་ཡོད། |
| ཀུན་དཀྲིས་བཅུ |
ཀུན་དཀྲིས་བརྒྱད་ཀྱི་སྟེང་དུ་ཁྲོ་བ་དང་འཆབ་པ་གཉིས་བསྣན་པས་བཅུའོ། ། |
| ཀུན་དཀྲིས་བརྒྱད |
ཞི་གནས་དང་བཏང་སྙོམས་ཀྱི་དུས་སུ་སེམས་ཡང་ཡང་དཀྲི་བར་བྱེད་པའི་ཉོན་མོངས་པ་བརྒྱད་དེ་རྨུགས་པ་དང༌། གཉིད། རྒོད་པ། འགྱོད་པ། ཕྲག་དོག སེར་སྣ། ངོ་ཚ་མེད་པ། ཁྲེལ་མེད་པ་རྣམས་སོ། ། |
| ཀུན་དགའ |
1.ཐམས་ཅད་ཡིད་དགའ་བ།2.(མངོན་བརྗོད།) ཤིང་སྟག་ལོ། |
| ཀུན་དགའ་བོ |
ཤཱཀྱ་ཐུབ་པའི་ཉན་ཐོས་ཉེ་འཁོར་བཅུའི་གྲས་ཤིག་ཡིན་ལ། འདི་ཉིད་མང་ཐོས་མཆོག་ཏུ་གྱུར་པ་དང༌། བསྟན་པའི་གཏད་རབས་གཉིས་པ། བཀའ་བསྡུ་བ་དང་པོའི་སྐབས་སུ་མདོ་སྡེ་འདོན་པ་པོ། གསོ་རིག་གི་རྒྱུད་བཞི་གསུང་སྐབས་ཀྱི་ནང་འཁོར་བཅས་ཡིན། ། |
| ཀུན་དགའ་མཚོ |
མཚོ་སྔོན་ལྷོ་ཕྱོགས་ཆབ་ཆ་ས་ཁུལ་གྱི་མཚོ་ཞིག་གི་མིང་། |
| ཀུན་དགའ་ར་བ |
1.སྐུ་གསུང་ཐུགས་རྟེན་བཞུགས་ཡུལ་གཙུག་ལག་ཁང༌།2.ཆོས་ཁྲི་དྲ་མིག་ཅན།3.དགེ་འདུན་གྱི་ཆོས་ར།4.ལྗོན་ཤིང་དང་མེ་ཏོག་སྣ་ཚོགས་བཏབ་པའི་ར་བའམ་སྐྱེད་མོས་ཚལ། |
| ཀུན་དགའ་ར་བ་པ |
མེ་ཏོག་དང་ལྗོན་ཤིང་གི་ར་བ་སོགས་ཀྱི་བདག་པོའམ་སྲུང་མཁན། |
| ཀུན་དགའ་རྒྱལ་མཚན |
ས་སྐྱ་པཎྜི་ཏའི་མཚན་དངོས། |
| ཀུན་དགའི་གོས |
(མངོན་བརྗོད།) གོས་མཆོག་གམ། གོས་ཡག་ཤོས། |
| ཀུན་དོང |
བཙོང༌། |
| ཀུན་ནས |
(བསྣན་ཚིག) ལས་ཚིག་ལ་ལའི་མགོར་སྦྱར་ནས་རྒྱ་ཆེ་བ་སོགས་ཀྱི་དོན་ཏེ། (དཔེར་ན།) འཕེལ་རྒྱས་བསམ་པས་ཀུན་ནས་བསླངས་ཏེ་རིག་གནས་བསླབས་ལྟ་བུ། |
| ཀུན་ནས་གྲགས་པ |
1.མིང་སྐད་གྲགས་ཆེ་བ།2.བྱང་ཆུབ་སེམས་དཔའ་ཞིག་གི་མཚན། |
| ཀུན་ནས་ཉོན་མོངས་པ |
རྩ་ཉོན་དྲུག་དང་ཉེ་ཉོན་ཉི་ཤུ་རྒྱུ་དང་ཀུན་སློང་ཅི་རིགས་པའི་སྒོ་ནས་དབྱེ་ཞིང་། རྒྱུད་ལ་ལྡན་པའི་གང་ཟག་ལ་གནས་སྐབས་དང་མཐར་ཐུག་གང་རུང་དུ་སྡུག་བསྔལ་འདྲེན་པའི་ཤེས་པའི་དབྱེ་སྒོ་ཞིག་ཡིན། |
| ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ |
སྡུག་བསྔལ་བདེན་པ་དང་ཀུན་འབྱུང་བདེན་པ་གཉིས་ཀུན་ནས་ཉོན་མོངས་པའི་ཕྱོགས་དང༌། འགོག་ལམ་གཉིས་རྣམ་བྱང་གི་ཕྱོགས་སོ། ། |
| ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དང་ལྡང་བ་ཐམས་ཅད་མཁྱེན་པའི་སྟོབས |
བསམ་གཏན་རྣམ་ཐར་ཏིང་འཛིན་སྙོམས་འཇུག་སོགས་མཁྱེན་པའི་སྟོབས་དང་དོན་གཅིག |
| ཀུན་ནས་ཉོན་མོངས་པའི་བདེན་པ |
ཀུན་འབྱུང་གི་བདེན་པ་ལ་ཟེར། |
| ཀུན་ནས་བཏུས་པ |
ཀུན་བཏུས་དང་དོན་གཅིག |
| ཀུན་ནས་བཟང |
(མངོན་བརྗོད།) རྒྱལ་པོའི་ཕོ་བྲང༌གི་མིང་། |
| ཀུན་ནས་འཁུམས |
(མངོན་བརྗོད།) གུར་གུམ་གྱི་མིང་། |
| ཀུན་ནས་འཁྱུད |
(མངོན) འཁྲི་ཤིང༌གི་མིང་། |
| ཀུན་ནས་འགེགས |
(མངོན་བརྗོད།) བཙུན་མོའི་ཕོ་བྲང༌གི་མིང་། |
| ཀུན་ནས་འབབ |
(མངོན་བརྗོད།) ཆར་བའི་མིང་། |
| ཀུན་ནས་ལྟ་ན་སྡུག་པའི་དཔེ་བྱད |
དཔེ་བྱད་བཟང་པོ་བརྒྱད་ཅུའི་གྲས་ཤིག་འཁོར་ཀུན་ནས་མཛེས་པར་གྱུར་བ་ཉིད་ཀྱིས་སྤྱོད་ལམ་ཐམས་ཅད་མཐོང་ན་མི་མཐུན་པ་མེད་པས་ཀུན་ནས་ལྟ་ན་སྡུག་པ། |
| ཀུན་ནས་སྒོའི་ལེའུ |
འཕགས་པ་ཀུན་ནས་སྒོའི་ལེའུ་བམ་པོ་གཅིག་པ། ཤོ་ལོ་ཀ་ཉིས་བརྒྱ་དྲུག་ཅུ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། སུ་རེནྡྲ་བོ་དྷི་དང༌། ལོ་ཙཱ་བ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་པའི་མདོ་ཞིག |
| ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་ཞེས་བྱ་བའི་གཟུངས |
རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་དང༌། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་བའི་བསྟན་བཅོས་ཤིག |
| ཀུན་ནས་སྣང་བ་བཀོད་པའི་དཔལ |
སངས་རྒྱས་ཤིག |
| ཀུན་ཕན་གྱི་རྒྱན |
འདོད་དོན་འགའ་ཞིག་སྒྲུབ་པ་ལ་ཉེར་ལེན་གྱི་རྒྱུ་ལས་ཀྱང་འཕྲལ་རྐྱེན་གྱི་གྲོགས་ཤིག་ཀུན་ཏུ་ཕན་པར་སྟོན་པའི་སྙན་ངག་གི་རྒྱན་ཞིག |
| ཀུན་བཏགས |
ཀུན་བརྟགས་ཀྱི་འབྲི་ཚལ་གཞན་ཞིག |
| ཀུན་བཏགས་གཉིས |
མཚན་ཉིད་ཆད་པའི་ཀུན་བཏགས་དང༌། རྣམ་གྲངས་པའི་ཀུན་བཏགས་ཏེ་གཉིས། |
| ཀུན་བཏགས་པའི་གཟུགས |
ཡིད་ཀྱི་སྣང་བར་འཆར་བའི་གཟུགས་ཏེ་རྨི་ལམ་དུ་རྟ་གླང་ཁང་བ་སོགས་ཡུལ་ལྔར་སྣང་བ་རྣམས་དང༌། ཏིང་འཛིན་དུ་ས་གཞི་ཀེང་རུས་ཀྱིས་ཁྱབ་པར་སྣང་བ་ལྟ་བུ། |
| ཀུན་བཏུས |
1.ཀུན་ལས་བཏུས་པ་སྟེ་ཕྱོགས་ཐམས་ཅད་ལས་བསྒྲུགས་པ།2.བཏུ་གཞི་བསྟན་བཅོས་ཅི་རིགས་ལས་བསྡུས་པའི་གཞུང་ལུགས་དང་རྩོམ་རིག་སོགས་ཏེ། (དཔེར་ན།) ཆོས་མངོན་པ་ཀུན་བཏུས། བསླབ་པ་ཀུན་བཏུས། ཚད་མ་ཀུན་བཏུས། མདོ་ཀུན་བཏུས་ལྟ་བུ། |
| ཀུན་བདག |
འཇིག་རྟེན་ཡོངས་ཀྱི་བདག་པོ། |
| ཀུན་བདེ་གླིང |
ལྷ་སའི་རྩེ་པོ་ཏ་ལའི་ལྷོ་ནུབ་ཕྱོགས་སུ་རབ་བྱུང་བཅུ་གསུམ་པའི་ཤིང་སྟག་ལོར་ཕྱག་བཏབ་པའི་དགོན་པ་ཞིག་དེའི་བདག་པོ་རྟ་ཚག་ནོ་མི་ཧན་ནམ། རྗེ་དྲུང་ཧོ་ཐོག་ཐུ་ཞེས་པའི་གོ་མིང་འཛིན་པའི་སྐྱེ་ཕྲེང་སྔ་ཕྱི་གཉིས་ཀྱིས་བོད་ཀྱི་སྲིད་སྐྱོང་ཐེངས་གཉིས་བྱས་ཡོད། |
| ཀུན་བདེན |
ཀུན་འབྱུང་བདེན་པའི་བསྡུས་མིང༌། |
| ཀུན་བདེན་གྱི་སྤང་བྱ་བདུན |
འདོད་པའི་ཁམས་འདིར་ཀུན་བདེན་མཐོང་བས་སྤང་བར་བྱ་བ་མ་རིག་པ་དང༌། འདོད་ཆགས། ཁོང་ཁྲོ། ང་རྒྱལ། ཐེ་ཚོམ། ལོག་ལྟ། ལྟ་བ་མཆོག་འཛིན་ཏེ་བདུན། |
| ཀུན་བཟང |
1.ཀུན་ཏུ་བཟང་པོའི་བསྡུས་ཚིག2.མཚོ་སྔོན་བྱང་ཕྱོགས་རྐང་ཚ་ས་ཆའི་རི་བོ་ཞིག་གི་མིང་། |
| ཀུན་བཟང་ཐུགས་ཀྱི་བསྟན་པ |
གསང་སྔགས་རྙིང་ལུགས་ཀྱི་རྫོགས་པ་ཆེན་པོའི་བསྟན་པ། |
| ཀུན་བཟང་མཆོད་སྤྲིན |
བྱང་སེམས་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལས་བྱུང་བའི་མཆོད་པ་ཕུན་སུམ་ཚོགས་པ། |
| ཀུན་བཟང་འཁོར་ལོ |
སྙན་ངག་སྒྲ་རྒྱན་གྱི་ནང་གསེས་མིང་ཚིག་ཡི་གེ་རེའུ་མིག་ཏུ་བཀོད་ནས་ཡིག་ཕྲེང་དཀྱུས་སུ་མཐར་ཆགས་དང༌། ཕྱོགས་མཚམས་ནས་དབུས་སུ་བཀླག་ཚུལ་སོགས་སྟོན་པའི་འཁོར་ལོ་ཞིག |
| ཀུན་བཟོད |
1.ཀུན་ནས་བཟོད་པ་སྟེ་དཀའ་བའི་ལས་སམ། ཁུར་བཟོད་པའམ། སྲན་ཐུབ་པ།2.(མངོན་བརྗོད) ས་གཞིའི་མིང་། |
| ཀུན་བརྐོས |
(མངོན་བརྗོད།) ཁྲོན་པའི་མིང་། |
| ཀུན་བརྟགས |
ཀུན་ཏུ་བརྟགས་པའི་མཚན་ཉིད་ཀྱི་བསྡུས་མིང༌། |
| ཀུན་བརྟགས་ཀྱི་ཉོན་མོངས་པ |
གྲུབ་མཐའ་ངན་པས་བློ་བསྒྱུར་བའི་དབང་གིས་ཡང་དག་པའི་དོན་ལ་ཕྱིན་ཅི་ལོག་གི་རྟོག་པས་ཀུན་ཏུ་བརྟགས་པའི་སེམས་རབ་ཏུ་མ་ཞི་བར་བྱེད་པའི་ལྟ་བ་ཉོན་མོངས་ཅན་ལ་སོགས་པའོ། ། |
| ཀུན་བརྟགས་ཀྱི་མ་རིག་པ |
གྲུབ་མཐའ་ངན་པའི་ལྟ་བ་ཉོན་མོངས་པ་དང་འདྲེས་པས་དངོས་པོའི་ཚུལ་ཇི་བཞིན་མི་ཤེས་པའི་རྨོངས་པ་ལྟ་བ་ལོག་པ་རྣམས་སོ། ། |
| ཀུན་བརྟགས་པའི་སྟོབས |
ཏིང་ངེ་འཛིན་དང་འགྲོགས་པའི་ཤེས་རབ་ཀྱིས་ཕྱི་ནང་གི་ཆོས་ཐམས་ཅད་སྟོང་བ་དང་བདག་མེད་པར་མཐོང་བས་དེ་ལ་ཆགས་པ་མི་སྐྱེ་བ། |
| ཀུན་བྱང |
ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ཕྱོགས་གཉིས། |
| ཀུན་བྱེད་རྒྱལ་པོ |
1.(མངོན་བརྗོད།) སེམས་སམ་རྣམ་ཤེས།2.སྟོང་པ་ཉིད། 3.ལྷ་ཚངས་པ།4.རྫོགས་ཆེན་གྱི་བརྡ་ཆད་ཅིག་འཁོར་འདས་ཀུན་གྱི་བྱེད་པོའམ་འཁྲུལ་གྲོལ་ཀུན་གྱི་གཞིར་གྱུར་པའི་རང་རིག་བྱང་ཆུབ་ཀྱི་སེམས་ཏེ་གཞི་རྒྱུད་བདེ་བར་གཤེགས་པའི་སྙིང་པོ།5.གསང་སྔགས་རྙིང་མའི་རྒྱུད་སྡེ་ཞིག་གི་བསྡུས་མིང་རྒྱས་པར་བྱས་ན་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལྟ་བ་ནམ་མཁའ་ལྟར་མཐའ་དབུས་མེད་པའི་རྒྱུད་ལེའུ་བརྒྱད་ཅུ་རྩ་བཞི་པ། ཤྲི་སེངྷ་ཀ་ལ་དང༌། བཻ་རོ་ཙ་ནས་བསྒྱུར་བ། |
| ཀུན་མཁྱེན |
ཐམས་ཅད་མཁྱེན་པ། |
| ཀུན་མཁྱེན་ཉི་མའི་གཉེན |
(མངོན་བརྗོད།) ཤཱཀྱའི་རྒྱལ་པོའི་མཚན། |
| ཀུན་མཐོང |
(མངོན་བརྗོད།) མེ་ལོང༌གི་མིང་། |
| ཀུན་ཟ |
(མངོན་བརྗོད།) མེའི་མིང་། |
| ཀུན་འཁོར |
ཀུན་བཟང་འཁོར་ལོའི་བསྡུས་ཚིག |
| ཀུན་འགེངས |
(མངོན་བརྗོད།) ནམ་མཁའི་མིང་། |
| ཀུན་འགེབས |
(མངོན་བརྗོད།) ནམ་མཁའི་མིང་། |
| ཀུན་འགྱེད |
(མངོན་བརྗོད།) ལྷ་ཚངས་པའི་མིང་། |
| ཀུན་འགྲོ |
1.ཀུན་ཏུ་འགྲོ་བ་སྟེ་སེམས་ཐམས་ཅད་ཀྱི་འཁོར་དུ་འགྲོ་བའམ་རྗེས་སུ་འགྲོ་བ།2.(མངོན་བརྗོད།) ནམ་མཁའ།3.སྦྲུལ། |
| ཀུན་འགྲོ་ལྔ |
སེམས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བའི་སེམས་བྱུང་ལྔ་སྟེ་ཚོར་བ་དང༌། འདུ་ཤེས། སེམས་པ། རེག་པ། ཡིད་བྱེད་བཅས་སོ། ། |
| ཀུན་འགྲོའི་རྒྱུ |
རྒྱུ་དྲུག་གི་ནང་གསེས་ཤིག་ཁམས་གསུམ་ཐམས་ཅད་དུ་འགྲོ་ཞིང་རྣམ་གྲོལ་ཐོབ་པ་ལ་གེགས་བྱེད་པའི་ཉོན་མོངས་ཅན་གྱི་ཆོས་རྣམས་སྐྱེད་པར་བྱེད་པ་ཕྲ་རྒྱས་ཀྱི་དངོས་པོ་རྣམས་སོ། ། |
| ཀུན་འཇོམས |
1.ཚང་མ་འགེམས་པར་བྱེད་པ།2.སྦྱོར་བ་ཉེར་བདུན་གྱི་ནང་གསེས་ཤིག3.(མངོན་བརྗོད།) ཆུ་སྲིན་ཆེན་པོའི་མིང་། |
| ཀུན་འདར་མ |
རྩ་དབུ་མ་འདི་ལ་བརྟེན་ནས་ཐིག་ལེ་དང༌། རྩའི་བདེ་བ་དང༌། རླུང་གི་བདེ་བ་ཀུན་སྐྱེ་བས་ཀུན་ཞེས་བྱ་ལ། དེ་སྤྱི་ལ་ཁྱབ་པས་འདར་མ་ཞེས་བྱའོ། ། |
| ཀུན་འདུལ་རྔ |
(མངོན་བརྗོད།) རླུང་སྤྱིའི་མིང་། |
| ཀུན་འདྲེན |
(མངོན་བརྗོད།) སངས་རྒྱས་ཀྱི་མཚན། |
| ཀུན་འབྱུང |
སེམས་ཅན་ལས་ཀྱི་བག་ཆགས་བསགས་པ་དེ་དང་དེ་དག་ལྷ་ལ་སོགས་པའི་སེམས་ཅན་གྱི་རིགས་དྲུག་པོ་དེ་དང་དེའི་ནང་ཕན་ཚུན་ཆ་བྱད་དང་རིགས་འདྲ་བར་འབྱུང་བས་ན་ཀུན་འབྱུང་ངོ། ། |
| ཀུན་འབྱུང་གཉིས |
འཕེན་བྱེད་ལས་དང༌། ཉོན་མོངས་གཉིས། |
| ཀུན་འབྱུང་ཆོས་བཟོད |
ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ མཐོང་ལམ་གྱི་ཡེ་ཤེས་སྐད་ཅིག་བཅུ་དྲུག་གི་གྲས་འདོད་ཁམས་ཀྱི་ཀུན་འབྱུང་བདེན་པར་དམིགས་ནས་བདག་མེད་དུ་རྟོགས་པའི་མཐོང་ལམ་བར་ཆད་མེད་ལམ་གྱི་ཡེ་ཤེས། ། |
| ཀུན་འབྱུང་ཆོས་ཤེས |
ཀུན་འབྱུང་ལ་ཆོས་ཤེས་པ་སྟེ་མཐོང་ལམ་གྱི་ཡེ་ཤེས་སྐད་ཅིག་བཅུ་དྲུག་གི་གྲས་ཀུན་འབྱུང་ཆོས་བཟོད་དེ་མ་ཐག་ཏུ་འདོད་ཁམས་ཀྱི་ཀུན་འབྱུང་བདེན་པར་དམིགས་ནས་བདག་མེད་དུ་རྟོགས་པའི་མཐོང་ལམ་རྣམ་གྲོལ་ལམ་གྱི་ཡེ་ཤེས། ། |
| ཀུན་འབྱུང་བདེན་པ |
བདེན་པ་བཞིའི་ནང་གསེས། རང་འབྲས་ཉེར་ལེན་གྱི་ཕུང་པོ་སྟེ་མ་དག་པའི་སྣོད་བཅུད་ཐམས་ཅད་སྐྱེད་བྱེད་ཀྱི་རྒྱུར་གྱུར་པའི་ལས་དང་ཉོན་མོངས་པ་རྣམས་ཏེ། དེ་དག་ནི་སྡུག་བསྔལ་ཀུན་འབྱུང་བ་ནད་ཀྱི་རྒྱུ་ལྟ་བུ་སྤང་བར་བྱ་བ་ཡིན་པ་འཕགས་པའི་གཟིགས་ངོར་མི་བསླུ་བར་སྣང་བས་ཀུན་འབྱུང་འཕགས་པའི་བདེན་པའོ། ། |
| ཀུན་འབྱུང་བདེན་པའི་རྣམ་པ་བཞི |
བདེན་བཞིའི་རྣམ་པ་བཅུ་དྲུག་གི་ནང་ཚན་རྒྱུ་དང་། ཀུན་འབྱུང་། རབ་སྐྱེ། རྐྱེན་བཞི་ལས་དང་ཉོན་མོངས་པས་འཁོར་བའི་སྡུག་བསྔལ་བསྐྱེད་པས་ས་བོན་གྱི་ཚུལ་གྱིས་རྒྱུ་དང༌། ཁམས་གསུམ་རྒྱུད་ལྔ་ཀུན་འབྱུང་བས་ཞིང་ལས་ལོ་ཏོག་འབྱུང་བའི་ཚུལ་གྱིས་ཀུན་འབྱུང་བ་དང༌། ལས་ཉོན་དྲག་པོས་སྡུག་བསྔལ་ཕྲལ་ལ་སྐྱེ་བས་འབྲེལ་བའི་ཚུལ་གྱིས་རབ་སྐྱེ་དང༌། ལས་ཉོན་ལས་ཁམས་གསུམ་གྱི་གནས་སུ་སྡུག་བསྔལ་གྱི་ཕུང་པོ་མངོན་པར་འགྲུབ་ཕྱིར་ཆུ་ལུད་ལྟར་འབྲས་བུ་སྐྱེ་བའི་གྲོགས་བྱེད་པས་རྐྱེན་བཅས་བཞིའོ། ། |
| ཀུན་འབྱུང་རྗེས་བཟོད |
ཀུན་འབྱུང་ལ་རྗེས་སུ་རྟོགས་པའི་ཤེས་པའི་བཟོད་པ་སྟེ་མཐོང་ལམ་གྱི་ཡེ་ཤེས་སྐད་ཅིག་བཅུ་དྲུག་གི་གྲས་ཀུན་འབྱུང་ཆོས་ཤེས་དེ་མ་ཐག་ཏུ་ཁམས་གོང་མའི་ཀུན་འབྱུང་བདེན་པར་དམིགས་ནས་སྔར་བཞིན་བདག་མེད་དུ་རྟོགས་པའི་མཐོང་ལམ་བར་ཆད་མེད་ལམ་གྱི་ཡེ་ཤེས། ། |
| ཀུན་འབྱུང་རྗེས་ཤེས |
ཀུན་འབྱུང་ལ་རྗེས་སུ་རྟོགས་པའི་ཤེས་པ་མཐོང་ལམ་གྱི་ཡེ་ཤེས་སྐད་ཅིག་བཅུ་དྲུག་གི་གྲས་ཀུན་འབྱུང་རྗེས་བཟོད་དེ་མ་ཐག་ཏུ་ཁམས་གོང་མའི་ཀུན་འབྱུང་བདེན་པར་དམིགས་ནས་སྔར་བཞིན་བདག་མེད་དུ་རྟོགས་པའི་མཐོང་ལམ་རྣམ་གྲོལ་ལམ་གྱི་ཡེ་ཤེས། ། |
| ཀུན་འབྱུང་ཤེས་པ |
ཤེས་པ་བཅུའི་གྲས་ཤིག་སྟེ་ཁམས་གོང་འོག་གི་ཀུན་འབྱུང་བདེན་པ་རྟོགས་པར་བྱེད་པའི་ཤེས་པ། ། |
| ཀུན་འཛིན |
(མངོན་བརྗོད།) ས་བྱི་ལོ། |
| ཀུན་འཛིན་མ |
(མངོན་བརྗོད།) ས་གཞིའི་མིང་། |
| ཀུན་ར |
ཀུན་དགའ་ར་བའི་བསྡུས་ཚིག |
| ཀུན་རིག |
1.ཐམས་ཅད་མཐོང་བའམ། ཤེས་པ།2.ཀུན་རིག་རྣམ་པར་སྣང་མཛད་ཀྱི་བསྡུས་ཚིག |
| ཀུན་རིག་པ |
1.(མངོན་བརྗོད།) མཁས་པ།2.ལྷ་མོ་ཞིག |
| ཀུན་རིག་རྣམ་པར་སྣང་མཛད |
གསང་སྔགས་བྱ་རྒྱུད་ཀྱི་ཡི་དམ་ཞིག་གི་མཚན། |
| ཀུན་རྟོག |
1.སེམས་ཀྱི་རྣམ་པར་རྟོག་པ།2.ཀུན་ཏུ་རྟོག་པ་སྟེ་རྟོག་དཔྱོད་བྱེད་པ། |
| ཀུན་རྟོག་འབྱུང |
ཀུན་རྟོག་སྐྱེ་གནས་དང་དོན་གཅིག |
| ཀུན་རྟོག་སྐྱེ་གནས |
1.དྲན་རྟོག་འཆར་བའི་གནས།2.འདོད་ལྷ། |
| ཀུན་རྫོགས་པ |
1.ཐམས་ཅད་ཟད་པ།2.ཐམས་ཅད་མཐར་ཕྱིན་པ། |
| ཀུན་རྫོབ |
ཡང་དག་པའི་གནས་ལུགས་སྒྲིབ་པར་བྱེད་པའམ་འགེབས་པ་ལྟ་བུར་བྱེད་པའི་དངོས་པོ་རྫུན་པ་རྣམས། |
| ཀུན་རྫོབ་ཀྱི་ཀུན་རྫོབ |
ཀུན་རྫོབ་གསུམ་གྱི་ནང་གསེས་ཤིག་སྒྱུ་མ་དང་། སྨིག་རྒྱུ་དང་མིག་ཡོར་ལ་སོགས་པ་སྣང་བ་ལྟར་གྱི་བྱ་བ་བྱེད་མི་ནུས་པའི་མཚན་ཉིད་ཅན་རྣམས། |
| ཀུན་རྫོབ་གཉིས |
ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་གཉིས། |
| ཀུན་རྫོབ་གསུམ |
ཀུན་རྫོབ་ཀྱི་ཀུན་རྫོབ་དང༌། ཡང་དག་པ་མ་ཡིན་པའི་ཀུན་རྫོབ་དང༌། ཡང་དག་པའི་ཀུན་རྫོབ་བཅས་གསུམ་མོ། ། |
| ཀུན་རྫོབ་དང་དོན་དམ་པའི་བདེན་པ་བསྟན་པ |
བམ་པོ་གཉིས་པ། རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷ་དང༌། ཛི་ན་མི་ཏྲ་དང༌། ལོ་ཙཱ་བ་བནྡེ་དྷརྨ་ཏཱ་ཤཱི་ལ་སོགས་ཀྱིས་བསྒྱུར་ཅིང་ཞུས་པ། |
| ཀུན་རྫོབ་པ |
སྟོང་ཉིད་ཀྱི་ལྡོག་ཟླ་སྟེ་སྣང་ཕྱོགས་ཀྱི་ཆོས། |
| ཀུན་རྫོབ་བདེན་པ |
བདེན་པ་གཉིས་ཀྱི་ཡ་གྱལ་ཞིག་བྱེ་བྲག་སྨྲ་བས་གང་ཞིག་བཅོམ་པའམ་བློས་ཆ་ཤས་སོ་སོར་བསལ་བ་ན་རང་འཛིན་གྱི་བློ་འདོར་རུང་བའི་ཆོས་སུ་དམིགས་པ་གཟུང་འཛིན་རགས་པ་རྣམས་དང༌། མདོ་སྡེ་བས་རྟོག་པས་བཏགས་པ་ཙམ་དུ་གྲུབ་པའི་ཆོས་སྤྱི་མཚན་རྣམས་དང༌། སེམས་ཙམ་པས་ཐ་སྙད་དཔྱོད་པའི་རིག་ཤེས་ཀྱིས་རྙེད་དོན་ཀུན་བཏགས་དང་གཞན་དབང་གི་ཆོས། དབུ་མ་བས་རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་རང་ཉིད་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པར་བྱ་བ་རྟེན་འབྲེལ་སྣང་བའི་ཆོས་སུ་འདོད་པ་བཅས་འདོད་ལུགས་མི་འདྲ་བ་བཞི་ཡོད། |
| ཀུན་རྫོབ་བྱང་ཆུབ་ཀྱི་སེམས |
རགས་པ་བརྡ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀུན། |
| ཀུན་རྫོབ་རྒྱ་ཆེ་བའི་ལམ་གྱི་རིམ་པ |
བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སོགས་ཐབས་ཀྱི་ཆ་དང་བསོད་ནམས་ཀྱི་ཚོགས་རྣམས་སོ། ། |
| ཀུན་རྫོབ་རྟོགས་པའི་ཤེས་རབ |
1.རིག་པའི་གནས་ལྔ་ལ་མཁས་པའི་ཤེས་རབ། 2.ཀུན་རྫོབ་བདེན་པའམ་སྣང་བ་རགས་པའི་ཆོས་རྣམས་རྟོགས་པའི་ཤེས་རབ། |
| ཀུན་རྫོབ་ཤེས་པ |
ཤེས་པ་བཅུའི་ཡ་གྱལ་ཞིག་བདེན་པ་མ་མཐོང་གོང་གི་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་ཤེས་པ། |
| ཀུན་རྫོབ་སེམས་བསྐྱེད |
སེམས་བསྐྱེད་དང་གོ་དོན་གཅིག་པ་སྟེ་སྨོན་པའི་སེམས་བསྐྱེད་དང༌། འཇུག་པའི་སེམས་བསྐྱེད་གཉིས་ཀྱི་སྤྱིའི་མིང༌། |
| ཀུན་ལ་བཀྲ་ཤིས་མ |
(མངོན་བརྗོད།) ལྷ་མོ་ཨུ་མཱཿ |
| ཀུན་ལས་བཏུས་པ |
ཀུན་བཏུས་དང་དོན་གཅིག |
| ཀུན་ལས་རྒྱལ་བ |
1.གཞན་ཐམས་ཅད་ལས་རྒྱལ་བ།2.སངས་རྒྱས་ཤིག་གི་མཚན། |
| ཀུན་ལྡན |
(མངོན་བརྗོད།) ལྕགས་བྱི་ལོ། |
| ཀུན་ལྡན་རས་པ |
རིན་པོ་ཆེ་རྒྱལ་ཚའི་གཅུང་བོ། རབ་བྱུང་གསུམ་པའི་ས་ཕོ་འབྲུག་ལ་གཙང་གི་ཤབ་སྨད་དུ་འཁྲུངས། མེ་མོ་གླང་ལ་གཤེགས། (1148-1217) འདི་ཉིད་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོའི་སློབ་མ་ཞིག་ཕག་གྲུ་ལ་གདམས་པ་ཞུས་ཏེ་བསྒོམས་པས་གྲུབ་ཐོབ་ཏུ་གྱུར། ཁྲོ་ཕུར་སློབ་མ་བསྐྱངས་པའི་གཙོ་བོ་ནི་དེའི་དབོན་པོ་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་ཡིན། |
| ཀུན་ཤེས |
ཡོན་ཏན་ཐམས་ཅད་ཁོང་དུ་ཆུབ་པ། |
| ཀུན་ཤེས་ཀཽཎྜི་ནྱ |
སངས་རྒྱས་ཤཱཀྱ་ཐུབ་པས་བདེན་བཞིའི་ཆོས་འཁོར་སྐོར་སྐབས་འཁོར་ལྔ་སྡེ་བཟང་པོའི་ནང་ཚན་གཅིག |
| ཀུན་ཤེས་གཅིག་རྡུགས |
མང་པོ་ཤེས་ཀྱང་གནད་གཅིག་ཏུ་འདྲིལ་བ་ལ་མི་མཁས་པའམ་ཐོགས་པ། (དཔེར་ན།) ཀུན་ཤེས་གཅིག་རྡུགས་མཁས་པའི་སྐྱོན་ཞེས་པ་ལྟ་བུ། |
| ཀུན་ཤེས་པའི་དབང་པོ |
ཟག་མེད་ཀྱི་དབང་པོ་གསུམ་གྱི་ཡ་གྱལ། སྒོམ་ལམ་པའི་རྒྱུད་ཀྱི་དབང་པོ་དགུ་དེ་དག་ཉིད་ཀྱིས་མི་མཐུན་པ་དང་གཉེན་པོའི་ཕྱོགས་གསལ་བར་བྱེ་བྲག་ཕྱེད་པ་སྟེ་ཀུན་ཤེས་པའོ། ། |
| ཀུན་ཤེས་བྱེད་པའི་དབང་པོ |
ཟག་མེད་ཀྱི་དབང་པོ་གསུམ་གྱི་ཡ་གྱལ། མཐོང་ལམ་པའི་རྒྱུད་ཀྱི་དབང་པོ་དགུ་པོས་མཐོང་སྤང་གི་ཉོན་མོངས་སྤངས་ནས་སྔར་མི་ཤེས་པ་ཀུན་ཤེས་པར་བྱེད་པའོ། ། |
| ཀུན་ཤེས་ལྡན་པའི་དབང་པོ |
ཟག་མེད་ཀྱི་དབང་པོ་གསུམ་གྱི་ནང་གསེས། མི་སློབ་པའི་རྒྱུད་ཀྱི་དབང་པོ་དགུ་པོ་དེ་དག་ཉིད་མཐོང་སྒོམ་གྱི་ཉོན་མོངས་མ་ལུས་པར་སྤངས་ཏེ་ཟད་མི་སྐྱེ་བའི་ཡེ་ཤེས་དང་ལྡན་པའོ། ། |
| ཀུན་སྐྱབས |
1.འགྲོ་བ་རིགས་དྲུག་ཐམས་ཅད་ཀྱི་སྐྱབས་ཡུལ།2.སངས་རྒྱས་ཤིག་གི་མཚན། |
| ཀུན་སྐྱེད་བྱེད |
(མངོན་བརྗོད།) སྙིང༌གི་མིང་། |
| ཀུན་སྟོབས |
གྲངས་གནས་ཤིག |
| ཀུན་སྣང |
ཀུན་ནས་སྣང་བ་བཀོད་པ་སྟེ་སངས་རྒྱས་ཤིག་གི་མཚན། |
| ཀུན་སྣང་དྭངས་བ་ཅན |
(མངོན་བརྗོད།) ལྷ་མིན་མཚོ། |
| ཀུན་སྣང་འབར |
(མངོན་བརྗོད།) ཉི་མའམ། ཉི་མའི་འོད་ཟེར། |
| ཀུན་སྤངས |
1.ཀུན་ནས་སྤངས་པ་སྟེ་ཐམས་ཅད་དོར་བ།2. སྙིང་རྩ་ལྔའི་གཙོ་བོ།3.བྱ་བྲལ་བ།4.(མངོན་བརྗོད།) མྱ་ངན་ལས་འདས་པ། |
| ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས |
རབ་བྱུང་བཞི་བའི་ཆུ་ཡོས་ལོ་ལ་འཁྲུངས། རབ་བྱུང་ལྔ་བའི་ཆུ་གླང་ལ་འདས། (1243-1313) ཡུ་མོ་མི་བསྐྱོད་རྡོ་རྗེའི་སློབ་བརྒྱུད་ཡིན། དེས་གཙང་གི་ལྷ་རྩེ་རྫོང་ཁོངས་ཇོ་ནང་དུ་དགོན་པ་བཏབ། དེའི་ཡང་སློབ་དོལ་པོ་བས་གྲུབ་མཐའ་དེ་རྒྱ་ཆེར་སྤེལ་བས་ཇོ་ནང་བ་གྲགས་ཆེན་པོ་བྱུང་བས་བླ་མ་གོང་མ་དག་ཀྱང་ཆེས་བཀུར་འོས་སུ་གྱུར། |
| ཀུན་སྤྱོད |
ཀུན་ཏུ་སྤྱོད་པ་ལུས་ངག་ཡིད་གསུམ་མམ་དེ་གསུམ་གང་རུང་གི་གཡོ་འགུལ་དང་རྒྱུན་ལྡན་ཆགས་པའི་བྱ་སྤྱོད་ལ་ཟེར་། (དཔེར་ན།) རྟོགས་པ་ལྷ་དང་མཉམ་ཡང༌། ཀུན་སྤྱོད་མི་དང་མཐུན་དགོས་ལྟ་བུ། |
| ཀུན་སྤྱོད |
མིའི་བསམ་ཚུལ་སྤྱོད་ཚུལ་གྱི་སྤྱི་མིང་སྟེ། (དཔེར་ན།) ཀུན་སྤྱོད་དག་ཐེར་བྱེད་ལྟ་བུ། |
| ཀུན་སྤྱོད་གཙང་བའི་དཔེ་བྱད |
དཔེ་བྱད་བཟང་པོ་བརྒྱད་ཅུའི་གྲས་ཤིག་ཐུགས་གཙང་བ་ཉིད་ཀྱིས་སྒོ་གསུམ་གྱི་ཀུན་ཏུ་སྤྱོད་པ་ལ་ཉེས་པའི་དྲི་མ་མེད་པས་གཙང་བ། |
| ཀུན་སྤྱོད་དག་ཐེར |
བསམ་བློའི་ཁྱེར་སོ་དང་ལས་ཀ་བྱེད་སྟངས་ཐད་ལ་ཚུལ་བཞིན་དུ་འཆོས་པར་བྱེད་པ། |
| ཀུན་སྤྱོད་མཚུངས |
(མངོན་བརྗོད།) གྲོགས་མོ། |
| ཀུན་སྤྱོད་སྤྱིའི་ཡོན་ཏན་གསུམ |
དཔེ་བྱད་བཟང་པོ་བརྒྱད་ཅུའི་གྲས་ཤིག་སྟེ། (དཔེར་ན།) ཀུན་སྤྱོད་གཙང་བ་དང༌། ཀུན་ནས་ལྟ་ན་སྡུག་པ་དང༌། ཕྱག་ཞབས་དཔལ་བེའུ་སོགས་ཀྱིས་བརྒྱན་པའི་དཔེ་བྱད་བཅས་སོ། ། |
| ཀུན་སྦྱོར |
ཀུན་ཏུ་སྦྱོར་བའི་བསྡུས་མིང༌། |
| ཀུན་སྦྱོར་གསུམ |
མཐོང་ལམ་གྱི་སྤང་བྱར་གྱུར་བའི་ཀུན་ཏུ་སྦྱོར་བ་གསུམ་འཇིག་ལྟ་ཀུན་བཏགས་ཀྱིས་ཐར་པ་ལ་སྐྲག་ནས་འགྲོ་མི་འདོད་པའི་ཀུན་སྦྱོར་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱིས་ལམ་མ་ཡིན་པ་ལ་ལམ་དུ་འཛིན་པས་ལམ་ནོར་གྱི་ཀུན་སྦྱོར། ལམ་ལ་ཐེ་ཚོམ་བྱས་ནས་ཐར་པའི་གེགས་བྱེད་པས་ཐེ་ཚོམ་གྱི་ཀུན་སྦྱོར་བཅས་གསུམ་མོ། ། |
| ཀུན་སྦྱོར་ཅན |
(མངོན་བརྗོད།) འདོད་ལྷའི་མིང་། |
| ཀུན་སྦྱོར་དགུ |
རྗེས་སུ་ཆགས་པ་དང༌། ཁོང་ཁྲོ་བ། ང་རྒྱལ། མ་རིག་པ། ལྟ་བ། མཆོག་འཛིན། ཐེ་ཚོམ། ཕྲག་དོག སེར་སྣ་བཅས་ཀྱི་ཀུན་སྤྱོད་དགུའོ། ། |
| ཀུན་སྦྱོར་ལྔ |
རྟེན་གྱི་དབྱེ་བས་ཐ་མའི་ཆ་མཐུན་གྱི་ཀུན་སྦྱོར་ལྔ་དང༌། གོང་མའི་ཆ་མཐུན་གྱི་ཀུན་སྦྱོར་ལྔ་ཡོད་དོ། ། |
| ཀུན་སློང |
1.བྱ་བ་གང་ཞིག་བསྒྲུབ་འདོད་པའི་སེམས་ཀྱི་དམིགས་པའམ། བསམ་ཚུལ།2.ཀུན་ནས་སློང་བ་སྟེ་སེམས་སྐྱེད་པ། |
| ཀུན་སློང |
བྱ་སྤྱོད་ཀྱི་སྔོན་ལ་ཐག་བཅད་པའི་རེ་འདུན་གྱི་མིང་སྟེ། (དཔེར་ན།) ཀུན་སློང་བཟང་པོ་དང་ཀུན་སློང་ངན་པ་ཞེས་པ་ལྟ་བུ། |
| ཀུན་སློང་གཉིས |
རྒྱུའི་ཀུན་སློང་དང༌། དུས་ཀྱི་ཀུན་སློང་གཉིས། |
| ཀུམ |
(བྱེད་མེད་ལས་ཚིག) ཤི་བའི་བརྡ་རྙིང་། |
| ཀུམ་ཀུམ |
(རྒྱན་ཚིག) རྐང་ལག་འཁུམ་ཚུལ་ཏེ། (དཔེར་ན།) འཁྱགས་ནས་ཀུམ་ཀུམ་དུ་བསྡད་འདུག་ལྟ་བུ། |
| ཀུམ་པོ |
1.(རྒྱན་ཚིག) བརྒྱངས་པའི་ལྡོག་ཟླ་སྟེ། (དཔེར་ན།) (དཔེར་ན) ལུས་ཀུམ་པོར་ཉལ་བ་ལྟ་བུ། 2.དཔའ་ཞུམ་པའི་ཚུལ་ཏེ། (དཔེར་ན།) དངངས་སྐྲག་གིས་ཀུམ་པོར་གནས་པ། |
| ཀེ |
བོད་ཀྱི་རུས་ཤིག |
| ཀེ་ཀ |
(ཡུལ་སྐད།) བྱ་སྐྲ་ཁའམ། སྐྱ་ཀ |
| ཀེ་ཀེ་རུ |
(ལེགས་སྦྱར།) 1. སྨན་དུ་འགྲོ་བའི་རྡོའི་ནོར་བུ་ཁ་དོག་ལྗང་སེར་ཞིག2. ཚ་བ་ཆེ་བའི་ས་ཁུལ་དུ་སྐྱེ་བའི་ཤིང་ཞིག |
| ཀེ་ཆུ |
ཟླ་ཆུའི་ཡན་ལག་བོད་ཀྱི་འཇོ་མདའ་རྫོང་དང་ཆབ་མདོ་རྫོང་ཁོངས་སུ་ཡོད་པའི་འབབ་ཆུ་ཞིག |
| ཀེ་ཏ་ཀ |
(ལེགས་སྦྱར།) 1>ཆུ་རྙོག་དྭངས་བྱེད་ཀྱི་དངོས་པོ་ཞིག་རྡོ་ནོར་བུ་ཀེ་ཏ་ཀ་ཡང་ཟེར། 2>ཤིང་ཀེ་ཏ་ཀའི་འབྲས་བུ། |
| ཀེ་ཏུཿ |
(ལེགས་སྦྱར།) 1>རྒྱལ་མཚན། 2>སྐར་མ་མཇུག་རིང༌། |
| ཀེ་ཚེ |
སྣུམ་ནག་གི་རྒྱུ་ལོ་ཏོག་གི་རིགས་ཤིག་དེ་གཞུང་རྟ་རིང་པོ་ཁྲུ་གསུམ་བཞི་སྐྱེས་པ་ལས་ཡལ་ག་མང་པོ་གྱེས་ཤིང་མེ་ཏོག་སེར་པོ་བཞད་པ། འབྲས་བུ་གང་བུ་ཅན་གྱི་ནང་ན་ས་བོན་རིལ་ཟླུམ་ཡུང་ཀར་འདྲ་བ་མང་པོ་ཡོད་པ་ཞིག་རེད། ས་བོན་ལའང་ཀེ་ཚེ་ཟེར། |
| ཀེ་ཛི |
ས་དམའ་སར་སྐྱེ་བའི་ཀླུང་སྒོག་ཅིག |
| ཀེ་རུ |
(བརྡ་རྙིང་།) དཀར་པོའི་དོན་ཏེ། (དཔེར་ན།) ལྷ་ཁང་ཀེ་རུ་བྱ་བ་བཞེངས་ཞེས་པ་ལྟ་བུ། |
| ཀེ་རེ |
(རྒྱན་ཚིག) གྱེན་དུ་ལངས་པའི་དོན་ཏེ། (དཔེར་ན།) གཟུགས་པོ་ཀེ་རེར་ལངས། བྲག་རྡོ་ཀེ་རེར་ལངས་པ། |
| ཀེ་རྩེ |
ཀེའུ་ཙེ་དང་འདྲ། |
| ཀེ་ལ་ཤ |
(ལེགས་སྦྱར།) གངས་རི་སྤྱིའི་མིང་། གངས་ཏི་སེའི་མིང་ལའང་འཇུག་པར་བཤད། |
| ཀེ་ལ་ཤའི་རྒྱལ་པོ |
(མངོན་བརྗོད།) གངས་ཏི་སེ། |
| ཀེ་ཤ་ཅན |
(ལེགས་སྦྱར།) འགྲེང་བུ་དང་ན་རོ་ཉིས་བརྩེགས་ཡོད་པའི་ཡི་གེ། |
| ཀེ་ས་ར |
1.(ལེགས་སྦྱར།) མེ་ཏོག་གི་གེ་སར་རམ། ཟེའུ་འབྲུ།2. (མངོན་བརྗོད།) སྐྲའི་མིང་། |
| ཀེག |
དུས་ངེས་ཅན་གྱི་བར་ཆད་ཀྱི་དོན་དུ་གོ་བའི་སྐག་དང་འདྲ། |
| ཀེག |
ཀག་གི་འབྲི་སྲོལ་གཞན། |
| ཀེག་འཕྲང |
ཚེའི་བར་ཆད་དམ་གེགས་ཀྱི་འགག་དོག་པོ། |
| ཀེང་རུས |
ཤ་མེད་པའི་མི་ཕྱུགས་ཀྱི་རུས་ཁོག་ཆ་ཚང་གི་མིང་། |
| ཀེང་རུས་ཀྱི་འདུ་ཤེས |
མི་སྡུག་པ་སྒོམ་སྐབས་ཆགས་ཡུལ་ཀེང་རུས་ཀྱི་རྣམ་པར་འདུ་ཤེས་པའམ་སེམས་པ། |
| ཀེང་རུས་ཅན |
དུར་ཁྲོད་ཆེན་པོ་བརྒྱད་ཀྱི་གྲས་ཤིག |
| ཀེང་ཤུ་ཀ |
1.རྩི་ཤིང་མེ་ཏོག་དམར་པོ་ཤ་མདོག་ལྟ་བུ་བཞད་པ་ཞིག་ཡིན་པར་གྲགས་ཏེ། (དཔེར་ན།) ཀེང་ཤུའི་མེ་ཏོག་ཤ་ཡིན་ཞེས། ཅེ་སྤྱང་མིན་པ་སུ་ཞིག་བསམ་ཞེས་པ་ལྟ་བུ། 2.རྒྱ་སྐྱེགས་ཤིང་ཤིང་དེའི་ཚི་བ་རྒྱ་སྐྱེགས་(ཡུལ་སྐད་དུ་ལ་ཆ་ཟེར)ཡིན་པར་བཤད་འདུག |
| ཀེམ་ཀེམ |
(རྒྱན་ཚིག) 1.ལྷེམ་ལྷེམ་དུ་འགུལ་ཚུལ་ཏེ། (དཔེར་ན།) བྱིའུ་འཆི་ལ་ཁད་པའི་བྲང་ཁོག་ཀེམ་ཀེམ་དུ་འགུལ། བུང་བ་མེ་ཏོག་གི་སྟེང་དུ་ཀེམ་ཀེམ་གཡོ། ནད་ཅན་མིག་གཉིས་ཀེམ་ཀེམ་དུ་ལྟ་ཞེས་པ་ལྟ་བུ། |
| ཀེའུ |
1. རི་སྒོག2.ལོ་མང་སྐྱེ་བའི་རྩྭ་ལྡུམ་རིགས་ཤིག་ལོ་མ་རིང་ལ་ལེབ་མོ་དང་མེ་ཏོག་དཀར་ལ་ས་བོན་ནག་པོ་ཡིན། ལོ་མ་བཟར་རུང་།3.སྔར་བོད་ཀྱི་རིགས་རུས་ཤིག |
| ཀེའུ་ཙེ |
(རྒྱ་སྐད།) གཡུ་བྱུར་སྔོ་ནེ་སོགས་བརྒྱུས་པའི་བུད་མེད་ཀྱི་བྲང་རྒྱན་ཕྲེང་ཞགས་ཤིག |
| ཀེའུ་ཚང |
1.ལྷ་སའི་ཉེ་འཁོར་གྱི་རི་ཁྲོད་ཅིག 2.བྲག་ཕུག་གི་མིང་དུ་བཤད་པའང་ཡོད། |
| ཀེའུ་རྩེ |
ཀེའུ་ཙེ་དང་འདྲ། |
| ཀེར |
(བྱེད་མེད་ལས་ཚིག) གྱེན་དུ་ལངས་པའི་དོན་ཏེ། མཛུབ་མོ་གནམ་ལ་ཀེར་ལྟ་བུ། |
| ཀེར་ཀེར |
(རྒྱན་ཚིག) ལུས་སོགས་དྲང་པོར་གྱེན་དུ་འགྲེང་ཚུལ་ཏེ། (དཔེར་ན།) ཀེར་ཀེར་དུ་ལངས་ནས་ཕྱོགས་སུ་ལྟ། མཛུབ་མོ་ཀེར་ཀེར་བྱས་ནས་བསམ་བློ་གཏོང༌ལྟ་བུ། |
| ཀེར་ཐིག |
ཀེར་དུ་བྲིས་པའི་དྲང་ཐིག |
| ཀེར་བ |
(བྱེད་མེད་ལས་ཚིག) གྱེན་དུ་ལངས་པའམ། འགྲེང་བའི་དོན་ཏེ། (དཔེར་ན།) གཟུགས་པོ་གྱེན་དུ་ཀེར་བ། མཛུབ་མོ་གྱེན་དུ་ཀེར་བ། ཀེར་ལངས་ལྟ་བུ། |
| ཀེར་མོ |
(རྒྱན་ཚིག) 1. ལུས་གཅེར་བུ། 2.ཁེར་རྐྱང་ངམ་གཅིག་པུ། |
| ཀེར་རེ |
(རྒྱན་ཚིག) ཡ་ཡོ་མེད་པར་ལངས་པའི་ཚུལ་ཏེ། (དཔེར་ན།) ལུས་པོ་ཀེར་རེ་ལངས། དར་ཤིང་ཀེར་རེར་བཙུགས་ལྟ་བུ། |
| ཀེར་ལེབ་སྒུར་གསུམ |
ཀེར་ཀེར་མི་དང༌། ལེབ་ལེབ་ས། སྒུར་སྒུར་ཕྱུགས་ཏེ་སྔོན་རབས་སྤྱི་ཚོགས་ཀྱི་དུས་ཡུན་ངེས་ཅན་ཞིག་སྐབས་ཁྲལ་འུ་ལག་འགེལ་སའི་ཡུལ་གསུམ་ཏེ། ཀེར་ལེབ་སྒུར་གསུམ་གྱི་ཁྲལ་རིགས་ཟེར། |
| ཀཻ་ལ་ཤ |
ཀེ་ལ་ཤ་དང་འདྲ། |
| ཀོ |
1.(བརྡ་རྙིང་།) དགར་དང་བརྣན་པའི་ནི་སྒྲའི་འཇུག་ཚུལ་དང་འདྲ་བའི་ཕྲད་ཅིག་སྟེ། (དཔེར་ན།) མདའ་མོ་འཕེན་པར་འདོད་ན་ནི། །ཕུ་ཐུང་དཔུང་བའི་བར་དུ་རྫེས། །ཞེས་པ་ལ། མདའ་མོ་འཕེན་པར་འདོད་ན་ཀོ། །ཕུ་ཐུང་དཔུང་པའི་བར་དུ་རྫེས། །ཞེས་པ་དང་། འདི་ནི་ཞེས་པ་ལ་འདི་ཀོ་དང་། དེ་ནི་ཞེས་པ་ལ་དེ་ཀོ་ཞེས་འབྲི་བ་ལྟ་བུ་ཡིན།2.ཀོ་བ་ཡི་ཚིག་བསྡུས་པ། |
| ཀོ་ཀོ |
(རྒྱ་སྐད།) 1.ཨ་ཇོ།2.ཀོས་ཀོ་ཡི་འབྲི་ཚུལ་གཞན། |
| ཀོ་ཀོ་གཡག |
1.ཕ་གཡག་དང་མ་མཛོ་མོ་ལས་སྐྱེས་པའི་ཕོ་ཕྱུགས་ཤིག2.མི་རིགས་མི་འདྲ་བ་སྒབ་མཐུན་ལས་བྱུང་བའི་བུ་ཕྲུག་ལ་མཐོང་ཆུང་གིས་འདོགས་པའི་མིང་ངན་ཞིག |
| ཀོ་ཀྲད |
1.ལྷམ་གྱི་རྡོག་པའམ་ཀྲད་པ།2.ལྷམ་གྱི་རྡོག་པ་རྙིང་ཧྲུལ་ཨ་ཀྲད། |
| ཀོ་ཁུག |
ཀོ་བའི་ཁུག་མ་ཆུང་ངུ། |
| ཀོ་ཁྲོལ |
ཀོ་རྒྱུན་ལས་བཟོས་པའི་ཁྲོལ་ཚགས། |
| ཀོ་གདན |
ཀོ་བ་ལས་བཟོས་པའི་གདན། |
| ཀོ་གཞོང |
ཀོ་བ་ལས་བཟོས་པའི་གཞོང་པ་རྩི་ཅན། |
| ཀོ་གཟར |
རྟའི་སྒ་སྟན་གྱི་བར་དུ་འཇུག་རྒྱུའི་ཀོ་གདན། |
| ཀོ་གྲུ |
1.ཀོ་བས་བཟོས་པའི་གྲུའི་མིང་སྟེ། (དཔེར་ན།) ཀོ་གྲུ་གཏོང་བ། ཀོ་གྲུའི་སྒྲོལ་འདོན་ལྟ་བུ།2.ཀོ་བ་དང་གྲུའི་བསྡུས་མིང༌། |
| ཀོ་གླ |
ཀོ་གྲུར་ཞུགས་ནས་འགྲོ་སྐྱོད་བྱས་པའི་གླ་དངུལ་ཏེ། (དཔེར་ན།)ཀོ་གླ་མེད་པའི་འགྲུལ་པ་མིན་ཞེས་པ་ལྟ་བུ། |
| ཀོ་ཅི |
(བརྡ་རྙིང་།) ལྷག་བཅས་སྟེ་སོགས་ཀྱི་སྒྲའི་འཇུག་ཚུལ་དང་འདྲ་བའི་ཕྲད་ཅིག |
| ཀོ་ཆུ |
ཀོ་མོག་གི་ཆུའམ། ས་ཀོང་དོང་དུ་འཁྱིལ་བའི་ཆུ། |
| ཀོ་ཆེས་པ |
(བརྡ་རྙིང་།) གོ་བ་ཐལ་དྲགས་པ། |
| ཀོ་ཉེ |
ཀླུ་བདུད་རྡོ་རྗེ་རིགས་གཉིས་ཀྱི་ནང་ཚན་མེ་ཏོག་དཀར་པོ་འཆར་བ་ཞིག |
| ཀོ་ཉེ |
ཀླུ་བདུད་རྡོ་རྗེ་དཀར་པོ་ཡང་ཟེར། དེ་ནི་ལོ་མང་སྐྱེ་བའི་རྩྭ་ལྡུམ་ཞིག་ཡིན་ཞིང་། ལོ་མ་དང་སྡོང་བུ་ལ་དྲི་ཁྱད་པར་བ་ཞིག་ཡོད་པར་སྨན་གཞུང་དུ། བསྣམས་ན་གླང་ཆེན་དྲི་མ་མནམས་ཞེས་བྲིས་འདུག རྩ་བ་ཆིག་རྐྱང་ཀ་ཟླུམ་གྱི་དབྱིབས་ཅན། ཕྱི་ངོས་སེར་སྐྱ་དང་ཁམ་སྐྱ་གཉིས་ཡོད། མདོག་སེར་སྐྱ་ལ་ཀོ་ཉེའམ་ཀླུ་བདུད་རྡོ་རྗེ་དཀར་པོ་ཟེར། མདོག་ཁམ་སྐྱ་ལ་ཀླུ་བདུད་རྡོ་རྗེ་ནག་པོ་ཟེར། སྨན་གཞུང་དུ་གཉིས་ཀའི་སྤྱི་མིང་ལ་ཀླུ་བདུད་རྡོ་རྗེ་ཟེར། རྩ་བ་སྨན་བཟང་པོ་ཞིག་ཡིན། |
| ཀོ་ཊ |
འབྲུ་རིགས་ཐ་མའི་ཐ་མ་བྲ་བོ་ལྟ་བུ། ཟས་མཆོག་ཀོ་ཊ་རྒྱན་མཆོག་མཚོན་ལ་བྱེད། |
| ཀོ་ཐ |
སྔོ་སྨན་གྱི་རིགས་རྩྭ་དྲེས་མའི་རྩ་བ་རོ་མངར་ལ་ཚ། ཞུ་རྗེས་སྙོམས། ནུས་པས་ཤ་དུག་དང༌། སྦྱར་དུག མ་ཞུ་དུག་ཐབས། སྨུག་པོ་བཅས་ལ་ཕན། |
| ཀོ་ཐུམ |
ཀོ་བའི་ནང་དུ་བཏུམས་པའི་ཐུམ་བུ། |
| ཀོ་དམ |
ཀོ་བའི་དམ་བི། |
| ཀོ་ཕུབ |
ཀོ་བས་བཟོས་པའི་མཚོན་ཆ་འགོག་བྱེད། |
| ཀོ་ཕྱར |
ས་ལ་གདིང་བྱའི་ཀོ་བ་མཉེས་མའི་ཕྱར་བ། |
| ཀོ་བ |
1.རྟ་ནོར་གྱི་པགས་པ་སོགས་པགས་པའི་རིགས་མཐུག་པོ་ལ་ཀོ་བ་དང་། ལུག་ལྤགས་སོགས་སྲབ་པ་ལ་པགས་པ་ཟེར་སྲོལ་ཡོད་དེ། (དཔེར་ན།) བ་ལང་གི་ཀོ་བ་དང་། རྟའི་ཀོ་བ། ར་ལུག་གི་པགས་པ་ཞེས་པ་ལྟ་བུ། ཚིག་བསྡུས་ན་ཀོ་ཞེས་འབྲི་སྟེ། གཡག་གི་ཀོ་བ་ལ་གཡག་ཀོ་ཟེར་བ་ལྟ་བུ།2.(ཡུལ་སྐད།) ཆུ་བོ་ལས་སྒྲོལ་བྱེད་ཀྱི་ཡོ་བྱད་དེ་ཀོ་རྐྱལ་ལ་ཡང་ཀོ་བ་ཟེར་སྲོལ་ཡོད། |
| ཀོ་བཏུམས |
ཀོ་བའི་ནང་དུ་དངོས་རྫས་བསྒྲིལ་བའི་དོན་ཏེ། (དཔེར་ན།) མར་ཀོ་བཏུམས་རྒྱག་པ། ཇ་དོ་པོ་ཀོ་བཏུམས་བྱས་པ་ལྟ་བུ། |
| ཀོ་བཟོ་བ |
རྒྱུ་ཀོ་བ་ཡིན་པའི་ཡོ་བྱད་བཟོ་སྐྲུན་བྱེད་མཁན། |
| ཀོ་བའི་འུ་ལག |
སྔར་ཆུ་ཐོག་ནས་ཤིང་ཆ་སྐྱེལ་འདྲེན་བྱེད་པའི་ཁྲལ། |
| ཀོ་བརྩེགས |
(ཡུལ་སྐད།) ལྷམ་ཟོམ་པའི་ཀོ་མཐིལ་བརྩེགས་མ། |
| ཀོ་བསེ |
ཀོ་བ་མཉེས་མའི་སྐྱི་ཤུན་ལ་ཚོན་རྩི་རུང་བཏང་ཡོད་པའི་རིགས། |
| ཀོ་བྱི་ལ |
ཐང་སྨན་གྱི་རིགས་ཤིག་རོ་ཁ། ཞུ་རྗེས་བསིལ། ནུས་པས་ཁྲག་རླུང་སྟོད་འཚང་འཇོམས། གླང་ཐབས་སེལ། དུག་ཚད་ཞི་བར་བྱེད། མིང་གི་རྣམ་གྲངས་ལ་སྔོ་ལེབ་སྤུ་ཅན་དང༌། ལྡུམ་སྟག་ཕུར་ལེབ། བྱ་འཕུར་ལེབ་བཅས་སོ། ། |
| ཀོ་བྱིལ |
ཀོ་བྱི་ལ་དང་འདྲ། |
| ཀོ་མཁན |
1.ཀོ་བའི་ཅ་ལག་བཟོ་མཁན།2.ཀོ་གྲུ་གཏོང་མཁན། |
| ཀོ་མོག |
ཆུ་འཁྱིལ་བའི་ས་ཀོང་དོང༌། |
| ཀོ་ཙེ |
སྐོ་ཙེ་དང་འདྲ། |
| ཀོ་ཚགས |
ཀོ་བས་བཟོས་པའི་ཚགས་མ། |
| ཀོ་ཚལ |
ཀོ་བ་དུམ་བུའམ། ཀོ་ཧྲུག |
| ཀོ་འཕྱགས |
(ཡུལ་སྐད།) ཀོ་ལྤགས་ཡོད་ཚད་སྡུད་ལེན་གྱི་ཁྲལ། |
| ཀོ་འབིགས |
ཀོ་བ་ལ་ཁུང་བུ་འབིགས་བྱེད་ཀྱི་ལག་ཆ་སྙུང་བུ། |
| ཀོ་འབེ |
ཀོ་བ་ལས་བཟོས་པའི་དཀར་བརྩེགས་ཀྱི་ཁེབས་ཏེ་དྲེའུ་དང༌། ཁལ་བོང་སོགས་ཀྱི་སྒ་འོག་ཏུ་བརྒྱག་བྱ་ཞིག |
| ཀོ་འབོ |
ཀོ་བས་བཟོས་པའི་འབོ། |
| ཀོ་འབོག |
ཀོ་བས་བཟོས་པའི་ཁོམ་འབོག་གམ་གྱོན་འབོག |
| ཀོ་འབོལ |
ཀོ་བས་བཟོས་པའི་འབོལ་གདན། |
| ཀོ་ཡོལ |
(རྒྱ་སྐད།) ནད་ཡོད་སར་སྦྱར་རྒྱུའི་སྨན་རས་ཤིག |
| ཀོ་རུ་ཁ |
ཚིག་བསྡུས་པའི་རྟགས‘༝༝༝’འདིའི་མིང་། |
| ཀོ་རེ |
(རྒྱན་ཚིག) དབྱིབས་གོར་མོའི་དོན་ཏེ། (དཔེར་ན།) བཅོ་ལྔའི་ཟླ་བ་འོད་ཀོ་རེ་ཤར་གཞོན་ནུའི་བཞིན་རས་དམར་ཀོ་རེ་ཞེས་པ་ལྟ་བུ། |
| ཀོ་རོ |
ལྕགས་དང་ཟངས་སོགས་བཞུས་ནས་ཞུན་མར་གྱུར་རྗེས་བཟོ་བྱའི་དངོས་པོའི་རྣམ་པ་ལྟར་བླུག་སའི་སྡོད་ཀྱི་མིང་སྟེ། (དཔེར་ན།) མགར་བའི་ལུགས་ཀོང༌། ལྷ་སྐུའི་ལུགས་ཀོང་ལྟ་བུ། |
| ཀོ་རྐྱལ |
ཀོ་བའི་རྐྱལ་སྣོད། |
| ཀོ་རྒྱུན |
ཀོ་བ་དྲས་པའི་སྐུད་པ། |
| ཀོ་རྡར |
སྐྲ་གྲི་རྡར་བྱེད་ཀྱི་ཀོ་ལྷེབ། |
| ཀོ་ལ |
1. ཀ་ཀོ་ལའི་བསྡུས་ཚིག 2.ཀོ་བ་དང་བལ་ལས་སྐྱེས་པའི་འབུ་རིགས་ཤིག |
| ཀོ་ལའི་འདབ |
(མངོན་བརྗོད།) ན་གི་སྲོག་ཆགས་སྲིན་འབུ་ཞིག་གི་མིང་། |
| ཀོ་ལེ |
(བརྡ་རྙིང་།) ཚང་མའམ་ཧྲིལ་བོའི་དོན་ཏེ། (དཔེར་ན།) ལུས་ཧྲིལ་བོ་ན་བ་ལ་ལུས་ཀོ་ལེར་གཟེར་ཞེས་པ་ལྟ་བུ། |
| ཀོ་ལོང |
1.རྐྱེན་ཆུང་ངུ་ཙམ་ལའང་ཁོང་ཁྲོ་ལང་སྐྱེན་པའི་དོན་ཏེ། (དཔེར་ན།) ཀོ་ལོང་ཆེན་པོ། ཀོ་ལོང་ཚ་པོ། ཚིག་མཐོ་དམན་ཅུང་ཟད་ཙམ་ལ་ཀོ་ལོང་ཆེན་པོ་ལངས་ཞེས་པ་ལྟ་བུ།2.འཁྲུག་སློང་གི་མིང་ ཀོ་ལོང་དང་ཕྲག་དོག་མ་བྱེད་ལྟ་བུ། |
| ཀོ་ལྕག |
སྔར་འགྲམ་པར་གཞུ་བྱེད་ཀྱི་ཁྲིམས་ཆས་ཤིག |
| ཀོ་ལྡིང |
ས་དཀར་སོགས་གཡོ་ས་ཀོ་བའི་སྣོད་སྒྲོམ་ལྡན་ཞིག |
| ཀོ་ལྤགས |
ཀོ་བ་དང་པགས་པའི་བསྡུས་ཚིག |
| ཀོ་ལྤགས་ཀྱི་གཞི |
འདུལ་བའི་གོས་ཀྱི་གཞི་གསུམ་གྱི་ཡ་གྱལ། དམིགས་བསལ་དང་འབྲེལ་བ་ཀོ་ལྤགས་ཀྱི་གཞི་ཡུལ་དབུས་སུ་གནས་མལ་སྐྱོབ་པའི་ཕྱིར་ཀོ་ལྤགས་ཀྱི་ལྷམ་ཙམ་དང་གཙུག་ལག་ཁང་ལས་གཞན་པའི་ཁྱིམ་དུ་སྟན་གཞན་མེད་ན་ཀོ་ལྤགས་ཀྱི་སྟན་ལ་འདུག་པ་ཙམ་གནང་གི་ཉལ་བར་མ་གནང་ལ། མཐའ་འཁོབ་ཏུ་ནི་གྲང་བ་སྐྱོབ་པའི་ཕྱིར་ལྷམ་དང་མལ་སྟན་གཉིས་ཀར་བརྟེན་པར་གནང་ཞིང༌། ཤིན་ཏུ་གྲང་བ་ཆེ་སར་གོས་སོགས་ཅི་དགར་བརྟེན་དུ་རུང་བས་དམིགས་བསལ་ཅན། |
| ཀོ་ཤ |
ལུས་སྟོབས་སྐྱེ་བ་དང༌། སྙིང་མཁལ་གྱི་ནད་གསོ་བར་བྱེད་པའི་སྨན་ཞིག |
| ཀོ་ཤམ་པ |
བཀའ་གདམས་པ་སྤྱན་སྔ་བས་ཤམ་ཐབས་ལ་ཀོ་བའི་ལྷན་པ་མང་པོ་བཏབ་པས་ཁོང་ལ་མཚན་དེ་ལྟར་བཏགས། |
| ཀོ་ཤེལ |
ཤེས་མཉེན་པོ། |
| ཀོ་ཥ |
(ལེགས་སྦྱར།) མཛོད། |
| ཀོ་སག |
ཀོ་སེག་དང་འདྲ། |
| ཀོ་སེག |
ཤིང་གི་ཕོར་པ་སོགས་འཇམ་པོ་བཟོ་བྱེད། |
| ཀོ་སྐུད |
1. ཀོ་བ་ལས་དྲས་པའི་རྒྱུན་བུ།2.ཀོ་བ་མཉེད་དུས་ཀོ་བར་བྱུག་པའི་ཞག་དང་ཀླད་ཞོ་སོགས། |
| ཀོ་སྐོ |
ཀོས་ཀོ་ཡི་འབྲི་ཚུལ་གཞན། |
| ཀོ་སྐྱི |
ཀོ་བའི་ཕྱི་ཤུན་གྱི་སྐྱིའམ། པགས་པ་སྲབ་པོ། |
| ཀོ་སྒྲོག |
1.རྒྱུན་བུ་ལས་བཟོས་པའི་ཁ་སྒྲོག2.ཀོ་བ་ལས་བཟོས་པའི་རྟ་སྒྲོག |
| ཀོ་སྒྲོམ |
ཀོ་བས་བཟོས་པའི་སྣོད་ཅིག |
| ཀོ་སྤྱིན |
ཀོ་བས་བཟོས་པའི་འབྱར་བྱེད་ཀྱི་སྤྱིན། |
| ཀོག |
ཕྱི་ཤུན་གྱོང་པོའི་མིང་སྟེ། (དཔེར་ན།) མར་གྱི་གྲོད་ཀོག ཇ་ཀོག ཤུན་ཀོག རུས་སྦལ་གྱི་ཀོག་པ་ཞེས་པ་ལྟ་བུ། |
| ཀོག་གིས |
(བརྡ་རྙིང་།) མྱུར་དུའམ་གློ་བུར་དུ། |
| ཀོག་མན |
(རྒྱ་སྐད།) རྒྱ་ཐུག་སྐམ་པོ། |
| ཀོག་ཙེ |
རྒྱ་དང་རྙིའི་སྤྱི་མིང༌། |
| ཀོག་ཚེ |
ཀོག་ཙེ་དང་འདྲ། |
| ཀོང |
1.(རྒྱན་ཚིག) མཐའ་མཐོ་ཞིང་དཀྱིལ་དམའ་བའི་དབྱིབས་ཏེ། (དཔེར་ན།) ཀོ་སར་ས་ཞིང་ལས་ལྟ་བུ། 2.དཔངས་མཐོ་བའི་ཕོར་བ་དང་དབྱིབས་མཚུངས་པའི་སྣོད་ཀྱི་མིང་སྟེ། (དཔེར་ན།) ལྕགས་རིགས་བཞུ་བྱེད་ཀྱི་སྣོད་ལ་ལུག་ཀོང་ཟེར་བ་ལྟ་བུ། |
| ཀོང་ཀོང |
ཀྱོང་ཀྱོང༌། ས་ཀོང་ཀོང༌། |
| ཀོང་ཆས |
(ཡུལ་སྐད།) ཀོང་པོའི་ཆས། |
| ཀོང་ཇོ |
(རྒྱ་སྐད།) གོང་མའམ་རྒྱལ་པོའི་སྲས་མོ། རྒྱ་སྐད་ཀྱི་ཀུང་ཀྲུའུ་ཞེས་པའི་སྒྲ་ཟུར་ཆག་པ་སྲས་མོ་དང་དོན་གཅིག |
| ཀོང་དོང |
ས་བྲུས་པའི་ཁུང་བུ། |
| ཀོང་པོ |
1.ལྷ་སའི་ཤར་ངོས་ཉང་ཆུའི་སྟོད་རྒྱུད་དུ་ཡོད་པའི་ཡུལ་ལུང་གི་མིང༌།2.མར་མེ་སྒྲོན་བྱེད་ཀྱི་སྣོད་ཀྱི་མིང་། |
| ཀོང་པོ་བར་ལ |
བོད་ཀྱི་མལ་གྲོ་གུང་དཀར་རྫོང་དང་ཀོང་པོ་རྒྱ་མདའི་བར་དུ་ཡོད་པའི་ལ་ཞིག་ཡིན་ཞིང༌། དབུས་དང་ཀོང་པོའི་མཚམས་རིའང་ཡིན། |
| ཀོང་པོ་བུ་ཆུ |
ལྷ་ཁང་ཞིག་གི་མིང་བོད་ཀྱི་ས་གཞི་སྲིན་མོ་གན་རྐྱལ་དུ་འགྱེལ་བ་འདྲ་བའི་ཁ་གནོན་དུ་སྲོང་བཙན་སྐབས་སུ་བཞེངས་པའི་གཙུག་ལག་ཁང་ཡང་འདུལ་བཞིའི་གྲས་ཤིག་ཡིན། |
| ཀོང་པོ་རྒྱ་མདའ |
1.རྫོང་ཞིག་བོད་ཀྱི་ཀོང་ཡུལ་ཉང་ཆུའི་སྟོད་རྒྱུད་དུ་ཡོད། དེང་སྐབས་རྫོང་མི་དམངས་སྲིད་གཞུང་དེ་ང་ཕོད་ཟམ་ཁར་ཡོད།2.གྲོང་ཞིག་བོད་ཀྱི་ཀོང་ཡུལ་ཉང་ཆུ་དང་སྤྱི་མདའ་ཕྱོགས་ནས་འབབ་པའི་ཆུ་གཉིས་འཛོམས་སའི་ལུང་པ་སུམ་མདོར་ཡོད། |
| ཀོང་པོ་ལོ་གསར |
ཀོང་པོའི་ཡུལ་སྲོལ་ཞིག་སྟེ་བོད་ཟླ་བཅུ་པའི་ནང་ཀོང་ཡུལ་དུ་གཏོང་བའི་ལོ་གསར། |
| ཀོང་བཙུན་དེ་མོ |
བསྟན་མ་བཅུ་གཉིས་ཀྱི་གྲས་ཀོང་ཡུལ་གྱི་གནས་བདག་ཅིག ཡུལ་ཡར་ཀླུང་ལ་བསྡད་ན་ལྷ་ཡར་ལྷ་ཤམ་པོ་དང༌། ཡུལ་ཀོང་པོར་བསྡད་ན་ལྷ་ཀོང་བཙུན་དེ་མོ་བསྟེན་དགོས། |
| ཀོང་བུ |
1.དཔངས་མཐོ་ཞིང་གཏིང་རིང་བའི་སྣོད་ཆུང་ངུ་ཞིག་སྟེ་མར་མེ་འབུལ་སྣོད། མཆོད་ཀོང༌། གསེར་ཀོང༌ལྟ་བུ།2. དཔངས་མཐོ་བའི་ཕོར་བ་ཆུང་ངུའི་མིང་ལ་ཡང་ཀོང་བུ་ཟེར། |
| ཀོང་མོ |
1. ཡུལ་ཀོང་པོའི་བུད་མེད། 2. ཕུག་ཟབ་པ་པའི་དོན་ཏེ། (དཔེར་ན།) མིག་ཀོང་མོ། ས་ཀོང་མོ་ཞེས་པ་ལྟ་བུ།3. མར་བརྡིབས་པའི་དབྱིབས་ཀྱི་མིང་ས་ཀོང་མོ་ཞེས་པ་ལྟ་བུ། |
| ཀོང་ཞག |
ཉི་སྐར་བཅུ་དང་ཆུ་ཚོད་དྲུག་སྤྱི་ཟླ་དགུ་པའི་ཚེས་བཅུ་གསུམ་སྐོར་ནས་འོལ་པ་ལོག་པའི་ཀོང་ཞག་བཅོ་ལྔ་འདྲེན། |
| ཀོང་ཞྭ |
ཀོང་པོའི་ཕོ་མོའི་ཞྭ་མོ། |
| ཀོང་འཛིན་འུལ་མི |
སྔར་ལྷ་ལྡན་ས་ཁུལ་དུ་ལྔ་མཆོད་དང༌། བཞི་མཆོད་སྐབས་མཆོད་མེ་འགེངས་རྒྱུ་དང༌། དགྲམ་རྒྱུ། མཆོད་ཀོང་བསྡུ་རྒྱུ་སོགས་ཀྱི་ལས་ཀ་བྱེད་མཁན་འུལ་མི། |
| ཀོང་ཡུལ |
ཀོང་པོ་དང་དོན་གཅིག |
| ཀོང་རྣ |
ཀོང་ཡུལ་ནས་དར་བའི་རྣ་རྒྱན། |
| ཀོང་རྣ་པན་ཏོག |
རྒྱ་ལུ་ཆས་ཀྱི་རྣ་རྒྱན་གཡས་ཀོང་རྣ་དང༌། གཡོན་པན་ཏོག |
| ཀོང་ལྷམ |
ཀོང་པོ་བ་ཕོ་མོ་སྤྱིའི་ལྷམ། |
| ཀོང་སྐྲ |
སྐྲའི་ལྕང་ལོ་གཉིས་མགོ་བོར་དཀྲི་བ་ཀོང་པོ་བའི་ལུགས་སྲོལ། |
| ཀོང་སྤྲུལ་ཟིན་ཏིག |
ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་རབ་བྱུང་བཅུ་བཞི་པའི་ནང་མཛད་པའི་ནང་སྨན་སྤྲད་པའི་ཉམས་ཡིག་ཅིག་དེའི་ནང་གཙོ་ཆེ་བ་ནི་ནད་རེ་རེ་བཞིན་རྟགས་དང་བཅོས་ཐབས་སོགས་གནད་དུ་དྲིལ་ནས་ཁ་གསལ་ཞིང་དོན་ཚང་བ་བསྟན་ཡོད་པ་དང༌། དེ་བཞིན་སྨན་དུག་འདོན་བྱེད་ཐབས་སོགས་ཉེར་མཁོའི་དོན་རྣམས་མ་འདྲེས་པར་བཀོད་པའི་སྨན་གཞུང་ཞིག |
| ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ |
མཚན་གཞན་གར་དབང་བློ་གྲོས་མཐའ་ཡས་ནི་རབ་བྱུང་བཅུ་བཞི་པའི་ཆུ་བྱར་མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་གི་པད་མ་ལྷ་རྩེའི་མདུན་རོལ་རོང་རྒྱབ་སྦས་པའི་ཡུལ་དུ་སྐུ་འཁྲུངས། ཁོང་གིས་རིན་ཆེན་གཏེར་མཛོད་དང༌། གདམས་ངག་མཛོད། བཀའ་བརྒྱུད་སྔགས་མཛོད་རྣམས་བསྒྲིགས་པར་མཛད་ཅིང༌། ཤེས་བྱ་མཛོད་དང༌། ཐུན་མིན་གསང་བའི་མཛོད་བརྩམས་པ་དང་གཏེར་ནས་བཏོན་པ་བཅས་མཛོད་ཆེན་ལྔ་དང༌། དེ་འབྲེལ་སྨན་དང་གཏམ་ཚོགས་སོགས་གསུང་ཐོར་བུ་སྣ་ཚོགས་བཅས་པོ་ཏི་བརྒྱ་ལ་ཉེ་བ་ཞིག་རྩོམ་སྒྲིག་མཛད། རབ་བྱུང་བཅོ་ལྔ་པའི་ས་ཕག་ལོར་འདས། |
| ཀོང་སྤྲེལ |
ཀོང་པོ་ནས་ཐོན་པའི་སྤྲེའུ། |
| ཀོན་པ |
ཀོན་པ་གབ་སྐྱེས་ཀྱི་བསྡུས་ཚིག |
| ཀོན་པ་གབ་སྐྱེས |
སྔོ་སྨན་ཀོན་པ་གབ་སྐྱེས་སྐྱེ་གནས་དབང་གིས་རིགས་གཉིས་སུ་དབྱེ་བས་ཀླུང་སྐྱེས་ཏེ། རོ་ཁ། ཞུ་རྗེས་བསིལ། ནུས་པས་ཁྲག་ཤོར་གཅོད། |
| ཀོབ་ཙེ |
འབྲུམ་བུ་དཀར་པོའི་ནད་རིགས་ཤིག |
| ཀོའུ་དི་ནྱ |
ཀུན་ཤེས་ཀཽཎྜི༌ནྱའི་འབྲི་ཚུལ་གཞན། |
| ཀོར |
(རྒྱན་ཚིག) སྐོར་སྐོར་དང་ཉེ་འདབས་ཀྱི་དོན་ལ་འཇུག་པའི་སྐོར་དང་མཚུངས་ཏེ་རྟགས་འཇུག་ལས། ཕོ་ཡིས་ཕོ་ཡི་མིང་མཐའ་དྲངས་ཞེས་པའི་རྗེས་འཇུག་ག་ད་བའི་རྗེས་སུ་ས་མགོ་དོར་ཏེ་ཀོར་ཞེས་སྦྱར་བ་དང༌། དེ་མིན་གཞན་ལ་བརྗོད་བདེའི་སྒོ་ནས་སྐོར་ཡིག་སྦྱར་དགོས། (དཔེར་ན།) དཔེར་ན། ཐིག་ཀོར། ཀླད་ཀོར། ཐབ་ཀོར། གཡས་སྐོར། གཡོན་སྐོར། ཉེ་སྐོར། ཁྲོམ་སྐོར། མཐའ་སྐོར་ཞེས་པ་ལྟ་བུ། |
| ཀོར་ཀོར |
དབྱིབས་ཟླུམ་པོའམ་སྒོར་སྒོར་གྱི་དོན་ཏེ། (དཔེར་ན།) ཉི་ཟླའི་མཐའ་ལ་འཇའ་འོད་ཀོར་ཀོར་འཁྱིལ་ཞེས་པ་ལྟ་བུ། |
| ཀོར་མོ |
ཀོར་དང་འདྲ། |
| ཀོར་ཚེ |
(བརྡ་རྙིང་།) 1>ཉི་ཚེ། 2> ཕྱོགས་རིས། |
| ཀོལ་མ |
བསྐོལ་མ་ཡི་འབྲི་སྲོལ་གཞན་ཏེ། བསྐོལ་ལ་ལྟོས། |
| ཀོས་ཀོ |
མ་ནེའམ། མ་ལེ་སྟེ་མ་མཆུའི་འོག་གི་རུས་འབུར་གྱི་མིང་། ཡུལ་སྐད་དུ་མ་ནེ་ཟེར། |
| ཀོས་ཀོའི་གཤོང་འབུར |
མ་ལེའི་ཀྱོང་འབུར། |
| ཀོས་ཐག |
(བརྡ་རྙིང་།) ཉམ་ཐག |
| ཀོས་ཐག་པ |
ཉམ་ཐག་པའི་བརྡ་རྙིང་། |
| ཀོས་སྐོ |
ཀོས་ཀོ་དང་འདྲ། |
| ཀོས་སྨྱུང |
མ་ལེའི་རྩེ་ཕྲ་བའམ། རྣོ་བ། |
| ཀཽ་ཤམྦྷི |
(ལེགས་སྦྱར།) སྔར་རྒྱ་གར་དབུས་ཕྱོགས་སུ་ཡོད་པའི་རྒྱལ་ཁབ་མཛོད་ལྡན། |
| ཀཽ་ཤམྦྷིའི་གཞི |
འདུལ་བ་གཞི་བཅུ་བདུན་གྱི་ནང་གསེས། ལས་བྱེ་བའམ་ལས་ཀྱི་རྩོད་པའི་གཞི་ཀཽ་ཤམྦྷིའི་དགེ་སློང་གིས་ཡངས་པ་ཅན་པའི་དགེ་སློང་གནས་དབྱུང་བྱས་པས་རྩོད་པ་ཆེན་པོར་གྱུར་ཏེ། ལས་བྱེ་བ་ལ་ཡུལ་གྱི་མིང་གིས་བཏགས་པ། |
| ཀཽ་ཤི་ཀ |
(ལེགས་སྦྱར།) 1>མཁས་པ། 2>སྨན་གུ་གུལ། 3>བརྒྱ་བྱིན། |
| ཀཽ་ཤི་ཧན |
གུ་ཤི་ཧན་དང་འདྲ། |
| ཀཽཎ་ཎྜི་ནྱ |
ཀུན་ཤེས་ཀཽཎྜི་ནྱའི་འབྲི་ཚུལ་གཞན། |
| ཀཿཐོག་དགོན |
ཁམས་དཔལ་ཡུལ་ཁུལ་གྱི་དགོན་ཆེན་ཞིག་སྟེ། དུས་རབས་བཅུ་གཉིས་པར་ཕག་མོ་གྲུ་བའི་གཅུང་པོ་ཀ་དམ་པ་བདེ་གཤེགས་ཀྱིས་བཏབ། |
| ཀྭ་ཡེ |
1.རང་མཉམ་དང༌། རང་ལས་དམའ་བར་འབོད་པའི་སྒྲ་ཞིག་སྟེ། (དཔེར་ན།) ཀྭ་ཡེ་གྲོགས་པོ་རྣམ་པ་ཚོ་ཞེས་པ་ལྟ་བུ།2. ཀ་ཡེ་ཡི་འབྲི་ཚུལ་གཞན། |
| ཀྭའི |
འབོད་པའི་བརྡ་ཞིག |
| ཀྱ་ཀ |
སྐྱ་ཀ་ཡི་འབྲི་ཚུལ་གཞན། |
| ཀྱ་གེ་ཀྱོག་གེ |
ཀྱག་ཀྱོག་ལ་ལྟོས། |
| ཀྱ་རེ་ཀྱོ་རེ |
རང་ཚུགས་མི་ཐུབ་པའི་རྣམ་པ་སྟེ། (དཔེར་ན།) བྱིས་པ་ལམ་ལ་ཀྱ་རེ་ཀྱོ་རེར་འགྲོ་ཞེས་པ་ལྟ་བུ། |
| ཀྱ་རེ་ཀྱོར་རེ |
ཀྱར་ཀྱོར་ལ་ལྟོས། |
| ཀྱག་ཀྱག |
1. རྩེད་མོའམ་དངོས་འབྲེལ་མ་བརྗོད་པར་ཀྱག་ཀྱག་བྱས་པ་སྟེ། (དཔེར་ན།) སྐད་ཆ་དེ་དངོས་གནས་མ་རེད་ཀྱག་ཀྱག་རེད་ལྟ་བུ། 2. (ཡུལ་སྐད།) བསམ་བཞིན་དུ་བསྙད་བསྐོས་པའི་དོན་ཏེ། (དཔེར་ན།) ཀྱག་ཀྱག་བྱས་ནས་མགོ་རྙོག་བཟོས་འདུག་ལྟ་བུ། |
| ཀྱག་ཀྱོག |
1.(རྒྱན་ཚིག) དབྱིབས་ཕར་འཁྱོག་ཚུར་འཁྱོག་ཡིན་པའི་དོན་ཏེ། ལུང་བ་ཀྱག་ཀྱོག ལམ་ཀྱག་ཀྱོག་ཅེས་པ་ལྟ་བུ། ཁ་སྐད་དུ་ཀྱ་གེ་ཀྱོག་གེ་ཞེས་པ་དང་དོན་གཅིག (དཔེར་ན།) ལམ་ཀྱ་གེ་ཀྱོག་གེ་ལུང་བ་ཀྱ་གེ་ཀྱོག་གེ་ཞེས་པ་ལྟ་བུ། 2. ཀྱག་གེ་ཀྱོག་གེའི་བསྡུས་ཚིག 3. སྔར་རྒྱ་གར་དུ་དར་བའི་གྲངས་གནས་ཆེན་པོ་ཞིག |
| ཀྱག་གེ་ཀྱོག་གེ |
(རྒྱན་ཚིག) དྲང་མིན་ཀྱོག་ཀྱོག་གི་རྣམ་པ་སྟེ། (དཔེར་ན།) ལམ་ཀྱག་གེ་ཀྱོག་གེ། ཤིང་ཀྱག་ཀྱོག་མ་གཏོགས་དྲང་པོ་མི་འདུག ལས་དོན་ཀྱག་ཀྱོག་ཁོ་ན་བྱེད་ལྟ་བུ། |
| ཀྱང |
ཀྱང་འང་ཡང་གསུམ་ལ་བོད་ཡིག་བརྡ་སྤྲོད་རྣམས་སུ་རྒྱན་སྡུད་ཀྱི་ཚིག་ཕྲད་ཟེར། འཇུག་ཚུལ་ནི། ག་ད་བ་ས་ད་དྲག་ཀྱང་། ། ང་ན་མ་ར་ལ་མཐར་ཡང་། །འ་དང་མཐའ་རྟེན་མེད་མཐར་འང། །རྐང་བ་སྐོང་ཚེ་ཡང་འཐོབ་བོ་ཞེས་པ་ལྟར་ཡིན། མིང་ཚིག་དང་རྒྱན་ཚིག་གི་བར་ལ་སྦྱར་ན་ཁྱད་ཆོས་སྔ་མའི་སྟེང་དུ་ཕྱི་མ་དེ་ཡང་ཚང་བའི་དོན་ཏེ། (དཔེར་ན།) རྟ་བོ་འདི་གཟུགས་ཀྱང་ཆེ་ལ་འགྲོས་ཀྱང་མགྱོགས། ལུག་ཀྱང་ཆེ་ལ་བལ་ཡང་བཟང་ལྟ་བུ། མིང་ཚིག་དང་ལས་ཚིག་གི་བར་ལ་སྦྱར་ན་བྱ་བ་སྔ་ཕྱི་གཉིས་ཀ་འདྲ་བའི་དོན་ཏེ། རྩིས་རིག་ཀྱང་བསླབས་ཤིང་སྐད་ཡིག་ཀྱང་སྦྱངས་ལྟ་བུ། རྒྱན་ཚིག་གི་མཐར་སྦྱར་ན། 1>མཐུན་པའི་རྒྱན་སྡུད་ལ་འཇུག་པ་ནི། ཡག་ཀྱང་ཡག་ལ་སྤུས་ཀྱང་ལེགས་ལྟ་བུ། 2>མི་མཐུན་པའི་རྒྱན་སྡུད་ལ་འཇུག་པ་ནི། མདོག་ཡག་ཀྱང་སྤུས་ཀ་དམན་ལྟ་བུ། 3>ལས་ཚིག་གི་མཐར་སྦྱར་ན། མི་མཐུན་པ་སྡུད་པའི་དོན་ལ་འཇུག་པ་ནི། དཀའ་ཚེགས་མྱངས་ཀྱང་སེམས་མི་སྡུག དགྲ་མང་བསླེབས་ཀྱང་དཔའ་མི་ཞུམ་ལྟ་བུ། 4>མཐུན་པ་སྡུད་པའི་དོན་ལ་འཇུག་པ་ནི། དཀའ་ཚེགས་ཀྱང་མྱངས་ལ་གྲུབ་འབྲས་ཀྱང་ཆེན་པོ་ཐོབ་ལྟ་བུ། |
| ཀྱང་ཀྱོང |
(རྒྱན་ཚིག) ཀྱང་ངེ་ཀྱོང་ངེའི་བསྡུས་ཚིག |
| ཀྱང་ངེ་ཀྱོང་ངེ |
(རྒྱན་ཚིག) ས་གཞི་འབུར་ཀོང་ཅན་གྱི་རྣམ་པ་སྟེ། (དཔེར་ན།) ས་གཞི་ཀྱང་ཀྱོང་ལ་འགྲོ་འདུག་མི་བདེ། ས་ཆ་ཀྱང་ངེ་ཀྱོང་ངེ་ཞིག་གི་ནང་དུ་ཆུ་ཏོག་ཙམ་འཁྱིལ་འདུག་ལྟ་བུ། |
| ཀྱམ་ཀྱམ་པ |
ཕར་ཚུར་འཆམ་འཆམ་དུ་འགྲོ་བའི་དོན། |
| ཀྱམ་མེ |
(རྒྱན་ཚིག) འོད་ཀྱི་རྣམ་པ་ཞིག་སྟེ། (དཔེར་ན།) སྐར་ཚོགས་ནམ་མཁར་ཀྱམ་མེར་ཤར། སྒྲོན་མེ་འོད་ཀྱམ་མེ་ཞེས་པ་ལྟ་བུ། |
| ཀྱམས་པ |
(བརྡ་རྙིང་།) ལྷག་ལུས་ཀྱི་དོན། |
| ཀྱར་ཀྱོར |
(རྒྱན་ཚིག) 1.རང་ལྕོགས་མི་ཐུབ་པའི་རྣམ་པ་སྟེ། (དཔེར་ན།) བྱིས་པ་ལམ་ལ་ཀྱར་ཀྱོར་ཙམ་འགྲོ་ཐུབ་ལྟ་བུ། ཁ་སྐད་དུ་ཀྱ་རེ་ཀྱོར་རེ་ཞེས་པ་དང་དོན་འདྲ་ལམ་ལ་ཀྱ་རེ་ཀྱོར་རེ་ཙམ་འགྲོ་ཐུབ་ལྟ་བུ། 2. ཀྱ་རེ་ཀྱོ་རེའི་བསྡུས་ཚིག |
| ཀྱལ་ཀ |
གད་མོ་སློང་བའི་ཚིག་གི་མིང་སྟེ། (དཔེར་ན།) ཀྱལ་ཀ་བཤད། ཀྱལ་ཀ་རྩེ་ལྟ་བུ། |
| ཀྱལ་ཀྱལ |
(རྒྱན་ཚིག) གསོ་བ་རིག་པར་བཤད་པའི་རྩའི་འཕར་ཚུལ་ཞིག་སྟེ། (དཔེར་ན།) གཅོང་པོའི་ལུས་ཀྱི་རྩ་རྣམས་ཀྱལ་ཀྱལ་དུ་འཕར་ཞེས་པ་ལྟ་བུ། |
| ཀྱལ་ཀྱེལ་རེ |
(བརྡ་རྙིང་།) ཅུང་ཟད་རེ་ཞེས་པའི་དོན། |
| ཀྱལ་ཀྱོལ |
(རྒྱན་ཚིག) ལུས་སྟོབས་ཉམས་ཏེ་གོམ་སྟབས་བརྟན་པོ་མེད་པའི་རྣམ་པ་སྟེ། (དཔེར་ན།) དུད་འགྲོ་ཀྱལ་ཀྱོལ་འགའ་དེད་ནས་འོང་གིན་འདུག་ལྟ་བུ། |
| ཀྱལ་གཏམ |
དོན་མེད་དམ་རྩེད་མོའི་གཏམ། |
| ཀྱལ་ཏ |
སྡོང་ཤུན་དམར་ཞིང་ལོ་མ་འོམ་བུ་དང་མཚུངས་པའི་ཤིང་སྡོང་ཞིག་གི་མིང་། སྡོང་ཤིང་ཁོང་སྟོང་མིན་པས། དབྱུག་པ་དང་ཡོ་བྱད་ཀྱི་ཡུ་བ་བྱེད་ཆོག་པའི་ཤིང་རིགས་ཤིག་ཡིན། ཡུལ་སྐད་དུ་ཀྱལ་རྟ་ཟེར། |
| ཀྱལ་པ |
དོན་མེད་དམ་འབྲེལ་མེད་ཀྱི་ངག་སྟེ། (དཔེར་ན།) ཀྱལ་པའི་གཏམ་མི་བརྗོད། དོན་མེད་ཀྱི་ཀྱལ་པ་སྤངས་ནས་དོན་ལྡན་བརྗོད་པར་བྱ་ཞེས་པ་ལྟ་བུ། |
| ཀྱལ་རྟ |
ཀྱལ་ཏ་དང་འདྲ། |
| ཀྱི |
(སྦྲེལ་ཚིག) ཀྱི་གྱི་གི་འི་ཡི་ལྔ་ལ་བརྡ་སྤྲོད་དུ་རྣམ་དབྱེ་དྲུག་པ་འབྲེལ་སྒྲ་ཟེར། ཐོབ་ཐང་རྗེས་འཇུག་ད་བ་ས་གསུམ་དང་ད་དྲག་གི་རྗེས་སུ་ཀྱི་འཐོབ་སྟེ། (དཔེར་ན།) ཁྱོད་ཀྱི་དཔེ་ཆ། རྒྱལ་ཁབ་ཀྱི་བདག་པོ། ཟས་ཀྱི་ཞིམ་མངར། ཕ་རོལ་ཀྱི་རི་བོ་ཞེས་པ་ལྟ་བུ། 1>རྗེས་འཇུག་ག་ང་གཉིས་ཀྱི་རྗེས་སུ་གི་འཐོབ་དམག་གི་མེ་མདའ། མདུང་གི་རྣོ་དབལ་ཞེས་པ་ལྟ་བུ། 2.རྗེས་འཇུག་ན་མ་ར་ལ་བཞིའི་རྗེས་སུ་གྱི་འཐོབ་སྟོན་གྱི་ལོ་ཏོག སྒམ་གྱི་ནང་། གར་གྱི་ཉམས། ཁལ་གྱི་ཆེ་ཆུང་ཞེས་པ་ལྟ་བུ། 3.རྗེས་འཇུག་འ་དང་རྗེས་འཇུག་དངོས་སུ་མེད་པའི་མཐར་འི་འཐོབ་ཅིང་། ཚིགས་བཅད་ཀྱི་ཁ་སྐོང་དགོས་ཚེ་ཡི་འཐོབ་ནམ་མཁའི་དབྱིངས། སའི་གོ་ལ། ས་ཡི་གོ་ལ་ཞེས་པ་ལྟ་བུ། ཚིག་སྔ་ཕྱི་མི་མཐུན་པ་སྟོན་པའི་རྒྱན་ལ་ཡང་འཇུག། |
| ཀྱི་བསེར |
(བརྡ་རྙིང་།) བསིལ་རླུང་དང་གྲང་ངར་ཆེ་བའི་ལྷགས་པ། |
| ཀྱི་ལི་ལི |
(རྒྱན་ཚིག) 1.རྒྱུན་མི་འཆད་པར་འཁྱིལ་ལིར་སྐོར་སྟངས་ཤིག་སྟེ། (དཔེར་ན།) ཉི་གདུགས་ཀྱི་ལི་ལིར་བསྐོར་བ་ཞེས་པ་ལྟ་བུ། 2. དྲི་ངད་ཆེན་པོ་ལྡང་བའི་དོན་ཏེ། (དཔེར་ན།) རྡོ་སྣུམ་གྱི་དྲི་མ་ཀྱི་ལི་ལི་ཞེས་པ་ལྟ་བུ། 3. མྱུར་དུ་འཁོར་བའི་རྣམ་པ་སྟེ། (དཔེར་ན།)འཁོར་ལོ་ཀྱི་ལི་ལི་འཁོར་ཞེས་པ་ལྟ་བུ། |
| ཀྱི་ལྕེ |
1.རྩྭ་སྨན་ཞིག་མེ་ཏོག་གིས་ཕྱེ་བའི་དཀར་ནག་རིགས་གཉིས་ཡོད།2. མིང་གཞན་ལྡུམ་བུ་ཤེལ་ཏིང་ཡང་ཟེར། དེ་ལོ་མང་སྐྱེ་བའི་རྩྭ་ལྡུམ་ཞིག་ཡིན་ཞིང་། མཐོ་ཚད་ལིས་སྨིས10ནས40བར་ཡོད། ཀྱི་ལྕེ་དཀར་པོ་ལ་རྒྱ་སྐད་དུ་མ་ཧྭ་ཅོ་ཟེར། ཀྱི་ལྕེ་ནག་པོ་ལ་རྒྱ་སྐད་དུ་ཆིན་ཅོ་ཟེར། |
| ཀྱི་ལྕེ་དཀར་པོ |
སྔོ་སྨན་གྱི་རིགས་ཀྱི་ལྕེ་མེ་ཏོག་དཀར་པོ་འཆར་བ་ཞིག་རོ་ཁ། ཞུ་རྗེས་བསིལ། ནུས་པས་རྒྱུ་ཚད་དང༌། མཁྲིས་ཚད། མཆིན་ཚད་སོགས་ལ་ཕན། མིང་གི་རྣམ་གྲངས་ལ་སྐུ་དཀར་གནོད་སྦྱིན་ལྕེ་དང༌། ཁྱི་དཀར་དུང་གི་ཐག་པ་ཅན། པུ་དཀར་ཅན། བོང་རྣ་བ། ལ་ཕྲམ་དཀར་པོ། ཤ་ལང་པ། ཤ་ལང་འབངས། ཤེལ་ཏང་དཀར་པོ་བཅས་སོ། ། |
| ཀྱི་ལྕེ་ནག་པོ |
སྔོ་སྨན་གྱི་རིགས་ཀྱི་ལྕེ་མེ་ཏོག་སྔོ་ནག་འཆར་བ་ཞིག་རོ་ཁ། ཞུ་རྗེས་བསིལ། ནུས་པས་སྐྲངས་པ་འཇོམས། གག་པ་སེལ། ཆུ་སེར་སྐེམ། མིང་གི་རྣམ་གྲངས་ལ་སྐྱོང་བྱེད་དང༌། སྤྱང་དུག་ནག་པོ། ཤེལ་ཏང་ནག་པོ་བཅས་སོ། ། |
| ཀྱི་ལྕེ་རྩ་ལོ |
ཁཎྜས༌ཚ་བ་ཀུན་སེལ། སྣོད་ལྷུང་མཁྲིས་ནད་འཁྲུ། |
| ཀྱི་ལྕེའི་ཐལ་བ |
ཀྱི་ལྕེ་དཀར་པོའི་མེ་ཏོག་མེར་བསྲེགས་པའི་ཐལ་བ་ནུས་པས་རླུང་རིམས་ཀྱིས་འབོག་པ་དང༌། དྲན་པ་མི་གསལ་བ། འཐིབས་པ་སོགས་ལ་ཕན། |
| ཀྱི་སྙ |
ཕ་བ་དགོ་དགོ་དགོའི་མིང་གཞན། |
| ཀྱི་ཧུད |
སྡུག་བསྔལ་ལམ། མྱ་ངན་བྱེད་པའི་ཚིག་སྟེ། (དཔེར་ན།) ཀྱི་ཧུད་སྡུག་བསྔལ་ཅན་གྱི་མི་རྣམས་ལ་ལྟོས་ཞེས་པ་ལྟ་བུ། |
| ཀྱི་ཧུད་འདོན་པ |
དམྱལ་བའི་སེམས་ཅན་གྲང་ངར་གྱིས་མནར་ནས་སྐད་ཤུགས་ཀྱིས་འོ་དོད་འདོན་པ་སྟེ་གྲང་བའི་དམྱལ་བ་བརྒྱད་ཀྱི་གྲས་ཤིག |
| ཀྱིག་རྩེ |
རྩིག་པ་རྩིག་བྱེད་ཀྱི་ས་ཕག་དང་གྱོ་མོག་སྲེག་བྱེད་ཀྱི་ས་ཕག་མ་བསྲེགས་པའི་མིང་ལ་མཚོ་སྔོན་ཡུལ་སྐད་དུ་ཀྱིག་རྩེ་ཟེར། |
| ཀྱིང་བསེར |
མགྱོགས་པོར་རྒྱུ་བའི་བསེར་བུའི་མིང་སྟེ། (དཔེར་ན།) རྟ་མགྱོགས་པ་ཀྱིང་བསེར་རླུང་ལ་འགྲན་ཞེས་པ་ལྟ་བུ། སྟོན་དུས་ཀྱི བསེར་བུ་འཁྱག་པའི་མིང་སྟེ་དཔེར་ན་སྟོན་ཀྱིང་བསེར་རླུང་གི་སྐད་ཅིག་འོངས་ཞེས་པ་ལྟ་བུ། |
| ཀྱིན |
(གྲོགས་ཚིག) ཀྱིན་གྱིན་གིན་ཡིན་བཞི་ཡེ་གེའི་ཐོབ་ཐང་ལྟར་ལས་ཚིག་ད་ལྟ་བའི་མཐར་སྦྱར་ན་དུས་ད་ལྟ་བ་སྟོན་པའི་ཚིག་གྲོགས་ཡིན་ཞིང་། ད་བ་ས་གསུམ་གྱི་རྗེས་སུ་ཀྱི་འཐོབ་སྟེ། (དཔེར་ན།) བྱ་བ་སྒྲུབ་ཀྱིན་འདུག རྟ་ལ་སྒ་སྟོད་ཀྱིན་འདུག ལས་ཀ་ལས་ཀྱིན་ཡོད་ལྟ་བུ། ན་མ་ར་ལ་བཞིའི་རྗེས་སུ་གྱིན་འཐོབ་རྩེད་མོ་སྟོན་གྱིན་ཡོད། དོན་ལ་བསམ་གྱིན་འདུག ཁུར་བོ་འཁུར་གྱིན་ཡོད། ཕྱུགས་འཚོལ་གྱིན་ཡོད་ལྟ་བུ། ག་ང་གཉིས་ཀྱི་རྗེས་སུ་གིན་འཐོབ་ཐུན་མོང་གི་དོན་དུ་རྒྱུ་ནོར་གསོག་གིན་ཡོད། ཕྱུགས་ཟོག་རྩྭ་སར་གཏོང་གིན་ཡོད་ལྟ་བུ། འ་དང་རྗེས་འཇུག་མེད་པའི་མཐར་བརྡ་རྙིང་ལ་ཡིན་འཐོབ་སིལ་ཏོག་ཟ་ཡིན་གདའ། གློག་བརྙན་ལ་ལྟ་ཡིན་འདུག་ལྟ་བུ། ད་ལྟ་བཞིན་འབྲི། |
| ཀྱིར་ཀྱིར |
(རྒྱན་ཚིག) སྒྲ་གདངས་ཀྱི་ཁྱད་པར་ཞིག་མཚོན་པ་སྟེ། (དཔེར་ན།) བྱིའུས་སྐད་ཀྱུར་ཀྱུར་དང་ཀྱིར་ཀྱིར་སྒྲོག་པ་ཞེས་པ་ལྟ་བུ། |
| ཀྱིལ་ལེ |
(རྒྱན་ཚིག) དབྱིབས་ཀྱི་རྣམ་པ་གང་རུང་ཞིག་སྟོན་པ་སྟེ། (དཔེར་ན།) མཚེའུ་སྒོར་འཁྱིལ་ལེ། སྦྲུལ་སྒོར་ཀྱིལ་ལེར་འཁྱིལ་ནས་སྡོད་ཅེས་པ་ལྟ་བུ། |
| ཀྱིལ་ལེ་ཉོན |
ཉན་པར་སྐུལ་བའི་ཚིག་ཅིག་སྟེ། (དཔེར་ན།) མ་ཡེངས་རྣ་བ་ཀྱིལ་ལེར་ཉོན་ཞེས་པ་ལྟ་བུ། |
| ཀྱིས |
(ཚིག་འཕྲད།) འབྲེལ་སྒྲ་ཀྱི་ཞེས་པའི་སྒྲའི་སྦྱོར་ཚུལ་དང་མཐུན་པའི་བྱེད་སྒྲའི་རྐྱེན་ཞིག་སྟེ། (དཔེར་ན།) ཁྱོད་ཀྱིས་ཡིག་ཐོག་ཏུ་འཁོད་དང༌། བརྗོད་ཀྱིས་མི་ལང༌། གསེར་ཁབ་ཀྱིས་རྨ་ཁ་བརྟོལ་ཞེས་པ་ལྟ་བུ། |
| ཀྱིས |
(ཚིག་འཕྲད།) 1.ཀྱིས་གྱིས་གིས་འིས་ཡིས་ལྔ་ལ་བོད་ཡིག་བརྡ་སྤྲོད་དུ་བྱེད་སྒྲ་ཟེར། བྱེད་པ་པོ་སྟོན་པའི་ཚིག་དང་ལས་ཚིག་གི་བར་ལ་སྦྱར་ན་བྱེད་སྒྲ་ཡིན་ཏེ། (དཔེར་ན།) ཁྱོད་ཀྱིས་ལྟོས། ཐབས་ཀྱིས་རྟ་རྒོད་འདུལ། དགེ་རྒན་གྱིས་སློབ་མར་དཔེ་ཆ་ཁྲིད། དམག་གིས་དམག་རྩལ་སྦྱང་། ཞིང་པ་ཡིས་ཞིང་འདེབས། ཞིང་པས་ཞིང་འདེབས་ལྟ་བུ། 2.ཚིག་སྔ་ཕྱི་མི་མཐུན་པའི་བར་ལ་སྦྱར་ན་ཚིག་སྔ་ཕྱི་མཚམས་སྦྱོར་བ་སྟེ། (དཔེར་ན།) དེ་ནི་གསེར་རྩི་ཡིན་གྱིས་རག་ཆུམིན། ཁོང་ལ་ཡོན་ཏན་ཡོད་ཀྱིས་ཞེ་སྡང་མེད། རང་དོན་ཚུལ་བཞིན་སྒྲུབ་ན་ཆོག་གིས་ཁྲིམས་སྲོལ་རྨང་ནས་སློག་ན་མི་ཆོག་ལྟ་བུ། 3.རྒྱན་ཚིག་འགའ་རེ་དང་ལས་ཚིག་གི་བར་ལ་སྦྱར་ན་ཚིག་སྔ་མ་ཚིག་ཕྱི་མའི་རྣམ་པ་སོགས་སྟོན་པར་མཚོན་བྱེད་དེ། (དཔེར་ན།)རྒྱལ་ཁབ་རིམ་གྱིས་དར། མི་རྣམས་ཁད་ཀྱིས་འདུས། བྱ་བ་ལྷུན་གྱིས་གྲུབ་ལྟ་བུ། འཇུག་ཚུལ་འབྲེལ་སྒྲ་ཀྱི་གྱི་གི་འི་ཡི་ལྔ་དང་མཚུངས། |
| ཀྱུ |
མིང་འགའི་མཐར་སྦྱར་ན་བཟོ་དབྱིབས་གུག་གུག་སྟོན་པའི་སྒྲ། (དཔེར་ན།) ལྕགས་ཀྱུ། ཉ་ཀྱུ། ཞབས་ཀྱུ་ཞེས་པ་ལྟ་བུ། |
| ཀྱུ་མ |
གཡུ་ཡི་མིང་། |
| ཀྱུ་རུ་ར |
སྐྱུ་རུ་ར་དང་འདྲ། |
| ཀྱུ་རུ་རུ |
(རྒྱན་ཚིག) སྐད་ཕྲ་ཞིང་འགྱུར་ཁུག་ཡོད་པའི་དོན་ཏེ། (དཔེར་ན།) བྱིའུ་ཅོ་གའི་སྐད་སྙན་ཀྱུ་རུ་རུ། ཤུག་ལུ་ཀྱུ་རུ་རུ་འབུད་ཅེས་པ་ལྟ་བུ། |
| ཀྱུག་ཀྱུག |
(རྒྱན་ཚིག) འཇམ་ཞིང་འོད་འཚེར་བའི་དོན་ཏེ། (དཔེར་ན།) སྐྲ་ནག་ཀྱུག་ཀྱུག་བྱེད། འཕྲུལ་འཁོར་སྣུམ་ཀྱུག་ཀྱུག་བྱེད་ལྟ་བུ། |
| ཀྱུང་བུ |
(བརྡ་རྙིང་།) ཐོ་བའི་མིང་། |
| ཀྱུར་ཀྱུར |
(རྒྱན་ཚིག) 1. སྒྲ་གདངས་འབྱིན་ཚུལ་གྱི་རྣམ་པ་ཞིག་སྟེ། (དཔེར་ན།) ཞེས་པའི་ཚིག་བསྡུས་པ་ཀྱུར་ཀྱུར་མགྲིན་པའི་གླིང་བུ་བསྒྱུར་མཁས་པ་ཞེས་པ་ལྟ་བུ།2. ཀྱུ་རུ་རུ་ཞེས་པའི་ཚིག་བསྡུས་པ། |
| ཀྱེ |
འབོད་པའི་སྒྲ་ཀྱེ་གྲོགས་པོ། ཀྱེ་ཀྱེ་གྲོགས་པོ་རྣམས་ཞེས་པ་ལྟ་བུ། |
| ཀྱེ་ཀ |
སྐྱ་ཀ་ཡི་འབྲི་ཚུལ་གཞན། |
| ཀྱེ་ཀྱེ |
འབོད་བརྡ་ཉིས་བརྩེགས་སམ། ནན་ཏན་གྱིས་འབོད་པའི་ཚིག |
| ཀྱེ་མ |
སྨད་པ་དང༌། སྨོན་པ། ཞུམ་པ། ངོ་མཚར་བ། མྱ་ངན། ངེས་པ་སོགས་ཀྱི་དོན་ལ་འཇུག་པའི་འབོད་ཚིག་ཅིག (དཔེར་ན།) ཀྱེ་མ་འདི་འདྲ་མ་ཤོད། ཀྱེ་མ་ལོ་ལེགས་པ་ལ། ཀྱེ་མ་ཕངས་པ་ལ། ཀྱེ་མ་མཚར། ཀྱེ་མ་ཡིད་སེམས་སྐྱོ་བ་ལ། ཀྱེ་མ་ཁྱོད་ཀྱིས་ལྟོས་དང༌ཞེས་པ་ལྟ་བུ། |
| ཀྱེ་མ་ཀྱི་ཧུད |
མྱ་ངན་གྱི་ཚིག་གམ། སྨྲེ་སྔགས་འདོན་པའི་ཚིག |
| ཀྱེ་མ་ཀྱེ་ཧུད |
ཀྱེ་མ་ཀྱི་ཧུད་དང་འདྲ། |
| ཀྱེ་མ་མ |
1.མ་མ་ལ་འབོད་པའི་ཚིག2.མྱ་ངན་ནམ། ཡ་ང་བའི་ཚིག |
| ཀྱེ་མ་མ་ལ |
ཧ་ལས་པའམ། སེམས་སྐྱོ་བའི་ཚིག |
| ཀྱེ་མ་ཧུད |
སེམས་ཞུམ་པའམ། མྱ་ངན་གྱི་ཚིག |
| ཀྱེ་མ་ཧོ |
ངོ་མཚར་རྨད་དུ་བྱུང་བའི་འབོད་སྒྲ་ཀྱེ་མ་ཧོ་ངོ་མཚར་རྨད་དུ་བྱུང་ལྟ་བུ། |
| ཀྱེ་མའོ |
ཡིད་ཞུམ་པའམ། མྱ་ངན་གྱི་ཚིག |
| ཀྱེ་རྡོ་རྗེ |
དགྱེས་པ་རྡོ་རྗེ་སྟེ་སྔགས་བླ་མེད་ཀྱི་ཡི་དམ་ཞིག མིང་གི་རྣམ་གྲངས་ལ་དགྱེས་པ་རྡོ་རྗེ་དང༌། རྡོ་རྗེ་གྲི་གུག་དཔལ་ལྡན་ཁྲག་འཐུང༌། རོལ་པའི་རྡོ་རྗེ། ཧེ་བཛྲ། ཧེ་རུ་ཀ་བཅས་སོ། ། |
| ཀྱེ་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ |
རྒྱུད་སྡེའི་བྱེ་བྲག་ཅིག་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་བརྟག་པ་གཉིས་པ་དགྱེས་པ་རྡོ་རྗེའི་རྩ་བའི་རྒྱུད་རྒྱས་པ་འབུམ་ཕྲག་བདུན་ཡོད་པ་ལས་ཅུང་ཟད་བསྡུས་པ་འབུམ་ཕྲག་ལྔ་པ་དང༌། དེ་ལས་ཀྱང་བཏུས་པའི་དགྱེས་པ་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་བཅས་རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང༌། འབྲོག་མིའི་འགྱུར་ལ་སླར་ཡང་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་འགྱུར་ཆད་བསབས་པ། |
| ཀྱེ་རྡོར |
ཀྱེ་རྡོ་རྗེའི་བསྡུས་ཚིག |
| ཀྱེ་རྡོར་གྱི་སྒྲུབ་ཐབས་ཀྱི་ཡན་ལག་དྲུག |
གཞལ་ཡས་ཁང་བསྐྱེད་པ་རྣམ་སྣང་གི་ཡན་ལག་དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག་བདུད་རྩི་མྱང་བ་འོད་དཔག་མེད་ཀྱི་ཡན་ལག་བསྟོད་པ་རིན་འབྱུང་གི་ཡན་ལག་མཆོད་པ་དོན་གྲུབ་ཀྱི་ཡན་ལག་རྗེས་ཆགས་རྡོར་སེམས་ཀྱི་ཡན་ལག་རྣམས་སོ། ། |
| ཀྱེ་ཧུ |
སྙིང་རྗེས་མ་བཟོད་པ། ཡིད་ཤིན་ཏུ་སྡུག་པ། ཉམ་ཐག་པ་སོགས་ཀྱི་ཚིག |
| ཀྱེ་ཧུད |
ཀྱི་ཧུད་དང་འདྲ། |
| ཀྱེ་ཧོ |
1.ངོ་མཚར་བའམ། ཧ་ལས་པའི་དོན་ལ་འཇུག་པའི་འབོད་ཚིག2. རྫིག་ཉམས་སྟོན་པའི་འབོད་སྒྲ་ཀྱེ་ཧོ་འདིར་ཚོགས་ཀུན་གྱིས་ཉོན་ལྟ་བུ། |
| ཀྱེད |
འགྲེང་བུ་དང༌། ན་རོ་གཉིས་མཚོན་བྱེད་ཀྱི་རྟགས་ེ་ོ འདི་གཉིས་ཀྱི་མིང་། |
| ཀྱཻ་རྡོ་རྗེ |
ཀྱེ་རྡོ་རྗེ་དང་འདྲ། |
| ཀྱཻ་རྡོར་ལྷན་སྐྱེས |
དགྱེས་པ་རྡོ་རྗེ་ཡུམ་དང་བཅས་པ་སྟེ་སྔགས་བླ་མེད་ཀྱི་ཡི་དམ་ཞིག |
| ཀྱོ་ཏང |
(བརྡ་རྙིང་།) ལྕགས་ཀྱུའི་མིང་། |
| ཀྱོ་བ |
(བརྡ་རྙིང་།) ལྕགས་ཀྱུའི་མིང་། |
| ཀྱོ་བ་ཏང |
(བརྡ་རྙིང་།) ལྕགས་ཀྱུའི་མིང་། |
| ཀྱོག་ཀྱོག |
(རྒྱན་ཚིག) 1.མྱུར་དུ་འགུལ་བའི་དོན་ཏེ། (དཔེར་ན།) མགོ་བོ་དཀར་ཀྱོག་ཀྱོག མགོ་ཀྱོག་ཀྱོག་འདར། ཆུ་ལ་བརྒལ་ན་སྒྱིད་པ་ཀྱོག་ཀྱོག་བྱེད་ལྟ་བུ།2.འཁྱོག་པོའི་དོན་ཏེ། (དཔེར་ན།) མགོ་བོ་ཀྱོག་ཀྱོག་འགུལ་བཞིན། བགྲོད་ལམ་ཀྱོག་ཀྱོག་བརྒྱུད་ལྟ་བུ། |
| ཀྱོག་གེ་བ |
དྲང་མིན་འཁྱོག་པོའི་རྣམ་པ་སྟེ། (དཔེར་ན།) ཐེ་ཚོམ་གྱི་བློ་ཀྱོག་གེ་བ། རྒད་པོ་གཟུགས་པོ་ཀྱོག་གེ་བ་ཞེས་པ་ལྟ་བུ། |
| ཀྱོག་ཐིག |
ཐིག་འཁྱོག་པོ། |
| ཀྱོག་པ |
ཀྱོག་པོ་དང་འདྲ། |
| ཀྱོག་པོ |
དྲང་མིན་འཁྱོག་པོའམ་ཡོན་པོའི་དོན་ཏེ། (དཔེར་ན།) འགྲོ་ལམ་ཀྱོག་པོ། གཏམ་ཀྱོག་པོ། རྐང་ལག་ཀྱོག་པོ། ཁུག་ཀྱོག་སོགས་ལྟ་བུ། |
| ཀྱོག་བཤད |
དྲང་པོར་མ་བཤད་པའི་དོན། |
| ཀྱོག་ལམ |
འགྲོ་ལམ་འཁྱོག་པོ། |
| ཀྱོག་ཤད |
རིན་ཆེན་སྤུངས་ཤད་ཀྱི་མིང་གཞན། |
| ཀྱོག་ཤིང |
ཤིང་འཁྱོག་པོའི་མིང་། |
| ཀྱོང་ཀྱོང |
(རྒྱན་ཚིག) གཤོང་གཤོང༌དང་དོན་འདྲ་སྟེ། (དཔེར་ན།) ས་ཆ་ཀྱོང་ཀྱོང་ནང་དུ་ཆུ་འཁྱིལ་འདུག་ཅེས་པ་ལྟ་བུ། |
| ཀྱོང་ཁ |
ཀོང་ཀོང་ཡོད་སའི་དོན་ཏེ། (དཔེར་ན།) ཀྱོང་ཁ་འབུར་གསོས་ཞེས་པ་ལྟ་བུ། |
| ཀྱོང་པོ |
མར་རྡིབ་ནས་ཆགས་པའི་ཀོང་ཀོང༌སྟེ། (དཔེར་ན།) ས་བབ་ཀྱོང་པོ། ཆ་ཀྱོང་པོར་ཉལ་ནས་ཡིབ་ཅེས་པ་ལྟ་བུ། |
| ཀྱོང་བུ |
1 .གཞང་འབྲུམ་ལ་མར་ཁུ་བླུག་བྱེད་ཀྱི་ཡོ་བྱད་ཅིག2.ཞིང་ལ་ཡུར་མ་ཡུར་བྱེད་ཀྱི་རྐོ་མ།2. ཀྱོང་པོ་དང་འདྲ། |
| ཀྱོང་མོ |
(རྒྱན་ཚིག) ཀྱོང་པོ་དང་འདྲ། |
| ཀྱོར་ཀྱོར |
(རྒྱན་ཚིག) ཡན་གར་དུ་ཡར་ལངས་པའི་དོན་ཏེ། (དཔེར་ན།) རྣ་བ་ཀྱོར་ཀྱོར་བྱས་ལྟ་བུ། |
| ཀྲ་ཁ་ཁྲ་ཆུང |
1.སྔོ་སྨན་ཀོན་པ་གབ་སྐྱེས་ཏེ་སྐྱེ་གནས་ཀྱི་དབང་གིས་རིགས་གཉིས་སུ་དབྱེ་བས་རི་སྐྱེས་ཤིག2.བྱ་སྐྱ་གའི་མིང་གཞན། |
| ཀྲང་ཀྲོང |
(རྒྱན་ཚིག) ཀྲང་ངེ་ཀྲོང་ངེའི་བསྡུས་ཚིག |
| ཀྲང་ངེ |
(རྒྱན་ཚིག) དྲང་བའི་དོན་ཏེ། (དཔེར་ན།) ལུས་ཀྲང་ངེར་། འགྲེང་ཐིག ཀྲང་ངེ་འདུག ལམ་ཆེན་སྐྱ་ཀྲང་ངེ་ཞེས་པ་ལྟ་བུ། |
| ཀྲང་ངེ་ཀྲོང་ངེ |
(རྒྱན་ཚིག) དྲང་པོར་སྲོང་བའི་ཚུལ་ཏེ། (དཔེར་ན།) ལུས་ཚུགས་དྲང་པོར་སྲོང་བའི་ཀྲང་ངེ་ཀྲོང་ངེ་ཞེས་པ་ལྟ་བུ། |
| ཀྲང་ངེ་བ |
(རྒྱན་ཚིག) ཀེ་རེར་ལངས་པའི་ཚུལ་ཏེ། (དཔེར་ན།) གཟུགས་པོ་ཀྲང་ངེ་བར་ལངས། ཀྲང་ངེར་སྡོད་ཅེས་པ་ལྟ་བུ། |
| ཀྲང་ཏཱ་རིན |
(རྒྱ་སྐད།) ཁ་རྒྱུན་གྱི་བཤད་སྲོལ་ལྟར་ཨམ་བན་ཀྲང་ཏཱ་རིན་གྱིས་བོད་དུ་སོན་ཁྱེར་ཡོང་ནས་སྤེལ་བའི་མེ་ཏོག་ཅིག |
| ཀྲང་མའོ་ཚེ |
(རྒྱ་སྐད།) ཀོང་པོའི་ཁྱོ་གའི་ཞྭ་མོ་ཞིག |
| ཀྲང་ལ་རྒྱུགས་པ |
(ཡུལ་སྐད།) ལོ་མ་དང་སྙིང་པོ་རྒྱས་མ་ཐུབ་པར་སྡོང་རྐང་རིང་པོར་གྱུར་པའི་དོན་ཏེ། (དཔེར་ན།) ལུད་མ་བརྒྱབ་པས་ཚལ་རིགས་ཚང་མ་ཀྲང་ལ་རྒྱུགས་འདུག་ཅེས་པ་ལྟ་བུ། |
| ཀྲད |
ཀོ་བ་ལས་དྲས་པའི་གཞུ་ཀྲད། |
| ཀྲད |
རྐང་ལ་གྱོན་རྒྱུའི་ལྷམ་གྱི་རིགས་ཤིག་གི་མིང་སྟེ། (དཔེར་ན།) ཨ་ཀྲད་ངན་ཡང་ཉྭ་དྲོ་ལྟ་བུ། ཀོ་ལྷམ་དང་ཀོ་པགས་ཧྲུལ་བོའི་མིང་དུ་བཤད་པའང་ཡོད། |
| ཀྲད་ཀོར |
1.མཐེབ་ཀོར་གྱི་མིང་སྟེ། (དཔེར་ན།) མཐེ་བོང་ལ་བ་སོའི་ཀྲད་ཀོར་ཞིག་གྱོན་འདུག་ལྟ་བུ། 2. མདའ་འཕེན་སྐབས་ལག་པའི་མཛུ་གུ་སྐྱོབ་བྱེད་ཀྱི་སོར་གདུབ་ཅིག་གི་མིང་ཡུལ་སྐད་ལ་མཐེབ་ར་ཟེར། |
| ཀྲད་པ |
ལྷམ་གྱི་རྡོག་པའི་དོན་ཏེ། (དཔེར་ན།) ལྷམ་ལ་ཀྲད་པ་བརྒྱབ་ཅེས་པ་ལྟ་བུ། |
| ཀྲད་འཁོར |
ཀྲད་ཀོར་དང་འདྲ། |
| ཀྲད་རྒྱུན |
ལྷམ་ལ་རྡོག་པ་རྒྱག་བྱེད་ཀྱི་རྒྱུན་བུ་སྟེ། (དཔེར་ན།) ཀྲད་རྒྱུན་གྱིས་ལྷམ་རྡོག་ཚེམས་ཤིག་ལྟ་བུ། |
| ཀྲབ་ཀྲབ |
(རྒྱན་ཚིག) རྐང་བ་དང་ལག་པས་གར་འཁྲབ་པ་ལྟ་བུའི་རྣམ་འགྱུར་སྟོན་པའི་དོན་ཏེ། (དཔེར་ན།) རྐང་ལག་ཀྲབ་ཀྲབ་བྱས་ནས་གར་འཁྲབ། ལག་པ་ཀྲབ་ཀྲབ་བྱས་ནས་ལས་ཀ་ལས་ལྟ་བུ། |
| ཀྲབ་ཀྲོབ |
(རྒྱན་ཚིག) ཀྲབ་བེ་ཀྲོབ་བེའི་བསྡུས་ཚིག |
| ཀྲབ་བེ་ཀྲོབ་བེ |
(རྒྱན་ཚིག) 1.གར་གྱི་རྣམ་འགྱུར་ཞིག་ (དཔེར་ན།) གོམ་སྟབས་མགྱོགས་ནས་མྱུར་དུ་ཀྲབ་བེ་ཀྲོབ་བེར་འཁྲབ་ཅེས་པ་ལྟ་བུ། 2.གཡོ་སྒྱུའི་བསམ་བློ་འཁོར་སྟངས་ཤིག་གི་དོན་ཏེ། (དཔེར་ན།) སླུ་འདྲིད་མཁས་པའི་གཡོ་སྒྱུའི་སེམས་ཀྲབ་བེ་ཀྲོབ་བེ་ཞེས་པ་ལྟ་བུ། |
| ཀྲི་ཁ |
བྱ་སྐྱ་ཀའི་རིགས་ཤིག་གི་མིང་དབྱིབས་སྐྱ་ཀ་དང་འདྲ་ཞིང་མཇུག་སྒྲོ་སྐྱ་ཀ་ལས་ཐུང་ལ་ཁྱུ་བྱས་ནས་འཚོ་བ་ཞིག ཡུལ་སྐད་ལ་ལར་ལྕུང་ག་སྐེ་ཁྲ་ཡང་ཟེར། |
| ཀྲི་ག |
1.ཉག་ཉག་གམ། ཉག་ཉག་གི་རི་མོ་དོན་ཏེ། (དཔེར་ན།) ཕོར་པའི་ཀྲི་ག། མིག་གི་ཀྲི་ག་ཞེས་པ་ལྟ་བུ།2.ཁྲོན་པའི་འགྲམ་མཐའི་ར་བ། |
| ཀྲི་མི |
ཆུ་བྱ་གག་པའི་རིགས་ཤིག་གི་མིང་དབྱིབས་ངུར་བ་དང་འདྲ་ཞིང་སྤུ་མདོག་དཀར་སྐྱ་ཡིན། |
| ཀྲི་ཡ |
(ལེགས་སྦྱར།) བྱ་བ། |
| ཀྲི་ཡ་ཏནྟྲཿ |
(ལེགས་སྦྱར།) རྒྱུད་སྡེ་བཞིའི་ནང་གསེས་ཁྲུས་དང་གཙང་སྦྲ་སོགས་ཕྱིའི་བྱ་བ་གཙོ་བོར་སྟོན་པ་སྟེ་བྱ་བའི་རྒྱུད། |
| ཀྲི་ཡོ་ག |
(ལེགས་སྦྱར།) ཀྲི་ཡ་དང་ཡོ་ག་བྱ་རྒྱུད་དང༌། རྣལ་འབྱོར་རྒྱུད་གཉིས་ཀྱི་བསྡུས་མིང༌། |
| ཀྲིག་ཀྲིག |
(རྒྱན་ཚིག) 1.གཟི་མདངས་འཚེར་བའམ། སྐྱི་གཡའ་བར་བྱེད་ཚུལ་ཞིག་སྟེ། (དཔེར་ན།) དྲག་པོའི་ཚུལ་གྱིས་གཞན་ལ་ཀྲིག་ཀྲིག་ལྟ། རལ་གྲིའི་དངོ་མདངས་འོད་ཀྲིག་ཀྲིག་ཅིག་འདུག2.གཟུང་བྱ་ནན་ཏན་དུ་འཛིན་སྟངས་ཏེ། ལག་ཏུ་མཚོན་ཆ་ཀྲིག་ཀྲིག་ཏུ་འཛིན་པ་ཞེས་པ་ལྟ་བུ། |
| ཀྲིག་ཅར |
ངེས་པའམ། གཏན་འཁེལ་བའི་དོན་ཏེ། (དཔེར་ན།) ཚོང་ཟོག་གི་རིན་ཐང་ཀྲིག་ཅར་བྱས་མེད། དུས་ཚེས་ཀྲིག་ཅར་བཟོས་སོང༌ལྟ་བུ། |
| ཀྲིག་ཆགས |
ངེས་པའམ། གཏན་འཁེལ་བའི་དོན་ཏེ། ཀྲིག་ཅར་དང་འདྲ། |
| ཀྲིན |
ཀྲིན་ནད་ཅེས་པའི་མིང་བསྡུས་པ་ལྟོ་བ་ན་བའི་ནད་རིགས་ཤིག་ཡིན་པར་བཤད། |
| ཀྲིཥ་ཎ་སཱ་ར |
(ལེགས་སྦྱར།) 1>ནག་ཁྲ། 2>རི་དྭགས་ཁྲི་སྙན་ས་ལེ་སྟེ་ལུས་ཡོངས་རྫོགས་ཐིག་དཀར་ནག་གིས་བརྒྱན་ཞིང༌། གཤིས་ཀ་དུལ་བ། བཀྲ་ཤིས་བདེ་ལེགས་མཚོན་པ་ཞིག |
| ཀྲུ་ཀྲུ |
དབྱིབས་དང་མདོག་བྱ་ཕུག་རོན་དང་འདྲ་ཞིང་ཤིང་སྡོང་གི་ཐོག་ཏུ་ཚང་བཅའ་བའི་བྱ་རིགས་ཤིག་གི་མིང་། |
| ཀྲུགས |
(བརྡ་རྙིང་།) 1>འཁྲུག་པ། 2>ཞོ་དང་འོ་མ་སོགས་དཀྲུག་པར་བྱེད་པའི་ཡོ་བྱད་སྤྱིའི་མིང་། |
| ཀྲུང |
(རྒྱ་སྐད།) རྒྱ་སྐད་ཀྱི་ད་ལྟའི་རྒྱ་ནག་རྒྱལ་ཁབ་ཀྱི་མིང་བསྡུས་པ་ཀྲུང་ཁྲོ། ཀྲུང་རི། ཀྲུང་མེ་ཞེས་པ་ལྟ་བུ། |
| ཀྲུང་ཀྲུང |
ཁྲུང་ཁྲུང་གི་འབྲི་ཚུལ་གཞན། |
| ཀྲུང་ཐང |
(རྒྱ་སྐད།) གོང་མའི་བློན་ཆེན་ལ་འབོད་པའི་ཞེ་ས། |
| ཀྲུང་དབན |
(རྒྱ་སྐད།) དཀར་ཡོལ་འབྲིང་བ། |
| ཀྲུབ་ཟན |
(ཡུལ་སྐད།) སྲུབས་ཟན་ཏེ། ཚེམ་བུའི་བར་སྲུབ་ཏུ་འཇུག་པའི་རྒྱན། |
| ཀྲུམ |
ཤའི་ཞེ་ས་སྟེ། (དཔེར་ན།) ཤ་ཁུ་ལ་ཀྲུམ་ཁུ་དང་། ཤ་ཟོ་ཞེས་པར་གསོལ་ཀྲུམ་བཞེས་ཞེས་པ་ལྟ་བུ། |
| ཀྲུམ་ཁོག |
ཤ་ཁོག |
| ཀྲུམ་དོད |
ཤའི་དོད་དངུལ། |
| ཀྲུམ་མདའ |
མེ་མདའ་འཕྲུལ་མདའ་ཐུང་ཐུང༌། |
| ཀྲུམས |
1.ཀྲུམ་དང་འདྲ། 2.ཤ་ཟས་ཤིག་གི་མིང་། ཤ་ཞིབ་བུར་འཐག་པའི་ལྡེ་གུ་ཡིན་པར་བཤད། |
| ཀྲུའུ་ཞི |
(རྒྱ་སྐད།) རྒྱལ་ཁབ་དང༌། སྲིད་ཏང༌། ཚོགས་པ། ཚོགས་འདུ་སོགས་འགའ་ཞིག་གི་འགོ་ཁྲིད་མཐོ་ཤོས་ཀྱི་གོ་མིང༌། |
| ཀྲེ་ནག |
ཟངས་ང་དང་ཁོག་མ་སོགས་དུ་བས་བདུག་པའི་དྲེག་པ་ནག་པོའི་མིང་། |
| ཀྲོག་ཀྲོག |
(རྒྱན་ཚིག) འདྲོགས་པའམ་ང་རྒྱལ་བའི་རྣམ་འགྱུར་ཏེ། (དཔེར་ན།) མགོ་བོ་ཀྲོག་ཀྲོག་བྱས། ཀྲོག་ཀྲོག་ཚ་བོ་ལྟ་བུ། སྒྲའི་བྱེ་བྲག་སྟེ་ལྷམ་སྒྲ་ཀྲོག་ཀྲོག་གྲགས་ལྟ་བུ། |
| ཀྲོང་ཀྲོང |
(རྒྱན་ཚིག) སྲོང་པོར་ལངས་ཚུལ་ཏེ། (དཔེར་ན།) རྣ་བ་ཀྲོང་ཀྲོང་བྱས་ནས་ཉན་ཞེས་པ་ལྟ་བུ། |
| ཀྲོང་ངེ |
(རྒྱན་ཚིག) གཡོ་བ་མེད་པར་དྲང་པོར་ལངས་པའམ་ཙོག་པུར་བསྡད་པའི་རྣམ་པ་སྟེ། (དཔེར་ན།) གཟུགས་པོ་ཀྲོང་ངེ་འདུག ཀྲོང་ངེ་འགྲེང་ལྟ་བུ། |
| ཀྲོང་ངེ་བ |
(རྒྱན་ཚིག) སྲོང་ངེ་བ་སྟེ་མ་འཁྱོག་པར་དྲང་ཐད་དུ་ལངས་པའི་དོན། (དཔེར་ན།) ཤིང་སྡོང་ཀྲོང་ངེ་བ། ཀྲོང་ངེ་བར་འགྲེང་ཞེས་པ་ལྟ་བུ། |
| ཀྲོང་རྩེ |
(རྒྱ་སྐད།) འཁོར་ཡིག་སྟེ་རྒྱ་ཡིག་གི་འབྲི་ཚུལ་ཞིག |
| ཀྲྀ་ཀྲྀ |
(ལེགས་སྦྱར།) བྱེད་པ་སྟེ་སྔོན་སངས་རྒྱས་འོད་སྲུང་གི་ཡབ་ཀྱི་མཚན། |
| ཀླ་ཀློ |
ཤེས་ཡོན་དར་མེད་པའི་གནའ་བོའི་མིའི་རིགས་ཀྱི་མིང་སྟེ། (དཔེར་ན།) ཀླ་ཀློའི་དུས་སྐབས། ཀླ་ཀློའི་ཡུལ་ཞེས་པ་ལྟ་བུ། བྱ་སྤྱོད་གདུག་རྩུབ་ཅན་གྱི་དོན་ཏེ། སྤྱོད་པ་ཀླ་ཀློ། ཀླ་ཀློའི་རྡུལ་ཞུགས་ཞེས་པ་ལྟ་བུ། |
| ཀླ་ཀློ་ཁ |
(མངོན་བརྗོད།) ཟངས། |
| ཀླ་ཀློ་མཐའ་འཁོབ་ཀྱི་ཞལ་ལྕེ |
སྔར་བོད་ཀྱི་མཐའ་མཚམས་ཡུལ་དུ་སྤྱོད་ཅིང་བོད་རང་ལ་མཁོ་ཆུང་བའི་ཞལ་ལྕེ་སྟེ་ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག་གི་ནང་གསེས་ཤིག |
| ཀླ་ཀློའི་ཆོས་ལུགས |
སྦྲང་རྩིའི་བློ་གྲོས་ཟེར་བའི་མི་ཞིག་གིས་ཤིང་སྤྲེལ་ལོ་སྟེ་སྤྱི་ལོ་624 པར་མ་ཁའི་ཡུལ་དུ་བཙུགས་པའི་ཆོས་ལུགས། |
| ཀླ་ཀློའི་སྐད |
ཤེས་རིག་མ་དར་བའི་ཡུལ་གྱི་སྐད་དེ། སྔར་རྒྱ་གར་དུ་གྲགས་པའི་སྐད་རིགས་ཀྱི་ནང་གསེས་ཤིག |
| ཀླ་ཀློའི་སྤོས |
(མངོན་བརྗོད།) སྒོག་པ། |
| ཀླག |
(བརྡ་རྙིང་།) བལ་གྱིས་བཏགས་པའི་སྣམ་བུའི་ལྭ་བ། སྣམ་ཀླག |
| ཀླག་ཅོར |
སྐད་ཆེན་པོའམ། ཀུ་ཅོ་རྣ་བར་མི་སྙན་པའི་སྒྲ་སྣ་ཚོགས་འདྲེས་པའི་མིང། (དཔེར་ན།) མི་མང་པོས་ཀླག་ཅོར་ཆེན་པོ་བརྒྱབ་ལྟ་བུ། |
| ཀླགས་པ |
(བརྡ་རྙིང་།) གཞན་ལས་ལྷག་པའམ། ཕུལ་དུ་བྱུང་བའི་དོན། |
| ཀླད |
1.གོང་ངམ་སྟེང་ངམ་ཐོག་མའི་དོན་ཏེ། (དཔེར་ན།) དོན་དག་དེ་ཀླད་དུ་གསལ་པོ་བཤད་ཟིན། ཁང་ཀླད། སྦྲ་ཀླད། ཡི་གེའི་ཀླད་ཀོར་ཞེས་པ་སོགས་ལྟ་བུ། 2.ཀླད་པ་ཡི་ཚིག་བསྡུས་པ། |
| ཀླད་ཀོར |
1.གྲངས་གནས་ཀྱི་མགོ་རྩོམ་སའི་ཀླད་ཀོར་ཏེ་རྟགས་༠་འདིའི་མིང་། 2.ལྷ་མོ་འཁྲབ་དུས་རྔོན་པའི་འབག་གི་ཐོད་ཀྱི་གོང་བ།3.ཡི་གེའི་ཀླད་ཀྱི་ཐིག་ཀོར་ཏེ་ལེགས་སྦྱར་གྱི་ཡི་གེའི་ཀླད་དུ་བྲིས་པའི་དབྱིབས་སྒོར་སྒོར་གྱི་རྟགས་ལ་ཟེར། དེ་གསལ་བྱེད་དག་ལ་ཞུགས་པའི་ང་རོ་འདོན་ཚུལ་ནི། ཀ་ནས་ང་བར་གྱི་གསལ་བྱེད་ལྔའི་ཀླད་ཀོར་ལ་ང་སྒྲ་དང༌། ཙ་ནས་ཉ་བར་གྱི་ཀླད་ཀོར་ལ་ཉ་སྒྲ། ཊ་ནས་ཎ་བར་གྱི་ཀླད་ཀོར་ལ་ཎ་སྒྲ། ཏ་ནས་ན་བར་གྱི་ཀླད་ཀོར་ལ་ན་སྒྲ། བ་ནས་མ་བར་གྱི་ཀླད་ཀོར་ལ་མ་སྒྲ། ཡ་ནས་ཀྵ་བར་གྱི་གསལ་བྱེད་དགུའི་ཀླད་ཀོར་ལ་ང་སྒྲ། ཧཱུའི་ཀླད་ཀོར་ལ་ང་སྒྲ། ཨའི་ཀླད་ཀོར་ལ་ང་སྒྲ། ཨོ་ཡིག་གི་ཀླད་ཀོར་ལ་མ་སྒྲ་བཅས་སོ་སོའི་འཇུག་ཚུལ་ལ་བལྟོས་ནས་སྒྲ་འདོན་ཚུལ་མི་འདྲ། |
| ཀླད་ཁྱིམ |
ཀླད་པའི་སྣོད་དམ། མགོ་ཐོད། |
| ཀླད་ཁྲག་ཉམས་པ |
མགོ་ནད་ཅིག |
| ཀླད་གཞུང |
ཀླད་པ་ནས་གཞུ་གུའི་བར་གྱི་སྒལ་གཞུང་། |
| ཀླད་གཞུངས |
ལུས་ཀྱི་སྒལ་ཀླད་དམ་རྒྱུངས་པ། |
| ཀླད་གཟེར |
གཉན་ནད་རིགས་བཅོ་བརྒྱད་ཀྱི་ནང་ཚན་ཀླད་པར་བབ་ནས་གཟེར་ཐབས་ཀྱིས་སྲོག་འཕྲོག་པའི་ནད་ཅིག |
| ཀླད་ཆུང |
བློ་རྒྱ་ཆུང་ཆུང་ངམ་ཅོལ་ཆུང༌། ཕུགས་བསམ་མེད་པའམ་ཤེས་ཡོན་ཧ་ཅང་ཉུང་བའི་མི། |
| ཀླད་དོན |
རྩོམ་གཞུང་གི་མིང་དང་མགོ་བརྗོད་བཅས་ཀྱི་སྤྱི་མིང་སྟེ། (དཔེར་ན།) རྩོམ་གཞུང་ཆ་ཚང་བ་ཞིག་ལ་ཀླད་དོན་དང་གཞུང་དོན། མཇུག་དོན་བཅས་གསུམ་ཡོད་པའི་ནང་ཚན་གྱི་ཀླད་དོན། གོང་རིམ་གྱི་མིང་སྟེ། (དཔེར་ན།) ཀླད་ནས་བཀའ་བབས་ཞེས་པ་ལྟ་བུ། |
| ཀླད་པ |
མཐོ་རིམ་སྲོག་ཆགས་ཀྱི་རྩ་དཀར་རྒྱུད་རིམ་གྱི་ཆ་ཤས་གཙོ་བོ་ཡིན་ཞིང་ཀླད་རུས་ཀྱི་ནང་དུ་ཆགས་ཡོད། དེ་ཀླད་ཆེན་དང་ཀླད་ཆུང་། ཀླད་འབྲིང་། རྒྱུངས་པ་བཅས་འདུས་ནས་གྲུབ་པ་ཡིན་ཞིང་། དབང་པོ་ལྔས་ཡུལ་ཤེས་པ་དང་ལུས་ཀྱི་འགུལ་སྐྱོད་སོགས་ལ་དབང་སྒྱུར་བྱེད་ཀྱིན་ཡོད། མིའི་ཀླད་པ་བསམ་པ་དང་དྲན་ཤེས་ལ་སོགས་པའི་སེམས་ཉིད་ཀྱི་འཕྲོ་འདུ་ལ་དབང་སྒྱུར་བྱེད་ཀྱི་དབང་པོ་ཡིན། ཀླད་པའི་ཕྱི་ཤུན་སྐྱི་མོ་ལ་ཀླད་རྒྱ་ཟེར། |
| ཀླད་པ་དཀར་པོ |
(ཡུལ་སྐད།) བསམ་པ་དཀར་པོའམ། ལྷད་སྐྱོན་མ་ཞུགས་པའི་སེམས། |
| ཀླད་པ་མདུན་མ |
ཀ་ལིའི་མདུན་གྱི་ཀླད་པ་བསམ་བློ་འབྱུང་ཡུལ། |
| ཀླད་པ་རྒྱབ་མ |
ཀ་ལིའི་རྒྱབ་ཀྱི་ཀླད་པ་འགུལ་སྐྱོད་འབྱུང་ཡུལ། |
| ཀླད་པ་ལྗང་གུ |
(ཡུལ་སྐད།) བསམ་པ་རུལ་པའམ། ལྷད་སྐྱོན་ཞུགས་པའི་སེམས། |
| ཀླད་པ་སྲབ་པོ |
མགོ་སླ་པོའམ་བསམ་པ་འགྱུར་ཆོག་ཆོག |
| ཀླད་པའི་ངལ་རྩོལ |
བསམ་བློའི་བྱ་བ་གཙོ་བོར་བྱེད་པའི་ངལ་རྩོལ་གྱི་དོན་ཏེ། (དཔེར་ན།) རྒྱལ་ཁབ་ཀྱི་ལས་དོན་བདག་གཉེར་གྱི་བྱ་བ་དང༌། ཐོན་སྐྱེད་རྩ་འཛུགས་ཀྱི་བྱ་བ། ཆབ་སྲིད་དང་རིག་གནས་ཀྱི་བྱ་བ། ཚན་རིག་བརྟག་དཔྱད་ཀྱི་བྱ་བ་བཅས་ལྟ་བུ། |
| ཀླད་པའི་དར་རྩ |
ཀླད་པའི་རྒྱ་དར་གྱི་སྟེང་དུ་ཤིང་ལོའི་འདབ་རིས་ལྟར་གནས་པའི་རྩ་དཀར་ཏེ། ནང་གསེས་སུ་དབྱེ་ན་གཉན་གྱི་རེ་ཐག་བཞི་དང༌། ཀུན་རྒྱུག་གཉིས། ཚངས་པའི་སྐུད་པ་གཅིག་བཅས་བདུན་མཆིས་སོ། ། |
| ཀླད་པོ་ཆེ |
བློ་སྟོབས་ཆེན་པོའམ། བློ་བརྟན་པོ། |
| ཀླད་ཕོར |
ཀ་ལི། |
| ཀླད་བྱི |
མགོ་དམར་བའམ་ཟངས་ཁོག་ལྟ་བུ་སྟེ་མགོ་བོའི་སྐྲ་རྣམས་རང་བཞིན་གྱིས་བུད་པ། |
| ཀླད་མ |
ཐོག་མའམ། སྟེང་མའམ། གོང་མ། དུས་ཀྱི་ཀླད་མ། |
| ཀླད་མེད |
བྱབ་ཆུང་ངམ་ཅོལ་ཆུང༌། ཀླད་མེད་ཀྱི་གཏམ། |
| ཀླད་མེད |
བསམ་བློ་ཞིབ་མོ་གཏོང་མི་ཤེས་པའི་མི། |
| ཀླད་ཞོ |
ཀ་ལིའི་ནང་གི་ཀླད་པ་ཞོ་དང་འདྲ་བ། |
| ཀླད་ཡུ་འཁོར |
མགོ་ཡུ་འཁོར་བ། |
| ཀླད་རྒྱ |
ཀླད་པའི་ཤུན་པགས་ཀྱི་དོན་ཏེ། (དཔེར་ན) ཀླད་རྒྱ་ལ་སྐྱོན་ཤོར། ཀླད་རྒྱའི་ཚད་ནད་ཅེས་པ་ལྟ་བུ། |
| ཀླད་རྒྱས |
ཀླད་པ་ལས་འབབ་པའི་ཁ་ཆུ་འབྱར་ཚི་ཅན། |
| ཀླད་རྩ |
ལུས་ཀྱི་ཀླད་པ་འཕེལ་རྒྱས་འབྱུང་བའི་རྩ། |
| ཀླད་རྩལ |
བསམ་བློའི་ནུས་རྩལ། |
| ཀླད་ཤུན |
ཀླད་པའི་སྐྱི་དཀར། |
| ཀླད་ཤུབས |
ཀླད་པའི་སྐྱི་དཀར། |
| ཀླད་སྐྱོན |
1.ཀླད་པའི་ནད།2.བསམ་པའི་ལྷད། |
| ཀླད་སྒོ |
1.ཀ་ལིའི་སྲུབས་སྒོ།2.ཚངས་བུག་གམ། སྤྱི་གཙུག་གི་བུ་ག |
| ཀླད་སྤྲི |
ཀླད་པའི་སྐྱི་དཀར། |
| ཀླད་སྲིན |
མགོའི་ཀླད་པ་ལ་ཡོད་པའི་སྲིན་འབུ་ཞིག |
| ཀླད་སྲིན་ནད |
མགོ་བོའི་ཀླད་པ་ལ་གནས་པའི་སྲིན་བུ་རོ་མངར་བ་སོགས་ཀྱིས་བསྐྱེད་པས་སྲིན་འཁྲུགས་ཏེ་ལྡང་དུབ་བྱས་ནས་ན་བའི་མགོ་ནད་ཅིག |
| ཀླན |
(བྱེད་འབྲེལ་ལས་ཚིག) 1.དགྲ་ཤ་ཀླན་པ་ཡུལ་སྐད་དུ་སྙིང་ནད་རྩོད་པ་ཟེར་བའི་དོན། 2.ལན་བཏབ་པའི་དོན་ཏེ། (དཔེར་ན།) ཚིག་ལ་ཚིག་ལན་ཀླན་པ་ཞེས་པ་ལྟ་བུ། |
| ཀླན་ཀ |
སྙད་ཀའམ། རྩོད་གཞི་བཙུགས་པའི་དོན་ཏེ། (དཔེར་ན།) རང་ཁག་གཞན་ལ་གཡོགས་ནས་ཀླན་ཀ་འཚོལ་བ། དགོས་མེད་ཀླན་ཀ་བྱེད་པ། གཞན་ལ་ཀླན་ཀ་མ་བཏབ་གོང་ནས་རང་གི་སྐྱོན་ཡོན་བརྟག་དཔྱད་བྱེད་དགོས་ཞེས་པ་ལྟ་བུ། |
| ཀླན་པ |
(བརྡ་རྙིང་།) ལན་སློག་པའམ་ལན་རྒྱག་པ། ཚིག་ལ་ལན་ཀླན་པ། དགྲ་ཤ་ཀླན་པ། |
| ཀླབ |
(བརྡ་རྙིང་།) ལྭ་བའམ། སྣམ་བུ་མཐུག་པོ། |
| ཀླམ་པ |
(བརྡ་རྙིང་།) བལ་སྐུད་ཀྱིས་བཏགས་པའི་ཕྱར་བ་མཐུག་པོའི་མིང་ད་སྐབས‘ཀམ་པ་ལི’འམ‘བལ་ཕྱར’ཟེར། མགོ་ལ་དཀྲི་རྒྱུའི་རས་རིང་བོའི་མིང་། |
| ཀླལ |
གླལ་གྱི་འབྲི་ཚུལ་གཞན། |
| ཀླས |
1.(རྒྱན་ཚིག) 1>མཐའ་མེད་པའམ་མཐའ་རྒྱ་ཆེ་བའི་དོན་ཏེ། (དཔེར་ན།) ནམ་མཁའ་མཐའ་ཀླས་པ་བྱ་བ་མཐའ་ཀླས་པ་ཞེས་པ་ལྟ་བུ། 2>མང་བའམ་ཟབ་པའི་དོན་ཏེ། (དཔེར་ན།) ཡོན་ཏན་འབྱམས་ཀླས་པ་ཞེས་པ་ལྟ་བུ། 2.(བརྡ་རྙིང་།) རྒྱལ་པོའི་འཁོར་བུད་མེད་སྡོད་ས། ཕོ་བྲང་ཀླས། |
| ཀླས་པ |
མཐའ་མེད་པའམ་རྒྱ་ཆེ་བའི་དོན་ཏེ། (དཔེར་ན།) མཐའ་མེད་པ་ལ་མཐའ་ཀླས་པ་དང་། གྲངས་དང་རྒྱ་ཁྱོན་སོགས་ཆེ་བར་འབྱམས་ཀླས་པ། ཡོན་ཏན་ཆེན་པོ་མངའ་བར་ཡོན་ཏན་འབྱམས་ཀླས་པ་ཞེས་པ་ལྟ་བུ། |
| ཀླུ |
1.སྡེ་བརྒྱད་ཀྱི་ནང་ཚན་ཆུ་ལ་གནས་པའི་དུད་འགྲོའི་རིགས་ཤིག2.བྱེད་པ་བཅུ་གཅིག་ནང་གི་རྟོག་བྱེད་ཅིག3.(མངོན་བརྗོད།) ཀླུ་ཆེན་ལ་མཐའ་ཡས་དང༌། འཇོག་པོ། སྟོབས་རྒྱུ། རིགས་ལྡན། ནོར་རྒྱས་བུ། དུང་སྐྱོང༌། པད་མ། པད་མ་ཆེན་པོ་བརྒྱད་ཡོད་པས་གྲངས་བརྒྱད་མཚོན། |
| ཀླུ་ཁང |
ཀླུ་གནས་སའི་ཕོ་བྲང༌། |
| ཀླུ་གཉན |
1.ཀླུ་བཙན་པོའམ་གདུག་པ་ཅན།2.ས་བདག་ལ་ཀླུ་ཞེས་པ་དང་གཉན་ཞེས་པ་གཉིས་ཡོད་པའི་བསྡུས་མིང༌། |
| ཀླུ་གཏོར |
ཀླུ་ལ་བསྔོ་བའི་གཏོར་མ། |
| ཀླུ་གདོན་ནད |
ལྷ་སྲིན་སྡེ་བརྒྱད་ཀྱི་ནང་ཚན་གདུག་པ་ཅན་ཀླུས་གཏོང་བར་གྲགས་པའི་མཛེ་ནད་སོགས། |
| ཀླུ་གནོད |
ཀླུ་ལས་བྱུང་བའི་གནོད་འཚེ། |
| ཀླུ་གླང་ནག་པོ་རྭ་ཅན |
1.མཚོ་གླང་ཞིག2.སྡིག་སྲིན། |
| ཀླུ་ཆུ |
1.མདོ་སྨད་ལྷོ་ནུབ་ཕྱོགས་སུ་ཡོད་པའི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ལག་ཅིག2.མདོ་སྨད་ལྷོ་རྒྱུད་ཀླུ་ཆུའི་སྟོད་དུ་ཡོད་པའི་རྫོང་ཞིག |
| ཀླུ་ཆེན |
ཀླུ་རྒྱལ་དང་དོན་གཅིག |
| ཀླུ་ཆེན་བརྒྱད |
ཀླུའི་རྒྱལ་པོ་ཆེན་པོ་བརྒྱད་དེ། ནོར་རྒྱས་དང༌། པད་མ། སྟོབས་རྒྱུ། འཇོག་པོ། པད་མ་ཆེན་པོ། དུང་སྐྱོང༌། རིགས་ལྡན། མཐའ་ཡས་ཏེ་བརྒྱད་པོ་འདིར་གྲངས་འདྲེན་ཚུལ་གཞན་ཡང་ཡོད། |
| ཀླུ་ཐེབས |
ཀླུ་སའི་སྟེང་དུ་འོང་བའི་དུས་ཏེ་ཟླ་བ་སོ་སོར་ཀླུ་ཐེབས་ཚེས་གྲངས་ངེས་ཅན་རེ་ཡོད་ཅིང༌། དེ་ལ་ཡང་ཐེབས་ཆེན་དང༌། ཐེབས་ཆུང་གཉིས་ཡོད། |
| ཀླུ་ཐོར |
ཐོར་ནད་ཅིག |
| ཀླུ་དབང |
ཀླུ་ཆེན་ནམ་ཀླུའི་རྒྱལ་པོ། |
| ཀླུ་དུག |
ཀླུ་ལས་བྱུང་བའི་གནོད་པ་ནང་གསེས་ཁ་རླངས་ཀྱི་དུག་དང༌། མཐོང་དུག་ཚོར་བའི་དུག་རེག་པའི་དུག་སོགས་ཡོད། |
| ཀླུ་ནད |
ལྷ་སྲིན་སྡེ་བརྒྱད་ཀྱི་ནང་ཚན་ཀླུས་བཏང་བར་གྲགས་པའི་ནད་མཛེ་དང༌། ཤུ་བ། ཕོལ་མིག་ཟ་རྐོང་ལྟ་བུ། |
| ཀླུ་བདག |
ཀླུ་རྒྱལ་དང་དོན་གཅིག |
| ཀླུ་བདུད |
1.མཛེ་ནད་སོགས་གཏོང་མཁན་ཀླུ་གདུག་རྩུབ་ཅན། 2.མཛེ་ནད་དང༌། གཟའ་ནད། ཆུ་སེར། སྐྲངས་པ་སོགས་ལ་ཕན་པའི་སྔོ་སྨན་ཞིག3.ཀླུ་བདུད་རྡོ་རྗེ’ཞེས་པའི་མིང་བསྡུས་པ། ཀོ་ཉེ་ཡང་ཟེར། 4.ངག་རྒྱུན་ལ་གྲགས་པའི་བྱ་རིགས‘ཀླུ’ཟ་ཐུབ་པ་ཞིག། |
| ཀླུ་བདུད་རྡོ་རྗེ |
སྔོ་སྨན་གྱི་རིགས་ཤིག་མེ་ཏོག་དཀར་ནག་གཉིས་མཆིས་པ། རོ་མངར་ལ་བསྐ། ཞུ་རྗེས་བསིལ། ནུས་པས་གཟའ་ནད་དང༌། མཛེ་ནད། འབམ་གྲུམ་བུ། ཆུ་སེར་བཅས་ལ་ཕན། |
| ཀླུ་བདུད་རྡོ་རྗེ་དཀར་པོ |
དམའ་སར་ཉིན་ངོས་ལས་སྐྱེ་བ། ལོ་མ་སྤུ་ཆུང་ཅན། མེ་ཏོག་དཀར་པོ་བོན་ཤང་འདྲ་བའི་སྔོ་སྨན་ཞིག་འདིས་གཟའ་ཀླུ་འབམ་གདོན་འཇོམས། |
| ཀླུ་བདུད་རྡོ་རྗེ་དམན་པ |
སྔོ་སྨན་ཞིག་འདིས་ཆུ་ཁམས་གསོ་བ་དང་གློ་བའི་ཚ་བ་སེལ། |
| ཀླུ་བདུད་རྡོ་རྗེ་ནག་པོ |
སྲིབ་ཀྱི་ཤིང་ཕྲན་གསེབ་ལས་སྐྱེ་བ། ལོ་མ་དངུལ་གྱི་མདེལ་ཞིབ་འདྲ་བ། མེ་ཏོག་ཐལ་དཀར་གླང་ཆེན་མདོག་དྲིལ་བུ་འདྲ་བ་ཐུར་དུ་བུབ་པ་ཞིག་འདིས་གཟའ་ཀླུ་འབམ་གདོན་རྣམས་འཇོམས། |
| ཀླུ་བཙན |
ཀླུ་དང་བཙན། |
| ཀླུ་བསང |
ཀླུ་རིགས་ལ་དམིགས་ནས་གཏོང་བའི་བསང༌། |
| ཀླུ་མཐར་བྱེད |
(མངོན་བརྗོད།) ནམ་མཁའ་ལྡིང་ངམ། བྱ་ཁྱུང༌། |
| ཀླུ་མེས་ཚུལ་ཁྲིམས་ཤེས་རབ |
རབ་བྱུང་དང་པོའི་མེ་ཡོས་ཡན་གྱི་ལོ་ཞེ་དགུ་པ་ས་སྟག་ལོར་མདོ་སྨད་དན་ཏིག་ཤེལ་གྱི་ཡང་དགོན་ལ་བླ་ཆེན་དགོངས་པ་རབ་གསལ་ལས་བསྙེན་པར་རྫོགས་པའི་དབུས་གཙང་མི་བཅུའི་ཡ་གྱལ་ཞིག |
| ཀླུ་མོ |
ས་བདག་ཀླུ་མོ། |
| ཀླུ་འབུམ |
ཀླུ་ལ་ཕན་པའི་བོན་གཞུང་ཞིག |
| ཀླུ་འབུམ་ཁྲ་བོ |
བོན་གཞུང་ཀླུ་འབུམ་སྡེ་ཚན་གཉིས་པ། |
| ཀླུ་འབུམ་དཀར་ནག |
བོན་གཞུང་ཀླུ་ཆོག་ཁག་གཉིས་ཀྱི་བསྡུས་མིང༌། |
| ཀླུ་འབུམ་དཀར་པོ |
བོན་གཞུན་ཀླུ་འབུམ་སྡེ་ཚན་དང་པོ། |
| ཀླུ་འབུམ་ནག་པོ |
བོན་གཞུང་ཀླུ་འབུམ་སྡེ་ཚན་གསུམ་པ། |
| ཀླུ་ཡི་འཇིག་རྟེན |
(མངོན་བརྗོད།) ས་འོག |
| ཀླུ་ཡི་ཤ |
སྲོག་ཆགས་སྨན་གྱི་ནང་ཚན་གསེར་སྦྲུལ་གྱི་ཤ་རོ་མངར། ཞུ་རྗེས་དྲོད། ནུས་པས་གཉན་ནད་འཇོམས་པ་དང༌། རོ་ཙ། ལུས་ཤ་རྒྱས་པར་བྱེད། |
| ཀླུ་རྒྱལ |
ཀླུའི་རྒྱལ་པོ་སྡེ་བརྒྱད་ནང་ཚན་གྱི་ཀླུ་རིགས་ཀྱི་གཙོ་བོ། |
| ཀླུ་རྒྱལ་མ་དྲོས་པས་ཞུས་པ |
འཕགས་པ་ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པའི་མདོ་བམ་པོ་བཞི་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་བ། |
| ཀླུ་རྒྱལ་རྒྱ་མཚོས་ཞུས་པ |
འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་རྒྱས་པ་བམ་པོ་བདུན་དང༌། ལེའུ་བཅུ་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། པྲཛྙཱ་ཝརྨ་དང༌། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་བ། |
| ཀླུ་ལྡོག |
ཀླུ་ས་ཡི་རྒྱུ་བར་ས་འོག་ཏུ་འགྲོ་བ། |
| ཀླུ་ཤིང |
ཤིང་གྲ་མ་སྡོང་པོ་ཕྲ་ལ་ལོ་མ་དང་ཚེར་མ་སྐྱ་སོབ་སོབ་ཡོད་པ་སྨན་དུ་འགྲོ་ཞིང༌། ཀླུ་བསང་གཏོང་བྱེད་ཀྱི་ཤིང་ཞིག |
| ཀླུ་སྒུག་སྒར་སྒྲིག |
སྔར་ཧོར་ཟླ་དང་པོའི་ཚེས་ཉེར་གཉིས་ཉིན་ལྷ་སའི་བྲག་ར་ཀླུ་སྒུག་གི་ཐང་ཆེན་དུ་གཟིམ་ཆུང་བ་རྣམས་སྡེབ་ཚོགས་ཀྱིས་སྨོན་ལམ་གཏོར་རྒྱག་པའི་རྒྱབ་སྣོན་དུ་འགྲོ་རྒྱུའི་སྒར་སྒྲིག་བྱེད་པ། |
| ཀླུ་སྒྲུབ |
འཛམ་གླིང་མཛེས་པའི་རྒྱན་དྲུག་གི་ཡ་གྱལ་ཏེ། སྟོན་པ་ཐུབ་པའི་དབང་པོ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱའི་ཐོག་རྒྱ་གར་ལྷོ་ཕྱོགས་བེ་དརྦྷའི་ཡུལ་དུ་བྲམ་ཟེ་ཞིག་གི་ཁྱིམ་དུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་གསང་བ་སྔགས་ཀྱི་རྒྱུད་སྡེ་བཞི་དང༌། སྡེ་སྣོད་གསུམ་སོགས་ཐུན་མོང་དང་ཐུན་མིན་གྱི་རིག་པའི་གནས་མཐའ་དག་ལ་མཁས་པར་སྦྱངས། དཔལ་ན་ལེནྚའི་གཙུག་ལག་ཁང་དུ་གྲུབ་ཆེན་ས་ར་ཧ་པའི་སྐུ་མདུན་དུ་རབ་ཏུ་བྱུང༌། མཚན་དགེ་སློང་དཔལ་ལྡན་དུ་གྲགས། མཐའ་བྲལ་དབུ་མ་རིགས་ཚོགས་དྲུག་དང༌། རྒྱུད་ཀུན་ལས་བཏུས་པ་སོགས་སྟོབས་བཅུ་མངའ་བའི་དགོངས་དོན་གསལ་བར་བྱེད་པའི་བསྟན་བཅོས་ཀྱི་རྒྱལ་པོ་མང་དུ་བསྐྲུན། ཁྱད་པར་དུ་གསོ་བ་རིག་པའི་སྐོར་ལ་འཚོ་བའི་མདོ་ཚིགས་སུ་བཅད་པ། རྩྭ་ཨ་ཝའི་ཆོ་ག། སྨན་རིན་པོ་ཆེའི་རིམ་པ། དངུལ་ཆུའི་སྦྱོར་བ་རིན་ཆེན་ཕྲེང་བ། ལྷོག་པ་སྤུན་བཞིའི་གཉན་བཅོས་སོགས་བསྟན་བཅོས་ཤིན་ཏུ་མང༌། འཕགས་པ་ལྷ་སོགས་སློབ་མ་ཉི་རྡུལ་ལྟར་བསྐྱངས། མཆོད་རྟེན་དང་ལྷ་ཁང་མང་པོ་བཏབ། རྡོ་རྗེ་གདན་ལ་དྲ་མིག་གི་ར་བས་བསྐོར། ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་ཀྱི་བཀོད་པ་བཞེངས། སྤྱིའི་ལུགས་ལ་དགུང་ལོ་དྲུག་བརྒྱ་དང༌། སྔ་འགྱུར་ལྟར་ན་དགུང་ལོ་ཆིག་སྟོང་བར་བཞུགས་ནས་འགྲོ་དོན་མཛད་པར་གྲགས། |
| ཀླུ་སྒྲུབ་སྙིང་པོ |
འཕགས་པ་ཀླུ་སྒྲུབ་ཀྱི་མཚན་གཞན་ཞིག |
| ཀླུ་སྨན |
ཀླུ་ལ་ཕན་པའི་སྨན། |
| ཀླུང |
མིང་ཚིག་རེ་འགའི་འཕྲོར་སྦྱར་ན་རྒྱ་ཁྱོན་དང་སྲིད་ཞེང་སོགས་ཆེ་བའི་དོན་ཏེ། (དཔེར་ན།) རི་ཀླུང་སྔོ་ལྗང་ཡིད་དུ་འོང༌། ནགས་ཀླུང༌། ཆུ་ཀླུང༌། རི་རྩྭ་དང་ཀླུང་རྩྭ་གཉིས་ཀ་བཟང༌ཞེས་པ་རྟ་བུ། |
| ཀླུང་ཁང |
ས་བབ་དམའ་སར་ཆགས་པའི་ཁང་པ། |
| ཀླུང་ཆུ |
གཙང་ཆུའམ། ཀླུང་ལ་རྒྱུག་པའི་ཆུ། |
| ཀླུང་ཐང |
ཀླུང་ལ་ཡོད་པའི་ཐང༌། |
| ཀླུང་པ |
ཐང་དུ་སྡོད་མཁན། |
| ཀླུང་ཕྱུགས |
ཡུལ་པའི་སྒོ་ཕྱུགས། |
| ཀླུང་བཞི |
1.ཆུ་བོ་བཞི་ཁ་འབབ་རྣམ་བཞིའང་ཟེར། 2.ཆོས་སྐད་དུ་སྐྱེ་རྒ་ན་འཆི་ལའང་ཟེར། |
| ཀླུང་མ |
གཙང་ཆུ། |
| ཀླུང་འབབ |
ཆུ་རྒྱུན་འབབ་པ། |
| ཀླུང་རགས |
ཆུ་རྒྱུན་འགོག་བྱེད་ཀྱི་རགས། |
| ཀླུང་རབས |
ཆུ་བོ་བརྒལ་སའི་རབས་སམ། ཆུ་ནང་བགྲོད་ལམ་བདེ་པོ་ཡོད་ས། |
| ཀླུང་རྒྱ |
ལུང་གཞུང་སྐམ་གཤེར་ལ་གནས་པའི་སྲོག་ཆགས་བསད་མི་ཆོག་པའི་ཁྲིམས། སྐམ་གཤེར་ལ་གནས་པའི་སྲོག་ཆགས་ཆེ་ཕྲར་འཚེ་བ་མི་ཆོག་པའི་ཀླུང་རྒྱ་སྡོམ་པ། |
| ཀླུང་རྒྱུན |
ཆུ་འབབ་པའི་རྒྱུན། |
| ཀླུང་རྟ |
1.ལྷན་སྐྱེས་ཀྱིས་ཐོབ་པའི་དབང་ཐང་དང་བསོད་ནམས་བཅས་ཀྱི་མིང་། (དཔེར་ན།) མི་ཀླུང་རྟ་ཅན་ལ་དགྲ་ལྷ་འཁོར་ཞེས་པ་ལྟ་བུ། 2.ལས་བསྐོས་ཀྱི་མིང་། |
| ཀླུང་རྩྭ |
ཀླུང་ཐང་ངམ། དམའ་སར་སྐྱེས་པའི་རྩྭ། |
| ཀླུང་ལྡན |
འབབ་ཆུའི་དོན་ཏེ། (དཔེར་ན།) བཀའ་མཆིད་ཀླུང་ལྡན་རྒྱུན་མི་འཆད་པ་ལྟར་སྩོལ་ཞེས་པ་ལྟ་བུ། |
| ཀླུང་ཤ |
ཀླུང་ཤོད་དམ་བདེ་ཐང་སོགས་ལ་སྐྱེ་བ་དམར་ལ་ཁམ་པ་ཞིག |
| ཀླུང་ཤོ |
ཀླུང་ལ་སྐྱེ་བའི་ཤོ་མང་འདིས་ཚ་བ་དང་རྨ་ནད་ཐམས་ཅད་སེལ། |
| ཀླུང་ཤོད |
ས་ཡུལ་ཁ་ལུང་དམའ་བའི་ཕྱོགས། |
| ཀླུང་སྐྱེས་ཀོན་པ་གབ་སྐྱེས |
སྔོ་ཞིག |
| ཀླུང་སྐྱེས་ལོ་ཚན |
སྔོ་སྨན་ཞིག་སྨན་འདི་ལ་སྐྱེ་གནས་དབང་གིས་མིང་མི་འདྲ་བ་ཡོད་ཅིང༌། རི་ལ་སྐྱེས་ན་བྱ་རྐང་དང༌། ཀླུང་ལ་སྐྱེས་ན་ལོ་ཚན་ཞེས་ཟེར། ཕན་ནུས་ནི་འཁྲུ་པ་གཅོད་པར་བྱེད། |
| ཀླུང་སྒོག |
ཀེ་ཛི་ཞེས་ལུང་གཞུང་དུ་སྐྱེས་པའི་སྒོག་པའི་བྱེ་བྲག་ཅིག |
| ཀླུངས |
ཡར་མོ་ཀླུངས་ཞེས་པའི་ཡུལ་གྱི་མིང་དང༌། སྐབས་འགར་རི་ཀླུང་ཞེས་པར་ཡང་ཡང་འཇུག་ས་མཐའ་འབྲི་སྲོལ་ཡོད། |
| ཀླུབ |
1.(བྱེད་འབྲེལ་ལས་ཚིག་ད་ལྟ་བ) རྒྱན་བཏགས་པའམ་གོས་བསྐོན་པའི་དོན་ཏེ། (དཔེར་ན།) ལུས་ལ་རྒྱན་གྱིས་ཀླུབ་ཀྱིན་ཡོད། ཀླུབ་བྱེད་ཀྱི་གོས་དང་རྒྱན་ཞེས་པ་ལྟ་བུ།2.སྔར་བོད་ཀྱི་རིགས་རུས་ཤིག |
| ཀླུབ་པ |
(བྱེད་འབྲེལ་ལས་ཚིག) བརྒྱན་པ་དང་སྤྲས་པ་སོགས་ཀྱི་དོན་ཏེ། (དཔེར་ན།) གོས་ཀྱིས་ལུས་པོ་ཀླུབ་པ་ཞེས་པ་ལྟ་བུ། |
| ཀླུབས |
(བྱེད་འབྲེལ་ལས་ཚིག) ཀླུབ་པའི་སྐུལ་ཚིག་སྟེ། (དཔེར་ན།) རྒྱན་གྱིས་ཀླུབས་ཤིག་ཅེས་པ་ལྟ་བུ། |
| ཀླུའི་གྲོང་ཁྱེར |
1.ཀླུ་མང་པོ་གནས་པའི་ས་ཆ་འམ་ཡུལ་གྲུ།2.སྐབས་རེར་རྒྱ་མཚོའི་མིང་དུའང་འཇུག |
| ཀླུའི་དབང་ཕྱུག |
1.སངས་རྒྱས་ཀླུ་དབང་རྒྱལ་པོ།2.ཀླུ་རྒྱལ། |
| ཀླུའི་བཤེས་གཉེན |
སྤྱི་ལོའི་དུས་རབས་བཞི་པའམ་ལྔ་པ་ཙམ་ལ་བྱུང་བའི་རྒྱ་གར་གྱི་སློབ་དཔོན་ཞིག་ཡིན་པ་འདི་ཀླུ་སྒྲུབ་ཀྱི་དབུ་མའི་རིགས་ལམ་སྤེལ་མཁན་དང༌། སངས་རྒྱས་བསྐྱངས་ནི་དེའི་ཡང་སློབ་ཡིན། |
| ཀླུའི་བྱང་ཆུབ |
མིང་གཞན་ཀླུའི་བློའང་ཟེར། སྔར་རྒྱ་གར་གྱི་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ། ཀླུ་སྒྲུབ་ཀྱི་སྔགས་རྒྱུན་འཛིན་མཁན། ཕྱག་རྒྱ་ཆེན་པོ་ལ་མངའ་བརྙེས་པའི་གྲུབ་ཐོབ་གྲས་ཤིག |
| ཀླུའི་ཡི་གེ |
ནཱགརའི༌ཡི་གེ་སྟེ་སྔར་རྒྱ་གར་གྱི་ཡི་གེ་ཞིག |
| ཀླུའི་སྡེ |
1.ཀླུའི་གྲོང༌།2.གནས་བརྟན་བཅུ་དྲུག་ལས་རི་རྒྱལ་གྱི་ངོས་ཡངས་ལ་བཞུགས་པའི་གནས་བརྟན་ཞིག |
| ཀླུའི་སྦྲུལ |
1.ཀླུ་རིགས་ཀྱི་སྦྲུལ།2.ཀླུའི་རྒྱལ་པོ་ཞིག |
| ཀློ་པ |
དབུས་གཙང་གི་ལྷོ་ཕྱོགས་ན་ཡོད་པའི་བོད་རིགས་ཚོ་སྡེ་ཞིག་གི་མིང་། སྔོན་ཆད‘ཀློ་པ’ཞེས་བརྗོད་ན་སྨད་པ་རེད་ཅེས་བཤད་པས། ད་ལྟ‘ལྷོ་པ’ཟེར། |
| ཀློ་ཡུལ |
བོད་དབུས་ཀྱི་ཤར་ལྷོའི་རྒྱུད་ཀྱི་ས་གནས་ཤིག |
| ཀློ་ཤོག |
སྟོད་ཀློ་ཞེས་པའི་ལུང་པ་ནས་ཐོན་པའི་ཤོག་བུ། |
| ཀློ་སུག |
ཀློ་ཡུལ་ནས་ཐོན་པའི་སུག་སྨེལ་གྱི་མིང༌། |
| ཀློག |
(བྱེད་འབྲེལ་ལས་ཚིག) བཀླགས་པའི་ད་ལྟ་བ། ཡི་གེ་ལ་བལྟས་ནས་ཚིག་འདོན་པའི་དོན་ཏེ། (དཔེར་ན།) སློབ་གྲོགས་ཚོས་དཔེ་ཆ་ཀློག་གིན་ཡོད་ལྟ་བུ། |
| ཀློག་ཀླག |
ཀློག་པའི་མིང་ཙམ་ཏེ། (དཔེར་ན།) དཔེ་དེབ་ཀློག་ཀླག་བྱས་པས་ཅི་ལ་ཕན་ཞེས་པ་ལྟ་བུ། |
| ཀློག་གི་སློབ་དཔོན |
ཐོག་མར་ཡི་གེ་སློབ་མཁན་དགེ་རྒན་ཏེ། (དཔེར་ན།) ཀློག་གི་སློབ་དཔོན་བསྟེན་ནས་ཡི་གེ་སྒྲ་དག་པོ་སློབས་ཤིག་ཅེས་པ་ལྟ་བུ། |
| ཀློག་གྲྭ |
ཡི་གེ་ཀློག་མཁན་གྱི་ཚོགས་པ། |
| ཀློག་གྲྭའི་གནས |
(མངོན་བརྗོད།) དགོན་པ། |
| ཀློག་ཐོབ |
བྱང་ཆུབ་སེམས་དཔའ་ཞིག |
| ཀློག་དེབ |
གདོན་བྱའི་དཔེ་དེབ། |
| ཀློག་པ |
བཀླགས་པའི་ད་ལྟ་བའི་བྱ་མིང་། |
| ཀློག་པའི་སློབ་དཔོན |
ཀློག་སློབ་སའི་དགེ་རྒན། |
| ཀློག་འདོན |
སྒྲོག་བཞིན་པའམ། སྒྲོག་པར་བྱེད་པའི་དོན་ཏེ། (དཔེར་ན།) བཀའ་ཡིག་ཀློག་འདོན་བྱས། རིག་སྔགས་ཀློག་འདོན་བྱེད་པ། མན་ངག་ཀློག་འདོན་གནང་ལྟ་བུ། |
| ཀློག་ར |
དཔེ་ཆ་ཀློག་པའི་ར་བའི་མིང་སྟེ། (དཔེར་ན།) མི་མང་པོས་ཀློག་རའི་ནང་དུ་དཔེ་ཆ་ཀློག་ཅེས་པ་ལྟ་བུ། |
| ཀློག་ཤུ |
མགོ་བོའི་སྐྲ་གསེབ་སོགས་ལུས་ཀྱི་པགས་པའི་སྟེང་ནས་གོག་པའི་ཤུན་ལྤགས་དཀར་ཞིབ་ཅན། |
| ཀློག་སྐྱ |
ས་སྐྱའི་ལོ་ཙཱ་བ་ཤེས་རབ་བརྩེགས་ཀྱི་འཁྲུངས་ཡུལ་གཙང་ཕྱོགས་ཀྱི་ས་ཆ་ཞིག |
| ཀློག་སློབ |
ཡི་གེ་ཀློག་རྒྱུ་སློབ་པ། |
| ཀློག་སློབ་པའི་སློབ་དཔོན |
འདུལ་བ་ལས་བཤད་པའི་སློབ་དཔོན་ལྔའི་ནང་གསེས་རང་གི་སློབ་མ་ལ་ལུང་རྟོགས་ཀྱི་ཡོན་ཏན་འཕེལ་བའི་ཕྱིར་དུ་གདམས་ངག་འདོམས་པར་བྱེད་པའི་དགེ་སློང༌། |
| ཀློགས |
(བྱེད་འབྲེལ་ལས་ཚིག) ཀློག་པའི་སྐུལ་ཚིག་སྟེ། (དཔེར་ན།) དཔེ་ཆ་ཀློགས་ཤིག་ཅེས་པ་ལྟ་བུ། |
| ཀློགས་མ |
(བརྡ་རྙིང་།) དཔོན་མོ། |
| ཀློང |
1.རྒྱ་ཁྱོན་ཆེ་བའི་དོན་ཏེ། (དཔེར་ན།) སེམས་རྒྱ་ནམ་མཁའི་ཀློང་ལྟར་ཡངས་ལྟ་བུ། 2.མང་བའམ་ཟབ་པའི་དོན་ཏེ། (དཔེར་ན།) ཡོན་ཏན་གྱི་ཀློང་བརྡོལ། ཡོན་ཏན་རྒྱ་མཚོའི་ཀློང་ལྟར་ཟབ་ལྟ་བུ། |
| ཀློང་གྱུར |
ཀློང་དུ་གྱུར་པ་དབང་དུ་གྱུར་པའམ་དོན་ཡོངས་སུ་རྟོགས་པའི་དོན། (དཔེར་ན།) རིག་གནས་མང་པོ་ཀློང་དུ་གྱུར་པ་ཞེས་པ་ལྟ་བུ། |
| ཀློང་ཆེན |
ཟབ་ཅིང་ཡངས་པའི་བློ་ཁོག་གམ་ཤེས་རབ། |
| ཀློང་ཆེན་མཛོད་བདུན |
དུས་རབས་བཅུ་བཞི་པར་རྙིང་མའི་སློབ་དཔོན་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པའི་བསྟན་བཅོས་བདུན་ཏེ། གྲུབ་མཐའ་མཛོད། ཐེག་མཆོག་མཛོད། ཡིད་བཞིན་མཛོད། མན་ངག་མཛོད། ཆོས་དབྱིངས་མཛོད། གནས་ལུགས་མཛོད། ཚིག་དོན་མཛོད་རྣམས་སོ། ། |
| ཀློང་ཆེན་རབ་འབྱམས |
རྟོགས་པ་རྒྱ་ཆེན་པོ་ཐོབ་པ། |
| ཀློང་ཆེན་རབ་འབྱམས་པ |
རྙིང་མའི་སློབ་དཔོན་ཀློང་ཆེན་པ་དྲི་མེད་འོད་ཟེར་ཞེས་པ་དབུས་ལྷོ་གཡོ་རུ་གྲའི་ཆ་སྟོད་གྲོང་དུ་རབ་བྱུང་ལྔ་པའི་ས་སྤྲེལ་ལོར་འཁྲུངས། རབ་བྱུང་དྲུག་པའི་ཆུ་ཡོས་ལོར་འདས། ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་དང་དུས་མཉམ་ཡིན། ཁོང་གིས་མཛད་པའི་མཛོད་ཆེན་བདུན་དང༌། སྙིང་ཐིག་ཡ་བཞི། ངལ་གསོ་སྐོར་གསུམ། རང་གྲོལ་སྐོར་གསུམ་སོགས་ཆོས་ཚན་བརྒྱ་ཕྲག་གཉིས་ལྷག་ཙམ་ཡོད། |
| ཀློང་ཆེན་སྙིང་ཐིག |
གསང་སྔགས་རྙིང་མའི་གཏེར་ཆོས་ཤིག་སྟེ་རིག་འཛིན་འཇིགས་མེད་གླིང་པའི་དགོངས་གཏེར། |
| ཀློང་ཐང་སྒྲོན་མ་ལྷ་ཁང |
ཀློང་ཐང་སྒྲོལ་མ་ལྷ་ཁང་ཁང་དང་འདྲ། |
| ཀློང་ཐང་སྒྲོལ་མ་ལྷ་ཁང |
སྔོན་གྱི་བཤད་སྲོལ་ལྟར་བོད་ཀྱི་ས་གཞི་སྲིན་མོ་གན་རྐྱལ་དུ་འགྱེལ་བ་འདྲ་བའི་ཁ་གནོན་དུ་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ཁམས་འདན་མའི་ཁུལ་དུ་བཞེངས་པའི་རུ་གནོན་གྱི་གཙུག་ལག་ཁང་གི་གྲས་ཤིག |
| ཀློང་དུ་གྱུར |
ཁོང་དུ་ཆུད་པའམ་རང་དབང་ཐོབ་པའི་དོན། |
| ཀློང་འཁོར |
1.འཁོར་བཞིན་ནུབ་འགྲོ་བའི་ཆུ་རྦ་རླབས་གཏིང་ཟབ་པོ་ཞིག2. རྒྱ་མཚོ་དང་ཆུ་ཆེན་ནང་གི་འཁོར་ཞིང་འཁྱིལ་བའི་ཆུའི་མིང་། |
| ཀློང་འཁྱིལ |
1.འོད་ཀོར།2.མཚོ་འཁོར། |
| ཀློང་ཡངས |
ཁོང་ཡངས་པ་དང་རྒྱ་ཆེ་བའི་དོན་ཏེ། (དཔེར་ན།) ཀློང་ཡངས་པའི་མི་ལས་སླ་པོར་ཁོང་ཁྲོ་མི་ལངས། ནམ་མཁའ་ཀློང་ཡངས་ནང་དུ་བྱ་རྣམས་འཕུར། |
| ཀློང་རོལ |
གློ་ཡུལ་གྱི་འཇིངས་སམ་དབྱིངས། ཀློང་རོལ་ཡངས་པ། |
| ཀློང་རྡོལ |
དགོངས་པའི་དཀྱིལ་ལམ་དབྱིངས་རྡོལ་ནས་ཤེས་རབ་བམ་རྟོགས་པ་རྒྱ་ཆེན་པོ་ལ་མངའ་བརྙེས་པ། |
| ཀློང་རྡོལ་བླ་མ་ངག་དབང་བློ་བཟང |
རབ་བྱུང་བཅུ་གཉིས་པའི་ས་ཕག་ལོར་འཁྲུངས། རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་དང་པཎ་ཆེན་དཔལ་ལྡན་ཡེ་ཤེས་སོགས་བླ་མར་བསྟེན། འཇམ་དབྱངས་བཞད་པ་དཀོན་མཆོག་འཇིགས་མེད་དབང་པོ་སོགས་སློབ་མ་གྲགས་ལྡན་མང༌། བརྩམས་ཆོས་མཁོ་གནད་ཆེ་བ་པོ་ཏི་ཆེན་པོ་གཅིག་ཡོད། དགུང་གྲངས་བདུན་ཅུ་དོན་དྲུག་བཞུགས། |
| ཀློང་སྡེ |
རྫོགས་ཆེན་ཨ་ཏི་ཡོ་གའི་ནང་གསེས་བྱ་བྲལ་ཀློང་གི་སྡེ་ནི་ཀློང་སྡེ་རྡོ་རྗེ་ཟམ་པ། སློབ་དཔོན་ཤྲཱི་སེངྷ་དང་ལོ་ཆེན་བཻ་རོ་ཙ་ན་ལས་བརྒྱུད་ཅིང༌། འདིའི་ལྟ་གྲུབ་ནི་རང་བྱུང་གི་ཡེ་ཤེས་ཆོས་ཉིད་ཀུན་ཏུ་བཟང་པོའི་ཀློང་དུ་ཆོས་ཅན་གྱི་སྣང་བ་ཐམས་ཅད་རང་སྣང་བཀོད་པའི་རྒྱན་ཙམ་ལས་འཆིང་གྲོལ་དང༌། ཤར་བྱ་ཤར་བྱེད་དུ་མ་གྲུབ་པས། ཡོད་མེད་དང༌། ཡིན་མིན་གང་དུའང་མི་དཔྱོད་པར་ཡེ་གྲོལ་ཕྱོགས་འབྱམས་ཆེན་པོར་གཏན་ལ་འབེབས་པ། |
| ཀློད |
(རྒྱན་ཚིག) དམ་པོར་བཅངས་པ་དང་བཙིར་བའི་ལྡོག་ཟླ་སྟེ། (དཔེར་ན།) སྒྲིག་ལམ་ཀློད་མི་རུང་། བལ་སྐུད་ཀློད་ན་བཟང་། ལ་མགོ(ཡི་གེ)ལྕེ་རྩེ་ཀློད་རྒྱ་སྐྱེད། དས་འཕུལ་ལྕེ་རྩེ་ཀློད་པར་བཀླགས། ཤིན་ཏུ་ཀློད་པའི་བལ་སྐུད། སེམས་ཀློད་པོ་བྱས་ནས་སློབ་སྦྱོང་བྱས་ལྟ་བུ། |
| ཀྵ་ཡ |
(ལེགས་སྦྱར།) མཁྲིས་ནད་ཀྱི་བྱེ་བྲག་ཅིག |
| ཀྵ་ཡ་ནག་པོ |
(ལེགས་སྦྱར།) ཟད་བྱེད་ནག་པོ་ མཁྲིས་ནད་རིགས་བཅུ་གསུམ་གྱི་ནང་ཚན་མཁྲིས་པ་གསོ་བའི་དུས་ལས་འདས་ནས་སྟོབས་མདངས་ཀུན་ཟད་དེ་ཤ་ལྤགས་དང་སེན་མོ་ནག་པོར་འགྱུར་བའི་མཁྲིས་ནད་གདུག་པ་ཅན་ཞིག |
| ཀྵ་ར་གསུམ |
ན་ར་ཀྵ་སྟེ་བྱིས་པ་ལོ་བརྒྱད་ཀྱི་དྲི་ཆུ་དང༌། ཨ་ཤྭ་ཀྵ་ར་སྟེ་རྟ་གསེབ་ཀྱི་དྲི་ཆུ། གཽ་བ་ཀྵ་ར་སྟེ་བ་ལང་གི་དྲི་ཆུ་བཅས་ཏེ་གསུམ། |
| ཀྵེཏྲ་པ་ལ |
(ལེགས་སྦྱར།) རྒྱལ་སྐྱོང་མགོན་པོ་ཕྱག་དྲུག་པའི་འཁོར་ཤར་ཕྱོགས་ཀྱི་གནོད་སྦྱིན་ཞིག |
| ཁ |
1.བོད་ཡིག་གསལ་བྱེད་གཉིས་པ། འདིའི་ང་རོ་འདོན་ཚུལ་ལ་སྐྱེ་གནས་མགྲིན་པ་དང༌། བྱེད་པ་མགྲིན་པ། ནང་གི་རྩོལ་བ་མགྲིན་པ་ཕྱེ་བ་དང༌། ཕྱིའི་རྩོལ་བ་སྲོག་ཆེན་སྒྲ་མེད།1.2མིང་གཞིའི་མ་ནིང་ཡི་གེ་ཞིག2.མིང་སྔོན་གྱི་ཆ་ཤས་ཤིག་སྟེ། (དཔེར་ན།) ཁ་དོག ཁ་འཐོར། ཁ་སྒྱུར་ཞེས་པ་ལྟ་བུ། 3.རྟགས་མཚུངས་འདྲེན་སྐབས་རྗེས་འཇུག་མ་ནིང་གིས་དྲངས་པའི་མིང་མཐའ་ཞིག་སྟེ། (དཔེར་ན།) དགུན་ཁ། གཏེར་ཁ། གསོལ་ཁ།4. སྐྱེ་འགྲོའི་ཟས་ཟ་བ་དང་སྨྲ་བའི་སྒོ་སྟེ། (དཔེར་ན།) ཁ་ལྐུགས་པ། བོང་བུའི་ཁ་ནས་གསེར་བསྐྱུག་མི་ཡོང༌ཞེས་པ་ལྟ་བུ། མིང་གི་རྣམ་གྲངས་ལ་ངག་འདོན་དང༌། གཏམ་གྱི་འབྱུང་གནས། བདུད་རྩིའི་རྟེན། མུ་ཁ། སྨྲ་བའི་སྒོ། སྨྲ་བྱེད། ཞལ། ཟ་བྱེད། གསུང་བྱེད་བཅས་སོ། ། 4.1.ཁ་དང་འདྲ་བའི་ཡོད་བྱད་ཀྱི་ཆ་ཤས་ཏེ། (དཔེར་ན།) སྣོད་ཀྱི་ཁ། ཕོར་བའི་ཁ། བུམ་པའི་ཁ། ཤེལ་དམ་གྱི་ཁ་གཅོད་པ་ལྟ་བུ།5. མདུན་ཕྱོགས་དང་སྔོན་གྱི་དོན་ཏེ། (དཔེར་ན།) ཁང་པ་ཕན་ཚུན་ཁ་སྤྲོད་པ། ཁ་ཕྱོགས་ཞེས་པ་ལྟ་བུ།6. ཉེ་འགྲམ་གྱི་དོན་ཏེ། (དཔེར་ན།) མཚོ་ཁ། གཙང་པོའི་ཁ། 7. སྟེང་ངམ་སྒང་གི་ཕྱོགས་ཆའི་དོན་ཏེ། (དཔེར་ན།) ཁྲི་ཁ། དཔེ་ཆ་ཅོག་ཙེའི་ཁ་ལ་བཏིང་བ།8.དུས་སྐབས་ཀྱི་དོན་ཏེ། (དཔེར་ན།) ཕྱོགས་ལ་འགྲོ་ཁ། ལས་ཀ་བྱེད་ཁར་བསམ་བློ་གཟབ་གཟབ་གཏོང་དགོས།9. སྐད་ཆའམ་ངག་གི་དོན་ཏེ། (དཔེར་ན།) རྫུན་ཤོད་མཁན་གྱི་ཁ་ལ་མཉན་རྒྱུ་མེད། གྲོས་བསྡུར་བྱེད་མི་ཚང་མ་ཁ་མཐུན་པ།10.སྒོ་ཕྱུགས་ཀྱི་ལོ་ཚད་དེ། (དཔེར་ན།) གཡག་ཁ་རྒན། རྟ་ཁ་ཆུང༌།11.རས་ཀྱི་འཇལ་ཚད་ཞེང་དཀྱུས་འདྲ་བ་ཞིག་ (དཔེར་ན།) རས་ཁ་གང༌། གོས་ཆེན་ཁ་དོ་ཞེས་པ་ལྟ་བུ། |
| ཁ་ཀྱོག |
ཁའམ་མཆུ་ཏོ་འཁྱོག་པོའི་དོན། |
| ཁ་ཀློ |
ཀློ་ཡུལ་གྱི་སྟོད་ཆར་སྡོད་པའི་ཀློ་པའི་མི། |
| ཁ་ཁ |
1.སོ་སོ་བ་དང་རེ་རེ་བའི་མིང་སྟེ། (དཔེར་ན།) སྤུན་གཉིས་ཁྱིམ་ཁ་ཁ་ཕྱེ་ལྟ་བུ། 2.(རྒྱན་ཚིག)བྲོ་བ་ཁ་བའི་དོན་ཏེ། (དཔེར་ན།) ལྡུམ་བུ་འདི་ལ་དྲི་ཁ་ཁ་ཞིག་མནམས་འདུག་ལྟ་བུ། |
| ཁ་ཁར་བཞུགས་པ |
1.ཅང་མི་སྨྲ་བར་གནས་པ།2.ལོགས་སུ་རང་གར་སྡོད་པ། |
| ཁ་ཁུ |
(ཡུལ་སྐད།) སྐད་ཆའི་སྒྲོས་ཏེ། (དཔེར་ན།) ད་ནང་ང་ལ་ཁ་ཁུ་མེད་པར་ཁོ་རང་ཕྱིན་འདུག ཕྱིར་ནམ་ཡོང་ཡང་ཁ་ཁུ་མི་འདུག་ཅེས་པ་ལྟ་བུ། |
| ཁ་ཁུ་སིམ་པོ |
1.དབེན་པའམ་འདུ་འཛི་ཟིང་ལོང་མེད་པ།2.སྐད་ཆ་ཉུང་ཞིང་འཚུབ་ལོང་མེད་པའི་མི་དང་བྱ་གཞག་ལ་ཡང་ཁ་ཁུ་སིམ་པོ་ཟེར། |
| ཁ་ཁེངས |
1.སོ་ཚང་བར་བརྗེས་ཟིན་པའི་ཕྱུགས་ཀྱི་ལོ་མིང༌།2.གཞོང་པ་དང་ཁུག་སྣོད་སོགས་ཀྱི་ནང་དུ་རྫས་བླུགས་ནས་གང་བར་བྱས་པ་སྟེ། (དཔེར་ན།) འོ་ཇ་དཀར་ཁེངས་པ་བླུགས་དགོས། ནས་ཀྱིས་ཁུག་མ་ཁ་ཁེངས་སོང་ལྟ་བུ། |
| ཁ་ཁེབས |
སྣོད་ཀྱི་ཁ་འགེབ་བྱེད་ཀྱི་ཡོ་བྱད་ཀྱི་མིང་སྟེ། (དཔེར་ན།) ཟངས་ངའི་ཁ་ཁེབས་ཞེས་པ་ལྟ་བུ། འདི་ལ་ཁ་ལེབ་དང་ཁ་གབ་ཟེར་བའང་ཡོད། |
| ཁ་ཁོག་མེད་པ |
སེམས་ལ་བསམས་པ་དང་ཁ་ནས་བཤད་པ་གཅིག་མཐུན་ཡིན་པའི་དོན། |
| ཁ་ཁོར |
ཉེ་འཁོར་རམ་ཉེ་འབྲེལ་གྱི་མིང་སྟེ། (དཔེར་ན།) ཁང་བའི་ཁ་ཁོར་དུ་ཤིང་སྡོང་བཙུགས། གྲོང་ཁྱེར་དེའི་ཁ་ཁོར་ཞིང་སྡེ་རེད་ལྟ་བུ། |
| ཁ་ཁྱག |
ཁ་ཐེག་གམ་ཁག་ཐེག་གི་དོན། |
| ཁ་ཁྱུད |
སྣོད་སོགས་ཀྱི་ཁའི་མུ་ཁྱུད་དེ་ཁ་སྒོར་རམ་ཁའི་ཁོར་ཡུག |
| ཁ་ཁྱེར |
1.ཁག་འདོགས་པ་སྟེ། (དཔེར་ན།) བཙན་དབང་ཁ་ཁྱེར་གྱིས་གཞན་ལ་བརྙས་བཅོས་བྱེད་པ། གཞུང་དོན་ཁ་ཁྱེར་གྱིས་སྒེར་དོན་སྒྲུབ་པ་ལྟ་བུ།2.མཐའ་དང་མུ་ཁའི་དོན་ཏེ། (དཔེར་ན།) ཅོག་ཙེ་འདིའི་ཁ་ཁྱེར་ལ་རི་མོ་ཡོད།3.སྟེགས་བུའི་དོན་ལའང་འཇུག་པར་བཤད། |
| ཁ་ཁྱེར |
སྟེགས་བུ་དང་ཁྲི་སོགས་ཀྱི་མཐའི་ར་བའི་མིང་སྟེ། (དཔེར་ན།) ཐབ་ཀའི་ཁ་ཁྱེར་ཞེས་པ་ལྟ་བུ། |
| ཁ་ཁྲམ |
དོན་ངོ་བོའི་གནས་ཚུལ་དང་མི་མཐུན་པའི་གཏམ་མམ་བསླུ་བའི་གཏམ་གྱི་མིང་སྟེ། (དཔེར་ན།) ཁ་ཁྲམ་གཡོ་གཏམ་ལ་མ་ཉན་ལྟ་བུ། |
| ཁ་ཁྲལ |
1.མི་གྲངས་ལྟར་བསྡུ་བའི་ཁྲལ་གྱི་མིང་། 2.གཞན་གྱིས་བཙན་སྐུལ་བྱས་ནས་མི་བཤད་ཐབས་མེད་བྱུང་ནས་བཤད་པའི་དངོས་དོན་དང་མི་མཐུན་པའི་སྐད་ཆའི་མིང་སྟེ། (དཔེར་ན།) མི་ཤེས་བཞིན་དུ་ཁ་ཁྲལ་ཙམ་མ་འཇལ་ཞེས་པ་ལྟ་བུ། |
| ཁ་ཁྲིམས |
གཞན་ལ་བཤད་མི་ཆོག་པའི་ཁྲིམས་ཏེ། (དཔེར་ན།) ཁ་ཁྲིམས་བསྡམས་པ་ལྟ་བུ། |
| ཁ་གང |
1.དཀྱུས་ཞེང་མཉམ་པའི་གྲུ་བཞི་སྟེ། (དཔེར་ན།) རས་ཁ་གང༌། གོས་ཆེན་ཁ་གང༌ཞེས་པ་ལྟ་བུ།2.དངུལ་སྐར་མ་ཕྱེད་གསུམ།3.ཟས་ཁམ་གང༌།4 ནོར་ལུག་སོགས་མདུན་སོ་བརྒྱད་པོ་བརྗེས་ཟིན་པ། |
| ཁ་གང་བ |
1.བཅུད་ཀྱིས་སྣོད་གང་བ།2.ཁ་ཚང་བའམ། གྲངས་ཀ་ཚང་བ། |
| ཁ་གང་མ |
1.དཀྱུས་ཞེང་མཉམ་པའི་གྲུ་གཞི་པ། 2.ཁ་གདན་གྲུ་བཞི། |
| ཁ་གཅང་པོ |
1.སྨྲ་མཁས་པ།2.གཏམ་སྙན་པོ། |
| ཁ་གཅིག་ཁོག་གཉིས |
ཁ་ཞེ་མི་མཚུངས་པའི་དཔེ། |
| ཁ་གཅིག་གྲག |
ཀུན་ཁ་མཐུན་པའི་དོན་ཏེ། (དཔེར་ན།) ཚང་མ་ཁ་གཅིག་གྲག་རེད་ལྟ་བུ། |
| ཁ་གཅིག་ལྕེ་གཉིས |
ཁ་གཅིག་ནས་སྐད་ཆ་མི་མཐུན་པ་གཉིས་སྨྲ་བའི་དོན། |
| ཁ་གཅུ་བ |
1.ཁ་ཕྱོགས་གཞན་དུ་སྐྱོག་པའི་དོན་ཏེ། (དཔེར་ན།) སུམ་མདོ་རུ་རླངས་འཁོར་ཁ་གཅུ་བཞིན་སོང་ལྟ་བུ། 2.ཁ་ལོ་སྒྱུར་བའི་དོན་ཏེ། (དཔེར་ན།) རྟའི་ཁ་གཅུ་བཞིན་མདུན་དུ་སོང་ལྟ་བུ། |
| ཁ་གཅུས་སྣ་གཅུས |
ཁ་དང་སྣ་གཡས་གཡོན་དུ་གཅུས་པ་སྟེ་གཞན་གྱི་གཏམ་སོགས་འདོད་པར་མི་འབབ་པའི་རྣམ་འགྱུར་ཞིག |
| ཁ་གཅོད |
སྣོད་ཀྱི་ཁ་ལེབ་ (དཔེར་ན།) ཁོག་མའི་ཁ་གཅོད་ཕྱེ་བ། ཤེལ་དམ་ལ་ཁ་གཅོད་དམ་པོར་རྒྱག་པ་ལྟ་བུ། |
| ཁ་གཏད |
ཐད་ཀར་བབས་པའི་ཕ་རོལ་གྱི་ངོས་སམ་གནས་ཀྱི་མིང་སྟེ། (དཔེར་ན།) ངའི་ཁ་གཏད་ན་ཡོད་པའི་མི། ཉིན་གྱི་ཁ་གཏད་ན་སྲིབ་ཡོད་ལྟ་བུ། |
| ཁ་གཏད་གྱོང་མཉམ |
འཐབ་ཟླ་གཉིས་ཀ་གྱོང་ཚད་མཚུངས་པའི་དོན། |
| ཁ་གཏད་པ |
1.ཕྱོགས་མདུན་བསྟན་པ་སྟེ། (དཔེར་ན།) ཐེ་ཚོམ་མེད་པར་ཤར་ཕྱོགས་སུ་ཁ་གཏད་ནས་ཕྱིན་པ་ལྟ་བུ། 2.འགྲན་ཟླ་བྱེད་པོའི་དོན་ཏེ། (དཔེར་ན།) ཁ་གཏད་དགྲ་ཟླར་ལངས་པ། ཁ་གཏད་འཇལ་ཐབས་ལྟ་བུ། |
| ཁ་གཏད་འཇལ་བ |
ཁ་ཡ་བྱེད་པའམ་འགྲན་ཟླར་ལངས་པའི་དོན། |
| ཁ་གཏམ |
1.ངག་རྒྱུན་ནམ་གཏམ་རྒྱུད།2.སྐད་ཆ།3.གཏམ་དཔེ། |
| ཁ་གཏིང |
1.སྟེང་འོག་གི་དོན་ཏེ། (དཔེར་ན།) མཚོ་ཁ་གཏིང་གཉིས་ཀ་དྭངས་ལྟ་བུ།2.ཁ་དང་སེམས་ཀྱི་དོན་ཏེ། (དཔེར་ན།) ཁ་གཏིང་མཚུངས་པའི་སྒོ་ནས་ལས་དོན་ཧུར་ཐག་བྱེད་ལྟ་བུ། |
| ཁ་གཏིང་གཉིས་ཡོད |
ཁ་ཞེ་རྒྱབ་འགལ་ལམ། ཁ་ཞེ་མི་མཚུངས་པའི་དོན། |
| ཁ་གཏིང་མེད་པ |
1.སྟེང་འོག་མཚུངས་པ།2.ཁ་ཞེ་གཉིས་མེད། |
| ཁ་གཏིང་ལོག་པ |
ཁ་དང་གཏིང་མི་མཐུན་པའམ། ག་ཅི་ལོག་པ། |
| ཁ་གཏུགས་པ |
1.འོ་བྱས་པའམ་མཆུ་སྦྱོར་བྱེད་པ། 2.སྣོད་དང་སྣོད་ཁ་སྤྲོད་པ། |
| ཁ་གཏོང་བ |
རྒྱབ་ནས་སྨད་ར་གཏོང་བའི་དོན་ཏེ། (དཔེར་ན།) གདོང་ཐུག་གིས་སྐྱོན་བརྗོད་བྱེད་དགོས་པ་ལས་ལྐོག་ཏུ་ཁ་གཏོང་བ་མི་འགྲིག་ལྟ་བུ། |
| ཁ་གདངས་པ |
1.ཁ་ཕྱེ་བའི་དོན་ཏེ། (དཔེར་ན།) ཁ་གདངས་ན་གློ་བ་མཐོང་ལྟ་བུ། 2.སྐད་ཆ་བཤད་པའི་དོན་ཏེ། (དཔེར་ན།) ཁ་གདངས་ས་དང་ལག་པ་རྐྱོང་ཡུལ་ཞེས་པ་ལྟ་བུ། |
| ཁ་གདན |
འབོལ་གདན་གྱི་ཁ་ལ་གདིང་རྒྱུའི་རུམ་སོགས། |
| ཁ་གནོན |
དབང་དང་སྟོབས་ཀྱིས་མར་གནོན་བྱེད་དེ། (དཔེར་ན།) བཙན་པོའི་ཁ་གནོན་ཉམ་ཆུང་གི་རྒྱབ་རྩ་ཞེས་པ་ལྟ་བུ། |
| ཁ་གཞོན་པ |
སྒོ་ཕྱུགས་ན་སོ་ཆུང་བའི་དོན། |
| ཁ་གཟར |
ཁེམ་བུའམ་ཤིང་སྐྱོགས། |
| ཁ་གཟེར་པོ |
སྐད་ཆ་ཚིག་རྣོན་པོའམ་གསལ་རྗེན་དུ་བཤད་པ། |
| ཁ་གཡའ་བ |
ཟ་རྐོང་བ་སྟེ་ལུས་ལ་ཟ་འཕྲུག་ལངས་པ། |
| ཁ་གཡར |
གཞན་ལ་ཁག་འགེལ་བའི་དོན་ཏེ། (དཔེར་ན།) གཞུང་དོན་ལ་ཁ་གཡར་ནས་སྒེར་དོན་སྒྲུབ་པ། ན་བར་ཁ་གཡར་ནས་ལས་ཀ་མི་བྱེད་པ་ཞེས་པ་ལྟ་བུ། |
| ཁ་གཡལ |
ཁ་གདངས་ཏེ་གླལ་བ། |
| ཁ་གཡེང |
སེམས་གཡེང་བའམ་མགོ་འཁོར་བ་སྟེ། (དཔེར་ན།) ལྟད་མོར་ཁ་གཡེང་བ། ལས་ཀ་བྱེད་དུས་རིག་པ་མི་སྒྲིམ་པར་ཁ་གཡེངས་ན་འཐུས་ཤོར་ཡོང་རྒྱུར་ཐག་ཆོད་ཅེས་པ་ལྟ་བུ། |
| ཁ་གཡེང་མིག་གཡེང |
དབང་པོ་གཞན་ལ་གཡེང་བ་སྟེ། (དཔེར་ན།) ཁ་གཡེང་མིག་གཡེང་བྱས་ནས་བསྡད་ན་ལས་དོན་མི་འགྲུབ་ཅེས་པ་ལྟ་བུ། |
| ཁ་གཡེར་བ |
ཁ་རྒྱ་ཡངས་པའམ་ཁ་ཐེར་ཐེར་གྱི་དོན། |
| ཁ་གཡོ་ངོས་ལེན |
ཁ་ཙམ་གྱིས་ཁས་ལེན་བྱེད་པ། |
| ཁ་གཡོག་མཛུབ་འཁྲི |
ཁའི་གཡོག་པོ་མཛུབ་མོར་འཁྲི་བ་སྟེ། (དཔེར་ན།) འོས་བབས་འགན་འཁྲིའི་གཏམ་དཔེ། |
| ཁ་གཡོགས |
1.ཁ་གཅོད།2.སྟེང་དུ་གཡོག་རྒྱུའི་ཁེབས། |
| ཁ་གཤག |
1.ཚེམ་བུ་གཅིག་བརྒྱབ་ནས་གཡས་གཡོན་དུ་བསློགས་པའི་ཚེམ་སྲུབ་ཀྱི་མིང༌།2.དཀྱིལ་གཤག་སྟེ། (དཔེར་ན།) ཁག་གཉིས་སུ་སྙོམས་པོར་གཤག་པ། གདུང་མ་སྦོམ་པོ་ཁ་གཤག་བཏང་བ། ཅ་ལག་གང་ཡོད་ཚང་མ་ཕྱོགས་གཉིས་ལ་བགོ་བཤའ་སྟར་ག་ཁ་གཤག་བཏང་བ་ཞེས་པ་ལྟ་བུ། |
| ཁ་གཤགས |
ཁ་ཤགས་དང་འདྲ། |
| ཁ་གཤིབ་གྲོས་སྡུར |
དལ་དལ་ལྷིང་ལྷིང་གི་གྲོས་མོལ་བྱེད་པ་སྟེ། (དཔེར་ན།) དོ་བདག་ཕན་ཚུན་ཚང་འཛོམས་ཐོག་ནས་ཁ་གཤིབ་གྲོས་སྡུར་བརྟན་ལྷིང་བྱེད་པ། ཁ་གཤིབ་གཤིབ། ཁ་སྤུ་རུབ་རུབ་བྱས་ནས་གྲོས་སྡུར་གྱིས་ཐག་གཅོད་པ། |
| ཁ་གསག |
ལོག་འཚོ་ལྔའི་ནང་གསེས་ཤིག་སྟེ། (དཔེར་ན།) རང་ཕན་གྱི་དོན་དུ་གཞན་ལ་བསྟོད་ར་བྱེད་པའི་བྱ་སྤྱོད་ཀྱི་མིང་། |
| ཁ་གསང་པོ |
ཁ་ཡངས་པོའམ་འཁྲོལ་པོ་སྟེ། (དཔེར་ན།) སྐད་ཆ་ཁ་གསང་པོ་བཤད་ལྟ་བུ། |
| ཁ་གསངས |
སྐད་ཆ་འཛེམ་བག་མེད་པར་བཤད་པ་སྟེ། (དཔེར་ན།) ཞིབ་གསལ་ཁ་གསངས། ཁ་གསངས་ན་གོ་བདེ། ནམ་ལངས་ན་འགྲོ་བདེ་ཞེས་པ་ལྟ་བུ། |
| ཁ་གསབ |
སྣོན་མའི་དོན་ཏེ། (དཔེར་ན།) ཁ་གསབ་སྣོན་པ། ཁ་གསབ་རོགས་དངུལ་ལྟ་བུ། |
| ཁ་གསར་པ |
གསར་པའི་དོན་ཏེ། (དཔེར་ན།) གྱོན་པ་ཁ་གསར་ཞེས་པ་ལྟ་བུ། |
| ཁ་གསལ |
གཏམ་གསལ་པོའི་དོན་ཏེ། (དཔེར་ན།) ཇི་ལྟར་འགྲིག་མིན་ཁ་གསལ་བཤད་པ། བསམ་འཆར་གང་ཡོད་ཁ་གསལ་ཞུ་བ་ལྟ་བུ། |
| ཁ་གསལ་གཏིང་གསལ |
སེམས་ལ་གང་དྲན་ཁ་ནས་ཤོད་པ། |
| ཁ་གསེ་བ |
ཁ་གཤོག་པའམ་དུམ་བུར་གསིལ་བ། |
| ཁ་གསོ་བ |
1.རྙིང་པ་གསར་འཆོས་བྱེད་པ།2.མ་ཁེངས་པ་ལ་ཁ་སྣོན་པ།3.ཟས་ཀྱིས་གསོ་བ། |
| ཁ་གསོས |
ཁ་སྣོན་གྱི་དོན་ཏེ། (དཔེར་ན།) ཆུ་མར་འབབ་རྒྱ་མཚོའི་ཁ་གསོས་རེད་ཅེས་པ་ལྟ་བུ། |
| ཁ་གྱུ་བ |
ཁ་ཚུར་ལོག་པའམ་ཁ་ཚུར་ཕྱོགས་པ་སྟེ། (དཔེར་ན།) ཕར་འགྲོ་བཞིན་དུ་ཚུར་ཁ་གྱུ་བ་ཞེས་པ་ལྟ་བུ། |
| ཁ་གྱེས་པ |
1.ལོགས་སུ་བྱེ་བ་སྟེ། (དཔེར་ན།) མ་སྨད་སོ་སོར་ཁ་གྱེས་པ།2.སིལ་བུར་འཐོར་བ་སྟེ། (དཔེར་ན།) སྤྱང་ཀི་འོང་བས་ར་ལུག་གི་ཁྱུ་ཚོགས་ཁ་གྱེས་པ། རྒྱ་ཁྲ་ཧོར་པ་མཐོང་ནས་བྱེའུའི་ཁྱུ་ཚོགས་འདྲོགས་ཏེ་ཁ་གྱེས་པ་ལྟ་བུ། |
| ཁ་གྱོང་པོ |
གཏམ་སྨྲ་ཤུགས་ཆེན་པོའམ་ཁ་རྩོད་བྱེད་པར་དགའ་བ། |
| ཁ་གྱོན |
ནང་གོས་ཀྱི་ཁ་ལ་གོན་རྒྱུའི་སྟེང་གོས། |
| ཁ་གྲག་པ |
1.སྐད་ཆ་བཤད་པའི་དོན་ཏེ། (དཔེར་ན།) ཚོགས་འདུ་འཚོག་དུས་སྦ་གསང་སྦུག་གསུམ་མེད་པར་ཁ་གྲག་པ།2.གཏམ་ལན་སྟེར་བའི་དོན་ཏེ། (དཔེར་ན།) ན་ཚུན་ཁ་ཅང་མི་གྲག་པ། |
| ཁ་གྲངས |
གྲངས་ཀའི་སྤྱི་སྡོམ་གྱི་མིང་སྟེ། (དཔེར་ན།) ཕྱུགས་ཀྱི་ཁ་གྲངས་བརྩིས་ལྟ་བུ། |
| ཁ་གྲམ་པ |
1.ལོགས་སུ་གྱེས་པའི་དོན་ཏེ། (དཔེར་ན།) ཚོགས་འདུ་གྲོལ་ནས་སོ་སོའི་ཁྱིམ་དུ་ཁ་གྲམ་པ་ཞེས་པ་ལྟ་བུ།2.སིལ་བུར་འཐོར་བའི་དོན་ཏེ། (དཔེར་ན།) ཤིང་ལོ་རླུང་གིས་གཏོར་ནས་ཕྱོགས་ཕྱོགས་སུ་ཁ་གྲམ་པ། |
| ཁ་གྲུ |
1.ཁའི་གཡས་གཡོན་གྱི་ཟུར་ཁུག་གཉིས།2.རྒྱ་ཁྱོན། |
| ཁ་གླལ་བ |
གཡལ་སྟོང་རྒྱག་པ། |
| ཁ་གླིང |
1.ཁ་ཆེ་དང་གླིང་གཉིས་འཁྲུག་པའི་གེ་སར་སྒྲུང་གི་སྡེ་ཚན་ཞིག2.འཕྲེད་གླིང་ལ་ཡང་ཁ་གླིང་ཟེར། |
| ཁ་ངན |
ཚིག་ངན་པའམ་ཚིག་རྩུབ་མོའི་དོན་ཏེ། (དཔེར་ན།) ཁ་ངན་གཏམ་ངན། ཚུར་ཁ་ངན་བརྗོད་པར་ཕར་ཁ་ངན་སློག་པ་ཞེས་པ་ལྟ་བུ། |
| ཁ་ངལ |
ཁ་ཐང་ཆད་པ་སྟེ། (དཔེར་ན།) མི་ཉན་པ་ལ་བཤད་པ་ཁ་ངལ་རོགས་རེད་ཅེས་པ་ལྟ་བུ། |
| ཁ་ངོ |
ཁ་དང་ངོ་། |
| ཁ་ངོམས་གྲོད་འགྲངས |
ལྟོགས་སྐོམ་ལས་གྲོལ་བའི་དོན་ཏེ། (དཔེར་ན།) རང་ཉིད་ཁ་ངོམས་གྲོད་འགྲངས་ཡོང་ཐབས་བྱ་རྒྱུ་ལས་གཞན་གྱི་སྐྱིད་སྡུག་མི་ལྟ་བ་ཞེས་པ་ལྟ་བུ། |
| ཁ་ཅིག |
(ཚབ་ཚིག) ངེས་བཟུང་མེད་པའི་མི་ག་གེ་མོ་སྟེ། (དཔེར་ན།) ཁ་ཅིག་གིས་དེ་ལྟར་བཤད་ཅིང་ཁ་ཅིག་གིས་འདི་ལྟར་བཤད་པས་གང་ཡིན་བརྟག་དཔྱད་གཏོང་དགོས་ལྟ་བུ། |
| ཁ་ཅོལ |
གང་བྱུང་མང་བྱུང་བཤད་པའི་ཁ་ལང་ཤོར་བ། |
| ཁ་ཆ |
ཁ་འཕྲིན་ནམ་ངག་བསྐུར་གྱི་དོན་ཏེ། (དཔེར་ན།) ཁོ་ལ་ཁ་ཆ་ཞིག་བཏང་བ་ཡིན་ལྟ་བུ། |
| ཁ་ཆག |
1.འགྲམ་མམ་མཐའ་ལ་ཆག་སྐྱོན་ཡོད་པའི་དོན་ཏེ། (དཔེར་ན།) དཀར་ཡོལ་ཁ་ཆག་ཅེས་པ་ལྟ་བུ། 2.ཁ་ནས་གཏམ་མི་ལེགས་པའམ་བཀྲ་མ་ཤིས་པ་བཤད་མཁན་ནམ་དུས་རྒྱུན་བྱ་ངན་སྤྱོད་ངན་བྱེད་མཁན་གྱི་མི་སྟེ། (དཔེར་ན།) མི་ཁ་ཆག་ཅེས་པ་ལྟ་བུ། |
| ཁ་ཆག་པ |
1.སྣོད་སྤྱད་སོགས་ཀྱི་ཁ་གྲམས་པ།2.ཉུང་དུ་བྲི་བ། |
| ཁ་ཆག་སྣ་རལ |
གྲ་མ་འགྲིག་པ་མང་པོ་བྱུང་བའི་དཔེ་སྟེ། (དཔེར་ན།) ལས་དོན་གང་བྱེད་ཀྱི་སྔོན་དུ་ཐབས་ཇུས་ལེགས་པར་བཏིང་ན་ཁ་ཆག་སྣ་རལ་གྱི་འཐུས་ཤོར་ཡོང་མི་སྲིད་ཅེས་པ་ལྟ་བུ། |
| ཁ་ཆད |
གཏན་འཁེལ་བའི་ཐ་ཚིག་སྟེ། (དཔེར་ན།) ཁ་ཆད་དོན་ལ་གནས་པ། ཁ་ཆད་མེད་པའི་མགོ་བཏགས་ཞུས་པ་ལྟ་བུ། |
| ཁ་ཆབ |
(བརྡ་རྙིང།) 1>ཁ་ཆུ། 2>ཆང་སླ་པོ། |
| ཁ་ཆར |
1.ཁ་བ་དང་ཆར་པའི་བསྡུས་མིང༌།2.གངས་མ་ཆར། |
| ཁ་ཆིངས |
ཁུག་མ་སོགས་ཀྱི་ཁ་སྡོམ་བྱེད། |
| ཁ་ཆུ |
1.ཁའི་མཆིལ་མ།2.ཁ་བ་ཞུ་བའི་ཆུ།3.ཞོའི་ཁ་ཆུ།4.བལ་གྱི་སྤུ་རྐང་རིང་པོའི་གྲས།5.ཤིང་གཤོག་སྐབས་གས་གསེབ་ཏུ་འཇུག་རྒྱུའི་རྩབ་བམ་ཤིང་ཕུར་སོ་ལེབ་ཅན་གྱི་མིང་ (དཔེར་ན།) བཤགས་ཀྱང་མ་གས་ན་ཁ་ཆུས་ཕུག་ཅེས་པ་ལྟ་བུ། |
| ཁ་ཆུང་བ |
1.རྟ་ཕྱུགས་སོགས་ན་སོ་གཞོན་པ།2.སྣོད་སོགས་ཀྱི་ཁ་ཆུང་བ། |
| ཁ་ཆེ |
1.ཀསྨིར་ཏེ། བོད་ཀྱི་ནུབ་ཕྱོགས་སུ་ཡོད་པའི་ཡུལ་ཞིག་གི་མིང༌། ཀ་ཤི་སྨིར་ཡང་ཟེར། 2.དབྱི་སི་ལེན་ཆོས་ལུགས་པར་ཡང་ཁ་ཆེ་ཟེར། |
| ཁ་ཆེ་གུར་ཀུམ |
རྩི་སྨན་གྱི་ནང་ཚན་གུར་ཀུམ་རིགས་ལྔའི་ནང་ནས་མཆོག་ཏུ་གྱུར་པ་ཁ་ཆེའི་ཡུལ་དུ་སྐྱེ་བས་ན་ཡུལ་གྱི་མིང་མེ་ཏོག་ལ་ཐོགས་པ་རོ་མངར། ནུས་པ་བསིལ། མཆིན་ནད་སེལ། རྩ་ཁ་སྡོམ། ཟུངས་ཁྲག་གསོ། |
| ཁ་ཆེ་པཎ་ཆེན |
ཁ་ཆེའི་ཡུལ་གྱི་མཁས་པ་ཆེན་པོ། |
| ཁ་ཆེ་པཎ་ཆེན་ཟླ་བ་མངོན་དགའ |
རྒྱ་གར་ནུབ་ཕྱོགས་ཁ་ཆེའི་ཡུལ་དུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་རིག་གནས་སྤྱི་དང༌། ཁྱད་པར་དུ་གསོ་བ་རིག་པ་ལ་མཁས་པར་སྦྱངས། སློབ་དཔོན་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པ་ཆེན་པོ་དང༌། དེ་ལ་འཇུག་པ། སྙིང་པོ་བསྡུས་པ་རྣམས་དང༌། ཙ་ར་ཀ་འབུམ་སྡེ་སོགས་གསོ་རིག་གི་གཙུག་ལག་མཐའ་ཀླས་པར་བརྟེན་ཅིང༌། རང་ཉིད་ཀྱི་རྣམ་དཔྱོད་རིག་པའི་ལམ་ནས་དྲངས་ཏེ། སྙིང་པོ་བསྡུས་པ་རྒྱས་པར་འགྲེལ་བར་ཚིག་དོན་ཟླ་ཟེར་དང༌། དེའི་སྨན་མིང་ཟུར་དུ་བཀོལ་བར་སྒྲ་སྦྱོར་ངེས་པ་སོགས་མཛད། |
| ཁ་ཆེ་བྱེ་བྲག་སྨྲ་བ |
སྔར་ཁ་ཆེའི་ཡུལ་དུ་དར་བའི་ནང་པ་སངས་རྒྱས་པའི་གྲུབ་མཐའ་བྱེ་བྲག་སྨྲ་བའི་ནང་ཚན་ཞིག |
| ཁ་ཆེ་ཤ་ཁ་མ |
ཁ་ཆེ་གུར་ཀུམ་དང་དོན་གཅིག |
| ཁ་ཆེ་ཤ་སྐམ་མ |
ཁ་ཆེ་གུར་ཀུམ་དང་དོན་གཅིག |
| ཁ་ཆེ་སྐྱེས |
(མངོན་བརྗོད།) གུར་ཀུམ། |
| ཁ་ཆེམས |
འཆི་ཁར་འཇོག་པའི་མངག་གཏམ་ཏེ། (དཔེར་ན།) ང་ཡི་ཁ་ཆེམས་མ་བརྗེད་ཉམས་སུ་ལོངས་ཞེས་པ་ལྟ་བུ། |
| ཁ་ཆེམས་རླུང་བསྐུར |
ངན་སྤྱོད་གསང་མི་ཐུབ་པའི་གཏམ་རྒྱུད་ཅིག་སྔར་ཆོམ་པོ་བ་ཞིག་གིས་ནོར་ལྡན་ཞིག་གསོད་ཁར་ནོར་ལྡན་དེས་ང་གསོད་མཁན་མི་དེ་རེད་ཅེས་རླུང་ཕྱོགས་ལ་ཁ་གཏད་དེ་བཤད། ལོ་མང་སོང་རྗེས་ཆོམ་པོ་བས་སྔར་དེ་འདྲ་བྱུང་ཚུལ་བཤད་པས་བསད་པའི་མི་དེའི་ནང་མིས་གོ་ནས་ཆོམ་པོ་བའང་བསད་པ་རེད། |
| ཁ་ཆོས |
ཁས་བཤད་པ་ཙམ་ལས་དོན་དུ་ལག་ལེན་མི་བྱེད་པའི་ཆོས་གཏམ། ལག་ལེན་མི་བྱེད་པར་ཁ་ནས་བཤད་པའི་སྐད་ཆ་སྟོང་བའི་མིང་། |
| ཁ་ཉམས་ལྕེས་དཔྱད |
ནང་རྒྱུས་ནང་གིས་བརྟག་པའི་དོན་ཏེ། (དཔེར་ན།) ཁ་ཉམས་ལྕེས་དཔྱད་བྱས་པའི་སྒོ་ནས་ལས་དོན་འཐུས་ཤོར་མེད་པར་སྒྲུབ་དགོས་ལྟ་བུ། |
| ཁ་ཉིན |
ཁ་སང་གི་སྔ་ཉིན། |
| ཁ་ཉུང |
(རྒྱན་ཚིག) སྐད་ཆ་མང་པོ་མི་བཤད་པའི་དོན་ཏེ། (དཔེར་ན།) ཁ་ཉུང་བྱ་ཉུང་ཞེས་པ་ལྟ་བུ། |
| ཁ་ཉུང་བ |
སྐད་ཆ་ཉུང་ཉུང༌གི་དོན་ཏེ། (དཔེར་ན།) ཁ་ཉུང་ལག་གཙང༌། ཁ་ཉུང་ཚིག་འདུས་ཞེས་པ་ལྟ་བུ། |
| ཁ་ཉུལ |
སྐད་ཆ་སྔོག་ཐབས་ཀྱི་དོན་ཏེ། (དཔེར་ན།) གཞན་བསམ་ཁ་ཉུལ་བྱེད་པ་ཞེས་པ་ལྟ་བུ། |
| ཁ་ཉེར་ཉེར |
ཡིད་ལ་མི་འཐད་པའི་རྣམ་འགྱུར་ཁ་ཉེར་ཉེར་བྱེད་པ། |
| ཁ་ཊྭཱཾ་ག |
དབྱུག་ཏོའི་རྩེར་ཐོད་སྐམ་གསུམ་བརྩེགས་སྟེང་ལྕགས་ཀྱི་རྩེ་གསུམ་ཅན་གྱི་ཕྱག་མཚན་ཞིག |
| ཁ་ཏ |
1.བསླབ་བྱའི་དོན་ཏེ། (དཔེར་ན།) ཁ་ཏས་བློ་འགུགས། ཁ་ཏ་སྐུལ་ལྕག མི་ཉན་པ་ལ་ཁ་ཏ་བྱེད་པ་དེ། ཀོ་བ་སྐམ་པོ་ལག་པས་མཉེད་ལས་དཀའ།2.(བརྡ་རྙིང་།) གཅེས་པར་འཛིན་པའམ་གཅེས་སྤྲས། |
| ཁ་ཏ་བ |
བསླབ་བྱ་བྱེད་པ་པོ། |
| ཁ་ཏ་བསླབ་བྱ |
གྲོས་འདེབས་སློབ་སྟོན། |
| ཁ་ཏི་ཁ་བ |
མཚོ་སྔོན་ཁོངས་གཏོགས་རྗེ་ཙོང་ཁ་པའི་དངོས་སློབ་བྱང་བླ་མས་བཏབ་པ་རྗེ་ཙོང་ཁ་པས་མ་ཡུམ་ལ་བསྐུར་བའི་འདྲ་ཐང་དངོས་མ་གསུང་འབྱོན་དུ་གྲགས་པ་དགོན་པ་འདི་ན་བཞུགས། |
| ཁ་ཏིག |
རོ་ཁ་བ། |
| ཁ་ཏོག |
རྒྱུན་ཟས་མིན་པའི་དུས་ངེས་མེད་དུ་བཟའ་རྒྱུའི་རིགས། |
| ཁ་ཏོན |
ངག་འདོན་ནམ་རྒྱུན་ཀློག་གི་ཆོས། |
| ཁ་ཐག་ཤང་པོ |
ཁ་གསང་པོའམ་ངག་སྒོ་ཡང་པོ། |
| ཁ་ཐབས |
འཇོན་ཐང་དང་ནུས་པའི་དོན་ཏེ། (དཔེར་ན།) དཔལ་འབྱོར་གྱི་ཁ་ཐབས་ལེགས་པ། མི་དེའི་ཁ་ཐབས་སྐྱོ་པོ་རེད་ཅེས་པ་ལྟ་བུ། |
| ཁ་ཐལ |
ཐུག་ཐལ་ལམ་ཐུག་རྩམ་གྱི་དོན་ཏེ། (དཔེར་ན།) འབྲས་ཐུག་སྐོལ་དུས་ཁ་ཐལ་འདེབས་སྲོལ་ཡོད། |
| ཁ་ཐལ་བ |
1.བཤད་སྔ་དྲགས་པའམ་གཏམ་ཤོར་བ།2.རྟ་སོགས་བང་ཁ་ཤོར་བ། |
| ཁ་ཐིའི་རིས་ཅན |
རི་མོ་སྒོར་སྒོར་གྱི་དཀྱིལ་དུ་གྲུ་བཞི་ཡོད་པ་སྔ་དུས་ཀྱི་དོང་ཙེའི་རི་མོ་ཅན་གྱི་ཁ་གདན་སོགས། |
| ཁ་ཐུག |
1.ཐད་ཀ་དང་དྲང་པོའི་དོན་ཏེ། (དཔེར་ན།) ལམ་ཁ་ཐུག་ཏུ་སོང་ན་ཐག་ཉེ། གཏམ་ཁ་ཐུག་ལ་བཤད་ན་གོ་སླ། ལས་དོན་གང་བྱུང་ཡང་ཁ་ཐུག་སོ་སོར་བྱེད་དགོས།2.དོ་བདག་གཉིས་མོས་ཀྱིས་བཟའ་ཚང་བྱས་པའི་དོན་ཏེ། (དཔེར་ན།) ཁོ་གཉིས་ཁ་ཐུག་ནས་ལོ་མང་པོ་སོང༌ལྟ་བུ།3.སྟབས་ཁེལ་བའི་དོན་ཏེ། (དཔེར་ན།) ཁྱེད་རང་འདིར་ཕེབས་པ་དང་ཁ་ཐུག་འཁེལ་སོང༌། ཁ་ཐུག་གདོང་ཐུག་ཅེས་པ་ལྟ་བུ། |
| ཁ་ཐུམ |
1.སྣོད་སྤྱད་ཀྱི་ཁ་ཐུམ།2.(ཡུལ་སྐད།) གྱོན་པའི་མཐའ་འགྲིལ་གྱི་མིང་སྟེ། (དཔེར་ན།) རས་ཁ་གང་ལ་ཁ་ཐུམ་བརྒྱབ་ཅེས་པ་ལྟ་བུ། |
| ཁ་ཐེག |
ཁག་ཐེག་གི་འབྲི་ཚུལ་གཞན། |
| ཁ་ཐེར་ཐེར |
1.དགོད་འཚེར་འཚེར།2.སྣོད་ཀྱི་ཁ་རྒྱ་ཡངས་པའི་དོན་ཏེ། (དཔེར་ན།) སྡེར་མ་ཁ་ཐེར་ཐེར་ཞིག་ཏུ་ཤིང་ཐོག་བསྒྲིགས་པ། ཇ་དམ་ཁ་ཐེར་ཐེར་ཞེས་པ་ལྟ་བུ། |
| ཁ་ཐོག |
ཕྱི་ངོས་སམ་ཚིག་ཙམ་གྱི་དོན་ཏེ། (དཔེར་ན།) ཁ་ཐོག་གི་ཚིག་དོན་ཐོག་ལ་འཇོག་པ་ཞེས་པ་ལྟ་བུ། |
| ཁ་ཐོག་ལག་བཞག |
ཚིག་ཐོག་དོན་གནས་ཀྱི་དཔེ་སྟེ། (དཔེར་ན།) ལས་དོན་གང་ཡིན་ཡང་ཁ་ཐོག་ལག་བཞག་ཅིག་བྱེད་དགོས། |
| ཁ་ཐོགས |
ཁ་བཏགས་ནས་ཐོགས་པའམ། ཚང་མ་གསོད་ཐུབ་པ། |
| ཁ་ཐོན་པ |
(ཡུལ་སྐད།) ཁ་སོས་པ། |
| ཁ་ཐོར |
1.ཆ་མི་ཚང་བའམ་སོ་སོར་གྱེས་པའི་མི་དང་དངོས་རྫས་ཀྱི་མིང་སྟེ། (དཔེར་ན།) དཔེ་ཧྲུལ་ཁ་ཐོར། ལྷུ་ལག་ཁ་ཐོར་རྣམས་ལྷན་དུ་བསྒྲིགས་ལྟ་བུ། 2.ཁའི་བད་ཐོར་རམ་ཤུ་ཐོར། |
| ཁ་ད་ཆད |
(བརྡ་རྙིང།) ཁ་དང་མཉམ་པའི་དོན་ཏེ། (དཔེར་ན།) འབྲུ་རིགས་ཀྱིས་བང་མཛོད་ཁ་ད་ཆད་དུ་གང་བ། |
| ཁ་དཀར་ཁོག་ནག |
སྐད་ཆ་འཇམ་ལ་བསམ་པ་ངན་པ། |
| ཁ་དཀར་གཏིང་ནག |
ཁ་དཀར་ཁོག་ནག་དང་དོན་གཅིག |
| ཁ་དཀར་པོ |
1.སྐད་ཆ་བཀྲ་ཤིས་པ།2.མདོག་དཀར་རྐྱང༌། |
| ཁ་དཀྲི |
མགོ་དང་སྐེ་དཀྲི་བྱེད་ཀྱི་རས་དང་སྣམ་བུ་སོགས་ཀྱི་མིང་། |
| ཁ་དཀྲིས |
སྐེ་ལ་དཀྲི་བྱའི་རས་སམ་ཁ་དཀྲི་བྱེད། |
| ཁ་དག |
1.ཁ་འགྲིག་སོ་འགྲིག་གི་དོན་ཏེ། (དཔེར་ན།) ནོར་དང་བུ་ལོན་ཁ་དག་ཏུ་འགྱུར་བ།2.བརྡ་རྙིང 1> ཚང་མ་ཤི་བ། 2>ཉམ་ཐག་པ། |
| ཁ་དགའ་ངོ་དགའ |
1.ཞེ་ནས་མི་དགའ་ཡང་དགའ་མདོག་བྱེད་པ།2.མི་ལ་ཁ་སྙན་ངོ་འཛུམ་བྱེད་པ། |
| ཁ་དགའ་ངོ་བསྟོད |
ཞེ་ནས་མི་དགའ་ཡང་ཁ་ནས་དགའ་ཚུལ་གྱིས་བསྟོད་ར་བྱེད་པ། |
| ཁ་དངོམ་པ |
ང་རྒྱལ་གྱིས་ཁ་བདེ་ངོམ་སོ་བཤད་པའི་དོན་ཏེ། (དཔེར་ན།) ལག་ལེན་མེད་པར་བཏང་བཏང་བྱུང་བྱུང་གིས་ཁ་དངོམ་པ་ཞེས་པ་ལྟ་བུ། |
| ཁ་དན |
འགྱུར་མེད་གཏན་ཁེལ་གྱི་ཐ་ཚིག་སྟེ། (དཔེར་ན།) ཁ་དན་ཚིག་ལ་མ་གནས་ན་མཐའ་མཇུག་ཅི་འབྱུང་མི་ཤེས། ཁ་དན་དུས་འགྱངས། ཕན་ཚུན་བཙན་གནོད་མི་བྱེད་པའི་ཁ་དན་བཞག་ཅེས་པ་ལྟ་བུ། |
| ཁ་དཔེ |
1.གཏམ་དཔེ། ཁ་དཔེ་ཉན་ན་གོ། རི་མོ་བལྟས་ན་རིག2.ཡུལ་གྲུ་ལ་ལར་སྔར་གྱི་སྒྲུང་གཏམ་ལ་ཁ་དཔེ་ཟེར། |
| ཁ་དཔྱ |
འཕྱ་སྨོད་བྱེད་པ། |
| ཁ་དབང |
1.གཏམ་བཤད་པའི་ནུས་སྟོབས་ཀྱི་དོན་ཏེ། (དཔེར་ན།) དེ་རིང་གྲོས་བསྡུར་གྱི་དོན་རྣམས་ཁོའི་ཁ་དབང་དུ་ཕྱིན་སོང༌ལྟ་བུ།2.མི་སྒེར་གྱི་རྒྱུ་ནོར་ལོངས་སྤྱོད་ཀྱི་མིང་སྟེ། (དཔེར་ན།) ཁ་དབང་གཞུང་བཞེས་ཞེས་པ་ལྟ་བུ།3. བཤད་པ་ལ་མཁས་པའི་ཡོན་ཏན་གྱི་མིང་སྟེ། (དཔེར་ན།) མི་ཁ་དབང་ཅན། བློན་ཁ་དབང་ཆེ་ཡང་རྒྱལ་ལ་བསྟུན་ཞེས་པ་ལྟ་བུ། |
| ཁ་དབང་དཔུང་ཤུགས |
ཁ་ནས་ཤོད་པའི་དབང་ཆ་དང༌། གཞན་ནོན་པར་བྱེད་པའི་དཔུང་ཤུགས། |
| ཁ་དབྲག |
1.རྩ་བ་གཅིག་ནས་ཁག་གཉིས་གསུམ་དུ་གྱེས་པའི་དོན་ཏེ། (དཔེར་ན།) ཆུ་ཁ་དབྲག ལམ་ཁ་དབྲག རྨིག་པ་ཁ་དབྲག ཤིང་གི་ཡལ་ག་ཁ་དབྲག་ཅེས་པ་ལྟ་བུ།2.ཤ་གསེབ་མདེའུ་ཡོད་མེད་བརྟག་བྱེད་ཟླུམ་པོ་ཁ་དབྲག་དབྱིབས་ཅན་གྱི་ཐུར་སྤྱད་ཅིག3. ཁ་བྲག་གི་འབྲི་ཚུལ་གཞན། |
| ཁ་དམ |
(རྒྱན་ཚིག) ཁ་ནས་གང་བྱུང་མི་བཤད་པའི་དོན་ཏེ། (དཔེར་ན།) ཁ་དམ་གསང་ཚུགས་ཞེས་པ་ལྟ་བུ། ཚིག་གོ་དཀའ་བའི་དོན་ཏེ། སྙན་ཚིག་ཁ་དམ་པ། ཁ་དམ་པོ་ཞེས་པ་ལྟ་བུ། |
| ཁ་དམ་པོ |
1.གཏམ་ཆེར་མི་བཤད་པ།2.གསང་ཚིག་ཐུབ་པ།3.ཁ་གཅོད་འགྲིག་པོའམ་དམ་པོ། |
| ཁ་དམར |
1.རྩིས་པའི་བབས་འབྲས་ལེགས་ཉེས་ཅི་འགྱུར་གསལ་ཁ་སྟོན་པའི་མ་འོངས་ལུང་བསྟན།2.(བརྡ་རྙིང་།) ཁག་ཐེག་གི་དོན།3. ནད་ཀྱི་རྟགས་ལ་བརྟེན་ནས་འཚོ་འཆི་སོགས་ཁ་ཚོན་བཅད་པའི་ཚིག་གི་མིང་ ནད་ལ་ཁ་དམར་གདགས་པ། གཞི་རྩ་མ་ཤེས་ཁ་དམར་ལོག་པར་འགྲོ་ཞེས་པ་ལྟ་བུ། |
| ཁ་དམར་གདགས |
སྨན་པས་ནད་པ་ལ་ནད་འདི་ཡིན་དང་འཚོ་འཆི་འདི་འོང་ཞེས་གསལ་བར་ལུང་སྟོན་པའི་དོན། |
| ཁ་དམར་བ |
1. བྱེའུ་ཕྲུག་དང་བྱིས་པ་ཁ་དམར་བ།2. (བརྡ་རྙིང་།) ཁག་ཐེག་བྱེད་མཁན། |
| ཁ་དམར་འབྱེད་པ |
གྲོད་ཁོག་ཁ་གཤག་པ། |
| ཁ་དལ་སྤྱོད་དལ |
ལུས་ངག་གཉིས་ཀ་དལ་བ་སྟེ། (དཔེར་ན།) ཁ་དལ་བས་གང་བྱུང་ཤོད། ལུས་ཁོམ་སྟེ་གང་བྱུང་བྱེད་ལྟ་བུ། |
| ཁ་དི་ར |
སེང་ལྡེང་ཤིང་གི་མིང་གི་རྣམ་གྲངས་ཤིག |
| ཁ་དིག |
ལྕེ་དིག་པ་སྟེ་ཚིག་གསལ་པོ་སྨྲ་མི་ཐུབ་པ། |
| ཁ་དིག་དིག |
སྒྲ་མི་གསལ་བའམ་གཏམ་ཐོན་དཀའ་བའི་ངག་དིག་ལྐུགས། |
| ཁ་དིག་ལྕེ་རེངས |
སྐད་ཆ་སྒྲ་དག་སྒྲོས་གཙང་ཤོད་མི་ཐུབ་པ། |
| ཁ་དུག་ཅན |
(མངོན་བརྗོད།) 1>སྦྲུལ། 2>དུག་སྦྲང༌། |
| ཁ་དུམ་པ |
གྲོས་མཐུན་པའི་དོན་ཏེ། (དཔེར་ན།) དོན་གནད་འདི་ལ་ང་ཚོ་ཚང་མ་ཁ་དུམ་པ་ཡིན་ཞེས་པ་ལྟ་བུ། |
| ཁ་དུལ་པོ |
1.ངག་འཇམ་པོ། 2.རྟ་སོགས་ལེགས་པར་ཐུལ་བའི་ལྷིང་པོ། |
| ཁ་དེབ་ཚད་འཛིན |
ཡིག་རིགས་སོགས་རྩ་བ་འཛིན་ས་མེད་པར་ཁ་ནས་གང་བཤད་ལ་ཆ་འཇོག་པའི་དོན་ཏེ། (དཔེར་ན།) ཁ་དེབ་ཚད་འཛིན་དུ་མ་གྱུར་པར་ཞིབ་བརྩད་བྱེད་པ་གལ་ཆེ་ཞེས་པ་ལྟ་བུ། |
| ཁ་དོག |
1.སྔོ་སེར་དཀར་དམར་སོགས་ཚོན་མདོག་སྤྱིའི་མིང་སྟེ། ཁ་མདོག་ཀྱང་འབྲི། 2.(རྒྱན་ཚིག) ཁ་དོག་མོ་ཡིན་པའི་དོན་ཏེ། (དཔེར་ན།) སྣོད་འདི་ཧ་ཅང་ཁ་དོག་ལྟ་བུ། |
| ཁ་དོག་གི་གཟུགས |
ཁ་དོག་དང་དོན་གཅིག |
| ཁ་དོག་གི་ཟིལ་གནོན་བཞི |
ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་ཀྱི་ནང་གསེས། སྔོ་སེར་དཀར་དམར་ཟིལ་གནོན་བཞི་ཏིང་ངེ་འཛིན་གྱིས་ཁ་དོག་རང་ཉིད་འོད་དང་ལྡན་པ་དང་གཞན་སོ་སོར་དམིགས་པས་སྤྲུལ་བསྒྱུར་ལ་དབང་བས་ཟིལ་གྱིས་གནོན་པའོ། ། |
| ཁ་དོག་ཆེན་པོ |
(མངོན་བརྗོད།) གསེར་གྱི་མིང་། |
| ཁ་དོག་པོ |
ཁ་ཆུང་ཆུང༌། |
| ཁ་དོག་མཆོག |
(མངོན་བརྗོད།) བུད་མེད་མཆོག |
| ཁ་དྲག་དབང་བཙན |
ཁ་ཤུགས་ཆེ་བ་དང༌། དབང་ཤེད་ངོམས་པ། |
| ཁ་དྲག་པོ |
གཏམ་ཤུགས་བཙན་པོའི་དོན་ཏེ། (དཔེར་ན།) རང་ལ་བདེན་པ་མེད་ན་ཇི་ལྟར་ཁ་དྲག་པོ་བྱས་ཀྱང་ཉན་མཁན་མེད་ཅེས་པ་ལྟ་བུ། |
| ཁ་དྲང་པོ |
དངོས་འབྲེལ་དྲང་འབྲེལ་གྱི་སྐད་ཆ། |
| ཁ་དྲངས |
སྣེ་ཁྲིད་པའི་དོན་ཏེ། (དཔེར་ན།) སྙན་སྙན་འཇམ་འཇམ་བཤད་དེ་བྱིས་པ་གཞོན་ནུ་རྣམས་ལམ་བཟང་པོར་ཁ་དྲངས་པ་ཞེས་པ་ལྟ་བུ། |
| ཁ་དྲལ |
འཇིག་པའམ་ཞིག་པ། |
| ཁ་དྲི |
སྐད་ཆའི་རྣམ་འགྱུར་གྱི་དོན་ཏེ། (དཔེར་ན།) ཚིག་རྩུབ་སྤངས་ཏེ་ཁ་དྲི་འཇམ་པོ་བྱས། གཏོང་ཕོད་ཆེ་བ་ལས། ཁ་དྲི་གཤིན་པ་དེ་གལ་ཆེ་ཞེས་པ་ལྟ་བུ། |
| ཁ་དྲོ |
1.སྨོན་ཚིག་སྟེ། (དཔེར་ན།) གར་སོང་ཁ་དྲོ་ལྟ་བུ། 2.བྱ་བ་ལམ་འགྲོ་བྱུང་བའི་དོན་ཏེ། (དཔེར་ན།) དམངས་དོན་ཅི་བྱས་ཁ་དྲོ། སྒེར་དོན་བསྒྲུབས་ནས་ཁ་མ་དྲོ་ཞེས་པ་ལྟ་བུ། |
| ཁ་དྲོ་པོ |
ཁ་དྲོ་བ་དང་འདྲ། |
| ཁ་དྲོ་བ |
བཀྲ་ཤིས་པའམ་ལེགས་པོ་འོང་བ། |
| ཁ་དྲོག |
1.གློ་བུར་དུ་བཟའ་བཏུང་རྙེད་པའི་སྐལ་བ། 2.གནས་སྐབས་སམ་ཁ་སྟོང་ཙམ་གྱི་ཕན་པ་སྟེ། (དཔེར་ན།) ཁ་དྲོག་ཆེ་ལ་གཏིང་དྲོག་ཆུང་ཞེས་པ་ལྟ་བུ། |
| ཁ་ན |
རག་ལས་ས་དང་ལྟོས་དགོས་སའི་མིང་སྟེ། (དཔེར་ན།) རྟའི་མགྱོགས་བུལ་གཟུགས་པོ་ཆེ་ཆུང་གི་ཁ་ན་མེད། ཡོན་ཏན་ཡོད་མེད་སློབ་སྦྱོང་བྱས་མ་བྱས་ཀྱི་ཁ་ན་ཡོད་ལྟ་བུ། |
| ཁ་ན་མ་ཐོ་བ |
ཉེས་ལྟུང་དང༌། སྡིག་པ་སོགས་སྡུག་བསྔལ་གྱི་འབྲས་བུ་འཕེན་པའི་ལས་ཏེ། (དཔེར་ན།) ཁ་ན་མ་ཐོ་མེད་པ། ཁ་ན་མ་ཐོ་ཆེ་བ་ལྟ་བུ། |
| ཁ་ན་མ་ཐོ་བ་གཉིས |
སྡིག་པ་མི་དགེ་བ་གཉིས་ཏེ། བཅས་པའི་ཁ་ན་མ་ཐོ་བ་དང༌། རང་བཞིན་གྱི་ཁ་ན་མ་ཐོ་བའོ། ། |
| ཁ་ན་མ་ཐོ་བའི་སྒྲིབ་པ |
མི་དགེ་བ་བཅུ་སོགས་སྡིག་པའི་ལས་ཏེ། དེ་ལ་ལས་ཀྱི་སྒྲིབ་པའང་ཟེར། ། |
| ཁ་ནག་པོ |
1.ཁ་དོག་ནག་པོ། 2.ཁ་མི་དྲོའམ་བཀྲ་མི་ཤིས་པ། |
| ཁ་ནང་དུ་ལྟ་བ |
1. གདོང་ཚུར་སྟོན་པ།2.སེམས་ནང་དུ་བསྐོར་བ་སྟེ་རང་གི་སྒོ་གསུམ་ལ་རང་གིས་རྟོག་དཔྱོད་བྱེད་པ། |
| ཁ་ནང་ལྕེ་རྒྱུས |
ཁ་ནང་དུ་གང་ཡོད་ལྕེ་ལ་རྒྱུས་ཡོད་ཟེར་བ་སྟེ། (དཔེར་ན།) ནང་ཁུལ་གྱི་རྒྱུས་ནང་ཁུལ་གྱི་མི་ལ་ཡོད་པའི་དཔེ། |
| ཁ་ནིང |
(ཡུལ་སྐད།) ཁར་སང་གི་སྔ་ཉིན། |
| ཁ་ནུབ |
ཁ་སང་གི་སྔ་ཉིན་དེའི་མཚན་མོ། |
| ཁ་ནེམ |
ཅུང་ཟད་རྙིང་པའི་དོན་ཏེ། (དཔེར་ན།) གྱོན་པ་ཁ་ནེམ་ཞིག་གོན་འདུག་ལྟ་བུ། |
| ཁ་ནོག་པ |
དྲི་མས་གོས་པ་སྟེ། (དཔེར་ན།) དྲི་མས་ཁ་ནོག་པའི་གྱོན་ཆས་རྣམས་བཀྲུས་ལྟ་བུ། |
| ཁ་ནོར་བ |
སྐད་ཆ་ཤོད་སྟངས་འཕྱུགས་པ། |
| ཁ་པ |
1.ཀ་ཀའི་རིམ་ལྟར་བསྒྲིགས་པའི་ཁ་ཡིག་གི་རྟགས་ཅན་ཏེ། (དཔེར་ན།) དེབ་ཁ་པའི་ནང་དུ་གསལ་པོར་འཁོད་ཡོད་ལྟ་བུ།2.ལེགས་སྦྱར་སྐད་ཀྱི་འཁྲུགས་སྡེབ་གསལ་བྱེད་ཧ་སའི་རེའུ་མིག་ནང་ཁ་ནས་པ་བར་གྱི་བསྡུས་མིང༌། 3.ཚོང་པ་ཕན་ཚུན་བར་འདུམ་འགྲིག་བྱེད་མཁན།4.གཏམ་བཤད་མཁས་པོ། |
| ཁ་པར |
གློག་དང་སྐུད་ལམ་ནས་ཕན་བརྡ་སྤྲོད་བྱེད་ཀྱི་ཅ་ལག་སྟེ། (དཔེར་ན།) ལག་འཁྱེར་ཁ་པར། ཁྱིམ་སྤྱོད་ཁ་པར་ལྟ་བུ། |
| ཁ་པོ |
1.རོ་ཁ་ཏིག་ཅན་ཏེ། (དཔེར་ན།) མར་རྙིང་པའི་ཇ་དེ་ཁ་པོ་འདུག ཚོད་མ་འདི་ཚྭ་ཁ་པོ་ཞིག་འདུག་ལྟ་བུ།2.ཚིག་རེ་གཉིས་ཀྱི་མཐར་སྦྱར་ན་དེ་དང་འདྲ་བར་སྟོན་པ་སྟེ། (དཔེར་ན།) རྫིག་མདོག་ཁ་པོ། མ་ཡིན་ཡིན་མདོག་ཁ་པོ་དེ། རྫུན་ཕུགས་རྡོལ་ན་དགའ་རྒྱུ་མེད་ཅེས་པ་ལྟ་བུ། |
| ཁ་པོ་ཆེ |
ཁ་ཤོབ་ཆེ་བ་སྟེ། (དཔེར་ན།) གཏམ་དོན་མི་མཚུངས་པའི་སྟོང་གཏམ་ཁ་པོ་ཆེ་བཤད་པ་ལྟ་བུ། |
| ཁ་ཕོ |
1.ཁ་ཤོབ་བམ་སྒྲོབ་བཤད་ཀྱི་དོན་ཏེ། (དཔེར་ན།) འུད་ཆེའི་ཁ་ཕོ་ཟློ་བ།2.ཡ་སོས་མ་མཆུ་གནོན་པའི་རྣམ་འགྱུར། |
| ཁ་ཕོའི་ཚིག |
ཕོ་བཟོའམ་རྫིག་གཏམ། |
| ཁ་ཕོར |
འཐུང་སྣོད་ཕོར་པ། |
| ཁ་ཕྱི |
ཁ་བཏགས་སྤུས་ཞན་ཞིག |
| ཁ་ཕྱིན་པ |
(བརྡ་རྙིང་།) གྲོས་མཐུན་པ། |
| ཁ་ཕྱིར་ལྟ་བ |
1.ཁ་ཕྱི་ལོགས་སུ་ཕར་ལྟ་བ།2.ཚུར་ཕྱི་མིག་ལྟ་བ།3.གཞན་སྐྱོན་འཚོལ་བའམ་གཞན་ལ་སྨོད་པ། |
| ཁ་ཕྱིས |
གདོང་ཕྱི་བྱེད་ཀྱི་རས། |
| ཁ་ཕྱེ |
སོ་སོར་ཕྱེས་པ་སྟེ། (དཔེར་ན།) དཔེ་དེབ་ཁ་ཕྱེ་ནས་ཡི་གེར་ལྟ་བ། ཀོ་སྒམ་གྱི་ཁ་ཕྱེ་སྟེ་གྱོན་ཆས་བཏོན་པ་ལྟ་བུ། |
| ཁ་ཕྱོགས |
1.ཕྱོགས་སྤྱིའི་ངོས་ཏེ། (དཔེར་ན།) ཁ་ཕྱོགས་སྒྱུར་བ། ཁ་ཕྱོགས་སྒྱུར་མཚམས་ལྟ་བུ།2.མདུན་ནམ་གདོང་གི་ཕྱོགས། |
| ཁ་ཕྲུ |
ཁའི་ནང་དུ་ཆུ་བཏུངས་ཏེ་ཕྱིར་གཏོར་བའི་ཟེགས་མ་སྟེ། (དཔེར་ན།) ས་ལ་ཁ་ཕྲུ་བཏབ་སྟེ་ས་རྡུལ་མནན་ལྟ་བུ། |
| ཁ་ཕྲུམ |
ཕྲུམ་རུས་ཏེ། (དཔེར་ན།) སོག་རུས་ཀྱི་ཁ་ཕྲུམ་ལྟ་བུ། |
| ཁ་བ |
1. (བྱེད་མེད་ལས་ཚིག) དྲི་མ་འཐུལ་བ་སྟེ། (དཔེར་ན།) མེ་ཏོག་གི་དྲི་བསུང་རྒྱང་རིང་དུ་ཁ་བ། 2.གངས་སམ་ཁ་བ་སྟེ། (དཔེར་ན།) ཁ་བ་སིབ་སིབ་འབབ་པ། རྡོ་ཚན་གྱི་སྟེང་དུ་ཁ་བ་བབ་པ། མིང་བསྡུས་ན་ཁ་ཞེས་འབྲི་ཆོག་ ཁ་བ་དང་ཆར་བ་ལ་ཁ་ཆར་ཟེར་བ་ལྟ་བུ། མིང་གི་རྣམ་གྲངས་ལ་གངས་དང༌། ཆར་སྐུ། མཆོད་བྱ་བཅས་སོ། །3.རོ་དྲུག་གི་ཡ་གྱལ་ཏེ་དོམ་མཁྲིས་ལྟ་བུའི་རྫས་གང་ཁར་རེག་པའི་ཚེ་ཁ་ཡི་དྲི་སྦྱང་ཞིང་ཡི་ག་མེད་པར་གྱུར་པའི་བྲོ་བ་ཞིག |
| ཁ་བ་ཅན |
1.གངས་ཡོད་པའི་ས་ཆ།2.གངས་ཅན་ཏེ་བོད་ཡུལ་གྱི་མིང༌། |
| ཁ་བ་ཆར་ལྡོག |
ཧོར་ཟླ་དང་པོའི་སྒང་ཚད་ལ་ཁ་བ་ཆར་དུ་འགྲོ་བའི་དུས་ཚིགས། |
| ཁ་བ་ཆུང |
ཧོར་ཟླ་བཅུ་པའི་སྒང་ལ་ཁ་བ་འབབ་པའི་མགོ་ཚུགས་པའི་དུས་ཚིགས། |
| ཁ་བ་ཆེ |
ཧོར་ཟླ་བཅུ་གཅིག་པའི་དབུགས་ཐོབ་ནས་ཁ་བ་ཆེ་བ་འབབ་པའི་དུས་ཚིགས། |
| ཁ་བ་རི་པ |
1.གངས་རིའི་ཁྲོད་དུ་སྡོད་མཁན།2.བོད་པའི་མིང༌། |
| ཁ་བཀག་པ |
1.སྐད་ཆ་ཤོད་དུ་མ་བཅུག་པ་སྟེ། (དཔེར་ན།) གཡོ་ཐབས་ཀྱིས་མིའི་ཁ་བཀག་པ་ལྟ་བུ།2.བུག་སྒོ་བཀག་པའི་དོན་ཏེ། (དཔེར་ན།) བུམ་པའི་ཁ་བཀག་ན་ཆུ་མི་འཕོ་ལྟ་བུ།3.འགྲོར་མ་བཅུག་པའི་དོན་ཏེ། (དཔེར་ན།) རྟ་ཁ་བཀག་པ་ལྟ་བུ། |
| ཁ་བཀུག |
1.གོས་ཀྱི་མཐའ་ནང་དུ་བཀུག་པའི་ཚེམ་སྲུབ།2.རྟ་རྒོད་པོ་སྲབ་ཁ་འཐེན་ཀྱང་མི་ཉན་པར་ཁ་སྒུར་བརྒྱབ་པའི་དོན་ཏེ། (དཔེར་ན།) རྟ་དྲེལ་སོགས་ཁ་བཀུག་བརྒྱབ་ཅེས་པ་ལྟ་བུ། |
| ཁ་བཀྲམ |
སྡེ་ཚན་དུ་བགོས་པ་སྟེ། (དཔེར་ན།) ཕྱུགས་ཁྱུ་ཁ་བཀྲམ་ནས་འཚོས་པ་ལྟ་བུ། |
| ཁ་བཀྲལ |
ལོགས་སུ་ཕྱེ་བ་སྟེ། (དཔེར་ན།) དངོས་རིགས་སྡེ་ཚན་རིས་མི་མཐུན་པ་རྣམས་སོ་སོར་ཁ་བཀྲལ་ཏེ་བཞག་ལྟ་བུ། |
| ཁ་བགྱིད་པ |
(བརྡ་རྙིང་།) ཁ་གཏོང་བ། |
| ཁ་བགྲད་མཆེ་གཙིགས |
ཁ་གདངས་ཤིང་མཆེ་བ་གཉེར་བ། |
| ཁ་བཅོལ་ངག་བཅོལ |
ཁ་འཕྲིན་བཅོལ་བའམ་བཞག་པ་སྟེ། (དཔེར་ན།) ངག་ཐོག་ནས་དོན་བཅོལ་བ་མ་བརྗེད་པར་གྱིས་ལྟ་བུ། |
| ཁ་བཏགས |
ཁ་དར་ཡང་ཟེར། བོད་དང་སོག་ཡུལ་ལ་དར་བའི་རྟེན་འབྲེལ་ཞུ་བ་དང་མཇལ་ཁ་སོགས་སུ་འབུལ་བའི་དར་ནར་མོའི་མིང་། འདི་ལ་ཚོན་མདོག་སྣ་ཚོགས་ཡོད་ལ། བོད་ལ་དཀར་པོ་དང་སོག་པོ་ལ་སྔོན་པོ་དར་སྲོལ་ཆེ། ནང་མཛོད་དང༌། ཨ་ཤེ། ཟུབ་ཤེ། བསོད་བཏགས་སོགས་ཡོད། |
| ཁ་བཏགས་ཉིན་མོ་བདེ་ལེགས |
ཉིན་མོ་བདེ་ལེགས་ཞེས་པའི་ཡི་གེ་འཐག་དྲུབ་ཅན་གྱི་དར་རིགས་ཤིག (དཔེར་ན།) ཁ་བཏགས་ཉིན་མོ་བདེ་ལེགས་ཤིག་ཕུལ་ལྟ་བུ། |
| ཁ་བཏགས་པ |
1.མཐུ་ཆུང་ངུར་བྱས་པ།2.ཡོངས་རྫོགས་སམ་མང་པོ་བསད་པ་སྟེ། (དཔེར་ན།) ཁྱི་ར་བས་རི་དྭགས་ཁ་བཏགས་པ་ལྟ་བུ། |
| ཁ་བཏུལ |
རྟ་སོགས་བཏུལ་ཏེ་ཞོན་དུ་རུང་བར་བྱས་པ། |
| ཁ་བད |
1.པུ་ཤུའམ་མདའ་ཡབ།2.ལན་ཀན། |
| ཁ་བད |
ཁང་བ་དང་ཡོ་བྱད་ཀྱི་མཐའི་ར་བའི་མིང་སྟེ། (དཔེར་ན།) ཁང་བ་ཤིང་གི་ཁ་བད་ཅན། ཤིང་ཁྲིའི་ཁ་བད་ཅེས་པ་ལྟ་བུ། |
| ཁ་བདེ་པོ |
སྐད་ཆ་ཤོད་མཁས་པོའམ་ཁ་སྙན་པོ། |
| ཁ་བབས |
ཁའི་གཤིས་ཀ་སྟེ་སྐད་ཆའི་བབས་ཏེ། (དཔེར་ན།) ཁ་བབས་ལྗིད་པའི་མི་ཞེས་པ་ལྟ་བུ། |
| ཁ་བབས་པ |
གསར་པ་ཅུང་ཟད་རྙིང་དུ་སོང་བ། |
| ཁ་བཙན་པོ |
1.གཏམ་དབང་ཤུགས་ཆེན་པོ་དང༌། གཏམ་དྲག་པོའམ་རྩུབ་པོ།2.སྐད་ཆ་བརྟན་པོའམ་གསང་གཏམ་ཕྱི་ལ་མི་བཤད་པ།3.ཁ་གཅོད་དམ་ཁ་སྒྲོག་དམ་པོ། |
| ཁ་བཙོག་པ |
བཙོག་གཏམ་སྨྲ་བའི་ཁ། ཕོག་ཐུག་ལ་མི་འཛེམས་པའི་མི་ཁ་བཙོག་པ། ཁ་བཙོག་བཤད་པ། |
| ཁ་བཟས་འགབ་བཏང |
ཚུར་ཡག་པོ་བྱས་པ་དེ་ཕར་སྡུག་པོ་ལན་འཇལ་བའི་དཔེ། |
| ཁ་བཟས་ལྕེ་ཐིམ |
རང་གིས་བཟས་ཚར་བའམ་བེད་སྤྱད་ཚར་བའི་དོན་ཏེ། (དཔེར་ན།) ཁ་བཟས་ལྕེ་ཐིམ་གྱི་བུ་ལོན་དེ་གང་ལྟར་སེལ་དགོས་ལྟ་བུ། |
| ཁ་བཟེད་པ |
ཁ་གྱེན་དུ་བསླངས་པའམ། ཁུག་མ་སོགས་ཀྱི་ནང་དུ་དངོས་རྫས་བླུག་སྐབས་ཁ་བཟེད་པ། |
| ཁ་བཟོ་འཕེར་པོ |
ཁ་བདེ་ལ་གཏམ་བཤད་མཁས་པོ། |
| ཁ་བའི་དགྲ་བོ |
(མངོན་བརྗོད།) མེ་དང་མེ་ལྷ། |
| ཁ་བའི་དུས |
(མངོན་བརྗོད།) དགུན་ཁ། |
| ཁ་བའི་བྱེ་མ |
(མངོན་བརྗོད།) ག་པུར། |
| ཁ་བའི་འོད |
(མངོན་བརྗོད།) ཟླ་བ། |
| ཁ་བའི་རྡུལ་བརྩེགས |
(མངོན་བརྗོད།) གངས་རི། |
| ཁ་བའི་ལྷུན་པོ |
(མངོན་བརྗོད།) གངས་རི། |
| ཁ་བརྒྱ |
སྐད་ཆ་མང་པོའི་དོན་ཏེ། (དཔེར་ན།) མི་བརྒྱ་ཁ་བརྒྱ་མ་འུར་ལྟ་བུ། |
| ཁ་བརྒྱུད་པ |
1.རང་གིས་དངོས་སུ་མ་བཤད་པར་གཞན་གྱི་ཁ་བརྒྱུད་དེ་བཤད་པ།2.ད་ལྟ་བཤད་རྒྱུན་ཡོད་པ་ཙམ་ལས་ལག་ལེན་མེད་པའི་རིགས་ལ་ཡང་ཟེར། |
| ཁ་བརྙོགས |
1 ཕྱུགས་ཀྱིས་རྩྭ་ཆས་ཟོས་པའི་ལྷག་མའི་མིང་། 2.ཟས་ཞིམ་མངར་ཅན་ཟོས་རྗེས་ཟ་འདོད་ཀྱི་སྲེད་པ་ཇེ་ཆེར་སོང་བའི་དོན། |
| ཁ་བརྙོགས་པ |
ཟས་ཟ་རྒྱུར་གོམས་ཏེ་ཆགས་པའི་ལང་ཤོར་ཏེ། (དཔེར་ན།) བཟས་བཟས་ཀྱིས་ཁ་བརྙོགས། ཕྱིན་ཕྱིན་གྱིས་ལམ་བྱང༌ཞེས་པ་ལྟ་བུ། |
| ཁ་བརྟན་པོ |
1.གཏམ་ཕྱིར་མི་སྐྱེལ་བ།2.སྐད་ཆ་འགྱུར་ལྡོག་མེད་པ། |
| ཁ་བརྡ |
1 མཆུ་བརྡ།2.ཕན་ཚུན་ལབ་གླེང་བྱེད་པའི་ཚིག་གི་མིང་སྟེ། (དཔེར་ན།) ངེད་གཉིས་ཀྱིས་ཁ་བརྡ་བྱས་ལྟ་བུ། |
| ཁ་བརྡའི་རྟེན་འབྲེལ་སྒོ་འབྱེད |
ལོ་གསར་ཚེས་གཅིག་གི་སྔ་དྲོ་མི་སུ་ཕྲད་ལ། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། གཏན་དུ་བདེ་བ་ཐོབ་པར་ཤོག་ཅེས་བརྗོད་པ་དང༌། གྲོ་ཡོས་ཕྱེ་མར་དང༌། ཇ་ཕུད་ཆང་ཕུད། གྲོ་འབྲས་སོགས་ལ་ལོངས་སྤྱོད་དུས་ཀྱང་ཕུད་གཏོར་དང་སྦྲགས་བཀྲ་ཤིས་པའི་ཚིག་གོང་བཞིན་ལབ་སྲོལ་ཡོད། |
| ཁ་བརླང་པོ |
ཚིག་རྩུབ་པོའི་དོན་ཏེ། (དཔེར་ན།) གཞན་སེམས་སྲེག་པའི་ཁ་བརླང་པོ་མ་བྱེད་ལྟ་བུ། |
| ཁ་བཤད |
1.ཁའི་གཏམ།2.ཁ་ནས་བཤད་པ་ཙམ་ལས་དོན་ལ་མེད་པའི་དོན་དེ། (དཔེར་ན།) ཁ་བཤད་ཁོ་ནས་དོན་མི་འགྲུབ་ཅེས་པ་ལྟ་བུ། |
| ཁ་བཤད་རྒྱག་པ |
1.གཏམ་གཤགས་འགྱེད་པ་སྟེ། (དཔེར་ན།) ཕན་ཚུན་ཚིག་ནད་མ་བཟོད་པར་ཁ་བཤད་རྒྱག་པ།2.ཤིས་བརྗོད་ཀྱི་གཏམ་སྟེ། (དཔེར་ན།) དགའ་སྤྲོ་ཆེན་པོས་དུས་སྟོན་རྟེན་འབྲེལ་གྱི་ཁ་བཤད་རྒྱག་པ་ལྟ་བུ། |
| ཁ་བཤད་ལག་སྒྲུབ |
ཁ་ནས་བཤད་པ་ལྟར་ལག་ལེན་བྱེད་པ། |
| ཁ་བཤལ |
1.ཆུས་ཁ་བཤལ་བའི་མིང་སྟེ། (དཔེར་ན།) ཁ་བཤལ་བཤལ་གཏོང་དགོས་ལྟ་བུ།2.ཆུས་བཤལ་བ་སྟེ། (དཔེར་ན།) གྱོན་པ་དེར་དྲེག་པ་མང་བས་ཁ་བཤལ་ཙམ་གྱིས་དག་མི་ཡོང༌ལྟ་བུ། |
| ཁ་བསོད |
1.བསོད་བཏགས་ཏེ། ཁ་བཏགས་སྤུས་ཞན་ཞིག2.ཟས་བཟང་པོ་རྙེད་པའི་སྐལ་བའམ་བསོད་ནམས། |
| ཁ་བསྐོར་བ |
1.མི་རེ་རེ་བྱས་ནས་དྲིས་ཏེ་གྲོས་བསྡུར་བྱེད་པའི་དོན་ཏེ། (དཔེར་ན།) ཕྱོགས་སོ་སོར་ཁ་བསྐོར་ནས་གྲོས་བསྡུར་བ།2 ཁ་ལོ་བསྒྱུར་བ། རྟ་ཁ་བསྐོར་བ། 3.མགོ་བསྐོར་ནས་བསྐྱུར་བའི་དོན་ཏེ། (དཔེར་ན།) ཁྱི་རྐུན་གཞན་ཡུལ་དུ་ཁ་བསྐོར་བ་ལྟ་བུ། |
| ཁ་བསྐྱོགས་པ |
1.ཁ་ཕར་གཅུས་ཚུར་གཅུས་བྱས་པའི་དོན་ཏེ། (དཔེར་ན།) རྟ་ཁ་ཕར་ཕྱོགས་སུ་བསྐྱོགས་པ་ལྟ་བུ།2.གྲོས་ཁ་བསྒྱུར་བའི་དོན་ཏེ། (དཔེར་ན།) གྲོས་ཁ་ལོག་པར་བསྐྱོགས་པ་ལྟ་བུ། |
| ཁ་བསྒོས་པ |
གཞན་ལ་ཁ་ཏ་བྱས་པའམ་བསླབ་བྱ་བྱས་པ། |
| ཁ་བསྲེ |
མི་གཉིས་གསུམ་གྱིས་བཟའ་བཏུང་གི་སྣོད་སྤྱད་གཅིག་པ་བྱེད་པའི་དོན་ཏེ། (དཔེར་ན།) འགོས་ནད་ཡོད་པའི་མི་དང་ཁ་བསྲེ་མི་ཉན་ལྟ་བུ། |
| ཁ་བསླུས་པ |
1.རྫུན་གྱིས་མགོ་སྐོར་བཏང་སྟེ་རྒྱུ་ནོར་ཁྱེར་བའམ་ཕྲོགས་པ་དང༌། ལོག་པའི་ལམ་དུ་ཁྲིད་པ།2.མགོ་སྐོར་གྱིས་རྒྱུ་ནོར་འཕྲོག་མཁན་དང༌། ལོག་པའི་ལམ་དུ་འཁྲིད་མཁན། |
| ཁ་བུབ་པ |
1.ལུས་མདུན་ཕྱོགས་ཐུར་དུ་བསྟན་པའི་དོན་ཏེ། (དཔེར་ན།) རྟ་སྟེང་ནས་ཁ་བུབ་ཏུ་འགྲིལ་བ།2.སྣོད་སྤྱད་ཁ་ཞབས་སློག་པའི་དོན་ཏེ། (དཔེར་ན།) དཀར་ཡོལ་ཁ་བུབ་ནས་བཞག་པ། |
| ཁ་བོ |
ཇ་ཁ་བོ་ཞེས་པ་ལྟ་བུ། |
| ཁ་བྱ |
(བརྡ་རྙིང་།) ལོ་རྒྱུས་མཁན་གྱི་ངག་ཐོག་ནས་བཤད་པའི་གནའ་གཏམ། |
| ཁ་བྱང |
1.མིང་བྱང་ངམ་ཁ་ཡིག་སྟེ། (དཔེར་ན།) ཁ་བྱང་ཤོག་ལྷེ། ཚོང་རྫས་ཀྱི་ཁ་བྱང་ཞེས་པ་ལྟ་བུ། 2.ཟ་བ་དང་སྨྲ་བ་ལ་གོམས་པ། |
| ཁ་བྱང་ལག་བྱང |
ཡུལ་ལ་ཡུན་རིང་འདྲིས་པས་གོམས་འདྲིས་ཆེ་བའི་དཔེ། |
| ཁ་བྱམས་ཚིག་འཇམ |
འཇམ་པོ་ངག་གིས་སྨྲ་བ་སྟེ། (དཔེར་ན།) ཁ་བྱམས་ཚིག་འཇམ་གྱིས་སེམས་གསོ་བྱེད་ལྟ་བུ། |
| ཁ་བྱེ་བ |
1གཞན་ལ་མ་བརྟེན་པར་རང་བཞིན་དུ་བྱེ་བའམ་སྲུབ་གས་པ།2.ཁ་བྲལ་རྒྱབ་འགལ་དུ་སོང་བ།3.ཕྲུ་གུའི་ཁ་ནས་སྐད་ཆ་ཐོག་མ་བཤད་པ། |
| ཁ་བྲ |
ཁ་བྲག་གི་འབྲི་ཚུལ་གཞན། |
| ཁ་བྲག |
ཉིས་མཚེས་སུ་སྐྱེས་པའི་རྨིག་པའི་མིང་སྟེ། (དཔེར་ན།) ཕག་རྨིག་པ་ཁ་བྲག་ཅན་གྱི་སྲོག་ཆགས་ཀྱི་རིགས་ཡིན་ལྟ་བུ། ཁ་དབྲག་དང་འདྲ། |
| ཁ་བྲལ་བ |
1.སོ་སོར་གྱེས་པའི་དོན་ཏེ། (དཔེར་ན།) བཟའ་མི་ཁ་བྲལ་བ། ཕན་ཚུན་ཁ་བྲལ་དུ་མི་རུང་བ་ཞེས་པ་ལྟ་བུ།2.འཐོར་བའམ་ཞིག་པའི་དོན་ཏེ། (དཔེར་ན།) འཚེམ་ཁ་བྲལ་བ་བསྐྱར་དུ་བཙེམས་ཞེས་པ་ལྟ་བུ། |
| ཁ་བྲི |
ཉུང་ངུར་སོང་བའི་དོན་ཏེ། ཕྲི་དང་འདྲ། |
| ཁ་བླན་པ |
(བརྡ་རྙིང་།) ཁ་བསྒྱུར་བ། |
| ཁ་བློན |
ཡུལ་དཔོན། |
| ཁ་མཁས་ཁོག་སྟོང |
ཁ་ནས་བཤད་མཁས་ཀྱང་དོན་གྱི་བློ་ཐབས་མེད་པའི་དོན་ཏེ། (དཔེར་ན།) མི་དེས་སྐད་ཆ་བཤད་ན་ཁ་མཁས་ཁོག་སྟོང་ཡིན་པས་བློ་གཏོད་མི་འོས་ལྟ་བུ། |
| ཁ་མཁས་པོ |
གཞན་གྱི་ཡིད་ལ་འབབ་པའི་གཏམ་བཤད་མཁས་པོ། |
| ཁ་མཁས་འདྲ་ཆགས |
དོན་དམ་མིན་པའི་གཏམ། |
| ཁ་མང་པོ |
སྐད་ཆ་མང་བའི་ཏོན་ཏེ། (དཔེར་ན།) ཁ་མང་པོ་རོགས་དང་འགྲས། བློ་མང་པོས་རང་དོན་འཆོར་ལྟ་བུ། |
| ཁ་མངར་བ |
སྐད་ཆ་འཇམ་འཇམ་སྙན་སྙན་བཤད་ཚུལ། |
| ཁ་མངལ |
ལྕེའི་སྟེང་རོ་མི་གསལ་བར་གྱུར་པའི་དོན་ཏེ། བད་ཀན་གྱི་ནད་རྟགས་ཤིག |
| ཁ་མཆུ |
གྱོད་དམ། རྩོད་གླེང་གི་དོན་ཏེ། (དཔེར་ན།) ས་ཁང་མི་གསུམ་གྱི་དོན་དུ་ཁ་མཆུ་ཐུག་པ། ཁ་མཆུ་བརྒྱབ་ཀྱང་ཐག་མ་ཆོད་ལྟ་བུ། |
| ཁ་མཆུ་བོགས་ལེན |
གཞན་གྱི་གྱོད་དོན་རང་གིས་འགན་ལེན་པ། |
| ཁ་མཆུའི་དུག་རོ |
རྩོད་གླེང་གི་རྩ་བ་རྙིང་པ། |
| ཁ་མཉན |
ངག་ལ་ཉན་པ། |
| ཁ་མཉམ |
མི་མང་པོའི་བཤད་ཚུལ་འདྲ་བའི་དོན་ཏེ། (དཔེར་ན།) ཁ་མཉམ་ཚིག་མཉམ། བཤད་ན་ཁ་མཉམ། བརྒྱུགས་ན་བང་མཉམ་ལྟ་བུ། མཐོ་དམན་མེད་པ། ཆུ་བོ་རྒྱས་ཏེ་རགས་དང་ཁ་མཉམ་དུ་གྱུར་ལྟ་བུ། |
| ཁ་མཐུན་ཁོག་འགལ |
སྐད་ཆ་འདྲ་ཡང་བསམ་བློ་ཐ་དད་པ། |
| ཁ་མཐུན་གྲོས་བསྡུར |
བློ་རྩེ་གཅིག་གྱུར་གྱི་གྲོས་མོལ། |
| ཁ་མཐུན་ཞེ་མཐུན |
ཁ་ཞེ་གཉིས་ཀ་མཐུན་པ། |
| ཁ་མདོག |
ངོ་གདོང་གི་མདངས་ཏེ། (དཔེར་ན།) ཡུན་རིང་ན་ནས་ཁ་མདོག་ཤོར་འདུག་ལྟ་བུ། ཁ་དོག་གི་འབྲི་ཚུལ་གཞན། |
| ཁ་མནན་པ |
1.སྟེང་ནས་མནན་པ། 2.ཁ་ལག་པས་བསྡམས་པ།3.གཏམ་སྨྲ་མ་བཅུག་པ། |
| ཁ་མཚམས་འབྱེད་པ |
མཐུད་མཚམས་སོ་སོར་འབྱེད་པ། |
| ཁ་མཚར |
ཀུ་རེའི་གཏམ་མམ་རྒོད་གཏམ་ཏེ། (དཔེར་ན།) ཨ་རེ་ཁ་མཚར་ཀུ་རེ་ཡིན་ཞེས་པ་ལྟ་བུ། |
| ཁ་མཚུལ |
1.མཆུ་སྒྲོས།2.ཁའི་ཉེ་འགྲམ་གཡས་གཡོན་གྱི་དོན་ཏེ། (དཔེར་ན།) ཁྱིས་ལག་པ་གཉིས་ཀྱི་དབར་དུ་ཁ་མཚུལ་བཅུག་ནས་ཉལ་ཞེས་པ་ལྟ་བུ། |
| ཁ་མིག་མར་ལྟ |
བྱ་སྤྱོད་ངན་པའི་རྗེས་སུ་འགྲོ་བའམ་དེར་མིག་ལྟོས་བྱེད་པ། |
| ཁ་མིག་ཡར་ལྟ |
བྱ་སྤྱོད་བཟང་པོའི་རྗེས་སུ་འགྲོ་བའམ་དེར་མིག་ལྟོས་བྱེད་པ། |
| ཁ་མུར |
ཟས་མཁྲེགས་པོ་མུར་བའམ་ལྡད་བྱེད་པ་སྟེ། (དཔེར་ན།) ཕྱུར་སྐམ་ཁ་མུར་བྱེད་པ་ལྟ་བུ། |
| ཁ་མེད |
1.ཐབས་མེད་པའི་དོན་ཏེ། (དཔེར་ན།) མི་བྱེད་ཁ་མེད།2.བཤད་རྒྱུའི་གཏམ་མེད་པའི་དོན་ཏེ། (དཔེར་ན།) ལབ་ན་ཁ་མེད། བཏོན་ན་རྒྱུ་མེད། ཁ་མེད་ལྐུགས་པ། ལྕེ་མེད་དིག་པ་ཟེར་བ་ལྟ་བུ།3.གཉན་ནད་རིགས་ཤིག་མཁལ་མ་གཟེར་ཞིང༌། དྲི་ཆུ་སྲི་ལ་ཁྲག་ཏུ་འབབ་པ་ཞིᨵ ཀ་མེད་དང་དོན་འདྲ། |
| ཁ་མེད་མིག་མེད |
(ཡུལ་སྐད།) ཧ་ཅང་མང་པོའམ་ཐལ་དྲགས་པའི་དོན་ཏེ། (དཔེར་ན།) འགྲོ་སོང་ཁ་མེད་མིག་མེད་བཏང་དྲགས་ན་རྒྱུ་ནོར་གྱིས་མི་འདང༌ལྟ་བུ། |
| ཁ་མོ |
1.(རྒྱན་ཚིག) ཏིག་ཏའི་བྲོ་བ་ལྟ་བུའི་དོན་ཏེ། (དཔེར་ན།) སྨན་ཁ་མོ་ཡིན་ཡང་ནད་ལ་ཕན་ལྟ་བུ། 2.རི་དྭགས་ཁ་ཤ་མོ། |
| ཁ་མོས་ཞེ་མོས |
ཁ་གཏིང་གཉིས་མོས། |
| ཁ་ཙམ |
ཁས་བཤད་པ་ལས་དོན་ལ་མི་གནས་པའི་དོན་ཏེ། (དཔེར་ན།) ཁ་ཙམ་མིན་པར་སྙིང་ཐག་པ་ནས་ལག་ལེན་བསྟར་བ། |
| ཁ་ཚ |
1.བྱིས་པའི་ཁའི་ནང་དུ་བྱུང་བའི་ཐོར་པ།2.ནོར་ཕྱུགས་ཀྱི་ཁ་ལྕེ་དང་སུག་བཞི་ལ་ཕོག་པའི་ཕྱུགས་ཀྱི་འགོས་ནད་གདུག་པ་ཅན་ཞིག(རྒྱན་ཚིག) རོ་ཚ་བའི་རིགས་ཟོས་པའི་ཁའི་མྱོང་ཚོར་གྱི་དོན་ཏེ། (དཔེར་ན།) སྒོག་པ་ཟོས་ན་ཁ་ཚ་ཞེས་པ་ལྟ་བུ། |
| ཁ་ཚ་གཏིང་ནག |
བཤད་བཤད་ཚ་ལ་སེམས་ངན་པ། |
| ཁ་ཚ་དགོས་གཏུགས |
ཁ་ཚ་དགོས་གལ་དང་དོན་གཅིག |
| ཁ་ཚ་དགོས་གལ |
ཁ་ཚ་དགོས་ངེས་ཏེ། (དཔེར་ན།) འཚོ་བའི་ནང་ནས་ལྟོ་གོས་གཉིས་ཁ་ཚ་དགོས་གལ་ཆེ་ཤོས་རེད་ཅེས་པ་ལྟ་བུ། |
| ཁ་ཚ་དུས་གཏུགས |
ཤིན་ཏུ་གལ་གནད་ཆེ་བའི་དུས་ཚོད་ལ་ཉེ་བར་སླེབས་པ། |
| ཁ་ཚ་པོ |
1.མི་ཁ་དྲག་པོའམ་ཁ་རྩུབ་པོ།2.གལ་ཆེ་བའམ་ལག་ཐོགས་པོའི་དོན་ཏེ། (དཔེར་ན།) དགོས་མཁོ་ཁ་ཚ་པོ་ཞེས་པ་ལྟ་བུ།3.རོ་ཁ་ཚ་བའི་དོན་ཏེ། (དཔེར་ན།) ཕྲུ་གུ་ལ་ཁ་ཚ་པོའི་ཟས་མ་སྤྲོད་ལྟ་བུ།4.ཤུགས་དྲག་པོའི་དོན་ཏེ། (དཔེར་ན།) དམག་ཁ་ཚ་པོ་ཞིག་རྒྱག་གི་འདུག་ལྟ་བུ། |
| ཁ་ཚ་བ |
རོ་ཁ་ཚ་བ། |
| ཁ་ཚ་ར |
(ཡུལ་སྐད།) བོད་པ་དང་བལ་པོ་འདུས་པ་ལས་བྱུང་བའི་མི་ལ་ཁ་ཚ་ར་ཟེར། |
| ཁ་ཚ་རྨིག་ཚ |
རྨིག་པ་ཁ་དབྲག་ཅན་གྱི་དུད་འགྲོའི་རིམས་ནད་ཅིག་ཐོག་མར་ཕོག་སྐབས་ཁ་ཆུ་མང་དུ་ཐོན་རྗེས་ཁར་ཕོག་ན་ཁ་རུལ་བ་དང༌། ལྕེ་འཆད་པ། རྨིག་པར་ཕོག་ན་རྨིག་པ་རུལ་ཏེ་ཆད་འགྲོ་བའི་ཕྱུགས་ཀྱི་འགོས་ནད་ཆེ་གྲས་ཤིག |
| ཁ་ཚག |
དཀར་ཡོལ་སོགས་ཀྱི་ཁ་ཅུང་ཟད་ཆག་པ། |
| ཁ་ཚང |
1.གནག་ཕྱུགས་ཀྱི་མདུན་སོ་བརྒྱད་པོ་བརྗེས་པའི་ལོ་བདུན་པའི་མིང༌།2.གྲངས་ཚང༌བའི་དོན་ཏེ། (དཔེར་ན།) ཁ་ཚང་ཆ་ཚང༌། སྒོ་ར་ཁ་ཚང༌ལྟ་བུ། |
| ཁ་ཚད |
1.ཁ་ཞེང་གི་ཚད།2.ཁ་ཤགས་འགྲན་པ།3.ཟས་ཀྱི་བྲོ་བ་ལྟ་བ་ (དཔེར་ན།) ཇའི་ཚྭ་ཆེ་ཆུང་ཁ་ཚད་ལྟ་བ་ཞེས་པ་ལྟ་བུ། |
| ཁ་ཚན |
1.གངས་འབབ་ཚན་ཏེ། (དཔེར་ན།) ཀླུང་ལ་བབ་པ་ལས་རི་མགོར་བབ་པའི་ཁ་ཚན་ཆེ།2.སྐད་ཆ་བཤད་ཤུགས་ཆེ་བའི་དོན་ཏེ། (དཔེར་ན།) བདེན་རྫུན་གྱི་དབྱེ་བ་མ་ཕྱེ་གོང་དུ་ཁ་ཚན་ཆེན་པོ་དེ་འདྲ་བཤད་ནས་གང་ཡོང༌།3.ཁ་དང་སོའི་ངར་ཤུགས་ཏེ། (དཔེར་ན།) ཁྱི་འདི་ཁ་ཚན་ཆེན་པོ་ཡིན་པས་སྤྱང་ཀི་ལ་འཐབ་ཐུབ་ཡོང༌། |
| ཁ་ཚར |
1.རས་སོགས་ཐགས་སྐྲུན་བྱས་པའི་སྣེ་མོའི་སྐུད་པའི་མིང་སྟེ། (དཔེར་ན།) རས་ཁ་ཚར་ཅན་ཞེས་པ་ལྟ་བུ། 2.སྨན་རྫས་ལ་ཁ་སྣོན་བྱས་པའི་ཁག་གི་མིང་སྟེ། (དཔེར་ན།) སྨན་ལ་ཁ་ཚར་བསྣན་ལྟ་བུ། |
| ཁ་ཚར་དང་ཕུན་ཚར |
1.སྣམ་བུའམ་རས་སོགས་ཐགས་དངོས་ཀྱི་འགོ་དང་མཇུག་མའི་གཞུང་སྐུད་ཀྱི་ལྷག་མའི་ཆུན་པོའི་མིང་སྟེ། (དཔེར་ན།) རས་ཀྱི་ཁ་ཚར། སྣམ་བུའི་ཕུན་ཚར་ཞེས་པ་ལྟ་བུ། 2.སྐུད་པ་ཕྲ་མོའི་ཆུན་པོ་དང་མཚུངས་པའི་དངོས་རྫས་ཀྱི་མིང་སྟེ། (དཔེར་ན།) མ་རྨོས་ལོ་ཏོག་གི་ཚར་བུ། ར་མའི་མན་ཚར། རའི་ཨོལ་ཚར་ཞེས་པ་ལྟ་བུ། |
| ཁ་ཚར་སྨན |
སྦྱོར་སྡེ་བྱས་པའི་གཙོ་བོའི་སྨན་གྱི་སྟེང་དུ་ཁ་ཚར་གདབ་པའི་སྨན་གཞན་རེ་གཉིས་དཔེར་ན་ཁྱུང་ལྔའི་སྟེང་དུ་མགྲོན་ཐལ་བསྣན་ནས་སྐྲན་ནད་ཀྱི་སྨན་དུ་བཏང་བ་ལྟ་བུའོ། ། |
| ཁ་ཚིག |
ཁ་ནས་བཤད་པའི་གཏམ་གྱི་དོན་ཏེ། (དཔེར་ན།) སྙིང་གཏམ་ཤོད་དགོས་པ་ལས་ཁ་ཚིག་ཙམ་མི་སྨྲ། |
| ཁ་ཚིག་པ |
མཆུ་ཏོ་བཟའ་བཏུང་ཚ་མོས་ཚིག་པ། |
| ཁ་ཚུགས |
གསང་གཏམ་གཞན་ལ་མི་ཤོད་པའི་ཁ་ཚོད་ཟིན་པོ། |
| ཁ་ཚུབ |
སྦྲ་གུར་གྱི་མཐོངས་གཡོགས། |
| ཁ་ཚུབ་དབྱུག་པ |
སྦྲ་གུར་སོགས་ཀྱི་མཐོངས་འདེགས་རྒྱུག་པ། |
| ཁ་ཚོགས་པ |
ངག་ཚོད་ཟིན་པའི་དོན་ཏེ། (དཔེར་ན།) ནང་གཏམ་ཕྱི་ལ་མི་འཁྱར་བའི་ཁ་ཚོགས་པ་ཞེས་པ་ལྟ་བུ། |
| ཁ་ཚོང |
དངོས་སུ་ཉོ་ཚོང་མི་བྱེད་པར་ཁ་ནས་རིན་གོང་སྒྲིག་པ། |
| ཁ་ཚོད |
1.སྐད་ཆ་བཤད་སྟངས་ཇི་འདུག་གི་ཚོད་ལྟ་བ་སྟེ། (དཔེར་ན།) ཁ་ཚོད་ལེན་པ་ཞེས་པ་ལྟ་བུ།2.གཏམ་གྱི་བཤད་ཚོད་དེ། (དཔེར་ན།) ཁ་ཚོད་ཟིན་པ་ཞེས་པ་ལྟ་བུ། |
| ཁ་ཚོན |
1.ཐག་གཅོད་པའི་གཏམ་གྱི་དོན་ཏེ། (དཔེར་ན།) དོན་ལེགས་པར་མ་རྟོགས་པར་ཁ་ཚོན་གཅོད་མི་ཉན་ཞེས་པ་ལྟ་བུ།2.(བརྡ་རྙིང་།) ཁ་ཞེང༌། 3.དངོས་རྫས་རྡུམ་གཅོད་བྱས་པའི་བཅད་ངོས་ཀྱི་མིང་། |
| ཁ་ཚོན་གཅོད |
ཡིན་མིན་སོགས་ཚིག་གིས་དངོས་སུ་ཐག་བཅད་པའི་དོན་ཏེ། (དཔེར་ན།) དཀར་ཕྱོགས་དར་བ་དང་ནུབ་ཕྱོགས་ཉམས་པ་ཁ་ཚོན་གཅོད་ཐུབ། ཡིན་མིན་ཁ་ཚོན་གཅོད་དགོས། ཁ་ཚོན་གཅད་བྱའི་དོན། ཁྱོད་ཀྱིས་བདེན་རྫུན་ཁ་ཚོན་ཆོད་ཅིག་ལྟ་བུ། |
| ཁ་ཛར |
1.འཕྲོ་འཛར།2.ཁ་བྱང༌། |
| ཁ་ཞན་པ |
1.ཁ་དབང་ཆུང་བའམ་སྐད་ཆ་ནུས་མེད།2.འཁོས་ཀ་དམན་པའམ་དབང་ཐང་ཆུང་བ། |
| ཁ་ཞུགས |
ཁ་བརྙོགས་ལང་ཤོར། |
| ཁ་ཞུན |
སྣུམ་ཞུན་སྒྲོན་མེའི་ཡས་སྣོད། |
| ཁ་ཞེ |
ཕྱིའི་རྣམ་པ་དང་སེམས་གཉིས་ཀྱི་མིང་བསྡུས་པ་སྟེ། (དཔེར་ན།) ཁ་ཞེ་གཉིས་མེད་ཀྱིས་སྤྱི་དོན་སྒྲུབ་ལྟ་བུ། |
| ཁ་ཞེ་གཉིས་མེད |
ཁ་ནས་བཤད་པ་དང་སེམས་ལ་དྲན་ཚུལ་མཐུན་པའི་དོན་ཏེ། (དཔེར་ན།) ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་མི་དམངས་ལ་ཞབས་འདེགས་བསྒྲུབ་རྒྱུ་ཡིན། ཁ་ཞེ་མཐུན་པ་ཁ་ཞེ་མེད་པར་རོགས་རམ་བྱས་ལྟ་བུ། |
| ཁ་ཞེང |
རྒྱ་ཁྱོན་དང་དོན་འདྲ་སྟེ། (དཔེར་ན།) རས་ཁ་ཞེང་ཆེ་བ། ས་ཁ་ཞེང་ཆེ་ས་ཞེས་པ་ལྟ་བུ། |
| ཁ་ཞེན |
1.ཁ་བཤད་ཙམ་ལ་ཞེན་པ།2.གཏིང་ནས་ཤ་ཞེན་མེད་པའི་དགའ་ཁུལ། |
| ཁ་ཟས |
1.བཟའ་བཅའ་སྤྱིའི་མིང་སྟེ། (དཔེར་ན།) ཁ་ཟས་ཟ་ཚོད་མ་ཟིན་པ། ཁ་ཟས་བསོད་པ། ཁ་ཟས་སྐྱ་བ། ཁ་ཟས་རོ་བརྒྱ་དང་ལྡན་པ། ཁ་ཟས་མི་མཐུན་པ་ཟོས་པས་ཁམས་མ་སྙོམས་པ་ལས་སྡུག་བསྔལ་བྱུང་ཞེས་པ་ལྟ་བུ། མིང་གི་རྣམ་གྲངས་ལ་ལྟོ་དང༌། བཞེས་བྱ། ཟས། བཟའ་བཅའ་བཅས་སོ། །2.བཞེས་སྤྲོའམ་དཀར་སྤྲོ། |
| ཁ་ཟས་སྤྱོད་ཚུལ་ཉེར་གཅིག |
ཉེས་བྱས་ཀྱི་སྡེ་ཚན་ལྔ་པ་ཟས་ཟ་བའི་སྡེ་ལ། ཟས་ལེགས་པར་མི་ཟ་བ་དང༌། ཟས་ཁམ་ཧ་ཅང་ཆེ་བ་དང༌། ཧ་ཅང་ཆུང་བ་དང༌། འཇིག་རྟེན་དང་མཐུན་པའི་ཁམ་རན་པ་མིན་པ་དང༌། ཟས་ཁ་སྒོར་མ་སླེབས་པར་ཁ་གདངས་པ་དང༌། ཟ་བཞིན་དུ་གཏམ་སྨྲ་བ་དང༌། ཟས་མི་ཞིམ་པར་ཙུག་ཙུག་དང༌། ཟས་ཞིམ་པར་ཅག་ཅག་དང༌། གྲང་བ་ལ་ཧུ་ཧུ་དང༌། ཚ་བ་ལ་ཕུ་ཕུའི་སྒྲ་དང་བཅས་པ་དང༌། ལྕེ་ཕྱིར་ཕྱུང་བ་དང༌། འབྲས་སོགས་འབྲུ་མ་རེ་རེ་ནས་གུད་དུ་ཕྱེ་བ་དང༌། ཟས་ལ་འཕྱ་སྨོད་དང༌། ཁམ་གཅིག་མཁུར་གཡས་གཡོན་དུ་སྤོ་བ་དང༌། རྐན་སྒྲ་གཏོག་པ་དང༌། དུད་འགྲོ་ལྟར་ཁམ་འཕྲོ་བཅད་པ་དང༌། ལག་པ་ལ་ཟས་ཆགས་པ་བལྡག་པ་དང༌། མཛུབ་མོས་ལྷུང་བཟེད་བྲད་ནས་འབྱོག་པ་དང༌། ལག་པ་ལ་ཟས་ཆགས་པ་སྤྲུགས་པ་དང༌། ཟས་དང་བཅས་པའི་ལྷུང་བཟེད་སྐྱོམ་སྐྱོམ་བྱེད་པ་དང༌། ཟས་མཆོད་རྟེན་གྱི་གཟུགས་འདྲ་བར་བཅོས་པའི་ཚུལ་གྱིས་ཟ་བ་སྟེ་ཉེར་གཅིག་གོ། ། |
| ཁ་ཟུངས |
རྭ་རྙིའི་རྒྱུད་ཐག |
| ཁ་ཟུར |
1.ཁའི་གྲྭ།2.གཏམ་གྱི་ཚིག་ཟུར། |
| ཁ་ཟེར |
འཕྱ་སྨོད་གཏོང་བའི་དོན་ཏེ། (དཔེར་ན།) གཞན་གྱིས་ཁ་ཟེར་བར་མ་འཛེམས་པར་ལས་དོན་སྒྲུབ་ཅེས་པ་པ་ལྟ་བུ། |
| ཁ་ཟེར་བ |
མི་སྙན་པར་བརྗོད་པའམ་སྨད་ར་གཏོང་བ། |
| ཁ་ཟླ |
1.སྐད་ཆ་ཤོད་པའི་རོགས་པ།2.གཏམ་ཡ། |
| ཁ་འཁུར་ངན་ཤེད |
བཙན་པོ་ཁ་འཁྱེར་གྱི་ངན་ཤུགས་ཀྱི་དོན་ཏེ། (དཔེར་ན།) ཆེ་བཙན་ཁ་འཁུར་ངན་ཤེད་ཉག་རྐྱང་བྱེད་ཅེས་པ་ལྟ་བུ། |
| ཁ་འཁོར་བ |
1.བྱུང་སོང་ངམ་སྐོར་བ་འཁོར་བའི་དོན་ཏེ། (དཔེར་ན།) འགྲོ་སོང་ཁ་མི་འཁོར་བ། ཟ་འབྲུ་ཁ་འཁོར་བ།2.བློ་ཁ་གཏད་ཕྱོགས་ཚུར་འཁོར་བ།3.ཁ་འཁོར་མ་དང་དོན་གཅིག |
| ཁ་འཁོར་མ |
མནའ་མ་གོ་ལོག་པ། |
| ཁ་འཁོལ་བ |
ཟས་ཟ་འདོད་ཀྱིས་ཁ་འཁོལ་བ་སྟེ། (དཔེར་ན།) ཟས་ཞིམ་ཟ་འདོད་ཀྱིས་ཁ་འཁོལ་བ་ཞེས་པ་ལྟ་བུ། |
| ཁ་འཁྱགས་ངོ་འཁྱགས |
མི་སྙན་པའི་གཏམ་དང་མི་སྡུག་པའི་རྣམ་པ་སྟེ། (དཔེར་ན།) ཁོ་མ་དགའ་ནས་ཁ་འཁྱགས་ངོ་འཁྱགས་ཀྱི་རྣམ་པ་བསྟན་འདུག་ཅེས་པ་ལྟ་བུ། |
| ཁ་འཁྱེར |
ཁ་ཁྱེར་དང་འདྲ། |
| ཁ་འགགས་པ |
1.བུ་ག་ཟུམ་པ།2.སྐད་ཆ་ཤོད་འཕྲོ་ཆད་པ། |
| ཁ་འགལ་ཚིག་འགལ |
སྔ་ཕྱི་མི་མཚུངས་པའི་སྐད་ཆ། |
| ཁ་འགུལ |
1.འགྲམ་འགུལ་ལམ་ཟས་ཟ་བ།2.སྐད་ཆ་བཤད་པའི་དོན་ཏེ། (དཔེར་ན།) དོན་གནད་འདིའི་སྐོར་ཁོང་གིས་ཁ་འགུལ་ཙམ་ཞིག་ཀྱང་བྱས་མ་སོང༌ཞེས་པ་ལྟ་བུ། |
| ཁ་འགོ་པ |
མགོ་པ་དང་དོན་འདྲ། |
| ཁ་འགྱུར |
སྔ་མའི་སྐད་ཆར་མི་གནས་པ། |
| ཁ་འགྱེད |
རྩ་བ་ལས་ཡན་ལག་འགྱེད་པ། |
| ཁ་འགྲིག་པ |
1.གྲོས་འཆམས་པའམ། གྲོས་མཐུན་པ།2.སྣོད་ཀྱི་ཁ་དང་ཁེབས་འགྲིག་པ།3.ནད་ཀྱིས་ཁ་སོ་འཐམ་པ་སྟེ་ཁ་འགུལ་མི་ཐུབ་པར་གྱུར་པ། |
| ཁ་འགྲིལ |
1.གོས་དང་སྣོད་སྤྱད་ཀྱི་མཐའ་འགྲིལ།2.གྲོས་འཆམས་པ། |
| ཁ་འཆམ |
ཚིག་མཐུན་པའམ་བློ་མཐུན་པའི་དོན་ཏེ། (དཔེར་ན།) སྡེ་བའི་མི་རྣམས་ཁ་འཆམ་ལྟ་བུ། |
| ཁ་འཆམས་ཕྲུགས་གཅིག |
ཡིད་གཅིག་མཐུན་དུ་གྱུར་པ། |
| ཁ་འཆལ |
དོན་མེད་པའི་གཏམ་ཏེ། (དཔེར་ན།) ཁ་འཆལ་ངག་འཆལ་སྨྲས་ནས་མི་ཚེ་མ་སྐྱེལ་ཞེས་པ་ལྟ་བུ། |
| ཁ་འཆིང |
རས་ཁུག་སོགས་ཀྱི་ཁ་འཆིང་བྱེད་དམ་སྡོམ་བྱེད། |
| ཁ་འཆུ་བ |
རང་བཞིན་འཁྱོག་པོར་འགྱུར་བ། |
| ཁ་འཆོལ |
ཁ་ནས་སྒྲ་དག་པོ་བཤད་མི་ཐུབ་པ་སྟེ། (དཔེར་ན།) ཁོ་ཁ་འཆོལ་ཅན་ཡིན་གཤིས་དྲགས་ཞེས་བརྗོད་དགོས་པར། དྭགས་ཞེས་བརྗོད་ཀྱི་འདུག་ལྟ་བུ། |
| ཁ་འཇམ |
ངག་འཇམ། |
| ཁ་འཇམ་གཏིང་གནག |
སྐད་ཆ་འཇམ་ལ་སེམས་ངན་པ། |
| ཁ་འཇམ་གཏིང་རྩུབ |
ཁ་འཇམ་གཏིང་གནག་དང་དོན་གཅིག |
| ཁ་འཇལ་བ |
རས་སོགས་ཀྱི་ཞེང་ཁ་ལ་བརྟེན་ནས་དེའི་རིང་ཐུང་ཚད་འཇལ་བ |
| ཁ་འཐབ |
ཚིག་རྩོད་དང་ཤགས་འགྱེད་པའི་བྱ་སྤྱོད་ཀྱི་མིང་། (དཔེར་ན།) ཁ་འཐབ། ལག་འཐབ། གྲོས་བསྡུར་ཚོགས་འདུར་ཁ་འཐབ་མང་པོ་བྱས་ལྟ་བུ། |
| ཁ་འཐབ་པ |
1.ཁ་རྩོད་རྒྱག་པ་སྟེ། (དཔེར་ན།) ཁ་འཐབ་ཀྱིས་ཕར་ཕྱོགས་ལས་རྒྱལ་བ་བྱུང་ལྟ་བུ། 2.མ་དངུལ་ཕར་བཏང་པ་དང་ཚུར་བྱུང་བ་དོ་མཉམ་པའི་དོན་ཏེ། (དཔེར་ན།) རྩིས་བརྒྱབ་པས་བྱུང་སོང་ཁ་འཐབ་བྱུང་ལྟ་བུ། |
| ཁ་འཐབ་རང་དག |
བྱུང་སོང་ཁ་འཐབས་ནས་མགོ་ཐུག་པ། |
| ཁ་འཐམ་པ |
1.སོ་འགྲིག་སྟེ་ཁ་གདངས་བཙུམ་མི་ཐུབ་པའི་དོན།2.སྐད་ཆ་ལབ་མི་ཤེས་པ་སྟེ། (དཔེར་ན།) མི་ཁ་འཐམ་པ་ལ་སྐད་ཆ་མི་འདྲི་ལྟ་བུ། |
| ཁ་འཐེན |
རྟ་སོགས་ཀྱི་ཁ་འཐེན་པ་སྟེ། ་ (དཔེར་ན།) ལམ་དུ་རྟ་ཁ་འཐེན་ནས་སྐད་ཆ་བཤད་པ་ལྟ་བུ། |
| ཁ་འཐོར་དགུ་འཐོར |
ཁ་འཐོར་ཡ་འཐོར་ཡང་ཟེར། ལྷུའམ་སྡེ་ཚན། ཁྱུ་གྲངས་སོགས་གྱར་ཚབས་ཆེ་བའི་དོན། |
| ཁ་འཐོར་བ |
1.གང་སར་གྲམ་པའམ་ཡར་བའི་དོན་ཏེ། (དཔེར་ན།) ཡིག་ཆ་ཁ་འཐོར་བ་རྣམས་དཀྱུས་གཅིག་ཏུ་བསྡེབས་ལྟ་བུ།2.ཁ་བྲལ་བའམ་སོ་སོར་གྱེས་པའི་དོན་ཏེ། (དཔེར་ན།) བཟའ་ཚང་ཁ་འཐོར་བ། དངོས་ཆས་ཁ་འཐོར་བ་རྣམས་གཅིག་ཏུ་བསྡུས་པ་ལྟ་བུ། |
| ཁ་འདམ |
སྒེའུ་གཤེར། |
| ཁ་འདར |
ཧ་ཅང་འཁྱགས་ཆེས་ནས་ཁ་འཐབ་འཐབ་བྱེད་པ་སྟེ། (དཔེར་ན།) དགུན་ཨ་རང་ད་རང་གི་གྲང་ངད་མ་བཟོད་པར་ཁ་འདར་བ་ལྟ་བུ། |
| ཁ་འདིག |
སྒྱེ་སྣོད་སོགས་ཁ་སྡོམ་བྱེད་ཀྱི་ཐ་གུའི་མིང་སྟེ། (དཔེར་ན།) སྒྱེའི་ཁ་འདིག དོར་མའི་ཁ་འདིག་ཅེས་པ་ལྟ་བུ། |
| ཁ་འདུམ |
མི་མཐུན་པ་མཐུན་པར་འགྱུར་བ་སྟེ། (དཔེར་ན།) རྩོད་གླེང་ལ་བསམ་བློ་འཁོར་ནས་གྱོད་དོན་ཁ་འདུམ་བྱུང་ལྟ་བུ། |
| ཁ་འདེབས |
གཞི་རྐང་གི་ཐོག་ཏུ་རྒྱག་རྒྱུའི་ཁ་སྣོན་ཏེ། (དཔེར་ན།) དངུལ་ཁ་འདེབས་བརྒྱབ་པ། ཇ་ལ་ཁ་འདེབས་བཏབ་པ་ལྟ་བུ། |
| ཁ་འདོགས་པ |
(བརྡ་རྙིང་།) ཚང་མ་གསོད་པ། |
| ཁ་འདོན |
ཁ་ཏོན་དང་འདྲ། |
| ཁ་འདྲི |
1.ཁ་ཚོད་དམ། ཉམས་ཚོད་ལེན་པ།2.ནད་འདྲི། |
| ཁ་འདྲིས་ཁོག་འདྲིས |
འགྲོགས་འདྲིས་ཟབ་མོའི་དོན་ཏེ། (དཔེར་ན།) གྲོགས་པོ་བཀྲ་ཤིས་དང་ངེད་ཁ་འདྲིས་ཁོག་འདྲིས་ཡིན་ལྟ་བུ། |
| ཁ་འཕང་མཐོན་པོ |
གཏམ་བཤད་སྤོབས་ཆེན་པོ་སྟེ། (དཔེར་ན།) དོན་ལ་མི་གནས་པའི་ཁ་འཕང་མཐོན་པོ་བྱས་ཀྱང་ཕན་མི་ཐོགས་ལྟ་བུ། |
| ཁ་འཕངས་པ |
1.ལུང་དང་རིགས་པ་སོགས་གཞན་དུ་ཡོད་ཚུལ་བཤད་པ་སྟེ། (དཔེར་ན།) རྟགས་འཇུག་གི་སྐབས་སུ་རྗེས་འཇུག་ནི་སུམ་ཅུ་བར་ཁ་འཕངས་ནས་བྲིས་ལྟ་བུ། 2.ཚོང་གི་བར་འདུམ། |
| ཁ་འཕངས་ལག་ཕྱིས |
གཞན་ལ་ཁག་འགེལ་བའི་དོན་ཏེ། (དཔེར་ན།) སྐྱོན་ཆ་ཚང་མ་གཞན་ལ་ཁ་འཕངས་ལག་ཕྱིས་བྱེད་མི་རུང༌ལྟ་བུ། |
| ཁ་འཕྱིད |
ཁ་སོས་པའམ་འཚོ་བར་དཀའ་ངལ་མེད་པའི་དོན་ཏེ། (དཔེར་ན།) ཟོག་ལུག་གསོས་ནས་ཁྱིམ་ཚང་ཁ་འཕྱིད་ཐབས་བྱེད་པ། དཀའ་ལས་བརྒྱབ་སྟེ་ཁ་འཕྱིད་ཐུབ་ཙམ་བྱུང༌ལྟ་བུ། |
| ཁ་འཕྱུར |
སྣོད་ཁེངས་དྲགས་ནས་ལུད་འགྲོ་བའི་དོན་ཏེ། (དཔེར་ན།) བུམ་པའི་ཁ་འཕྱུར། ཟ་འབྲུ་བང་ཁང་གི་ཁ་འཕྱུར་དུ་བླུགས་པ་ལྟ་བུ། |
| ཁ་འཕྲལ |
རང་བཞིན་མ་ཡིན་པར་གཞན་གྱིས་སོ་སོར་ཁ་འབྱེད་པ་སྟེ། (དཔེར་ན།) མ་བུ་ཁ་འཕྲལ། བཟའ་ཚང་ཁ་འཕྲལ་མི་རུང་ལྟ་བུ། |
| ཁ་འཕྲི |
ཉུང་དུ་གཏོང་བ་སྟེ། (དཔེར་ན།) འགྲོ་སོང་ཁ་འཕྲི་བའི་ཐབས་ལམ་ཅི་ཡོད་གསུངས་རོགས་ལྟ་བུ། |
| ཁ་འཕྲིན |
ངག་ཐོག་གི་ལན་ནམ་སྐད་ཆ་སྟེ། (དཔེར་ན།) ང་ལ་གྲོགས་པོའི་ཁ་འཕྲིན་བསྐྱལ་བྱུང༌ལྟ་བུ། |
| ཁ་འཕྲོད་པོ |
1.སྣོད་སྤྱད་ཀྱི་ཁ་གཅོད་འགྲིག་པོ།2.ལས་ཀ་དང་གཏམ་སོགས་མགོ་ཐུག་པ། |
| ཁ་འབབ་བཞི |
གངས་ཏེ་སེའི་ཕྱོགས་བཞི་ནས་འབབ་པའི་ཆུ་བོ་བཞི་ཤར་ཕྱོགས་གླང་ཆེན་ཁ་ནས་གང་གཱ་འབབ། ལྷོ་ཕྱོགས་རྨ་བྱའི་ཁ་ནས་སིནྡྷུ་འབབ། ནུབ་ཕྱོགས་རྟ་ཡི་ཁ་ནས་པཀྵུ་འབབ། འདི་ལ་ཡར་ཀླུངས་གཙང་པོའང་ཟེར། བྱང་ཕྱོགས་སེང་གེའི་ཁ་ནས་སི་ཏ་འབབ། |
| ཁ་འབར་བ |
1.ཚིག་རྩུབ་བཤད་པའི་དོན་ཏེ། (དཔེར་ན།) ཁོང་ཁྲོ་སྐྱེས་ནས་ཁ་འབར་བ་ལྟ་བུ།2.གློ་བུར་ཕྱུག་པོར་འགྱུར་བའི་དོན་ཏེ། (དཔེར་ན།) དུད་ཚང་ཁ་འབར་བ་ལྟ་བུ།3.སྨྲ་མཁས་ཤིང་བཤད་རྒྱུ་མང་བའི་དོན་ཏེ། (དཔེར་ན།) ཁ་འབར་གཡོ་གཏམ་ལྟ་བུ། |
| ཁ་འབར་མ |
ཡི་དྭགས་ཀྱི་རྒྱལ་མོ་ཞིག |
| ཁ་འབར་མའི་གླུད་ཆོག |
ཡི་དྭགས་ཀྱི་རྒྱལ་མོ་ཁ་འབར་མ་ལ་གླུད་རྫོངས་བསྔོ་བའི་ཆོ་ག་ཞིག |
| ཁ་འབུག |
སྐད་ཆ་བཤད་པ་ལ་འབུག་པ་ཟེར་སྲོལ་ཡོད། |
| ཁ་འབུད |
མེ་མདའི་ཁ་འཚང༌། |
| ཁ་འབུར |
ཤིང་བཟོ་བའི་ལག་ཆ་ཞིག |
| ཁ་འབུས |
མེ་ཏོག་སོགས་ཁ་བྱེ་ལ་ཁད་པའི་མཆེ་བ། |
| ཁ་འབུས་པ |
མེ་ཏོག་དང་ཤིང་ལོའི་མཆེ་བ་གསར་དུ་བཞད་པའི་དོན། |
| ཁ་འབོག |
རྟ་དྲེལ་ལ་ཆག་སྟེར་སྣོད་ཆག་ཕད། |
| ཁ་འབྱམས |
སྙིང་པོ་མེད་པའི་སྟོང་གཏམ། |
| ཁ་འབྱམས་པ |
ལོ་མས་འབྲས་བུ་སྒྲིབ་པ་ལྟ་བུའི་སྤྲོས་བཤད་ལ་ཤོར་བ། |
| ཁ་འབྱར |
ཕན་ཚུན་དམ་པོར་འགྲིག་པ་སྟེ། (དཔེར་ན།) པང་ལེབ་གཉིས་ཁ་འབྱར་ནས་འཕྲལ་མ་ཐུབ་པ་ལྟ་བུ། |
| ཁ་འབྱེད་པ |
1.སོ་སོར་ཁ་འཕྲལ་བ།2.ཁ་གཅོད་སེལ་བའམ་ལེན་པ། 3.ཉི་མས་པད་མ་ཁ་འབྱེད་པ་ལྟ་བུ། |
| ཁ་འབྲས |
གདོང་གི་རྣམ་པའམ་དབྱིབས་ཀྱི་དོན་ཏེ། (དཔེར་ན།) བྱིས་པ་འདི་ཁ་འབྲས་གཙང་མ་ཞིག་འདུག་ལྟ་བུ། |
| ཁ་འབྲིད་པ |
1.སླུ་བའི་དོན་ཏེ། (དཔེར་ན།) ཉ་མོ་ཟས་ཀྱིས་ཁ་བྲིད་ནས་བཟུང་ལྟ་བུ།2.ཉུང་དུ་གཏོང་བའི་དོན་ཏེ། (དཔེར་ན།) མང་དྲགས་ན་ཁ་འབྲིད་པར་བྱེད་དགོས་ལྟ་བུ། |
| ཁ་འབྲུ་བ |
སྐད་ཆ་སྔོག་པ་སྟེ། (དཔེར་ན།) བདེན་རྫུན་ཇི་འདྲ་འདུག་སྙམ་དུ་ཚོད་ལེན་ཕྱིར་ཁོའི་ཁ་འབྲུ་བ། ཕུ་གུའི་ཁ་འབྲུ་བ་ལྟ་བུ། |
| ཁ་འཚངས་པ |
1.ཟས་ཀྱིས་ཁ་འགགས་པ་སྟེ། (དཔེར་ན།) ལྟོ་ཆས་ཟ་རྔམ་ཆེས་པས་ཁ་འཚངས་པ་ལྟ་བུ།2.སྐད་ཆ་བཤད་རྒྱུར་འཚང་ག་རྒྱག་པའི་དོན་ཏེ། (དཔེར་ན།) ངའི་སྐད་ཆ་གཞུག་མ་རྫོགས་གོང་དུ་ཁོས་ཁ་འཚངས་པ།3.(མངོན་བརྗོད།) སྨོད་པ། |
| ཁ་འཚུབ |
གངས་འཚུབ། |
| ཁ་འཚོགས |
མི་མང་པོས་གྲོས་བྱེད་པ། |
| ཁ་འཛིང |
རྩོད་གླེང༌གི་དོན་ཏེ། (དཔེར་ན།) ཕན་ཚུན་ཁ་འཛིང་ཤོར་ལྟ་བུ། |
| ཁ་འཛིན |
གཙོ་བོ་འམ་རྒྱབ་རྟེན་གྱི་དོན་ཏེ། (དཔེར་ན།) ཁྱིམ་ཚང་གི་གཙོ་བོ་ལ་ཁྱིམ་གྱི་ཁ་འཛིན་དང་། གྲུབ་མཐའ་དང་རིང་ལུགས་འཛིན་མཁན་གྱི་གཙོ་བོ་ལ་གྲུབ་མཐའི་ཁ་འཛིན། སྡོང་གྲོགས་བྱེད་པའི་གཙོ་བོ་མཛོད་ཟེར་བ་ལ། གཡུལ་ལས་རྣམ་པར་རྒྱལ་བའི་ཁ་འཛིན་མཛོད་ཅེས་པ་ལྟ་བུ། |
| ཁ་འཛིན་གསུམ |
སུག་སྨེལ་དང༌། གུར་ཀུམ། པི་པི་ལིང་སྟེ་གསུམ་ལ་ཟེར། |
| ཁ་འཛིན་རོགས་དན |
ཕྱོགས་འཛིན་ནམ་རོགས་རམ་བྱས་པའི་དོན་ཏེ། (དཔེར་ན།) ཉམ་ཆུང་སྐྱོང་འོས་རིགས་ལ་ཁ་འཛིན་རོགས་དན་གང་ཐུབ་བྱེད་ལྟ་བུ། |
| ཁ་འཛུམ |
གད་མོ་ཅུང་ཟད་བགད་པ་ལྟ་བུའི་ཉམས་འགྱུར། |
| ཁ་འོག |
1.འོག་དང་འདྲ། 2.ལྐོག་གམ་མི་མངོན་པའི་མིང་སྟེ། (དཔེར་ན།) ཁ་འོག་ལ་ཡོག་ཅེས་པ་ལྟ་བུ། |
| ཁ་ཡ |
1.ཕན་ཚུན་རོགས་བྱེད་མཁན་གྱི་མིང་སྟེ། (དཔེར་ན།) ཁ་ཡ་ན་ཟླ་ཞེས་པ་ལྟ་བུ། 2.ཟུང་གི་ཡ་གྱལ་གཅིག་གི་མིང་སྟེ། (དཔེར་ན།) རྨོད་དོར་གྱི་ཁ་ཡ་ཞེས་པ་ལྟ་བུ། འདི་ཆ་ཡ་དང་དོན་འདྲ། 3.ཚིག་ལན་བཤད་པ་དང་བཟང་ངན་གྱི་ལན་བྱིན་པའི་དོན་ཏེ། (དཔེར་ན།) གནམ་ལ་ངོ་ཡ་དང་ས་ལ་ཁ་ཡ་བྱས་ལྟ་བུ། |
| ཁ་ཡ་ངོ་ཡ |
1.འགྲུལ་བར་སྣེ་ལེན་བྱས་པའི་དོན་ཏེ། (དཔེར་ན།) འགྲུལ་པ་ལ་ཁ་ཡ་ངོ་ཡ་ལེགས་པར་བྱེད་ལྟ་བུ། 2.འགྲན་སློང་བའི་རྣམ་པ་སྟེ། (དཔེར་ན།) ཉམ་ཆུང་གིས་བཙན་པོའི་ཁ་ཡ་ངོ་ཡ་མི་ཡོང་ལྟ་བུ། |
| ཁ་ཡག་ངོ་བསྟོད |
རང་མཁོ་གང་རུང་གི་ཆེད་དུ་དོན་ལ་མི་གནས་པའི་བསྟོད་པ་བྱེད་ཚུལ། |
| ཁ་ཡག་ངོ་ཡག |
ཁ་མཁས་འདྲ་ཆགས། |
| ཁ་ཡག་ཚིག་ཡག |
བཀྲ་ཤིས་པའི་གཏམ་མམ་སྐད་ཆ་སྙན་མོ། |
| ཁ་ཡང་བ |
གཏམ་མང་བ། |
| ཁ་ཡན |
1.(རྒྱན་ཚིག) ཁ་དམ་པོ་མིན་པའི་དོན་ཏེ། (དཔེར་ན།) ཁ་ཡན་པས་ཁ་ནས་གང་དྲན་བཤད་ལྟ་བུ། 2.གང་དྲན་དུ་བཤད་པའི་སྐད་ཆ་ཁུངས་མེད་ཀྱི་མིང་སྟེ། (དཔེར་ན།) ཁ་ཡན་འདེད། ཁ་ཡན་མ་བཤད་ལྟ་བུ། |
| ཁ་ཡན་པ |
1.ནང་གཏམ་ཕྱི་ལ་གྱར་བ་སྟེ། (དཔེར་ན།) རང་སྣང་གང་དྲན་གྱིས་ཁ་ཡན་པ་ལྟ་བུ།2.བོར་སྟོར་རམ། ཁ་འཐོར་བ་སྟེ། (དཔེར་ན།) དངོས་ནོར་ཡོ་བྱད་བར་མ་དོར་ཁ་ཡན་པ་རྣམས་རྩད་གཅོད་བྱེད་ལྟ་བུ། |
| ཁ་ཡར |
1.སོ་སོའམ་རེ་རེ་བ་སྟེ། (དཔེར་ན།) མི་རིགས་ཁ་ཡར་ལྟ་བུ།2.ཐར་ཐོར་གྱི་དོན་ཏེ། (དཔེར་ན།) འབྲས་བུ་ཁ་ཡར་ཞེས་པ་ལྟ་བུ།3.ཁ་ཤས་ཀྱི་དོན་ཏེ། (དཔེར་ན།) ཡོ་བྱད་ཁ་ཡར་ལྟ་བུ། |
| ཁ་ཡིག |
མིང་བྱང་ངམ་ཁ་བྱང་གི་ཡི་གེ། |
| ཁ་ཡུ |
རི་དྭགས་ཁ་ཤ་མོ། |
| ཁ་ཡུ |
ཁུ་ཡུ་ལ་ལྟོས། |
| ཁ་ཡོག |
མ་ཉེས་པར་ཉེས་སོ་ཞེས་ཁག་དཀྲི་བ་སྟེ། (དཔེར་ན།) མ་ཉེས་ཁ་ཡོག་བྱུང་ན་བཟོད་ཐབས་མེད་ཅེས་པ་ལྟ་བུ། |
| ཁ་ཡོད་ལག་མེད |
སྟོང་བཤད་མ་གཏོགས་དོན་ལ་མེད་པའམ་ཚིག་ཐོག་ཏུ་དོན་མི་འཁྱོལ་བའི་དོན། |
| ཁ་ཡོན |
ཁ་ཀྱོག་ཀྱོག |
| ཁ་ར |
1.རྟ་དྲེལ་སོགས་ཀྱི་ཁ་ལ་གཡོགས་ནས་རྩྭ་ཟ་འགོག་བྱེད་ཀྱི་མཆུ་ཤུབས།2.ཕྱུགས་ལ་རྩྭ་ཆས་སྟེར་སའི་སྣོད་དམ་ཡོ་བྱད་ཀྱི་མིང་། |
| ཁ་རལ |
གྲངས་དང་ཚད་པ་སོགས་མར་ཆག་པའི་དོན་ཏེ། (དཔེར་ན།) དུས་རབས་ཉི་ཤུ་པ་ལས་ལོ་དུ་ཁ་རལ། ལོ་གྲངས་ལྔ་བཅུ་ཁ་རལ་བའི་ཚེ་ལ་ཞེས་པ་ལྟ་བུ། |
| ཁ་རལ་བ |
1.རྒས་ཏེ་སོ་བུད་པ།2.མཆུ་ཏོ་རལ་བའི་དོན་ཏེ། (དཔེར་ན།) རི་བོང་ཁ་རལ་བ། སྟག་ཁ་རལ་བ་སྟ་བུ། |
| ཁ་རས |
ཁ་འཐམ་བྱེད་དམ་དཀྲི་བྱེད་ཀྱི་རས། |
| ཁ་རི་ཁ་ཐུག |
1.དྲང་པོ་དྲང་བཞག་གམ་ཐད་ཀའི་དོན་ཏེ། (དཔེར་ན།) བསམ་སྦྱོར་ཚང་མ་ཡོ་ཀྱོག་མེད་པ་ཁ་རི་ཁ་ཐུག་བྱེད་དགོས་ལྟ་བུ།2.འཕྲལ་གྱི་དོན་ཏེ། (དཔེར་ན།) ནད་རིམས་འགོས་འཕྲལ་ཕར་འགྱངས་ཕྱི་བཤོལ་མེད་པར་ཁ་རི་ཁ་ཐུག་ལ་སྨན་བཅོས་བྱེད་དགོས་ལྟ་བུ། |
| ཁ་རི་ལ |
བོད་རྒྱལ་རྩེ་རྫོང་གི་ཤར་རྒྱུད་དུ་ཡོད་ཅིང་དེའི་མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་5045 ཡོད། |
| ཁ་རིམས |
བྱིས་པའི་ཁའི་ནང་དུ་ཐོར་པ་ཞིབ་མོ་འབྱུང་བ་ཞིག་ཁ་ཚ་དང༌། ཁ་ལང་ཡང་ཟེར། |
| ཁ་རུ |
1.བེའུའི་སྣ་སྟེང་དུ་བསྒར་ནས་ནུ་མ་ནུ་བ་འགོག་བྱེད་ཀྱི་ཤིང་བུ།2.གླ་བའི་མཆེ་བ། |
| ཁ་རུ་ཚྭ |
ལན་ཚྭའི་རིགས་ཤིག་རོ་ལན་ཚྭ་ལ་ཚ་བ། ཞུ་རྗེས་དྲོད། ནུས་པས་ཕོ་བའི་དྲོད་ཉམས་པ་དང༌། ཟས་མི་འཇུ་བ། རྒྱུ་རྒན་གྱི་ནད་དང་གླང་ཐབས་སོགས་ལ་ཕན། མིང་གི་རྣམ་གྲངས་ལ་བི་ཊཾ་ངོ་དང༌། སྨིན་ཚྭ། རུ་ཚྭ་ཀ་བཅས་སོ། ། |
| ཁ་རུབ་པ |
1.མི་གཅིག་ལ་མི་མང་པོས་ཁ་རྡུང་གཏོང་བ།2.ཁ་ཟུམ་པའམ་འདུས་པ། |
| ཁ་རུལ་ནང་བཤང |
ཁ་རུལ་ན་ཁའི་ནང་འཁྲུད་དགོས་པ་ལྟར་ནང་ཁུལ་གྱི་འགལ་བའམ་མི་མཐུན་པ་རྣམས་ནང་ཁུལ་དུ་སེལ་དགོས་པའི་དཔེ། |
| ཁ་རེ་ཁོ་རེ |
གྱ་གྱུ་ཅན་ནམ་དྲང་པོ་མིན་པའི་དོན་ཏེ། (དཔེར་ན།) ཡ་ཡོ་ཁར་ཁོར་ཅན་གྱི་ལས་ཀ་བྱེད་སྟངས་མི་བཟང་ལྟ་བུ། |
| ཁ་རེ་སྐྱེངས |
ངོ་ཚ་བའི་ཚུལ། |
| ཁ་རོ |
ཁམ་གྱིས་བཅད་པའི་ལྟོ་ཆས་ཟོས་ལྷག |
| ཁ་རོག |
ཅང་མི་སྨྲ་བ་སྟེ། (དཔེར་ན།) ཁ་རོག་བསྡད་ནས་བསམ་བློ་ཐོངས། རྣ་བ་མ་གཙེར་ཁ་རོག་སྡོད་ལྟ་བུ། |
| ཁ་རོག་གེ་བ |
སྐད་ཆ་མི་བཤད་པར་སྡོད་ཚུལ་ཏེ། (དཔེར་ན།) མི་ཚང་མ་ཁ་རོག་གེ་བར་བསྡད་པ་ལྟ་བུ། |
| ཁ་རོང་དོག་པོ |
རི་ཕན་ཚུན་བར་གྱི་ས་ཡུལ་གུ་དོག་པོ། |
| ཁ་རྒན་པོ |
ཕྱུགས་རིགས་ན་སོ་མཐོ་བ་སྟེ། (དཔེར་ན།) རྟ་དྲེལ་ཁ་རྒན་པོ་འདི་ཡག་པོ་གསོ་དགོས་ལྟ་བུ། |
| ཁ་རྒས་པ |
ཁ་རྒན་པོ་དང་འདྲ། |
| ཁ་རྒོད |
(རྒྱན་ཚིག) ཀུ་རེ་སོགས་བཤད་པར་མཁས་པའི་དོན་ཏེ། (དཔེར་ན།) མི་ཁ་རྒོད་ཀྱིས་ཀུ་རེ་བཤད་དེ་ཐམས་ཅད་བཞད་གད་ཐེག་གེ་སོང་ལྟ་བུ། |
| ཁ་རྒོད་གཏིང་རྒོད |
ཁ་ཞེ་མཚུངས་པའི་དཔའ་སྙིང་ཅན། |
| ཁ་རྒོད་པོ |
1.ཁ་བདེ་པོའམ་འཕེར་པོ་སྟེ། (དཔེར་ན།) གཏམ་ཁ་རྒོད་སྟོང་བཤད་མཁས་མདོག་ཁ་ཞེས་པ་ལྟ་བུ།2.གཏམ་གྱོང་པོའམ་རྩུབ་པོ་ལ་ཡང་ཁ་རྒོད་པོ་ཟེར། |
| ཁ་རྒྱ |
1.འཕྲེད་ཞེང་ངམ་རྒྱ་ཁྱོན།2.ཡིག་ཤུབས་སོགས་ཀྱི་ཁ་དང་ཕྱི་རོལ་ལ་བཏབ་པའི་རྒྱ་སྟེ་ཐེལ་ཙེ། |
| ཁ་རྒྱགས་པ |
གུས་ཚུལ་མེད་པའི་སྐད་ཆ། |
| ཁ་རྒྱན |
1.སྣོད་སྤྱད་ཀྱི་ཁའི་རྒྱན་ཆ་སོགས།2.རྩྭ་ཀུ་ཤ་དང་རྨ་བྱའི་སྒྲོ་སོགས་ཀྱིས་བཟོས་པའི་བུམ་པའི་ཁ་རྒྱན།3.སྨ་ར། |
| ཁ་རྒྱབ་གཉིས་མེད |
ཟས་དང་གོས་གཉིས་ཀ་མེད་པ། |
| ཁ་རྒྱལ་བ |
1.ཁ་གཤགས་སམ་རྩོད་པ་ལས་རྒྱལ་བ།2.ངོ་འཕང་མཐོ་བའམ་བགོ་མཐོ་བ། |
| ཁ་རྒྱུ་གཤིན་པོ |
1.ངག་འཇམ་པོའམ་མཐུན་པོ།2.ཁ་ལ་ཉན་པོ། |
| ཁ་རྒྱུ་བྲོ་རྒྱུ |
རོའམ་བྲོ་བའི་དོན་ཏེ། (དཔེར་ན།) ཟས་དེ་ས་ཟོས་པ་བཞིན་ཁ་རྒྱུ་བྲོ་རྒྱུ་གང་ཡང་མི་འདུག་ལྟ་བུ། |
| ཁ་རྒྱུག |
གཞན་གྱི་སྐད་ཆའི་རྗེས་སུ་འགྲོ་བ་སྟེ། (དཔེར་ན།) རང་གི་ལྟ་བ་མེད་པར་གཞན་གྱི་ཁ་རྒྱུག་མ་བྱེད་ལྟ་བུ། |
| ཁ་རྒྱུད |
ངག་རྒྱུན་ནམ་བཤད་རྒྱུན། |
| ཁ་རྒྱུན |
1.གཏམ་རྒྱུན་ནམ་བཤད་སྲོལ།2.རྐྱལ་སྣོད་ཀྱི་ཁ་སྒྲོག་ཀོ་རྒྱུན། |
| ཁ་རྗེ |
སྟོབས་འབྱོར་དང་སྟོབས་ཤུགས་ཀྱི་མིང་སྟེ། (དཔེར་ན།) མི་དམངས་ཁ་རྗེ་དར་ཞེས་པ་ལྟ་བུ། དབང་ཐང་དང་བསོད་ནམས་ཀྱི་དོན་ལའང་འཇུག |
| ཁ་རྗེ་དབང་ཐང |
1.བསོད་ནམས་དང༌། དེ་ལ་ལོངས་སྤྱོད་པའི་བགོ་སྐལ།2.མི་སྒེར་གྱི་རྒྱུ་ནོར་ལོངས་སྤྱོད་དེ། (དཔེར་ན།) སྒེར་གྱི་ཁ་རྗེ་དབང་ཐང་སོ་སོར་དབང༌ལྟ་བུ། |
| ཁ་རྗེའི་ཁྱུ་མཆོག |
བསོད་ནམས་ཆེན་པོ། |
| ཁ་རྙིང་པ |
ལས་སོང་གི་དངོས་པོ་སྟེ། (དཔེར་ན།) ཕྱུ་པ་ཁ་རྙིང་པ་ཞིག་གྱོན་འདུག་ལྟ་བུ། |
| ཁ་རྡིབ་པ |
1.སོ་བུད་དེ་མཆུ་རྡིབ་པ།2.གངས་རྡིབ་པ་སྟེ། (དཔེར་ན།) རྩྭ་ཐང་ཚང་མར་ཁ་རྡིབ་བྱུང་ལྟ་བུ། |
| ཁ་རྡུང |
ཚིག་ངན་ནམ་གཤེ་གཤེ་བཏང་བ་སྟེ། (དཔེར་ན།) ལས་ཀ་མི་འགྲིག་པ་ཅུང་ཟད་བྱུང་བ་དང་ཁ་རྡུང་གཏོང་མི་རུང༌ལྟ་བུ། |
| ཁ་རྦད |
ཁ་ཤོབ་བམ་འུར་ཤོབ་སྟེ། (དཔེར་ན།) དངོས་སུ་ལག་ལེན་མེད་པར་ཁ་རྦད་ཁོ་ན་བཤད། |
| ཁ་རྨ་ལྷོག་པ |
ཁ་ལ་སྐྱེས་པའི་རྨ་སྐྲངས་སྦོས་ཅན་ཞིག |
| ཁ་རྩང |
ཉིན་སྔོན་མའི་མིང་སྟེ་ཁ་སང་དང་འདྲ། |
| ཁ་རྩར་འཁྲིལ་པོ |
ཁ་ལ་ཉན་པའི་དོན་ཏེ། (དཔེར་ན།) བཞོན་རྟ་ཁ་རྩར་འཁྲིལ་པོ། གང་བཤད་ལག་ལེན་བྱེད་པའི་ལས་རོགས་ཁ་རྩར་འཁྲིལ་པོ་ཞེས་པ་ལྟ་བུ། |
| ཁ་རྩལ |
གཏམ་ཤོད་པའི་ནུས་རྩལ། |
| ཁ་རྩིས |
ཡིད་འདྲེན་བཞིན་དུ་ངག་ཐོག་ནས་དྲངས་པའི་རྩིས་ཐབས། |
| ཁ་རྩུབ་ཁོག་ཡག |
ཁ་མི་སྙན་ཡང་སེམས་བཟང་བ། |
| ཁ་རྩེད |
ཁ་ནས་རྩེད་མོ་བཤད་པ། |
| ཁ་རྩོད |
དངོས་སུ་སྐད་ཆ་བཤད་པའི་རྩོད་པའི་མིང་སྟེ། (དཔེར་ན།)༌ ཁ་རྩོད་ཚིག་རྩོད། ཡིན་མིན་ཁ་རྩོད་བྱས་ལྟ་བུ། |
| ཁ་རྫིག་ངོ་རྫིག |
གཏམ་རྫིག་པོ་བཤད་པ་དང༌། གདོང་རྫིག་པོ་སྟོན་པ། |
| ཁ་རླངས |
ཁའི་དབུགས་རླངས་ཏེ། (དཔེར་ན།) མིག་ཤེལ་ལ་ཁ་རླངས་བཏབ་ནས་ཕྱིས་པ། དུག་སྦྲུལ་ནག་པོའི་ཁ་རླངས་ཕོག་ལྟ་བུ། |
| ཁ་ལ་ཅ་ལེ་བ |
གཏིང་ལ་མ་འདྲེས་པར་ཁ་ལ་གཡེངས་པའི་དོན། |
| ཁ་ལ་ཡུག |
དུས་བྱ་བྱིའུ་ཞིག་གི་མིང་སྟེ། གཤོག་པ་རིང་ལ་མཇུག་མ་ཁེ་གྲིའི་ཁ་བཀྱེད་པ་ལྟ་བུ། རྒྱབ་ནག་ཅིང་ལྟོ་ངོས་དཀར་བ། དབྱར་དུས་རྒྱུན་པར་མི་ཁྱིམ་གྱི་ཁང་བའི་གདུང་ལྕམ་ཐོག་གམ་བྲག་སྐྱིབས་སུ་འདམ་གྱིས་ཚང་བཟོ་ཞིང་། བར་སྣང་ནས་འཕུར་གྱིན་སྦྲང་ནག་དང་དུག་སྦྲང་བཟུང་ནས་ཟ་བའི་ཕན་བྱ་ཞིག་ཡིན། གནའ་དཔེར་དེའི་མིང་ལ་ཁུག་རྟ་དང་ཀ་ལན་ཏ་སོགས་མིང་མང་པོ་ཡོད། |
| ཁ་ལ་རྒྱ་བྱིན |
ཁ་ལ་ཐེལ་ཚེ་བརྒྱབ་སྟེ་གཏམ་སྨྲ་རུ་མ་བཅུག་པའམ་སྨྲ་བའི་ནུས་པ་མེད་པར་བཟོ་བའི་དོན་ཏེ། (དཔེར་ན།) རྩོད་གཤགས་བཏབ་པས་ཁ་ལ་རྒྱ་བྱིན་ལྟར་ལན་གདབ་རྒྱུ་མེད་པར་གྱུར། |
| ཁ་ལག |
1. ཁ་དང་ལག་པའི་ཚིག་བསྡུས་པ་སྟེ། (དཔེར་ན།) ཁ་ལག་དམ་མེད་དུ་བྱ་བ་བྱས་ལྟ་བུ།2.ལྷ་སའི་ཕལ་སྐད་དུ་ཟས་ཐུན་ལ། ཁ་ལག་ཟེར་སྲོལ་ཡོད། |
| ཁ་ལང |
བྱིས་པའི་ཁའི་ནང་དུ་བྱུང་བའི་ཐོར་པ་ཆུང་ངུ་ཞིག |
| ཁ་ལད་པ |
1.ཁ་ངན་ལང་ལ་ཤོར་བ།2.ཟས་ཟ་ཉེས་ཤོར་བ། |
| ཁ་ལན |
སྐད་ཆའི་ལན་དང་ངག་འཕྲིན་ཏེ། (དཔེར་ན།) ཡི་གེ་འབྲི་མ་ཐུབ་ན་ཁ་ལན་ངེས་པར་གཏོང་དགོས་ལྟ་བུ། |
| ཁ་ལབ |
ཁ་ནས་གཏམ་བཤད་པའི་དོན་ཏེ། (དཔེར་ན།) ཁ་ལབ་ཤབ་ཤུབ། ཁ་ལབ་བཅད་ནས་ཕན་ཚུན་སྐད་ཆ་བཤད་རེས་མི་བྱེད་ལྟ་བུ། |
| ཁ་ལས |
1.སྐད་ཆ་བཤད་པའི་བྱ་བའི་མིང་སྟེ། (དཔེར་ན།) རླུང་གི་ནད་ཅན་ཁ་ལས་ཆེར་མི་བྱ་ལྟ་བུ། 2.ཁ་ཕོའི་དོན་ཏེ། (དཔེར་ན།) རྒྱལ་ཁ་བླངས་ཀྱང་ཁ་ལས་མ་ཆེ་ཞེས་པ་ལྟ་བུ། 3.རང་གི་བྱ་སྤྱོད་ཀྱིས་གཞན་ལ་བསྐྱེད་པའི་བྱེད་ལས་ཀྱི་མིང་སྟེ། (དཔེར་ན།) ཁ་ལས་དགེ་ལྟ་བུ། |
| ཁ་ལས་སྐྱེས |
(མངོན་བརྗོད།) བྲམ་ཟེ། |
| ཁ་ལུང་པ |
འབྲོག་དགོན་པ་ན་གནས་པ་པོ། |
| ཁ་ལུད |
1.ཁའི་ནང་གི་མཆིལ་མ་གར་པོ་སྟེ། (དཔེར་ན།) ཁ་ལུད་གང་སར་གཡུགས་ན་འཕྲོད་བསྟེན་ལ་གནོད་ལྟ་བུ།2.སྣོད་ནང་དུ་མ་ཤོང་བར་ཁ་ནས་ཕྱིར་འཕྱུར་བའམ་ལུད་པ།3.ལྗང་པ་སྐྱེས་རྗེས་ཞིང་ཁར་ཁ་སྣོན་བརྒྱབ་པའི་ས་ལུད། |
| ཁ་ལེ་ནག་པོ |
སྙིང་ནད་རིགས་བདུན་གྱི་ནང་ཚན། སྤྲོ་ཐུང་ཞིང་མིག་འབུར་ཚུགས་སུ་ལྟ་ལ། ཁ་ཡོ་བར་འགྱུར་བ་ཞིག་ཁ་ལེ་ཞེས་ཁ་ཡོ་བའི་དོན་དང༌། ནག་པོ་ཞེས་སྙིང་ནད་གདུག་པ་ཅན་གྱི་དོན་ནོ། ། |
| ཁ་ལེན |
1.སྣེ་ལེན་བྱེད་པ་སྟེ། (དཔེར་ན།) མགྲོན་པོར་ཁ་ལེན་པ་ལྟ་བུ། 2.གྲི་རྣོ་ཕྱིར་ཀོ་བ་དང་རས་སོགས་ལ་བརྡར་བའི་དོན་ཏེ། (དཔེར་ན།) གྲི་ཁ་ལེན་པ་ལྟ་བུ།3.ནང་དུ་ཕྱིར་འདེད་པ་སྟེ། (དཔེར་ན།) རྩྭ་ས་ནས་ནོར་ཕྱུགས་ཁ་ལེན་པ།4.ནོར་ཕྱུགས་སོགས་ཀྱི་ཁ་ནས་འཇུ་བ། |
| ཁ་ལེན་ངོ་ལེན |
ཕྱོགས་འགྲུལ་གྱི་གཉེར་ཁ་ལེན་འཛིན་ཏེ། (དཔེར་ན།) འགྲུལ་རིགས་ནམ་འབྱོར་ལ་ཁ་ལེན་ངོ་ལེན་འཕྲལ་འཕྲལ་བྱེད་ལྟ་བུ། |
| ཁ་ལེན་ངོ་སྲུང |
གཏམ་དང་གདོང་གི་སྣེ་ལེན། |
| ཁ་ལེབ |
ཁ་ཁེབས་དང་མཚུངས། |
| ཁ་ལོ |
ཁ་ཕྱོགས་སམ་ཁ་ཕྱོགས་སྒྱུར་བའི་བྱ་སྤྱོད་ཀྱི་མིང་སྟེ། (དཔེར་ན།) གྲུ་གཟིངས་ཁ་ལོ་བསྒྱུར། རྟ་ཁ་ལོ་བཏུལ། ལུས་ཁ་ལོ་འཁོར་ལྟ་བུ། |
| ཁ་ལོ་པ |
1.འགྲིམ་འགྲུལ་ཡོ་བྱད་ཤིང་རྟ་དང་རླངས་འཁོར་སོགས་ཁ་ཕྱོགས་སྒྱུར་མཁན་གྱི་སྤྱི་མིང་སྟེ། (དཔེར་ན།) ཤིང་རྟའི་ཁ་ལོ་པ། རླངས་འཁོར་ཁ་ལོ་པ་ཞེས་པ་ལྟ་བུ། 2.རྩྭ་ལྡུམ་གྱི་ཆ་ཤས་ས་ངོས་སུ་སྐྱེས་པའི་ལྗང་ལོ་ལའང་ཡུལ་སྐད་དུ་ཁ་ལོ་ཟེར་ཏེ། (དཔེར་ན།) ལ་ཕུག་གི་ཁ་ལོ། ཉུང་མའི་ཁ་ལོ་ཞེས་པ་ལྟ་བུ། |
| ཁ་ལོ་སྒྱུར་བ |
1.དབང་སྒྱུར་བ་སྟེ། (དཔེར་ན།) གནམ་ས་ཁ་ལོ་སྒྱུར་བའི་དཔོན་པོ་ཞེས་པ་ལྟ་བུ།2.ཁ་ཕྱོགས་སྒྱུར་བ་སྟེ། (དཔེར་ན།) ཆིབས་པའི་ཁ་ལོ་སྒྱུར་བ། རླངས་འཁོར་ཁ་ལོ་སྒྱུར་བ་ལྟ་བུ།3.སངས་རྒྱས་ཤིག་གི་མཚན། |
| ཁ་ལོག་ངོ་ལོག |
རྒོལ་བའི་གཏམ་དང་བྱ་སྤྱོད། |
| ཁ་ལོག་པ |
1.ཕར་བྱས་པའི་ལན་ཚུར་ལྡོག་པ་སྟེ། (དཔེར་ན།) རང་གི་བྱ་སྤྱོད་ནོར་བས་མང་ཚོགས་ཁ་ལོག་པ་རེད། ཁྱི་གྱང་ཁུག་ལ་བཀར་ན་ཁ་ལོག་མི་རྒྱག་ཀ་མེད་རེད་ལྟ་བུ།2.མཚོན་གྱི་རྣོ་ལོག་པར་ཡང་ཁ་ལོག་པ་ཟེར། |
| ཁ་ལོག་ཚིག་ལོག |
ཡི་མ་རངས་པའི་ཚིག་ལན་ཏེ། (དཔེར་ན།) སེམས་བཟང་གི་ཁ་ཏ་ལ་ཁ་ལོག་ཚིག་ལོག་རྒྱག་མི་རུང༌ལྟ་བུ། |
| ཁ་ལྔ་པ |
(མངོན་བརྗོད།) སེང་གེ། |
| ཁ་ལྗིད་པོ |
ངག་སྒོ་དམ་པོའམ་སྐད་ཆ་མང་པོ་མི་བཤད་པ། |
| ཁ་ལྟ་བ |
1.མདུན་ཕྱོགས་སྟོན་པའི་དོན་ཏེ། (དཔེར་ན།) གཏམ་བཤད་བྱེད་མཁན་གྱི་ཕྱོགས་སུ་ཉན་མཁན་ཚང་མས་ཁ་ལྟ་བ།2.རྟགས་བཟང་འགོ་ཚུགས་པའི་དོན་ཏེ། (དཔེར་ན།) ཕྱུགས་རིགས་སྐྱེ་འཕེལ་ཁ་ལྟ་བ། |
| ཁ་ལྟ་མིག་ལྟ |
ཁ་ནས་སློབ་སྟོན་དང་མིག་གིས་ལྟ་རྟོག་བྱེད་པ་སྟེ། (དཔེར་ན།) དྭ་ཕྲུག་ལ་ཁ་ལྟ་མིག་ལྟ་བྱེད་དགོས་ལྟ་བུ། |
| ཁ་ལྟས |
གཏམ་བཟང་ངན་གྱི་རྟགས་མཚན་ཏེ། (དཔེར་ན།) ཁ་ལྟས་ངན་པ། ཁ་ལྟས་ཡག་པོ་ཞེས་པ་ལྟ་བུ། |
| ཁ་ལྟིར |
སྔར་བོད་དངུལ་ཁ་གང་རི་བའི་ཆང་བླུག་སྣོད། |
| ཁ་ལྡིབ |
གཏམ་ལྡབ་ལྡིབ་བམ། ཆེར་མི་གསལ་བ། |
| ཁ་ལྡིབ་ལྡིབ |
གཏམ་སྨྲ་བ་མི་གསལ་བའི་ཚུལ། |
| ཁ་ལྤགས |
1.མཆུ་ཏོ།2.སྟེང་གི་པགས་པའམ་ཕྱིའི་ཤུན་པ། |
| ཁ་ལྷག |
བྱུང་སོང་གི་རྩིས་ཁ་འཐབ་པའི་ལྷག་མའམ། ནོར་ཟས་བེད་སྤྱད་པའི་ལྷག་མའི་དོན་ཏེ། (དཔེར་ན།) ཚོང་རྩིས་བརྒྱབ་པའི་ཁ་ལྷག འཚོ་བའི་ཆ་རྐྱེན་དུ་བེད་གཅོད་བྱས་པའི་ཁ་ལྷག་ཅེས་པ་ལྟ་བུ། |
| ཁ་ལྷག་འཁྲོལ་འཁྱིལ |
རྩིས་མགོ་གཏུགས་པའི་ལྷག་མའམ། བེད་སྤྱད་པའི་ལྷག་འཕྲོ། |
| ཁ་ཤ |
1.རི་དྭགས་བྱེ་བྲག་ཅིག རི་དྭགས་ཁ་ཤའི་མིང་སྟེ་དབྱིབས་ཤ་བ་དང་འདྲ་ཞིང་དེ་ལས་ཆུང་བ། རྭ་ཤ་བོའི་རྭ་ལྟར་ལོ་རེ་ལ་ཐེངས་རེ་བརྗེ་བ་ཞིག་ཡིན་ཞིང་། ཤ་རྭའི་ཚབ་བྱས་ནས་སྨན་དུ་བཀོལ་ཆོག2.ཀོ་བ་མཉེས་མའི་སྐྱི་དཀར་ལ་ཡང་ཁ་ཤ་ཟེར། |
| ཁ་ཤགས |
ཀྱལ་ཀའི་སྒོ་ནས་ཤགས་འགྱེད་པ་སྟེ། (དཔེར་ན།) ཕྱོགས་གཉིས་ཕན་ཚུན་ཁ་ཤགས་རྒྱུན་མི་འཆད་པར་འགྱེད་པ། གཟུ་དཔང་གི་མདུན་དུ་སུ་བདེན་སུ་རྫུན་གྱི་ཁ་ཤགས་འགྱེད་པ། མི་ཚོ་ཁག་གཉིས་ཀྱིས་གཞས་ཚིག་གིས་ཁ་ཤགས་རྒྱག་པ་ལྟ་བུ། |
| ཁ་ཤའི་རྭ |
སྲོག་ཆགས་སྨན་གྱི་རིགས་ཤིག་རོ་ལན་ཚ། ཞུ་རྗེས་བསིལ། ནུས་པས་གློ་བ་སོགས་བྱང་ཁོག་ཏུ་རྣག་ཁྲག་ཆུ་སེར་རྒྱས་པ་སྐེམ། དུག་ཚད་སེལ། |
| ཁ་ཤས |
(གྲངས་ཚིག) གྲངས་ཀ་ཉུང་ཤས་ཀྱི་དོན་ཏེ། (དཔེར་ན།) མི་ཁ་ཤས་ཉིན་ཁ་ཤས་ཞེས་པ་ལྟ་བུ། |
| ཁ་ཤིང |
1.ལྷམ་གྱི་ཁ་རྒྱོང་བྱེད་ཀྱི་ཤིང༌།2.ཁ་རུ།3.སྒོ་ཐོད་མཛེས་རྒྱན་གྱི་བང་རིམ་ཞིག |
| ཁ་ཤུགས |
གཏམ་བཤད་པའི་ནུས་སྟོབས་ཏེ། (དཔེར་ན།) དཀར་ནག་བདེན་རྫུན་གྱི་དབྱེ་བ་འབྱེད་པ་ལ་ཁ་ཤུགས་ཆེན་པོ་མི་དགོས། |
| ཁ་ཤུབས |
པར་རྐོའི་ཡོ་བྱད་ལུགས་སྣོད། |
| ཁ་ཤུར |
གཟོང་གི་བྱེ་བྲག་གཟོང་ཁ་རྟ་སྒ་འདྲ་བ་ཞིག |
| ཁ་ཤོ |
མཆུ་རལ་བ། |
| ཁ་ཤོབ |
1.རྫུན་ཚིག་གི་དོན་ཏེ། (དཔེར་ན།) ཁ་ཤོབ་བཤད་ནས་གཞན་མགོ་བསྐོར་བ་ལྟ་བུ། 2.འུད་གཏམ་སྟོང་པའི་དོན་ཏེ། (དཔེར་ན།) མི་ཁ་ཤོབ་ཚ་བོ་ཅན་ཞེས་པ་ལྟ་བུ། |
| ཁ་ཤོམ |
འུད་ཤོབ་ཀྱི་སྐད་ཆ་སྟེ། (དཔེར་ན།) ཁ་ཤོམ་བཤད་དེ་གཞན་ཟིལ་གྱིས་གནོན་རྩིས་བྱེད། ཁས་བླངས་ཐེབས་གཅོག་གི་ཁ་ཤོམ་ཆེ་བ་ལྟ་བུ། |
| ཁ་ཤོར་བ |
1.གཏམ་ཁ་ནས་ཤོར་བའི་དོན་ཏེ། (དཔེར་ན།) གང་བྱུང་དུ་ཁ་ཤོར་བ་ལྟ་བུ།2.ཐལ་དྲགས་པའམ་ཚད་ལས་འདས་པའི་དོན་ཏེ། (དཔེར་ན།) མེ་མདའ་ཁ་ཤོར་བ། སྣོད་ཀྱི་ཁ་ཤོར་བ་ལྟ་བུ། |
| ཁ་ཤྭ |
མཆུ་རལ་བའམ་ཤྭ་སྒྲོས། |
| ཁ་ས |
1.དེ་རིང་གི་ཉིན་སྔོན་མ་སྟེ་ཁ་སང་དང་འདྲ། 2.ལེགས་སྦྱར་སྐད་ཀྱི་གསལ་བྱེད་འཁྲུགས་བསྡེབས་ནང་ཁ་ནས་ས་བར་གྱི་བསྡུས་མིང༌། དེའི་ཞིབ་ཆ་ཧ་ས་ལ་ལྟོས། |
| ཁ་ས་ཁ་ཉིན |
ཁ་ས་དང་ཁ་ཉིན་ཏེ། ཁ་སང་དང་འདྲ། |
| ཁ་སང |
ཁ་རྩང་དང་འདྲ། |
| ཁ་སངས |
ཁ་རྩང་དང་འདྲ། |
| ཁ་སརྤ་ཎི |
(ལེགས་སྦྱར།) མཁའ་སྤྱོད་དེ་སྤྱན་རས་གཟིགས་ཀྱི་བྱེ་བྲག་ཅིག |
| ཁ་སུབ |
སྦྲའི་སྟེང་གི་མཐོངས་གཡོག་བྱེད་ཀྱི་རེ་ལྡེ། |
| ཁ་སུར |
ཤིང་ཏོག་ཁ་སུར་ཏེ་རྒྱ་སྐད་དུ་མིས་ཙོ་ཟེར། |
| ཁ་སེང |
ཉེ་སྔོན་ནམ་ཉེ་ཆར་དུས། |
| ཁ་སོ |
1.ཁའི་སོ།2.གྲིའི་ཁའམ་སོ།3.འགྲམ་མམ་ཟུར། |
| ཁ་སོ་ངོ་ལག་ལྟ་བ |
ངོ་དཀར་ནག་དང༌། ལག་པའི་བྱ་སྤྱོད་ལ་ལྟ་བ། ཁ་སོ་ངོ་ལག་ལྟ་བའི་སྒོ་ནས་གཞན་སེམས་ཤེས་པ། |
| ཁ་སོང |
རྟ་ནོར་ལོ་ལོན་པའམ་རྒས་པ། |
| ཁ་སྐད |
1.ཟེར་རྒྱུན།2.ཕལ་སྐད་དང༌། རྩོམ་རིག་གི་སྐད་ཆའི་གཞི་རྩ་ཡིན་པའི་སྐད་ཆ་དཀྱུས་མའི་མིང་། |
| ཁ་སྐོང |
མ་ཚང་བའམ་མ་ལོངས་པ་བསྣན་པའི་ཁག་གི་མིང་སྟེ། (དཔེར་ན།) སློབ་མས་བཤད་པའི་སྐད་ཆའི་ཁ་སྐོང་དུ་དགེ་རྒན་གྱིས་སྐད་ཆ་ཁ་ཤས་བཤད། སློབ་ཁང་གི་དངུལ་ཐེབས་ཀྱི་ཁ་སྐོང་དུ་རྒྱལ་ཁབ་ཀྱིས་སྒོར་མོ་ལྔ་བརྒྱ་བྱིན་ལྟ་བུ། |
| ཁ་སྐོང་གི་ཆོས་བཅུ་གསུམ |
བསྙེན་རྫོགས་ཀྱི་དགེ་འདུན་མངོན་གྱུར་གྱི་ནང་གསེས། ཁ་སྐོང་གི་ཆོས་ལ་ལས་གྲལ་དུ་མི་འདུག་པར་འགྲེང་བ་དང༌། ཡུལ་དེ་ཆད་ལས་སོགས་བྱ་བའི་འོས་སུ་གྱུར་པ་དང༌། ལུས་དངོས་སུ་མ་འདུས་པར་འདུན་པ་སོགས་ཕུལ་བ་དང༌། བསྙེན་པར་མ་རྫོགས་པ་དང༌། སྡོམ་པ་ཉམས་པ་དང༌། མཚམས་མེད་བྱས་པ་དང༌། སྟོན་པའི་བསྟན་པ་ལ་ཡིད་མི་ཆེས་པའི་སྡིག་ལྟ་ཅན་དང༌། སྤོ་མགུ་ལ་སོགས་པ་དམན་པའི་ས་ན་གནས་པ་དང༌། ཆོས་ཕྱོགས་པ་ལས་ལྟ་བ་ཐ་དད་པའི་ཆོས་མིན་ཕྱོགས་པ་དང༌། བསྡམ་བྱ་ཉེས་བྱས་ཡན་ཆད་ཀྱིས་གོས་པའི་འཁྲུལ་བཅས་མ་ཡིན་པ་སྟེ་གཞིའི་སྐབས་ནས་འབྱུང་བ་བཅུ་དང༌། མཚམས་གཞན་དང་མཚན་གཞན་དང༌། དཀོན་མཆོག་གཞན་འཛིན་པ་མ་ཡིན་པ་སྟེ་ཞུ་བའི་སྐབས་ནས་འབྱུང་བ་གསུམ་བཅས་བཅུ་གསུམ་མོ། ། |
| ཁ་སྐོང་སྦྱིན་སྲེག |
ཆོ་ག་ལྷག་ཆད་ཀྱི་ཉམས་པ་སྐོང་བའམ་གསོ་བའི་ཕྱིར་ཡི་དམ་གང་རུང་གི་སྒོས་བླུག་པའི་སྦྱིན་སྲེག་གམ་ཆོ་གའི་ཡན་ལག་ཚང་བར་བླུག་པའི་ལས་སྦྱོར་གྱི་སྦྱིན་སྲེག |
| ཁ་སྐོམ |
ཁའི་ནང་གི་རླན་སྐམ་པའི་གདུང་བ་སྟེ། (དཔེར་ན།) ཁ་སྐོམ་པའི་མི་ལ་ཆུའང་ཞིམ་ལྟ་བུ། |
| ཁ་སྐྱུར |
ལྗང་སྤྲིན་ཏེ། (དཔེར་ན།) ལྷ་འབྲི་བ་ཚོའི་ལོགས་སྐད་ཅིག |
| ཁ་སྐྱུར་བ |
1.ཚོས་ལོག་པ།2.རོ་མྱོང་ཚུལ་ཞིག་སྟེ། (དཔེར་ན།) ཁམ་བུ་ཟོས་རྐྱེན་ཁ་སྐྱུར་ལངས་ལྟ་བུ། |
| ཁ་སྐྱེངས |
(བྱེད་མེད་ལས་ཚིག) ངོ་གནོངས་པའི་དོན་ཏེ། སྐྱེངས་དང་འདྲ། |
| ཁ་སྐྱེད |
ཟླ་སྲང་ཁ་སྐྱེད་ཀྱི་བསྡུས་ཚིག |
| ཁ་སྐྱེལ |
གཞན་དང་མཆུ་སྦྱོར་བའམ། འོ་བྱེད་པ། |
| ཁ་སྐྱོང |
གཞན་ལ་མགོ་ཐོན་ཐབས་ཀྱི་རོགས་ཟླ་བྱེད་པའམ་འཚོ་སྐྱོང་བྱེད་པ། |
| ཁ་སྒོ |
1.སྐད་ཆ་བཤད་པའི་དོན་ཏེ། (དཔེར་ན།) སྐད་གསེང་མཐོ་ཞིང་ཁ་སྒོ་ཡངས་པོའི་ཐོག་ནས་ཚོགས་གཏམ་བཏང་ལྟ་བུ།2 བཞིན་རས་ཀྱི་དོན་ཏེ། (དཔེར་ན།) བྱིས་པ་ཚང་མ་ཁ་སྒོ་མཛེས་པ་ཤ་སྟག་འདུག་ཅེས་པ་ལྟ་བུ། |
| ཁ་སྒྱུར་བ |
2.ཚོས་མདོག་སྒྱུར་བའི་དོན་ཏེ། (དཔེར་ན།) རས་དཀར་པོ་དམར་པོར་ཁ་སྒྱུར་བ། ཁ་སྒྱུར་དངུལ་ཆས་ཞེས་པ་ལྟ་བུ།2.ཁ་ཕྱོགས་སྒྱུར་བའི་དོན་ཏེ། (དཔེར་ན།) ཤར་ཕྱོགས་སུ་ཁ་སྒྱུར་བ་ལྟ་བུ། |
| ཁ་སྒྲོག |
རྐྱལ་པའམ་ཁུག་མ་སོགས་ཀྱི་ཁ་སྡོམ་བྱེད། |
| ཁ་སྒྲོབ |
ཁ་ཤོབ་བམ་འུད་གཏམ་ཏེ། (དཔེར་ན།) གནས་ལུགས་དང་མི་མཐུན་པའི་ཁ་སྒྲོབ་བཤད་པ། |
| ཁ་སྒྲོམ |
འུད་གཏམ། |
| ཁ་སྔ་བ |
སྐད་ཆ་བཤད་སྔ་བ་སྟེ། (དཔེར་ན།) གྲོས་འགོ་འདོན་མཁན་ཁ་སྔ་བ་ཞེས་པ་ལྟ་བུ། |
| ཁ་སྙོམས |
ཁ་མཐོ་དམན་སྙོམས་པོ། |
| ཁ་སྟན |
ཁ་གདན་དང་འདྲ། |
| ཁ་སྟབས |
1.སྟོབས་སམ་ནུས་པའི་མིང་སྟེ། (དཔེར་ན།) ཡོན་ཏན་གྱི་ཁ་སྟབས། ལག་རྩལ་གྱི་ཁ་སྟབས་ཞེས་པ་ལྟ་བུ།2.གདོང་གི་རྣམ་པ་ལ་ཡང་ཁ་སྟབས་ཟེར། |
| ཁ་སྟོང |
1.དོན་ལ་མི་འབབ་པའི་སྐད་ཆ་རྐྱང་པ།2.སྐད་ཆ་མང་པོ་སྟེ། (དཔེར་ན།) མི་སྟོང་ཁ་སྟོང༌ཞེས་པ་ལྟ་བུ། |
| ཁ་སྟོབས |
གཏམ་སྨྲ་བའི་ནུས་པའི་མིང་སྟེ། (དཔེར་ན།) ཐབས་ཇུས་བཟང་ཞིང༌། ཁ་སྟོབས་ཆེ་ཞེས་པ་ལྟ་བུ། |
| ཁ་སྡུད་པ |
1.སྣོད་ཀྱི་ཁ་ཟུམ་པར་བྱེད་པ་སྡེ། (དཔེར་ན།) ཁུག་མ་ཁ་སྡུད་པ་ལྟ་བུ།2.མི་མང་སོགས་ཕྱོགས་གཅིག་ཏུ་འདུ་བར་བྱེད་པ། |
| ཁ་སྡུམ |
ཁོན་སྡུམ་པའམ། མཐུན་པར་བྱེད་པ། |
| ཁ་སྡུར |
ཁ་བཤད་འགྲན་པའམ་ཁ་བརྡར་བྱེད་པ་སྟེ། (དཔེར་ན།) ཐུན་མཚམས་སུ་ཁ་སྡུར་མ་གཏོང་ཞིག་ལྟ་བུ། |
| ཁ་སྡོམ་པ |
1.སྣོད་ཀྱི་ཁ་འཆིང་བ།2.སྐད་ཆ་འགོག་པར་བྱེད་པ། |
| ཁ་སྣོན |
གཞི་རྩའི་སྟེང་དུ་སྣོན་པ་བྱེད་པ་སྟེ། (དཔེར་ན།) ཚད་མ་ལོངས་པ་དེར་ཁ་སྣོན་རྒྱག་པའི་དོན། |
| ཁ་སྤམ |
སྔར་བོད་གཞུང་གི་གུང་དང་བཀའ་བློན། ཡ་སོར་ཁྲི་པའི་མགྲོན་གཉེར་བཅས་ཀྱི་གཟབ་ཞྭ། |
| ཁ་སྤུ |
སྨ་ར། |
| ཁ་སྤོས་པ |
གཞན་དུའམ། གསར་དུ་ཁ་བསྒྱུར་བ་སྟེ། (དཔེར་ན།) སྨན་པ་ཁ་སྤོས་པ། སྡོད་ས་ཁ་སྤོས་པ་ལྟ་བུ། |
| ཁ་སྤོས་རྩིས་སྤྲོད |
ལས་བྱེད་བརྗེ་སྤོས་ཀྱི་འགན་ཁུར་སྤྲོད་ལེན། |
| ཁ་སྤྱིན |
ཁའི་མཆིལ་མས་བརླན་པའམ་ཁ་རླངས་ཀྱིས་དྲོས་བཅུག་སྟེ་ཤོག་བུ་སྦྱོར་བྱེད་ཀྱི་སྤྱིན། |
| ཁ་སྤྲད |
ཁ་འཕྲད་པར་བྱས་པ་སྟེ། (དཔེར་ན།) ཡུན་རིང་བྲལ་བའི་མ་བུ་ཁ་སྤྲད་པ་ལྟ་བུ། |
| ཁ་སྤྲིས |
ཞོ་དང་འོ་མ་སོགས་ཀྱི་ཁར་ཆགས་པའི་སྤྲིས་མ། |
| ཁ་སྤྲོད |
ཐད་ཀ་ཐད་སོར་གནས་པའི་དོན་ཏེ། (དཔེར་ན།) སྒོ་ཆེན་ཁ་སྤྲོད་དུ་ཡོད། གྱོད་ཡའི་ཁ་སྤྲོད་དུ་བསྡད་ལྟ་བུ། |
| ཁ་སྤྲོད་པ |
1.ཕན་ཚུན་ངོ་ཤེས་བྱེད་འཇུག་པ།2.ཁ་དང་ཁ་གཏུགས་པ། |
| ཁ་སྦུག་དོག་པོ |
སྐད་ཆ་ཤོད་མཚེར་ཆེན་པོ། |
| ཁ་སྦུབ |
མདུན་ནམ་ཁ་ས་ངོས་ལ་གཏད་པའི་དོན་ཏེ། (དཔེར་ན།) དཀར་ཡོལ་ཁ་སྦུབ། བྱིས་པ་ཁ་སྦུབ་ཏུ་ཉལ་ལྟ་བུ། |
| ཁ་སྦུབ་པ |
1.སྣོད་སྤྱད་ཁ་ཞབས་སློག་པ།2.ཁ་ས་ལ་བསྟན་པའི་དོན་ཏེ། (དཔེར་ན།) ཉལ་ཁྲིའི་སྟེང་ལ་ཁ་སྦུབ་ཏུ་ཉལ་བ། |
| ཁ་སྦོན |
(བརྡ་རྙིང་།) ཁ་ཏོན། |
| ཁ་སྦྱར |
1.ཁ་དང་ཁ་སྦྱོར་བའམ་འོ་བྱེད་པ།2.སྣོད་སོགས་ཀྱི་ཁ་སྦྱར་བ།3.(མངོན་བརྗོད།) གའུ། |
| ཁ་སྦྱོང་བ |
1.ཟས་ལ་ཁ་གོམས་སུ་འཇུག་པ།2.ཀློག་པ་དང་གཏམ་གྱི་ཁ་རྩལ་སྦྱོང་བ། |
| ཁ་སྦྱོར |
1ཁ་དང་ཁ་སྦྱོར་བའམ། འོ་བྱེད་པ།2.དངོས་པོ་གཉིས་གཅིག་ཏུ་སྦྱོར་བའི་དོན་ཏེ། དཔེར་ན།) ཁ་སྦྱོར་ལྷུ་སྒྲིག་ལྟ་བུ།3.འཁྲིག་པ། |
| ཁ་སྦྱོར་བདུན་ལྡན |
(མངོན་བརྗོད།) རྡོ་རྗེ་འཆང༌སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ནི་ཁ་སྦྱོར་ཡན་ལག་བདུན་དང་ལྡན་པ་ལོངས་སྤྱོད་རྫོགས་པའི་ཡན་ལག་དང༌། ཁ་སྦྱོར་གྱི་ཡན་ལག་བདེ་བ་ཆེན་པོའི་ཡན་ལག་རང་བཞིན་མེད་པའི་ཡན་ལག་སྙིང་རྗེས་ཡོངས་སུ་གང་བའི་ཡན་ལག་རྒྱུན་མི་འཆད་པའི་ཡན་ལག་འགོག་པ་མེད་པའི་ཡན་ལག་རྣམས་སོ། ། |
| ཁ་སྦྲང་རྩི་ཁོག་སྣག་ཚ |
ཁ་འཇམ་ཞིང་སེམས་ནག་པའི་དཔེ། |
| ཁ་སྨར་བ |
(བརྡ་རྙིང་།) ཁ་བརྙོགས་པ། |
| ཁ་སྨྲང |
(བརྡ་རྙིང་།) སྐད་ཆ་བཤད་པ། |
| ཁ་སྨྲས |
མི་ཁ་ངན་པའི་དོན་ཏེ། (དཔེར་ན།) བྱ་སྤྱོད་མི་བཟང་ན་ཁ་སྨྲས་གླེང་བརྗོད་ཕོག་ཡོང་ལྟ་བུ། |
| ཁ་སྲ་བོ |
1.གཏམ་མང་པོ་མི་བཤད་པ་སྟེ། (དཔེར་ན།) བློ་སྦུག་དོག་པའི་རྐྱེན་གྱིས་མི་ཁ་སྲ་བོ་ཞིག་ཏུ་གྱུར་སོང་ལྟ་བུ།2.རྟ་དྲེལ་སོགས་ཁ་ལོ་སྒྱུར་དཀའ་བའི་དོན་ཏེ། (དཔེར་ན།) བཞོན་པ་ཁ་སྲ་བོ་དེ་གང་འདོད་ཀྱི་ཕྱོགས་སུ་གཏོང་འཐེན་བྱེད་རྒྱུ་ཁག་པོ་ཡོང༌ལྟ་བུ། |
| ཁ་སྲི |
ཉུང་དུ་གཏོང་བའི་དོན་ཏེ། (དཔེར་ན།) འགྲོ་སོང་གི་གྲངས་འབོར་ཁ་སྲི་བརྒྱབ་ན་སྤྱི་ལ་ཕན་ཐོགས་ཆེ་ལྟ་བུ། |
| ཁ་སླ་བ |
1.གཏམ་གང་བྱུང་བཤད་པ།2.ཟས་གང་བྱུང་ཟ་བ། |
| ཁ་སླེ་ཡོན |
(བརྡ་རྙིང་།) ཁ་ཀྱོག་ཀྱོག |
| ཁ་སློག |
1.ཚུར་ཟུག་པའི་དོན་ཏེ། (དཔེར་ན།) བདག་པོར་ཁ་སློག་རྒྱག་པའི་སྒོ་ཁྱི་ནི། དབྱུག་པས་བསྣུན་ཏེ་རྒྱང་རིང་བསྐྲད་ན་ལེགས།2.(བརྡ་རྙིང་།) གྱེན་ལོག |
| ཁ་སློང |
ཁ་སྣོན། |
| ཁ་སློང་བ |
1.མ་ཚང་བའམ་ཉམས་པའི་ཁ་གསོ་བ།2.སྣོད་ཀྱི་ཁ་གྱེན་དུ་སྟོན་པ། |
| ཁ་སློབ |
ངག་ཐོག་གི་བསླབ་བྱ། |
| ཁ་ཧམ་ཆེ་བ |
ཁ་ཤེད་མཁྲང་བའམ་ཁ་ཤོབ་ཚ་བ། |
| ཁ་ཧུབ་རྒྱག་པ |
ཁས་རྔུབ་པ། |
| ཁ་ཧྲག་པོ |
ཁ་དབང་བཙན་པའི་དོན་ཏེ། (དཔེར་ན།) ཁ་ཧྲག་པོ་བཤད་མཁན་དེའི་ཁ་དབང་དུ་མ་ཤོར་བ་བྱེད་དགོས་ལྟ་བུ། |
| ཁག |
1.སྡེ་ཚན་གྱི་དོན་ལ་འཇུག་སྟེ། (དཔེར་ན།) དགོན་སྡེ་ཁག ཡུལ་ཁག ལུང་པ་ཁག ལས་ཁུངས་ཁག་ལྟ་བུ། 2.འགན་དབང་གི་དོན་ལ་འཇུག་སྟེ། (དཔེར་ན།) ལག་བསྟར་གྱི་ཁག་འཁུར་བ། འཐུས་ཚང་ཡོང་བའི་ཁག་འགན་ལེན་པ་ལྟ་བུ། |
| ཁག་ཁག |
སོ་སོ་བའི་དོན་ཏེ། (དཔེར་ན།) ལས་ཀ་གཅིག་པ་མ་རེད་ཁག་ཁག་རེད། ཤ་རྫ་མ་ལ་བཙོས་ཀྱང་ཤ་ཁུ་ཁག་ཁག་རེད་ལྟ་བུ། |
| ཁག་ཁག་སོ་སོ |
ཕན་ཚུན་འབྲེལ་བ་མེད་པ་སྟེ། (དཔེར་ན།) བཟོ་ཞིང་ཚོང་གསུམ་ཁག་ཁག་སོ་སོ་མིན་པར་ཕན་ཚུན་འབྲེལ་བ་དམ་ཟབ་ཡོད། |
| ཁག་གཅིག |
སྡེ་ཚན་གཅིག་གི་དོན་ཏེ། (དཔེར་ན།) མི་ཁག་གཅིག ལུང་པ་ཁག་གཅིག་གི་སྐད་རིགས་ལྟ་བུ། |
| ཁག་གཡོགས |
རང་སྐྱོན་གཞན་གཡོགས་ཀྱི་དོན་ཏེ། (དཔེར་ན།) རང་གིས་ནོར་བའི་བྱ་བ་གཞན་ལ་ཁག་གཡོགས་བྱེད་མི་རུང་ལྟ་བུ། |
| ཁག་ངན་པ |
ནག་ཉེས་སམ་ལན་རྩའི་དོན་ཏེ། (དཔེར་ན།) ཤ་ཞིམ་པོ་ཨ་ཕོ་སྤྱང་ཀིས་བཟས། ཁག་ངན་པ་ཨ་ལྕེ་ཝ་མོར་བཞག་ལྟ་བུ། |
| ཁག་ངན་སྦིར་སྒྲ |
ཉེས་ཅན་ཡིན་པའི་སྐད་གྲགས་ཆེ་བ་སྟེ། (དཔེར་ན།) གཟུགས་མེད་གྲིབ་བཟོ་བྱས་ནས་ཁག་ངན་སྦིར་སྒྲ་མ་སྒྲོགས་ལྟ་བུ། |
| ཁག་ཐེག |
དམ་བཅས་པའི་དོན་ཏེ། (དཔེར་ན།) ལས་འགན་འགྲུབ་པར་ཁག་ཐེག་བྱེད་ལྟ་བུ། ཡུལ་སྐད་དུ་ཁག་ཁྱག་ཟེར། |
| ཁག་ཐེག་པ |
1.འགན་ལེན་པ་པོ།2.འགན་ལེན་ཐུབ་པའམ། ཕོད་པ། |
| ཁག་དཀྲི |
ཉེས་འགན་གཡོག་པ་སྟེ། (དཔེར་ན།) ཕར་ཚུར་ང་མིན་ཁོ་ཡིན་གྱི་ཁག་དཀྲི་བྱས། གཅིག་གིས་གཅིག་ལ་ཁག་དཀྲི་བཞག་ལྟ་བུ། |
| ཁག་དཀྲི་བསྙོན་འཛུགས |
བྱས་ཉེས་གཞན་ལ་གཡོགས་པ་དང་ཧམ་བཤད་བྱས་པ་སྟེ། (དཔེར་ན།) མི་ལ་ཁག་དཀྲི་བསྙོན་འཛུགས་ཀྱིས་རང་ཉེས་སེལ་ཐབས་བྱེད་མི་རུང་ལྟ་བུ། |
| ཁག་པོ |
(རྒྱན་ཚིག) དཀའ་བའི་དོན་ཏེ། (དཔེར་ན།) ལས་ཀ་ཧ་ཅང་ཁག་པོ་ལས། ལམ་ཁག་པོར་སོང་ལྟ་བུ། |
| ཁག་བགོ |
སྡེ་ཚན་སོ་སོར་བགོ་བ་སྟེ། (དཔེར་ན།) དཔུང་སྡེ་ཁག་བགོས་ཏེ་གཡུལ་ལ་བཏང་། ལས་འགན་རྣམས་སྡེ་ཚན་སོ་སོར་ཁག་བགོས་ཀྱིས་སྤྲད་ལྟ་བུ། |
| ཁག་བཏགས་པ |
1.ཁག་འཕངས་པ་སྟེ། (དཔེར་ན།) ཁམ་བུ་ཟ་འདོད་མེད་པས་སྐྱུར་མོའི་རོ་ལ་ཁག་བཏགས་ཞེས་པ་ལྟ་བུ།2.ཉེས་ཁག་གཡོགས་པའམ་སྙད་བཏགས་པའི་དོན་ཏེ། (དཔེར་ན།) ཁོ་ལ་མ་བྱས་བྱས་ཚུལ་གྱི་ཁག་བཏགས་པ་རེད་ལྟ་བུ། |
| ཁག་མེད |
གཞན་གྱིས་བྱ་སྤྱོད་མི་འོས་པ་བྱས་པ་ལ་བཟོད་སྒོམ་བྱེད་པའི་དོན་ཏེ། (དཔེར་ན།) སྤྱི་དོན་བསྒྲུབས་ནས་ནོར་འཁྲུལ་ཅུང་ཟད་རེ་བྱུང་ཡང་ཁག་མེད། ནོར་འཁྲུལ་རེ་བྱུང་ནའང་ཁག་མེད་བསམ་གྱིན་ཡོད་ལྟ་བུ། |
| ཁག་འཁུར |
འགན་འཁུར་གྱི་དོན་ཏེ། (དཔེར་ན།) ང་རང་གིས་ཁག་འཁུར་ཐུབ་ཀྱི་ཡོད་ལྟ་བུ། |
| ཁག་འཁྱག |
འགན་ལེན་དང་འདྲ། |
| ཁག་འཁྲིས |
འགན་འཁེལ་བ། |
| ཁག་འགན |
1.ལས་ཀའི་ཁུར་འགན།2.ཉེས་སྐྱོན་གྱི་འགན། |
| ཁག་འགེལ |
ཉེས་པ་མ་བྱས་པར་བྱས་ཚུལ་གྱི་ཁག་ངན་གཡོགས་པ། |
| ཁག་འཇོག |
སྐྱོན་འགེལ་བའམ་སྙད་འདོགས་པ་སྟེ། (དཔེར་ན།) རང་ནོངས་ངོས་ལེན་མི་བྱེད་པར་གཞན་ལ་ཁག་འཇོག་ཐབས་བྱས་ལྟ་བུ། |
| ཁག་འཛུད |
ཉེས་སྐྱོན་འཛུགས་པ། |
| ཁག་རུབ |
ཁག་མང་ཕྱོགས་གཅིག་ཏུ་སྒྲིལ་བ་སྟེ། (དཔེར་ན།) མི་མང་ཕྱོགས་གཅིག་ཏུ་ཁག་རུབ་ཀྱིས་གྲོས་སྡུར་བྱེད་པ་ལྟ་བུ། |
| ཁག་སྐུར |
1.མ་བྱས་ཀྱང་བྱས་སོང་ཞེས་པའི་ཉེས་སྐྱོན་འདོགས་པ།2.ལས་ཀའི་འགན་དཀྲི་བ། |
| ཁག་སྦྱོང |
སྡུག་སྦྱོང༌བ་སྟེ། (དཔེར་ན།) ཁག་སྦྱོང་གི་དུས་ཚོད་ཡོལ་ནས་སླར་ལྡང་བའི་གོ་སྐབས་མེད་པར་གྱུར་སོང༌ལྟ་བུ། |
| ཁང་ཁུངས |
ཁང་པའི་འཛིན་བདག་སུ་ཡིན་གྱི་ཁུངས་ཏེ། (དཔེར་ན།) གཞུང་གི་ཁང་ཁུངས། སྒེར་གྱི་ཁང་ཁུངས་ལྟ་བུ། |
| ཁང་ཁོངས |
སུ་ཡང་རུང་བ་ཞིག་ལ་བདག་དབང་ཐོབ་པའི་ཁང་པའི་གྲས་ཏེ། (དཔེར་ན།) གཞུང་ལ་བདག་པའི་ཁང་ཁོངས་ལེ་ལག་ཁོར་ཡུག སྒེར་ལ་དབང་བའི་ཁང་ཁོངས་སྟེང་ཤོད་ཁེ་གཙང༌ལྟ་བུ། |
| ཁང་ཁྱིམ |
ཁང་པའམ་ཁྱིམ། |
| ཁང་ཁྲལ |
སྔར་ཁང་པ་གླས་ནས་སྡོད་མཁན་ཚོས་ཁང་བདག་ལ་ཁང་གླ་སྤྲོད་རྒྱུའི་ཁོངས་སུ་མ་གཏོགས་པའི་ངལ་རྩོལ་གྱི་ཁྲལ་ཞིག་སྟེ། (དཔེར་ན།) སྔར་ཁང་ཁྲལ་རྒྱུག་པ་དང་ཁང་གླ་སྤྲོད་པ་ཁག་ཁག་རེད་ཅེས་པ་ལྟ་བུ། |
| ཁང་གཉེར |
ཁང་པ་བདག་གཉེར་བྱེད་པོ། |
| ཁང་གཞི |
ཁང་པའི་འོག་གཞི། |
| ཁང་གསོལ |
སྡོད་ཁྱིམ་གསར་འཛིན་གྱི་རྟེན་འབྲེལ། |
| ཁང་གླ |
སྡོད་ཁང་གཡར་བའི་གླ་སྟེ། (དཔེར་ན།) ཁང་མིག་སྟོང་པ་གཞན་ལ་ཁང་གླར་གཏོང་བ། ཁང་གླ་སྤྲོད་པ། ཁང་གླ་བསྡུ་བ་ལྟ་བུ། |
| ཁང་ཆེན |
1.ཁང་པ་ཆེན་པོའི་བསྡུས་མིང་། 2.གཙུག་ལག་ཁང༌ལ་ཡང་ཁང་ཆེན་ཟེར་སྲོལ་ཡོད་པར་བཤད། |
| ཁང་ཆེན་གྱི་ལྷག་མ |
དགེ་འདུན་ལྷག་མ་བཅུ་གསུམ་ལས། ཡོ་བྱད་ལ་ཆགས་པ་ལས་གྱུར་པའི་ལྷག་མ་གཉིས་ཀྱི་ཡ་གྱལ། གཞི་དང་དངོས་པོ་མ་དག་པས་དགེ་སློང་བཞི་ཡན་ཆད་ཀྱི་དོན་དུ་ཁང་པ་ཆེན་པོ་བརྩིགས་པའོ། ། |
| ཁང་ཆེན་བསོད་ནམས་རྒྱལ་པོ |
མཚན་གཞན་དཱ་ཆིང་པ་ཐུར་ཡང་ཟེར། གཙང་རྣམ་གླིང་རྫོང་གི་མི་ཡིན་ཞིང༌། ལྷ་བཟང་ཧཱན་གྱིས་བོད་ལ་དབང་སྒྱུར་བའི་དུས་སུ་མངའ་རིས་སྤྱི་ཁྱབ་མཛད། ཕོ་ལྷ་ལགས་དང་ལྷན་ཅིག་ཏུ་ཇུན་གར་གྱི་དམག་སྡེ་འགོག་ཐབས་བྱས་པས་མཉྫུ་གོང་མས་ཁོང་ལ་པེ་ཙེས་ཞེས་པའི་གོ་གནས་གནང༌། རབ་བྱུང་བཅུ་གཉིས་པའི་ལྕགས་གླང་ལོར་མཉྫུ་གོང་མའི་བཀའ་ལྟར་བོད་ཀྱི་དབུ་བཞུགས་བཀའ་བློན་མཛད། རབ་བྱུང་བཅུ་གཉིས་པའི་མེ་ལུག་ལོང་ང་ལུམ་སྦྱར་གསུམ་སོགས་ཀྱིས་ཁོང་བཀྲོངས། ། |
| ཁང་ཐོག |
1.ཁང་པའི་སྟེང་ངམ་རྩེ་ཐོག2.ཁང་པའི་ཐོག་འགེབས་སམ་ཐོག་ཁེབས། མིང་གི་རྣམ་གྲངས་ལ་ཆུ་སྐྱོབ་དང༌། ཡ་ཕུབ། ཡང་ཐོག་བཅས་སོ། ། |
| ཁང་ཐོག་ཆུ་འགྲོ |
ཁང་སྟེང་གི་ཆུ་འགྲོའི་ཝ་ཁ། |
| ཁང་ཐོག་དར་ལྕོག |
ཁང་པའི་ཐོག་ཏུ་བཙུགས་པའི་དར་ལྕོག་ལྡ་ལྡི་དང་བཅས་པ། |
| ཁང་ཐོག་པུ་ཤུ |
ཁང་པའི་ཉ་རྒྱབ། |
| ཁང་དམར |
རྫོང་ཞིག་གི་མིང་། བོད་ལྷོ་རྒྱུད་རྒྱལ་རྩེ་དང་གྲོ་མོའི་བར་དུ་ཡོད། རྫོང་འདིའི་ལྷོ་ངོས་འབྲུག་ཡུལ་དང་ས་འབྲེལ་ཡིན། |
| ཁང་པ་ལྕམ་གང་མ |
ཞེང་དུ་ལྕམ་གང་ལས་མེད་པའི་ཁང་མིག |
| ཁང་པའི་ལྷག་མ |
དགེ་འདུན་ལྷག་མ་བཅུ་གསུམ་ལས། ཡོ་བྱད་ལ་ཆགས་པ་ལས་གྱུར་པ་གཉིས་ཀྱི་ཡ་གྱལ། གཞི་སྲོག་ཆགས་མང་ཞིང་རྩོད་པ་ཅན་འཇིག་རྐྱེན་ཡོད་པས་མི་རུང་བ་གསུམ་དང་ལྡན་པའི་སར་རང་དོན་དུ་དགེ་འདུན་ལས་གནང་བ་མ་ཐོབ་བཞིན་སྲིད་དུ་ཁྲུ་བཅོ་བརྒྱད་དང༌། ཞེང་དུ་ཁྲུ་ཕྱེད་དང་བཅུ་གཅིག་གི་ཚད་ལས་ལྷག་པའི་ཁང་པ་བརྩིགས་པའོ། ། |
| ཁང་བ |
མིའི་འདུག་གནས་སམ་དངོས་རྫས་འཇོག་སའི་རྩིག་དངོས་ཀྱི་མིང། ཚིག་བསྡུས་ན་ཁང་ཞེས་འབྲི་སྟེ། (དཔེར་ན།) ཤིང་ཁང་མཛོད་ཁང་ཞེས་པ་ལྟ་བུ། མིང་གི་རྣམ་གྲངས་ལ་ཁང་ཁྱིམ་དང༌། ཁབ། ཁྱིམ། འཇུག་བྱའི་གནས། རྟེན་གནས། རྟེན་གཞི། འདུག་གནས། འདུག་ས། གནས་ཁང༌། གནས་གཞི། ཕིབས་འོག་བླ་གབ་ཅན་བཅས་སོ། ། འདི་ལ་ཁང་པ་ཞེས་བྲིས་ཀྱང་རུང་། |
| ཁང་བདག |
ཁང་བའི་བདག་པོ་སྟེ། (དཔེར་ན།) ཁང་བདག་གི་ཐོག་ཁར་མོ་བྲན་གྱི་རྡིག་སྒྲ་གྲག་ལྟ་བུ། |
| ཁང་བཟང |
1.ཁང་པ་བཀོད་ལེགས་སམ་ཁང་པ་ཡག་པོ། 2.གཞལ་ཡས་ཁང༌། |
| ཁང་བུ |
ཁང་པ་ཆུང་ཆུང༌། |
| ཁང་བྱིའུ |
ཁང་ཁྱིམ་དུ་གནས་པའི་བྱིའུ་མཆིལ་པ། |
| ཁང་བྱེའུ |
ཁང་བྱིའུ་དང་འདྲ། |
| ཁང་བྱེལ |
ཁང་བྱིའུ་དང་འདྲ། |
| ཁང་མཚེས |
གྲོང་པ་ཁྱིམ་མཚེས། |
| ཁང་མིག |
བཅད་བརྒྱབ་པའི་ཁང་ཆུང༌གི་མིང་སྟེ། (དཔེར་ན།) ཁང་པ་འདིའི་ནང་ཁང་མིག་ག་ཚོད་འདུག་ཅེས་པ་ལྟ་བུ། |
| ཁང་མོ་ཆེ |
ཁང་པ་ཆེན་པོ། |
| ཁང་ཚན |
ཁམས་ཚན་དང་འདྲ། |
| ཁང་ཞིང |
ཁང་པ་དང་ཞིང་གའི་བསྡུས་མིང་། |
| ཁང་འཛིན |
ཁང་གླ་སྤྲད་འཛིན། |
| ཁང་རུལ |
ཁང་པ་གོག་པོ། |
| ཁང་རོ |
གནས་ཁང་ཞིག་རོ། |
| ཁང་རོ་ཚྭ་ཁ |
བོད་དབུས་ཀྱི་ཤན་རྩ་རྫོང་ཁོངས་སུ་ཡོད། |
| ཁང་རྨང |
ཁང་པའི་གཞི་རྩའམ་རྩིག་པའི་རྨང༌རྡོ་སྟེ། (དཔེར་ན།) ཁང་རྨང་གཏིང་རིང་པོ་བཏིང་ན་བརྟན་པོ་ཡོང༌། |
| ཁང་རྩ |
1.ཁང་པའི་རྨང་གཞིའམ་རྩིག་རྨང༌།2.ཁང་པའི་འཁྲིས་སམ་འགྲམ་སྟེ། (དཔེར་ན།) ཁང་པར་མེ་སྐྱོན་ཤོར་ན། ཁང་རྩའི་རྫིང་ཆུ་སྐམ་ཡོང༌ལྟ་བུ། |
| ཁང་རྩིག |
ཁང་པའི་རྩིག་པ། |
| ཁང་རྩེག |
ཉིས་རིམ་ཡན་ཆད་ཡོད་པའི་ཁང་བའི་མིང་། |
| ཁང་ཤུལ་སྟོང་པ |
ཁང་ཁྱིམ་འཐོར་ཤུལ་གྱི་ས་སྟོང༌། |
| ཁང་སྒྲོམ |
ཁང་པའི་ཕྱིའི་སྒྲོམ། |
| ཁང་སྟོང་རྐུན་མ |
དོན་མེད་རྣམ་རྟོག་གི་དཔེ་སྟེ། (དཔེར་ན།) རྣམ་རྟོག་དགྲ་རུ་ལངས་ན། ཁང་སྟོང་རྐུན་མས་ཁེངས་ཞེས་པ་ལྟ་བུ། |
| ཁང་སྤྱིལ |
ཁང་ཆུང༌། |
| ཁང་སྲུང་བ |
ཁང་པ་སྲུང་མཁན། |
| ཁངས |
ཡུལ་སྐད་དུ་ཁ་བའི་མིང་། |
| ཁཎྜ |
(ལེགས་སྦྱར།) དུམ་བུ་སྨན་གང་ཞིག་ཆུར་བསྐོལ་ནས་ཁུ་བ་གདུས་པའི་དྭངས་མ་གར་པོར་གྱུར་པ་ལ་ཟེར། |
| ཁད |
(གྲོགས་ཚིག) ལས་ཚིག་ད་ལྟ་བའི་མཐར་སྦྱར་ན་དོན་ཞིག་འབྱུང་བའམ་བྱ་བ་ཞིག་བྱེད་པ་ལ་བར་ཐག་ཧ་ཅང་ཉེ་བའི་དོན་ཏེ། (དཔེར་ན།) འགྲོ་ལ་ཁད། ཉི་མ་འཆར་ལ་ཁད། སྐད་ཆ་བཤད་ལ་ཁད། རྟ་ཐོག་ནས་ལྷུང་ལ་ཁད་བྱས་ལྟ་བུ། |
| ཁད་ཀྱིས |
(བསྣན་ཚིག) ལས་ཚིག་གི་མགོར་སྦྱར་ན་རིམ་གྱིས་དང་དལ་གྱིས་ཞེས་པའི་དོན་ཏེ། (དཔེར་ན།) ཁད་ཀྱིས་སོང་ནས་ལྷ་སར་འབྱོར། ཞིང་ནང་དུ་ཆུས་ཁད་ཀྱིས་བཀང་། ཟས་ཁད་ཀྱིས་ཟོས་ལྟ་བུ། |
| ཁད་མཉམ |
མཐོ་དམའ་ཆ་མཉམ་པ། |
| ཁད་འགྱངས་ཁ་ཐོར |
ཕན་ཚུན་བར་ཐག་འགྱངས་ཤིང་ཁ་ཚང་མཉམ་རུབ་ཏུ་མེད་པ། |
| ཁད་ཡངས་པ |
མཐོང་རྒྱ་ཆེ་བའམ་གུ་དོག་པོ་མིན་པ་སྟེ། (དཔེར་ན།) ས་ཆ་མཐོ་ལ་ཁད་ཡངས་པར་ཕྱིན་ནས་རྒྱང་རིང་དུ་བལྟས་ན་སེམས་པ་སྤྲོ་ལྟ་བུ། |
| ཁད་རྒྱང |
ས་ཁད་རྒྱང་བ་སྟེ་ཕན་ཚུན་ཆོད་བར་ཐག་གི་མིང་། |
| ཁད་སྙོམས་པོ |
མཐོ་དམའ་ཆ་མཉམ་པའི་དོན་ཏེ། (དཔེར་ན།) ཞིང་ཁ་རྨོ་ལོག་བརྒྱབ་ནས་ཁད་སྙོམས་པོར་བཟོ་བ། |
| ཁན |
ཁ་སྣོན་བྱས་པའི་ཁག་གི་མིང་སྟེ། (དཔེར་ན།) རྟ་རྐང་ལ་བོང་བུ་བྱིན་ཏེ་ཁན་ལ་སྒོར་ཉི་ཤུ་སྤྲད་ལྟ་བུ། |
| ཁན་ཁོན |
(རྒྱན་ཚིག) ཁན་ནེ་ཁོན་ནེའི་བསྡུས་ཚིག |
| ཁན་ད |
སྨན་གྱི་ཁུ་བ་གདུས་ནས་སྤྱིན་ལྟར་དཀག་པའི་མིང་། ཁན་ཊ་ཞེས་པའི་འབྲི་ཚུལ་གཞན་ཞིག་ཡིན་ཏེ། (དཔེར་ན།) སྐྱེར་བའི་ཁན་ད། སེང་ལྡེང་གི་ཁན་ད་ཞེས་པ་ལྟ་བུ། |
| ཁན་ནེ་ཁོན་ནེ |
(རྒྱན་ཚིག) ཁོན་འགྲས་ཀྱི་སེམས་འཆང་ཚུལ་ཏེ། (དཔེར་ན།) ཕན་ཚུན་ཁན་ནེ་ཁོན་ནེ་མི་མཐུན་འཐབ་རྩོད་རྒྱུ་ལྟ་བུ། |
| ཁན་པ |
1.གུན་གསབ་ཀྱི་བསྣན་བྱའམ་འཐོལ་བར་སྤྲད་པའི་དངོས་པོ་སྟེ། (དཔེར་ན།) དངོས་པོ་ལེགས་ཉེས་བརྗེ་སྐབས་ཁན་པ་སྤྲོད་ལེན་བྱེད། རྟ་ཚོང་བརྒྱབ་ནས་ཁན་སློག་ལྟ་བུ། 2.སྣོན་རྩིས་ཀྱི་དོན་ལའང་འཇུག་པར་བཤད། |
| ཁན་འདེ |
(བརྡ་རྙིང་།) ཁག་པོའམ་དཀའ་ལས། |
| ཁབ |
1.འཚེམ་རྒྱག་བྱེད་ཀྱི་ཡོད་བྱད་དེ། (དཔེར་ན།) ལྕགས་ཁབ་ཟངས་ཁབ་ཅེས་པ་ལྟ་བུ། 2.མིང་ལ་ལའི་མཐར་སྦྱར་ན་དེ་གནས་སའམ་དབང་བསྒྱུར་སའི་གོང་བུ་གཅིག་ལ་གོ་སྟེ། (དཔེར་ན།) རྒྱལ་པོའི་ཁབ། བཙུན་མོ་ཁབ་ན་ཡོད་ཀྱང་སྲས་གཅིག་ཀྱང་མེད།3.བག་མའམ་ཆུང་མ་དོན་ཏེ། (དཔེར་ན།) བུའི་ཁབ་ཏུ་འོས་པའི་ཆུང་མ། བུ་མོ་དེ་ཁབ་ཏུ་བླངས་ལྟ་བུ། |
| ཁབ་ཁ |
ཁབ་ཀྱི་རྩེ་མོ། |
| ཁབ་ཁོབ |
(རྒྱན་ཚིག) ཁབ་བེ་ཁོབ་བེའི་བསྡུས་ཚིག |
| ཁབ་གཞུག་སྐུད་པས་བསུབ་དགོས |
1.འགྲོ་སྒོ་བཏང་བའི་ཤུལ་ཡོང་སྒོས་དགང་དགོས་པའི་དཔེ།2.ཁ་ནས་བཤད་པའི་ཚིག་བྱ་སྤྱོད་ཐོག་ཏུ་དོན་ཐོག་ལ་འབབ་དགོས་པའི་དཔེ། |
| ཁབ་གོང་གཟེར |
བོར་ཟགས་མེད་པའི་དཔེ། |
| ཁབ་ཆུན་མ |
མནའ་མ་གཞོན་པ། |
| ཁབ་ཆེན་མ |
མནའ་མ་རྒན་པ། |
| ཁབ་བཙའ |
གསེར་ཁབ་དང་མེ་བཙའ། |
| ཁབ་བཙུན་མ |
ཁྱིམ་བདག་མོའམ། བཙུན་མོ། |
| ཁབ་བཙུན་མོ |
ཁབ་བཙུན་མ་དང་འདྲ། |
| ཁབ་བེ་ཁོབ་བེ |
(རྒྱན་ཚིག) ལུས་ལས་སུ་མི་རུང་བའམ་ལས་ཇི་བཞིན་དུ་བྱེད་མི་ཐུབ་པའི་ཚུལ་ཏེ། (དཔེར་ན།) ན་ནས་ཉལ་མལ་ནང་དུ་ཁབ་བེ་ཁོབ་བེར་ལུས། ལུས་པོ་ཁབ་ཁོབ་ཏུ་གྱུར་ལྟ་བུ། |
| ཁབ་མགོ |
མགོ་བོའི་རུས་པ་ཆག་གམ་མ་ཆག་བརྟག་བྱེད་ཀྱི་ཡོ་བྱད་ཅིག |
| ཁབ་མིག |
ཁབ་མགོའི་བུ་གའི་མིང་སྟེ། དེའི་ནང་སྐུད་པ་དྲངས་ནས་ཚེམས་པོ་རྒྱག་དགོས། |
| ཁབ་འཛིན་མོ |
བག་མའམ། ཁྱིམ་བདག་མོ། |
| ཁབ་འཛུགས་སྙུང་འཛུགས |
རང་གི་འདོད་པ་གཞན་ལ་འགེལ་གང་ཐུབ་བྱེད་པའི་དཔེ། |
| ཁབ་རལ |
འཚེམ་བྱེད་ཁབ་ཀྱི་སྣོད་དམ་ཁབ་ཤུབས། |
| ཁབ་རལ་བྱེད་པའི་ལྟུང་བྱེད |
ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས། ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་སྤུས་ནོམ་ཡོད་པ་བ་སོ་ལ་སོགས་པའི་ཁབ་རལ་འཆོས་སུ་བཅུག་སྟེ་ལེན་པའོ། ། |
| ཁབ་རྩེ |
ཁབ་ཀྱི་རྣོ་བཏོད་པའི་ཕྱོགས་ངོས་ཀྱི་མིང་། |
| ཁབ་ལེན |
རྡོ་སྨན་རིགས་ཤིག་རོ་ཁ། ཞུ་རྗེས་ཅུང་བསིལ། ནུས་པས་མདེའུ་འབྱིན། ལྕགས་གཡའ་འགོག རུས་ཆག་གསོ། ཀླད་པའི་ནད་དང་རྩ་ནད་སེལ། མིང་གི་རྣམ་གྲངས་ལ་སྐུད་འདྲེན་ལེན་པོའོ། ། འདི་ལ་ཁབ་ལེན་རྡོའམ་རྡོ་ཁབ་ལེན་ཡང་ཟེར། |
| ཁབ་ཤུབས |
འཚེམ་བྱེད་ཁབ་ཀྱི་སྣོད། |
| ཁབ་སོ |
རྒྱལ་པོའི་མཛོད་ཁང༌། |
| ཁབ་སོ་ནང་པའི་ཁྲིམས |
སྲོང་བཙན་སྒམ་པོས་བོད་དུ་ལག་བསྟར་བྱས་པའི་ཁྲིམས་ཡིག་དྲུག་པ་སྟེ་བདེན་རྫུན་དབྱེ་འབྱེད་སྐབས་གཉིས་ཀ་བདེན་ན་གཉིས་ཀ་བདེན་དང་དགའ་གསུམ་དུ་གཅོད་པ། |
| ཁབ་སྙུང་གང་འགྲོ |
འགྲོ་ཚོད་དམ་གཡོ་ཐབས་གང་ཐུབ་ཅི་ཐུབ་བྱེད་པའི་དཔེ། |
| ཁབ་སྣོད |
འཚེམ་སྤྱད་ཁབ་བླུག་སྣོད། |
| ཁབ་སྤང་བ |
ཁྱིམ་སྤང་བ། |
| ཁབ་སྲུབ |
ཚེམ་སྲུབ། |
| ཁབས |
གདོང་སོགས་ལ་ཆགས་པའི་གྲོ་ཐིག |
| ཁམ |
1.སོ་བརྒྱད་པའི་ཚད་གཅིག་གི་མིང་སྟེ། (དཔེར་ན།) ཁམ་བུ་ཁམ་གང་ཟོས་པ་ལྟ་བུ།2.(རྒྱ་སྐད།) སྤར་ཁ་བརྒྱད་ཀྱི་ལྔ་པ། |
| ཁམ |
1.ཟས་ཁར་ཤོང་བའི་ཚད་ཀྱི་དོན་ཏེ། (དཔེར་ན།) ཟས་ཁམ་གང་ཡོད་ན་མཉམ་ཟ། གོས་ཁ་གང་ཡོད་ན་མཉམ་གོན་ཞེས་པ་ལྟ་བུ། 2.ཁམ་བུ་ཞེས་པའི་མིང་མཐའ་བསྡུས་པ། 3.ཁམ་པ་ཞེས་པའི་མིང་མཐའ་བསྡུས་པ། |
| ཁམ་ཁུམ |
ཁམ་མི་ཁུམ་མིའི་བསྡུས་ཚིག |
| ཁམ་ཁུམ་གྱི་གཉེར་མ |
འཁུམས་པའི་གཉེར་མ། |
| ཁམ་གྱི་ཟས |
ཁམ་ཟས་དང་དོན་གཅིག |
| ཁམ་ཆུ |
སྤར་ཁ་བརྒྱད་ཀྱི་ཡ་གྱལ་ཞིག |
| ཁམ་ཆུང |
སངས་རྒྱས་ཀྱི་གསུང་ཡུམ་འབྲིང་པོ་ཉི་ཁྲི་ལྔ་སྟོང་བོན་གྱི་ཐ་སྙད་དུ་བསྒྱུར་བ། |
| ཁམ་ཆེན |
སངས་རྒྱས་ཀྱི་གསུང་ཡུམ་རྒྱས་པ་བོན་ལུགས་སུ་བསྒྱུར་བ། |
| ཁམ་དཀར |
ཕྱུགས་ཀྱི་སྤུ་མདོག་སེར་ནག་ལས་དཀར་ཤས་ཆེ་བ་སྟེ། (དཔེར་ན།) མཛོ་མོ་ཁམ་དཀར་མ་ཞེས་པ་ལྟ་བུ། |
| ཁམ་དམར |
ཁ་དོག་གི་བྱེ་བྲག་ཅིག་སྟེ། (དཔེར་ན།) མདོག་སེར་ནག་ལས་དམར་ཤས་ཆེ་བ། |
| ཁམ་ནག |
ཁ་དོག་གི་བྱེ་བྲག་ཅིག་མདོག་སེར་ནག་ལས་ནག་པོ་ཤས་ཆེ་བ་ཞིག |
| ཁམ་པ |
སེར་པོ་དང་ནག་པོ་འདྲེས་པའི་ཁ་དོག་གི་མིང་སྟེ། (དཔེར་ན།) གཡག་ཁམ་པ་ཞེས་པ་ལྟ་བུ། མིང་བསྡུས་ན་ཁམ་ཞེས་འབྲི་ཆོག་ རྟ་ཁམ་སེར། རས་ཁམ་ནག རྟ་ཁམ་ཁམ་ཞེས་པ་ལྟ་བུ། |
| ཁམ་ཕོར |
རྫ་ཕོར། |
| ཁམ་བུ |
1.ཤིང་འབྲས་དང་ཤིང་སྨན་གྱི་རིགས་ཤིག་སྟེ། རོ་མངར་ལ་སྐྱུར། ནུས་པ་སྙོམས། ཚི་གུའི་སྣུམ་གྱིས་སྐྲ་དང༌། སྨ་ར་སྨིན་མ་བཅས་སྐྱེ། བསྲེགས་ཐལ་གྱིས་རྨ་གསོ་བ་སོགས་བྱེད།2.ཟ་བའི་ཁམ་ཚད། |
| ཁམ་བུ་མ་ཆུ |
བོད་ཀྱི་ལྷོ་རྒྱུད་ན་ཡོད་པའི་འབབ་ཆུ་ཞིག དེའི་ཆུ་འགོ་བློན་པོ་རྒྱལ་གདོང་ནས་བྱུང་ཞིང༌། གྲོ་མོ་བརྒྱུད་ནས་འབྲུག་ཡུལ་དུ་འབབ། |
| ཁམ་བུ་རག་ཤ |
སིལ་ཏོག་ཁམ་བུ་དང་ཧ་ལམ་མཚུངས་ཤིང་། ཤིང་ཏོག་གི་ཐོག་ཏུ་སྤུས་ཁྱབ་ཡོད། སྨིན་ཚེ་ཟ་ཆོག་ལ་ཚིག་གུའི་ནང་སྙིང་སྨན་བྱེད་ཆོག ཁམ་བུ་རག་ཤའི་ཤིང་སྡོང་ལོ་མ་ལྷུང་བའི་ཤིང་སྡོང་ཞིག་ཡིན་ཞིང་། ལོ་མ་སྣ་རིང་ལ་ཞེང་དོག་པ་ཡིན། མེ་ཏོག་དམར་སྐྱ་ཡིན། མིང་བསྡུས་ན་ཁམ་ཞེས་འབྲི་ཆོག་སྟེ། (དཔེར་ན།) ཁམ་བུའི་སྡོང་པོ་ལ་ཁམ་སྡོང་ཟེར་བ་ལྟ་བུ། |
| ཁམ་བུ་རྡོ་ལེན |
ཁམས་ཕྱོགས་ཀྱི་བྱིས་པའི་རྩེད་མོ་ཞིག་སྟེ། འཁྱིལ་ཆུའི་ནང་དུ་རྡོ་ལེབ་ཀྱི་སྟེང་དུ་རྡོ་རིལ་ཆུང་ངུ་ཞིག་བཞག་ནས་མིག་བཙུམས་ཏེ་མགོ་ཆུ་ནང་དུ་བཅུག་ནས་རྡོ་རིལ་དེ་ཁ་ཡིས་སྒྲུག་པ། |
| ཁམ་མདོག |
ཁ་དོག་གི་བྱེ་བྲག་ཅིག |
| ཁམ་མི་ཁུམ་མི |
(རྒྱན་ཚིག) 1.སུལ་མང་བའི་རྣམ་པ་ཞིག་སྟེ། (དཔེར་ན།) ཁམ་ཁུམ་སུལ་མང་རས་གོས་གྱོན་མི་བདེ་ལྟ་བུ། 2.གཉེར་མའི་དོན་ཏེ། (དཔེར་ན།) རྒད་པོའི་ལུས་ལ་ཁམ་ཁུམ་གཉེར་མ་མང༌ལྟ་བུ། |
| ཁམ་ཚད |
ཟས་ཁ་གང་གི་ཚོད། |
| ཁམ་ཚིག |
ཁམ་བུའི་ཚི་གུའམ་ནང་རུས་སམ་ནང་སྙིང༌། |
| ཁམ་ཚིག་གི་ནང་སྙིང |
ཁམ་ཚིག་ནང་དུ་ཡོད་པའི་སོན་དཀར་པོ། |
| ཁམ་ཚོད |
ཁམ་ཚད་དང་འདྲ། |
| ཁམ་ཟས |
འདོད་པའི་ཁམས་ཁོ་ན་ལ་ཡོད་པ་སྣ་ལྕེ་ལུས་གསུམ་གྱིས་ཁམ་དུ་བཅད་ཅིང་མིད་ནས་ཟ་བའི་དྲི་རོ་རེག་བྱ་གསུམ་གྱི་བདག་ཉིད་ཅན། |
| ཁམ་ཟས་གསུམ |
དྲི་རོ་རེག་བྱའི་སྐྱེ་མཆེད་གསུམ་གྱི་བདག་ཉིད་ཅན་གྱི་ཟས། |
| ཁམ་འཕྲོ |
ཁར་ཟོས་པའི་ཟས་རྡོག་ལྷག་མ། |
| ཁམ་རན་པ |
ཟས་ཀྱི་ཁམ་ཚད་ཆེ་ཆུང་རན་པ། |
| ཁམ་ས |
ས་མདོག་དམར་སྨུག་ཚི་ཅན་ཞིག |
| ཁམ་སེར |
ཁ་དོག་གི་བྱེ་བྲག་ཅིག་སྟེ། (དཔེར་ན།) དམར་ནག་ལས་སེར་ཤས་ཆེ་བ་ཞིག |
| ཁམ་སྟར |
ཤིང་འབྲས་ཁམ་བུ་དང་སྟར་གའི་བསྡུས་ཚིག |
| ཁམ་སྡོང |
ཁམ་བུའི་ཤིང་སྡོང༌། |
| ཁམ་སྨུག |
ཁ་དོག་གི་བྱེ་བྲག་ཅིག་མདོག་སེར་ནག |
| ཁམ་སྨྱུག་རི་མོ |
ཁམ་བུ་དང་སྨྱུག་མའི་རི་མོའི་བསྡུས་མིང༌། |
| ཁམས |
1.མིའི་ལུས་སེམས་དབང་པོ་རྣམས་ཀྱི་ནུས་སྟོབས་ཀྱི་མིང་སྟེ། (དཔེར་ན།) ཁམས་ཧ་ཅང་དྭངས། ཁམས་དྭངས་ནས་བྱ་བ་བསྒྲུབས་ན་ནུས་པ་ཆེ། ཁམས་བདེ། ལུས་ཁམས་བདེ་ཞེས་པ་ལྟ་བུ།2.སྲོག་ཆགས་ཀྱི་ལུས་ནས་བྱུང་བའི་རིགས་རྒྱུད་སྤེལ་བའི་ས་བོན་ནམ་དེ་དང་འདྲེས་པའི་གཤེར་ཁུའི་མིང་སྟེ། (དཔེར་ན།) ཁམས་དཀར་དམར་ཞེས་པ་ལྟ་བུ། 3.རྫ་མ་དང་དཀར་ཡོལ་བཟོ་སྐྲུན་གྱི་རྒྱུ་བྱེད་ཆོག་པའི་སའི་མིང་སྟེ། (དཔེར་ན།) རྫ་ཁམས་ཞེས་པ་ལྟ་བུ། ཡོངས་གྲགས་ལ་རྫ་འདམ་ཟེར། 4.ས་གཞི་ཆེན་པོ་དང་གླིང་དང་གླིང་ཕྲན་སོགས་ཀྱི་མིང་སྟེ། (དཔེར་ན།) རྒྱལ་ཁམས། འཇིག་རྟེན་ཀྱི་ཁམས་ཞེས་པ་ལྟ་བུ། 5.རང་གཤིས་སམ་ངོ་བོའི་མིང་སྟེ། (དཔེར་ན།) སའི་ཁམས། རླུང་གི་ཁམས་ཞེས་པ་ལྟ་བུ། 6. མདོ་དབུས་ཁམས་གསུམ་གྱི་ནང་ཚན་ཁམས་ཕྱོགས་ལ་ཡང་ཁམས་ཞེས་འབྲི། |
| ཁམས་ཀྱི་བསྐལ་དོན |
འཇིག་རྟེན་གྱི་ཁམས་ལ་འདོད་ཁམས་དང༌། གཟུགས་ཁམས། གཟུགས་མེད་ཁམས་བཅས་གསུམ་དུ་དབྱེ་བས། གཟུགས་མེད་ཁམས་ལ་ལྟོས་ཏེ། གཟུགས་ཁམས་དང་འདོད་ཁམས་གཉིས་ལ་ཁམས་འོག་མ་ཟེར་བ་ལྟ་བུར་མཚོན་ན་འདོད་ཁམས་པས་གཟུགས་ཁམས་པའི་དོན་མི་ཤེས་པ་ལྟ་བུའོ། ། |
| ཁམས་ཀྱི་རྒྱལ་པོ |
མཐའ་མཚམས་ཀྱི་རྒྱལ་ཕྲན། |
| ཁམས་ཀྱི་སྙན་འགྲེལ་ཆེན་མོ |
སྙན་ངག་མེ་ལོང་གི་འགྲེལ་པ་དབྱངས་ཅན་ངག་གི་རོལ་མཚོ་ལེགས་བཤད་ནོར་བུའི་འབྱུང་ཁུངས་ཞེས་བྱ་བ། རབ་བྱུང་བཅུ་གསུམ་པའི་ལྕགས་སྟག་ལོར་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མས་མཛད་པའོ། ། |
| ཁམས་གསུམ |
འདོད་ཁམས། གཟུགས་ཁམས། གཟུགས་མེད་ཁམས་ཏེ་གསུམ། |
| ཁམས་གསུམ་དབང་འདུས་སྤྱན་རས་གཟིགས |
སྤྱན་རས་གཟིགས་ཀྱི་བྱེ་བྲག་ཅིག |
| ཁམས་གསུམ་ན་སྤྱོད་པ |
ཁམས་གསུམ་ན་གནས་པའི་སེམས་ཅན། |
| ཁམས་གསུམ་པ |
1.གཟུགས་མེད་ཀྱི་ཁམས།2.ལྷ་དབང་ཕྱུག་ཆེན་མོའི་བུ་རྒན་པ་ཚོགས་བདག |
| ཁམས་གསུམ་འཁོར་ལོས་སྒྱུར་བ |
(མངོན་བརྗོད།) དུས་འཁོར། |
| ཁམས་གསུམ་རྣམ་རྒྱལ |
(མངོན་བརྗོད།) སྒྲ་གཅན། |
| ཁམས་གསུམ་ས་དགུ |
འདོད་ཁམས་དང༌། བསམ་གཏན་བཞི། གཟུགས་མེད་བཞི་རྣམས་སོ། ། |
| ཁམས་གསེང |
སྐྱོ་དུབ་བསང་བའམ་གསེང་བར་བྱེད་པ། |
| ཁམས་གསོ |
ལུས་སྟོབས་འཕེལ་ཐབས་བྱེད་པ། |
| ཁམས་གོང་གི་ས་པ |
གཟུགས་དང་གཟུགས་མེད་ཀྱི་དངོས་གཞི། |
| ཁམས་གོང་མ |
གཟུགས་དང་གཟུགས་མེད་གཉིས། |
| ཁམས་གོང་མ་གཉིས |
ཁམས་གསུམ་གྱི་ནང་གསེས། གཟུགས་ཁམས་དང༌། གཟུགས་མེད་ཀྱི་ཁམས་གཉིས་སོ། ། |
| ཁམས་གོང་མའི་འདོད་ཆགས |
གཟུགས་དང་གཟུགས་མེད་ཀྱིས་བསྡུས་པའི་སྲེད་པ་གཞལ་ཡས་ཁང་ལའང་ཆགས་པ་ཡོད་ཀྱང་ཕལ་ཆེར་སྙོམས་འཇུག་ལ་ཆགས་པའི་ཁ་ནང་དུ་བལྟས་པར་མཚུངས་པའོ། ། |
| ཁམས་ཆེན་པོ |
(མངོན་བརྗོད།) དངུལ་ཆུ། |
| ཁམས་ཉོག་པ |
1.ལུས་སེམས་མི་བདེ་བ།2.རང་བཞིན་དྭངས་པོ་མེད་པ། |
| ཁམས་ཏྲེ་བོ |
བོད་ཁམས་ཕྱོགས་ཀྱི་དཀར་མཛེས་རོང་པ་ཚ་ནས་རྟའུ་བར་གྱི་སྤྱི་མིང༌། |
| ཁམས་ཐ་མ |
1.གཤིས་སམ་རང་བཞིན་ངན་ཤོས།2.འདོད་ཁམས། |
| ཁམས་དཀར་པོ |
(མངོན་བརྗོད།) སྐྱེས་པའི་ཐིག་ལེ། |
| ཁམས་དཀར་འཛག་པ |
1.མོ་ནད་ཀྱི་བྱེ་བྲག་ཅིག2.སྐྱེས་པའི་ཁུ་བའམ་ཐིག་ལེ་ལྷུང་བ། |
| ཁམས་དང་ས་པ |
ཁམས་གསུམ་དང་དེའི་སས་བསྡུས་པ། |
| ཁམས་དམར་པོ |
(མངོན་བརྗོད།) ཁྲག་དང་ཟླ་མཚན། |
| ཁམས་དྭངས་པ |
1.ལུས་ཀྱི་ཁམས་བདེ་བ།2.གཙང་མའམ། དྭངས་གསལ། |
| ཁམས་དྲུག |
སའི་ཁམས། ཆུའི་ཁམས། མེའི་ཁམས། རླུང་གི་ཁམས། ནམ་མཁའི་ཁམས། རྣམ་པར་ཤེས་པའི་ཁམས་བཅས་དྲུག་གོ། |
| ཁམས་དྲུག་ལྡན |
ནམ་མཁའ། རླུང༌། མེ། ཆུ། ས། ཡེ་ཤེས་ཀྱི་ཁམས་རྣམས་ལྡན་པའི་མིའི་ལུས་རྟེན་གསང་སྔགས་རྡོ་རྗེ་ཐེག་པ་སྒྲུབ་པའི་སྣོད་དུ་རུང་བ། |
| ཁམས་པ |
བོད་རིགས་ཀྱི་ཡ་གྱལ་ཞིག་སྟེ་ཁམས་སུ་སྐྱེས་པའི་བོད་རིགས། |
| ཁམས་པ་དབུ་སེ |
ཀརྨ་དུས་གསུམ་མཁྱེན་པའི་མཚན་གཞན་ཞིག |
| ཁམས་བཅོ་བརྒྱད |
ཕྱིའི་ཁམས་དྲུག་གམ་དམིགས་པའི་ཁམས་དྲུག་དང༌། ནང་གི་ཁམས་དྲུག་གམ་རྟེན་གྱི་ཁམས་དྲུག་རྣམ་པར་ཤེས་པའི་ཁམས་དྲུག་གམ་བརྟེན་པའི་ཁམས་དྲུག་སྟེ་བཅོ་བརྒྱད། |
| ཁམས་བདེ་བ |
ལུས་ལ་ནད་མེད་པ། ཁམས་བདེ་འདྲི་བ། |
| ཁམས་བཞི |
ས་ཁམས། ཆུ་ཁམས། མེ་ཁམས། རླུང་ཁམས་ཏེ་བཞི། |
| ཁམས་བཟང་པོ |
1.གཟུགས་ལུས་བདེ་པོ།2.ཁམས་གོང་མ། |
| ཁམས་བར་མ |
གཟུགས་ཁམས། |
| ཁམས་བརྒྱད |
དངུལ་ཆུ་བཙོ་བཀྲུ་ཆེན་མོའི་སྐབས་སུ་མཁོ་བའི་ཁམས་བརྒྱད་དེ། ཕ་ཝང་ལོང་བུ་དང༌། གསེར་རྡོ། དངུལ་རྡོ། ཁབ་ལེན། ཆུ་སྐྱུར་རྡོ། བ་བླ། ལྡོང་རོས། ལྷང་ཚེར་དམར་པོ་བཅས་བརྒྱད་དོ། ། |
| ཁམས་བརྒྱད་གཏན་ལ་ཕབ་པའི་འབུམ |
བོན་ལུགས་སྤྱོད་པའི་སྐོར་གྱི་གཞུང་ཞིག |
| ཁམས་བརྟས |
ལུས་ཀྱི་སྟོབས་རྒྱས་པ། |
| ཁམས་བསིལ |
1.ལུས་གྲང་བས་གདུངས་པ།2.འབྱུང་བ་གྲང་ངད་ཅན། |
| ཁམས་བྲིས |
ཁམས་ནས་བྲིས་པའི་ཡིག་གཟུགས་སམ་རི་མོ། |
| ཁམས་མི་ཉག |
ཁམས་ཡུལ་གྱི་བྱེ་བྲག་ཅིག |
| ཁམས་ཚན |
དགོན་པའི་གྲྭ་ཚང་གི་སྡེ་ཚན་ཞིག་གྲྭ་པ་ཡོང་ཁུངས་ས་ཁུལ་ལ་གཞིགས་ནས་ཚན་ཁག་སོ་སོར་བགོས་ཤིང༌། ཁམས་ཚན་དུ་མ་ལས་གྲྭ་ཚང་གཅིག་གྲུབ། སྔར་སེ་འབྲས་དགའ་གསུམ་ལ་ཆ་བཞག་ན། སེ་ར་དགོན་པར་ཁམས་ཚན་སུམ་ཅུ་དང༌། འབྲས་སྤུངས་དགོན་པར་བརྒྱད་ཅུ། དགའ་ལྡན་དགོན་པར་ཉེར་དྲུག་བཅས་ཡོད་པ་ལྟ་བུའོ། ། |
| ཁམས་ཚན་ཆོས་མཛད |
གྲྭ་སའི་ཁམས་ཚན་ལ་གཏོང་སྒོ་བཏང་ནས་གཞོན་ཁྲལ་རྒྱུག་མི་དགོས་པའི་གྲྭ་པ། |
| ཁམས་ཚན་དགེ་རྒན |
གྲྭ་ས་སོ་སོའི་ཁམས་ཚན་གྱི་སྒྲིག་གནོན་མཁན་འགོ་བྱེད། |
| ཁམས་ཞྭ |
ཁམས་པའི་ཞྭ་མོ། |
| ཁམས་ཟངས |
ཁམས་ནས་ཐོན་པའི་ཆུ་སྣོད་ཟངས། |
| ཁམས་འཁྲུགས་པ |
གཟུགས་པོ་མི་བདེ་བ། |
| ཁམས་འདྲི |
ལུས་བདེའམ་ཞེས་འདྲི་བ། |
| ཁམས་འཕོ་བ |
1.ལུས་ཀྱི་ཁུ་བ་འཆོར་བ།2.འཆི་འཕོ་བ། |
| ཁམས་འོག་མ |
འདོད་ཁམས། |
| ཁམས་རིས |
ཁམས་བྲིས་དང་འདྲ། |
| ཁམས་རྙོག་པོ |
ལུས་སེམས་མི་དྭངས་པའམ་མི་བདེ་བ། |
| ཁམས་རྡིག |
བོད་ཁམས་ཕྱོགས་ཀྱི་སྡེ་དགེ་དང་དཔལ་ཡུལ་ནས་ཐོན་པའི་ཟངས་རག་གི་རྡིག |
| ཁམས་རྨྱ་བ |
ཐང་ཆད་པའམ་ཉོབ་པ། |
| ཁམས་ལུགས་བ་ཤ་ཀ |
རི་སྐྱེས་སྐྲ་བཟང་སྟེ་སྔོ་ཞིག |
| ཁམས་ལོག་པ |
ཁམས་ལྡོག་པ་དང་འདྲ། |
| ཁམས་ལྔ |
1.ངོ་མཚར་རྩ་བདུན་དང༌། དོན་སྣོད་ཀྱི་སྐབས་སུ་ཁམས་ལྔ་སྦྱར་སྐབས་ཤིང་དང༌། མེ། ས། ལྕགས། ཆུ་བཅས་ཁམས་ལྔའོ།2.ལུས་དང༌། ནད། སྨན་བཅས་ཀྱི་སྐབས་སུ་ཁམས་ལྔ་སྦྱར་སྐབས་ས་དང༌། ཆུ། མེ། རླུང༌། ནམ་མཁའ་བཅས་ལྔའོ། ། |
| ཁམས་ལྔའི་ཡོན་ཏན |
སའི་ཁམས་སྒྲ་རེག་རོ་གཟུགས་དྲིའི་ཡོན་ཏན་ལྔ་ལྡན། ཆུ་ཁམས་སྒྲ་རེག་རོ་གཟུགས་ཀྱི་ཡོན་ཏན་བཞི་ལྡན། མེ་ཁམས་སྒྲ་རེག་རོའི་ཡོན་ཏན་གསུམ་ལྡན། རླུང་གི་ཁམས་སྒྲ་རེག་ཡོན་ཏན་གཉིས་ལྡན། ནམ་མཁའི་ཁམས་སྒྲའི་ཡོན་ཏན་གཅིག་ལྡན། |
| ཁམས་ལྡོག་པ |
1.ལུས་ཀྱི་འབྱུང་བའི་ཁམས་ལོག་པ།2.ཟས་ཀྱི་དང་ག་ལོག་པ།3.མིའི་རང་བཞིན་ནམ་གཤིས་ཀ་འགྱུར་བ། |
| ཁམས་སངས་པ |
1.རྨོངས་འཐིབས་སངས་པ།2.ནད་དྲག་པ། |
| ཁམས་སོས་པ |
1.ངལ་སོས་པ།2.ལུས་སྟོབས་ཉམས་པ་སླར་སོས་པ། |
| ཁམས་སྐད |
གཙོ་བོར་དཀར་མཛེས་དང་ཡུལ་ཤུལ་ས་ཆར་བཤད་པའི་བོད་སྐད། |
| ཁམས་སྙོམས་པ |
གཟུགས་ཁམས་བདེ་བ། |
| ཁམས་སྟོད |
ཁམས་ཡུལ་གྱི་ཆུ་བོ་མང་ཆེ་བ་བྱང་ནས་ལྷོ་ཕྱོགས་སུ་འབབ་པས་སྔར་བོད་ཀྱི་དེབ་ཐེར་ནང་དུ་མཚོ་སྔོན་ས་འབྲེལ་བྱང་རྒྱུད་ལ་ཁམས་སྟོད་ཟེར། |
| ཁམས་སྟོད་རྒྱལ་མོའི་དངུལ་ཆུ |
ཁྱུང་བོ་དཀར་ནག་སེར་གསུམ་གྱི་ཆུ། བྱང་གི་སོག་ཆུ། ནག་ཆུ། རྒྱ་སྟོན་དང་ལྕགས་ར་དཔལ་འབར་གྱི་ཆུ་སོགས་འདྲེས་ཏེ་འབར་མ་ཕྱོགས་སུ་འགྲོ་བའི་ཆུ་ཆེན། |
| ཁམས་སྣ་ཚོགས་མཁྱེན་པའི་སྟོབས |
ཐེག་པ་ཆེ་ཆུང་རྣམ་པ་གསུམ་གྱི་རིགས་དང་མ་ངེས་པ་དང་རིགས་མེད་པ་ལྟ་བུ་དང༌། སྐལ་བ་དང་བག་ཆགས་ཤས་ཆེ་ཆུང་གི་བྱེ་བྲག་གིས་རིགས་ལྔར་དབྱེ་བར་མཁས་པའམ། ཡང་ན། རྟེན་དབང་པོའི་ཁམས་དང༌། བརྟེན་པ་རྣམ་ཤེས་ཀྱི་ཁམས། དམིགས་པ་ཡུལ་གྱི་ཁམས་ལ་སོགས་པ་ཁམས་ཀྱི་རབ་དབྱེ་རྣམ་པ་ཀུན་ཏུ་མཁྱེན་པ། |
| ཁམས་སྨད |
ཁམས་ཡུལ་གྱི་ཆུ་བོ་མང་ཆེ་བ་བྱང་ནས་ལྷོ་ཕྱོགས་སུ་འབབ་པས་སྔར་བོད་ཀྱི་དེབ་ཐེར་ནང་དུ་གསང་སྔགས་ཆོས་རྫོང་གི་ཤར་རྒྱུད་ནས་ཡུན་ནན་ཞིང་ཆེན་གྱི་ནུབ་རྒྱུད་བར་ལ་ཁམས་སྨད་ཟེར། |
| ཁམས་སླང |
ཁམས་ཀྱི་སླ་ང་ཡོས་རྔོད་བྱེད་ལྕགས་སྣོད། |
| ཁམས་སླེའུ |
1.ཁམས་ཁུལ་དུ་ལྕུག་མས་བསླས་པའི་སྣོད་རུ་བཞི་ཅན།2.ཁམས་ནས་ཐོན་པའི་སླེའུའམ། ཕྱར་བ། |
| ཁར་ཁོར |
(རྒྱན་ཚིག) ཁ་རེ་ཁོ་རེའི་བསྡུས་ཚིག |
| ཁར་གོང |
རྡོ་དཀར་གོང༌། |
| ཁར་དབང |
ཁ་རྗེ་དབང་ཐང་གི་བསྡུས་ཚིག |
| ཁར་ཕོག་སྣར་ཕོག |
འཛེམས་ཟོན་མེད་པའི་ཚིག་རྩུབ་ཀྱི་དོན་ཏེ། སྐད་ཆ་ཁར་ཕོག་སྣར་ཕོག་ཁོ་ན་མ་བཤད་ཅེས་པ་ལྟ་བུ། |
| ཁར་བ |
འཁར་བ་ཡི་འབྲི་ཚུལ་གཞན |
| ཁར་འདོན་པ |
1.ངག་ནས་འདོན་པ་སྟེ། (དཔེར་ན།) བློ་ན་ཡོད་པའི་དོན་ཁར་འདོན་པ་ལྟ་བུ། 2.འོག་ཕྱོགས་དང་སྣོད་ཀའི་ནང་གི་དངོས་པོ་སོགས་སྟེང་དུ་འདོན་པ། |
| ཁར་རྗེ |
ཁ་རྗེ་དང་འདྲ། |
| ཁར་རྩང |
ཁ་སང་སྟེ་དེ་རིང་གི་སྔ་ཉིན། |
| ཁར་སང |
ཁར་རྩང་དང་དོན་གཅིག |
| ཁལ |
1.རྟ་དྲེལ་སོགས་ཕྱུགས་ལ་དགལ་བྱའི་དངོས་རྫས་ཀྱི་མིང་སྟེ། (དཔེར་ན།) བལ་ཁལ། རྩྭ་ཁལ། མཛོ་ཁལ་ར་ཡིས་མི་ཐེག་ལྟ་བུ། 2.སྔར་བོད་ལུགས་འབོར་ཚད་དང་ལྗིད་ཚད་འཇལ་བྱེད་ཡོ་བྱད་ཅིག་རུའི་ཁལ་དང༌། ཕྱི་མ་འདེགས་ཁལ་ཟེར། རུའི་ཁལ་གཅིག་ལ་བྲེ་ཉི་ཤུ་ཡིན་པར་རྒྱ་མ་ཉེར་བརྒྱད་ཙམ་དང༌། འདེགས་ཁལ་གཅིག་ལ་ཉ་ག་ཉི་ཤུ་ཡིན་པར་རྒྱ་མམ་བདུན་ཙམ་ཡོད། |
| ཁལ་ཁ |
ཁལ་ཁ་ཁུ་རལ་གྱི་བསྡུས་ཚིག |
| ཁལ་ཁ་ཁུ་རལ |
(སོག་སྐད།) སོག་ཡུལ་གྱི་གྲོང་ཁྱེར་ཞིག |
| ཁལ་ཁ་གཟུགས |
སྔར་བོད་ཀྱི་མི་ཆེན་ཚོས་གཟབ་མཆོར་དུ་གྱོན་པའི་སོག་ལུགས་ཀྱི་གོས་རྒྱན་ཆ་ཚང་ཞིག |
| ཁལ་ཁ་རྗེ་བཙུན་དམ་པ |
སོག་པོ་ཁལ་ཁའི་དགེ་ལུགས་པའི་སྤྲུལ་པའི་སྐུ་ཆེ་ཤོས་ཤིག་གི་མིང་ཡིན། ཁོང་གི་སྐུ་ཕྲེང་དང་པོ་ནི་ཇོ་ནང་པའི་སྐད་གྲགས་ཡོད་པའི་དགེ་སློང་ཏཱ་ར་ན་ཐ་ཡིན་པར་གྲགས། |
| ཁལ་གཡག |
ཁལ་འགེལ་སའི་གཡག |
| ཁལ་ཇགས |
ཁལ་འཕྱགས་དང་དོན་གཅིག |
| ཁལ་དོ |
1.ཁལ་དོས་ཀྱང་ཟེར། ཁལ་མར་འགེལ་རྒྱུའི་དོ་པོ།2.ཁལ་གཉིས། |
| ཁལ་དྲེའུ |
ཁལ་དྲེལ་ཡང་ཟེར། ཁལ་འགེལ་སའི་དྲེལ། |
| ཁལ་པ |
ཁལ་མའི་རྗེས་སུ་འགྲོ་བའི་མི། |
| ཁལ་མ |
དོ་པོ་འགེལ་སའི་ཕྱུགས་སོགས། |
| ཁལ་མ |
སྐྱེལ་འདྲེན་ལ་བཀོལ་བའི་གནག་གི་མིང་། |
| ཁལ་འཕྱགས |
(ཡུལ་སྐད།) སྔར་གཞུང་གི་ཨར་ལས་དང༌། སྨོན་ལམ་ཚོགས་ཤིང་སོགས་ལ་ཁལ་མ་གཏོང་དགོས་པའི་ཕྱི་ཁྲལ་ཞིག |
| ཁལ་འཕྱགས་རྒྱག་པ |
ཁལ་མ་གར་ཡོད་བཙན་ཁྲལ་དུ་སྐུལ་བ། |
| ཁལ་རྒྱབ |
ཁལ་མར་འགེལ་རྒྱུའི་ཁུར་ཚད། |
| ཁལ་རྔ |
གཡག་གི་རྔ་མ། |
| ཁལ་རྟ |
ཁལ་འགེལ་སའི་རྟ། |
| ཁལ་རྫ |
འབྲུ་ཁལ་གཅིག་ཤོང་བའི་རྫ་མ། |
| ཁལ་སྒ |
ཁལ་འགེལ་སའི་སྒ། |
| ཁལ་སྡེམ |
རིང་ཚད་སྨི་གཅིག་ལྷག་ཙམ་དང་ཞེང་ཚད་སྨི་གཅིག་ལོན་ཙམ་གྱི་བོད་ཤོག་བྲེ་ཁ་ཉི་ཤུ་ཐམ་པ་རེ་ལ་ཁལ་སྡེམ་གཅིག་ཟེར། |
| ཁས་གཞེས་ཉིན |
ཁས་ཉིན་དང་གཞེས་ཉིན། |
| ཁས་ཆེ |
རང་གིས་རང་ངོ་སྤྲོད་བྱས་པའི་དོན་ཏེ། (དཔེར་ན།) སྨན་པར་ཁས་ཆེ་བ། མཁས་པར་ཁས་ཆེ་བ་མ་བྱེད་ལྟ་བུ། |
| ཁས་ཉིན |
ཁ་སའི་སྔ་ཉིན། |
| ཁས་དམན |
འཁོས་ཀས་དབུལ་བ། |
| ཁས་བརྗོད |
(མངོན་བརྗོད།) གླུ་དབྱངས། |
| ཁས་བླངས་ཀྱིས་བསལ་བ |
བསལ་བ་བཞིའི་ནང་གསེས། རང་ཚིག་སྔ་ཕྱི་འགལ་བ། (དཔེར་ན།) བདག་གི་མ་མོ་གཤམ་ཡིན་ནོ་ཞེས་པ་ལྟ་བུའོ། ། |
| ཁས་བླངས་ཐེབས་གཅོག |
ཁས་ལེན་བྱས་པའི་དོན་ལག་ཏུ་མི་ལེན་པའི་དོན་ཏེ། (དཔེར་ན།) ལས་རོགས་སྒྲུབ་རྒྱུ་གཏན་འཁེལ་བྱས་ཀྱང་ཁས་བླངས་ཐེབས་གཅོག་མ་བྱེད་ཅེས་པ་ལྟ་བུ། |
| ཁས་བླངས་པས་ཞི་བ |
འདུལ་བ་ལས་བཤད་པའི་རྩོད་པ་ཞི་བྱེད་ཀྱི་ཆོས་བདུན་གྱི་གྲས། ལྟུང་བ་གླེང་བ་ན་མཐོང་སྡོམ་ལེགས་པར་བྱས་པའི་སྒོ་ནས་ཕྱིར་བཅོས་ཏེ་རྩོད་པ་ཞི་བར་བྱེད་པའོ། ། |
| ཁས་བླངས་རྒྱབ་སྐྱུར |
ཁས་ལེན་བྱས་པའི་དོན་མ་བརྩིས་པའི་དོན་ཏེ། (དཔེར་ན།) ལས་དོན་སྒྲུབ་རྒྱུ་ཁས་བླངས་རྒྱབ་སྐྱུར་བྱས་ན་མ་རབས་ཁྲེལ་མེད་རེད་ཅེས་པ་ལྟ་བུ། |
| ཁས་བླངས་ལག་བསྟར |
ཁས་ལེན་བྱས་པའི་དོན་དངོས་སུ་བསྒྲུབས་པའི་དོན་ཏེ། རང་གིས་ཇི་ལྟར་བཤད་པའི་དོན་རྣམས་ཁས་བླངས་ལག་བསྟར་ཚིག་ཐོག་དོན་ཁེལ་བྱས་ཞེས་པ་ལྟ་བུ། |
| ཁས་ཞན་པ |
ཁ་ཞན་པ་དང་འདྲ། |
| ཁས་འཆེ་བ |
རང་གིས་ཁས་ལེན་པའམ་རང་ཉིད་ངོ་སྤྲོད་པའི་དོན་ཏེ། (དཔེར་ན།) སྐྱེ་བོ་དམ་པས་ཁས་འཆེ་བ། བསྒྲིམས་ཏེ་འབད་པས་འགྲུབ་པར་བྱ་ཞེས་པ་ལྟ་བུ། |
| ཁས་འཆེས་པའི་དགེ་སློང |
སྡོམ་པ་མ་བླངས་པའམ། ཡང་ན་སྡོམ་པ་རལ་ཏེ་མེད་པར་གྱུར་ན་ཡང་ང་དགེ་སློང་ཡིན་ཞེས་པ་ལྟ་བུ། |
| ཁས་ལེན |
བཅོལ་བའི་ལས་དང་དུ་ལེན་པའི་དོན་ཏེ། (དཔེར་ན།) ཁས་ལེན་ཚིག་བརྩི། ཁས་ལེན་འགན་ཁུར། |
| ཁས་ལེན་པ |
1.དམ་བཅའ་འཇོག་པའམ་དང་དུ་ལེན་པ། 2.ཁས་ལེན་པ་པོ། |
| ཁས་ལེན་སོས་ཐེག |
ཁས་ལེན་དམ་བཅའ་བྱས་པའི་དོན་ཏེ། (དཔེར་ན།) རང་གིས་ཇི་ལྟར་ཁས་ལེན་སོས་ཐེག་བྱས་པའི་དོན་རྣམས་འལ་འོལ་རྒྱང་སྐྱུར་བྱེད་མི་ཉན་ཞེས་པ་ལྟ་བུ། |
| ཁས་ས |
(ཡུལ་སྐད།) ཁ་རྩང་སྟེ་དེ་རིང་གི་ཉིན་སྔོན་མ། |
| ཁི་འུ |
(ཡུལ་སྐད།) སྤུ་རྩིད་ཀྱི་ཁུ་ལུ། |
| ཁིའུ |
གྲི་ཆུང་ངུའི་མིང་སྟེ། (དཔེར་ན།) གྲི་ཁིའུ་ཞེས་པ་ལྟ་བུ། |
| ཁིས་མགོ |
(ཡུལ་སྐད།) ཐབ་ཀྱི་ཐལ་བ་འདོན་སའི་སྒོ། |
| ཁུ |
ཁུ་བོ་ཞེས་པའི་ཚིག་བསྡུས་པ། ཁུ་བ་ཞེས་པའི་ཚིག་བསྡུས་པ། |
| ཁུ་ཁོག |
ཁ་ཟས་སྲེག་པ་ལྕགས་སམ་ཟངས་ཀྱི་ཁོག་སྣོད་ཆེན་པོ། |
| ཁུ་ཁྲག |
ཟུངས་བདུན་གྱི་ཕྱི་མོ་སྐྱེས་པའི་ཁུ་བ་དཀར་པོ་དང༌། བུད་མེད་ཀྱི་ཟླ་མཚན་དམར་པོ་གཉིས་སོ། ། |
| ཁུ་གདུས |
སྨན་ཁུ་སོགས་བསྐོལ་བའི་དོན་ཏེ། (དཔེར་ན།) སྨན་སྙིགས་དོར་ཏེ་ཁུ་གདུས་ཡུན་རིང་བྱོས་ལྟ་བུ། |
| ཁུ་གུ |
1.(ཡུལ་སྐད།) ཁུག་མ་ཆུང་ངུ།2.(བརྡ་རྙིང་།) ཕའི་སྤུན་ཟླའམ་ཨ་ཁུ། |
| ཁུ་གེ |
(ཡུལ་སྐད།) ཁུག་མ་ཆུང་ངུ། |
| ཁུ་ཆུ |
སྐྱེས་པའི་ཐིག་ལེ། |
| ཁུ་ཐུ་ཆི |
(སོག་སྐད།) གཡོག་པོ། |
| ཁུ་དབོན |
ཨ་ཁུ་དང༌། ཚ་བོ། |
| ཁུ་ནུ |
1.ཁུ་བོ་དང་ནུ་བོ་ཞེས་པའི་བསྡུས་ཚིག2.སྟོད་མངའ་རིས་ཁུལ་གྱི་ཡུལ་ཞིག |
| ཁུ་ནུ་ལ |
རི་ཆེན་ཞིག་སྟེ། ནུབ་ཕ་སྨིར་ས་མཐོའི་ཤར་ངོས་ནས་བཟུང་ཞིན་ཅང་དང་བོད་དབུས་བརྒྱུད་དེ་མཚོ་སྔོན་དུ་བརྒྱུགས་པའི་རི་བོ་ཞིག་དེའི་རིང་ཚད་སྤྱི་ལེ་2500 དང་རི་རྩེ་མཐོ་ཤོས་གངས་དཀར་ལ་ཞེས་པ་མཚོ་ངོས་ལས་སྨི་7719 ཡོད། |
| ཁུ་པ |
(བརྡ་རྙིང་།) འཆག་པ། |
| ཁུ་བ |
ཕོའི་ཐིག་ལེ་སྟེ། (དཔེར་ན།) སྨན་གཞུང་དུ་ཁུ་བ་ཤོར་བ། ཁུ་བ་ཉམས་པ་ཁུ་བ་གསོ་བ་ཞེས་པ་སོགས་ལྟ་བུ། མིང་གི་རྣམ་གྲངས་ལ་སྐྱེས་བུའི་རྟགས་དང༌། ཁམས་དཀར་པོ། ཐིག་ལེ། སྟོབས་ལྡན། དྭངས་མ། ནུས་བྱེད། དབང་པོར་འགྲོ། བྱང་སེམས་དཀར་པོ། ཟླ་བ། ས་བོན་བཅས་སོ། །2.དངོས་རྫས་གཞན་འདྲེས་ཡོད་པའི་ཆུའི་མིང་སྟེ། (དཔེར་ན།) ཤའི་ཁུ་བ་ཞེས་པ་ལྟ་བུ། ཚིག་བསྡུས་ན་ཁུ་ཞེས་འབྲི་ཆོག་ ཤ་ཁུ། སིལ་ཁུ། སྨན་ཁུ་ཞེས་པ་ལྟ་བུ། |
| ཁུ་བ་དཀར་བ |
1.འོ་མ་སོགས་ཁུ་བ་དཀར་པོ།2.སྐྱེས་པའི་ཐིག་ལེ།3.(མངོན་བརྗོད།) གཟའ་པ་སངས། |
| ཁུ་བ་དམར་པོ |
(མངོན་བརྗོད།) ཁྲག |
| ཁུ་བ་དྭངས་མ |
ཁུ་བའི་སྙིང་པོའམ། ཉིང་ཁུ། |
| ཁུ་བ་བྱེད |
(མངོན་བརྗོད།) རྐང་མར། |
| ཁུ་བ་མ |
ལུས་རྩའི་བྱེ་བྲག་ཅིག |
| ཁུ་བ་ཟད |
བུད་མེད་དང་ཉལ་པོ་སྤྱད་དྲགས་པ་དང་ལུས་སྟོབས་ཞན་པ་སོགས་ཀྱིས་སྐྱེས་པའི་ཁམས་ཀྱི་དྭངས་མ་ཐིག་ལེ་དཀར་པོ་ཟད་པར་གྱུར་པ། |
| ཁུ་བ་འབྱིན་པའི་ལྷག་མ |
དགེ་འདུན་ལྷག་མ་བཅུ་གསུམ་གྱི་ནང་ཚན། སེམས་ཅན་ལ་ཆགས་པ་ལས་གྱུར་པའི་ལྷག་མ་ལྔའི་ཡ་གྱལ་ཞིག་གཞན་གྱི་ཁ། བཤང་ལམ། ཟག་བྱེད་གསུམ་གང་རུང་མ་ཡིན་པའི་ལུས་ཀྱི་ཆ་ཤས་སམ། རང་གི་སོར་མོ་ལྟ་བུས་ཁུ་བ་འབྱིན་པའོ། ། |
| ཁུ་བའི་གནས |
(མངོན་བརྗོད།) སྐྱེས་པའི་འབྲས་བུའམ་རླིག་རིལ། |
| ཁུ་བའི་གསང |
རྒྱབ་ཀྱི་སྒལ་ཚིགས་བཅུ་དགུ་པ་ཁུ་བའི་གསང་དེར་མེ་བཙའ་བཞག་ན་ཁུ་བ་འབྱམས་པ་དང༌། ལུགས་པ་སེལ། |
| ཁུ་བའི་དབང་པོ |
(མངོན་བརྗོད།) དངུལ་ཆུ། |
| ཁུ་བའི་བདག་ཉིད |
(མངོན་བརྗོད།) སྐྱེས་པ། |
| ཁུ་བའི་ཡང་ཁུ |
ཁུ་བའི་དྭངས་མའམ་ཉིང་ཁུ། |
| ཁུ་བའི་རྡེའུ |
བྱིས་པ་དང༌། དགེ་སློང༌། འཁྲིག་པ་མ་སྤྱད་པའི་མི་སོགས་ཀྱི་ཁུ་བ་འགགས་ཏེ་འདྲིལ་ནས་རྡེའུ་རུ་གྱུར་པའི་ཆུ་འགགས་ཀྱི་ནད་ཅིག |
| ཁུ་བའི་སློབ་མ |
(མངོན་བརྗོད།) ལྷ་མིན། |
| ཁུ་བསྡུས |
སྟབས་བདེ་རུ་བཏང་བའི་དོན་ཏེ། (དཔེར་ན།) ལས་ཁུངས་ཁུ་བསྡུས། ནང་དོན་གྱི་སྡེ་ཚན་ཁུ་བསྡུས་བྱས་པ་ལྟ་བུ། |
| ཁུ་བོ |
ཕའི་སྤུན་ཨ་ཁུ། |
| ཁུ་བོ |
ཕའི་ཕུ་བོ་དང་ནུ་བོ་ནི་ཁུ་བོ་ཡིན། ཚིག་བསྡུས་ན་ཁུ་ཞེས་འབྲི་ཆོག་སྟེ། (དཔེར་ན།) ཨ་ཁུ། ཕ་ཁུ་ཞེས་པ་ལྟ་བུ། |
| ཁུ་བྱུག |
བྱ་ཞིག་གི་མིང་ལུས་ཀྱི་སྒྲོ་ནག་སྐྱ་དང་། མཇུག་སྒྲོ་ལ་དཀར་ཐིག་ཡོད། དབྱར་འགོ་ཚེས་དུས་གྲག་ཅིང་སྐད་སྙན་མོ་ཡིན། མིང་གི་རྣམ་གྲངས་ལ་ངག་སྙན་དང༌། ལྔ་པའི་དབྱངས་ལྡན། འདབ་མའི་ཐེག་པ། འདོད་པའི་ཏཱ་ལ། ན་ཚོད་གནས། ནགས་དགའ། དཔྱིད་ཀྱི་ཕོ་ཉ། དབྱངས་སྙན། དབྱངས་སྙན་སྒྲོག་མིག་མཛེས། གཞན་གྱིས་རྒྱས། གཞན་གྱིས་གསོས། གཞན་ལ་སེམས་བཅས་སོ། ། |
| ཁུ་བྱུག་གྲག་ཟླ |
1.ཧོར་ཟླ་གསུམ་པ།2.གླང་ཁྱིམ་སྟེ་ཁྱིམ་བཅུ་གཉིས་ཀྱི་ཡ་གྱལ་ཞིག |
| ཁུ་བྱུག་རྩི་ཐོག |
སྔོ་སྨན་ཁུ་བྱུག་རྩྭ་ལྗང་མཆོག་དམན་རིགས་གཉིས་ཀྱི་ནང་ནས་དམན་པ། |
| ཁུ་བྱུག་རྩྭ་ལྗང |
སྔོ་སྨན་གྱི་རིགས་ཤིག་རོ་མངར་ལ་ཁ་བ། ཞུ་རྗེས་སྙོམས། ནུས་པས་རྩ་ཁ་འབྱེད། ཆུ་འགགས་འབྱིན། |
| ཁུ་མ་འདུས་པ |
ཆ་རྐྱེན་མ་ཚང་བའམ་འ་འུབ་མ་འདུས་པའི་དོན་ཏེ། (དཔེར་ན།) ལས་དོན་ཁུ་མ་འདུས་པ་ལྟ་བུ། |
| ཁུ་མ་རྩིད |
ཁུ་ལུ་དང་རྩིད་པ་གཉིས་འདྲེས་མའི་མིང༌། |
| ཁུ་ཚན |
ཕའི་སྤུན་དང་དེའི་ཚ་བོ་གཉིས་ཀྱི་བསྡུས་མིང༌། |
| ཁུ་ཚུར |
མཛུབ་མོ་ལྔ་བཅངས་པའི་ལག་མགོའི་མིང་སྟེ། (དཔེར་ན།) ལག་པ་ཁུ་ཚུར་བཅངས། མཛུབ་མོ་ལྔ་བཅངས་ཁུ་ཚུར་བྱེད་ལྟ་བུ། |
| ཁུ་ཚུར་གྱིས་འཚོ |
(མངོན་བརྗོད།) གསེར་བཟོ་བ། |
| ཁུ་འདེབས |
འབོད་སྐད་ཆེན་པོ་རྒྱག་པ། |
| ཁུ་འཕངས |
ཁ་བ་ཡི་མིང་གཞན་ཏེ། (དཔེར་ན།) དུང་གི་ཁུ་འཕངས་ཐ་ར་ར་ཞེས་པ་ལྟ་བུ། |
| ཁུ་འཕྲིག |
དོགས་པའམ་རྣམ་རྟོག ཁང་སྟོང་ནང་ནས་རྐུ་ཤོར་ཡོང་སྙམ་པའི་ཁུ་འཕྲིག་བྱེད་པ། |
| ཁུ་འབངས |
དབྱིབས་རིལ་པོ་ཡིན་པའི་ཁ་བའི་བྱེ་བྲག་ཅིག་སྟེ། (དཔེར་ན།) ཁུ་འབངས་ཁ་བའི་སྣ་འདྲེན་ཡིན། དུང་གི་ཁུ་འབངས་ཐ་ར་ར་ཞེས་པ་ལྟ་བུ། ཡོངས་གྲགས་སུ་ཁུ་འཕངས་འབྲི། |
| ཁུ་ཡུ |
རྭ་མེད་པའི་གནག་ཕྱུགས་ཏེ། (དཔེར་ན།) གཡག་ཁུ་ཡུ། བ་ལང་ཁུ་ཡུ་ཞེས་པ་ལྟ་བུ། འདི་ལ་ཁ་ཡུ་ཞེས་ཟེར་བའང་ཡོད། |
| ཁུ་ཡུག |
ཁུ་བྱུག་དང་འདྲ། |
| ཁུ་ཡེ |
ཕྱྭ་གཡང་ཁུག་ཅིག་ཅེས་པའི་འབོད་སྒྲ་སྟེ། (དཔེར་ན།) ཕྱྭ་ཁུ་ཡེ། རྣམ་ཐོས་སྲས་ཀྱིས་ནོར་གཡང་སྩོལ་ལྟ་བུ། |
| ཁུ་ར |
(ཡུལ་སྐད།) སྣུམ་ཁུར་ཏེ་སྣུམ་ཁོལ་ནང་བཙོས་པའི་བག་ལེབ་ཆུང་ངུ་། |
| ཁུ་རྔོག་འབྲོམ་གསུམ |
ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སློབ་མའི་གཙོ་བོ། ཁུ་བརྩོན་འགྲུས་གཡུང་དྲུང་དང༌། རྡོག་ལེགས་པའི་ཤེས་རབ། འབྲོམ་རྒྱལ་བའི་འབྱུང་གནས་བཅས་གསུམ་མོ། ། |
| ཁུ་རྡུལ |
ཕའི་ཁུ་བ་དང་མའི་མངལ་ཁྲག |
| ཁུ་ལུ |
ཕྱུགས་ཀྱི་སྤུ་རྩུབ་མོ་ལ་གྲ་དང་སྤུ་ཕྲ་མོ་ལ་ཁུ་ལུ་ཟེར། (དཔེར་ན།) རའི་ཁུ་ལུ་ནོར་གྱི་ཁུ་ལུ་ཞེས་པ་ལྟ་བུ། ཚིག་བསྡུས་ན་ཁུལ་ཞེས་འབྲི་སྲོལ་ཡོད་དེ། ཝ་ལྤགས་གྲ་ཁུལ་ཉིས་འཛོམས། ནོར་ཁུལ། ར་ཁུལ། ཁྱི་ཁུལ་ཞེས་པ་ལྟ་བུ། |
| ཁུ་ལུ་ཚི་རིང |
གནག་ཕྱུགས་ཀྱི་རྩིད་པ་མིན་པའི་སྤུ་འཇམ་པོ་སྣ་རིང་པོ། |
| ཁུ་ལེ |
1.ཉ་གའམ་སྲང་གི་མདའ།2.ཟོ་བའམ་ཟོ་ལག་སྲང་ཆ་དང་རྒྱ་མའི་སྟེང་གི་དངོས་རྫས་འཇོག་སའི་སྣོད་ཀྱི་མིང་། |
| ཁུ་ལེའི་རི་མོ |
སྲང་མདའི་ངོས་ཀྱི་གྲངས་ཚད་རི་མོ། |
| ཁུ་སིམ་པོ |
སྒྲ་དམའ་བའམ་ཟིང་ལོང་མེད་པ། |
| ཁུག |
1.བཀུག་གི་སྐུལ་ཚིག་སྟེ། (དཔེར་ན།) ཁྱོད་ཀྱིས་མཛུབ་མོ་ཁུག་ཅིག་ལྟ་བུ། 2.ཐབས་དང་ནུས་པ་དང་དབང་གིས་ཚུར་བསྡུས་པའི་དོན་ཏེ། (དཔེར་ན།) རྒྱལ་ཁབ་ཀྱིས་མི་སྣ་བཀུག པད་མའི་དྲི་ཡིས་བུང་བ་བཀུག་ལྟ་བུ།3.དངོས་པོའི་རྣམ་པ་གཞན་དུ་བསྒྱུར་བའི་དོན་ཏེ། (དཔེར་ན།) ད་ལོའི་ཐོན་སྐྱེད་ཀྱི་དངོས་རྫས་རྣམས་རིན་ཐང་དུ་བཀུག་ན་སྒོར་7000 ཡིན། སྐྲངས་པ་རྣག་ཏུ་བཀུག། སྨན་བཟང་དྲོད་དུ་འགུགས་པ་ཞེས་སོགས་ལྟ་བུ། 4.(བྱེད་འབྲེལ་ལས་ཚིག) ཁུགས་ཀྱི་མ་འོངས་པ་དང་ད་ལྟ་བ། ཚོང་རྫས་སོགས་ཉོ་བྱེད་ཀྱི་དངུལ་འདང་བའི་དོན་ཏེ། (དཔེར་ན།) སྒོར་མོ་གཅིག་གིས་ཀ་ར་རྒྱ་མ་གང་ཁུག་ལྟ་བུ། |
| ཁུག་ཀྱོག |
འགྲིམ་འགྲུལ་ཉུང་བའི་ཡུལ་ཏེ། (དཔེར་ན།) ཁུག་ཀྱོག་ཅིག་ཏུ་བུ་ཆུང་རྩེ་ལྟ་བུ། |
| ཁུག་ཁྲ |
རྒྱ་ལུ་ཆས་གྱོན་དུས་སྐེད་པར་གདགས་རྒྱུའི་རྒྱན་ཆ་ཞིག |
| ཁུག་ཆུང |
ཏིག་ཏའི་མིང་གི་རྣམ་གྲངས། |
| ཁུག་པའི་གྲངས་ཀ |
བཅུ་ལྡབ་ཀྱི་འགྱུར་ཁྱད་ཡོད་པའི་གྲངས་གནས་ཆེ་ཆུང་གཉིས་ཀྱི་ཆེ་བའི་མིང་། དེ་ཆུང་བའི་མིང་གི་མཐར་ཆེན་པོ་ཞེས་པ་བཏགས་ནས་བྱུང་བ་རྣམས། (དཔེར་ན།) ཐེར་འབུམ་དང་ཐེར་འབུམ་ཆེན་པོ་ལྟ་བུ། |
| ཁུག་མ |
རས་དང་པགས་པ་སོགས་ཀྱིས་བཟོས་པའི་དངོས་རྫས་སྡུད་བྱེད་ཀྱི་སྣོད་ཆུང་ངུའི་མིང་སྟེ། (དཔེར་ན།) རས་ཀྱི་ཁུག་མ། ཀོ་བའི་ཁུག་མ་ཞེས་པ་ལྟ་བུ། ཚིག་བསྡུས་ན་ཁུག་ཅེས་འབྲི་ཆོག་ རས་ཁུག ཀོ་ཁུག་ཅེས་པ་ལྟ་བུ། |
| ཁུག་ཞོ |
ཁུལ་ཞོ་དང་དོན་འདྲ། |
| ཁུག་འཁྱོག |
ཁུག་ཀྱོག་དང་འདྲ། |
| ཁུག་རྟ |
ཆར་སྡོད་བྱིའུའམ། ཁ་ལ་ཡུག་གམ། འདག་བྱིའུ། མིང་གི་རྣམ་གྲངས་ལ་སྒྲ་སྒྲོག་དང༌། ཆར་དགའ། ཆར་སྡོད། ཆུ་ཉུང༌། ཐུབ་པའི་བུ། སྤྲིན་འདེགས། སྤྲིན་ལ་སློང༌། བཟང་མོ་བཅས་སོ། ། |
| ཁུག་རྟ |
ཁ་ལ་ཡུག་གི་མིང་གཞན། |
| ཁུག་རྟའི་གློ་བ |
སྲོག་ཆགས་སྨན་གྱི་རིགས་ཤིག་རོ་མངར། ཞུ་རྗེས་སྙོམས། ནུས་པས་གློ་རྣག་སྐེམ། གློ་རྡོལ་གསོ། |
| ཁུག་རྣ |
ལྷོ་འུར་ཞེས་འབྱུང་སྟེ་ན་བུན་གྱི་མིང་ཡིན་ཟེར་ཡང་ནམ་མཁའ་དྭངས་པའི་ཚེ་སྔ་དྲོའི་དུས་རྒྱང་རིང་པོར་བལྟས་ཚེ་དུ་བ་སྲབ་མོ་ལྟ་བུ་སྔོ་ཕྱུར་རེར་མཐོང་བ་དེ་ཡིན། |
| ཁུག་རྣའི་ཁ་དོག |
ཡན་ལག་གི་ཁ་དོག་བརྒྱད་ཀྱི་ནང་གསེས་ཤིག |
| ཁུག་སྣ |
ཁུག་རྣ་དང་འདྲ། |
| ཁུག་སྣ |
མཁའ་དབུགས་ཀྱི་ནང་དུ་ས་རྡུལ་དང་བྱེ་རྡུལ། ཆུ་རྡུལ་སོགས་འདྲེས་ནས་སྨུགས་པ་ལྟར་འཐིབས་པའི་མདོག་སྐྱ་བོའི་མིང་ (དཔེར་ན།) ཁུག་སྣ་འཐིབས་ལྟ་བུ། འདི་ལ་ཁུག་རྣ་ཞེས་འབྲི་སྲོལ་ཡང་ཡོད། |
| ཁུགས |
(བྱེད་འབྲེལ་ལས་ཚིག) 1.ཁུག་གི་འདས་པ་སྟེ། སྒོར་མོ་སུམ་ཅུས་ལྭ་བ་ཆ་ཚང་ཞིག་ཁུགས་ནས་ད་དུང་ལྷག་མ་ཡོད་ལྟ་བུ། 2.བཀུག་གི་སྐུལ་ཚིག |
| ཁུགས |
ཁུགས་པ་སྟེ་ས་དབྱིབས་དང་དངོས་རྫས་གུག་འཁྱོག་གི་ཁག་གི་མིང་སྟེ། (དཔེར་ན།) རྨ་ཆུའི་ཁུགས་པ། ཐག་པའི་ཁུགས་མགོ། ཐེར་ཁུགས། ས་ཁུགས་ཞེས་པ་ལྟ་བུ། འདི་ལ་ཁུག་འབྲི་བའང་ཡོད། |
| ཁུགས་པ |
ཁུག་པའི་འདས་པ། |
| ཁུང |
བུ་ག་ཆུང་ཆུང་གི་མིང་སྟེ། (དཔེར་ན།) སྣ་ཁུང་། བྱི་ཁུང་། ཆུ་ཁུང་། ཐུར་ཁུང་། ཤིང་ལེབ་ལ་ཁུང་བུ་བརྟོལ་ལྟ་བུ། |
| ཁུང་གཟོང |
ཀོ་བར་བུ་ག་འབིགས་བྱེད་ཅིག |
| ཁུང་དུ་ཉལ |
མངོན་བརྗོད།) སྦྲུལ། |
| ཁུང་པོ |
སྦུབས་དོང༌། |
| ཁུང་བུ |
བུག་པའམ་བུ་ག་སྟེ། (དཔེར་ན།) སའི་ཁུང་བུའི་ནང་དུ་དུག་སྦྲུལ་གནས། རྩིག་པར་ཁུང་བུ་བྲུས་ལྟ་བུ། |
| ཁུང་སྦུབས |
བུ་གའམ་ཁུང་བུའི་ནང༌། |
| ཁུངས |
1.ཆུ་རྒྱུན་སོགས་གང་ནས་བྱུང་སའི་གནས་གཙོ་བོའི་མིང་སྟེ། (དཔེར་ན།) རྨ་ཆུ་དང་འབྲི་ཆུའི་འབྱུང་ཁུངས་ཞེས་པ་ལྟ་བུ། 2.བདེན་དཔང་དུ་འོས་པའི་གཞུང་དང་མི་སོགས་ཀྱི་དོན་ཏེ། (དཔེར་ན།) སྲིད་ཇུས་ཀྱི་ཁུངས་གཏུགས་ས། སྐད་ཆ་ཁུངས་དག ལག་ལེན་ནི་ཡོན་ཏན་ཀྱི་འབྱུང་ཁུངས་ཡིན་ཞེས་པ་སོགས་ལྟ་བུ།3.ལས་དོན་རིགས་སྒྲུབ་སའི་གནས་གཙོ་བོའི་མིང་སྟེ། (དཔེར་ན།) སློབ་གསོ་ལས་ཁུངས། དཔལ་འབྱོར་ལས་ཁུངས་ལྟ་བུ། |
| ཁུངས་གཙིགས |
ཡང་དག་པའམ། ཁུངས་ལུང་ཡོད་པའི་སྐད་ཆ་དང་བྱ་སྤྱོད་ཀྱི་དོན། |
| ཁུངས་ཐུབ་པ |
1.གདེང་ཐུབ་པའམ་བློ་འགེལ་རུང་བ་སྟེ། (དཔེར་ན།) བཀའ་གཏན་ཁུངས་ཐུབ། བློ་ཕུགས་གཏད་ཆོག་པའི་གྲོགས་པོ་ཁུངས་ཐུབ་པ་ལྟ་བུ།2.རྒྱུ་སྤུས་དག་པོའམ་རྐང་ཡག་པོ་སྟེ། (དཔེར་ན།) བསྲེས་ལྷད་ཟོལ་གསུམ་མེད་པའི་དངོས་པོ་ཁུངས་ཐུབ་ལྟ་བུ།3.ཕུགས་ཐུབ་པའམ་ཁུངས་འཛིན་འཕེར་པོའི་དོན་ཏེ། (དཔེར་ན།) ལྷག་བསམ་རྣམ་དག་གིས་བྱས་པའི་ལས་དོན་ཁུངས་ཐུབ་རེད་ལྟ་བུ། |
| ཁུངས་དག་སྤུས་གཙང |
འབྱུང་ཁུངས་ལ་སྐྱོན་མེད་ཅིང༌། སྤུས་ཀ་ལེགས་པ། |
| ཁུངས་དྲངས |
རྒྱུ་མཚན་གྱི་ཁུངས་བཤད་པ། |
| ཁུངས་ཕྱུང |
(བརྡ་རྙིང་།) འབྱུང་ཁུངས་རྩད་གཅོད་པ། |
| ཁུངས་བཙན་པ |
1.འབྱུང་ཁུངས་དག་པ།2.རྒྱབ་རྟེན་ཤུགས་ཅན། |
| ཁུངས་བཙུན་པོ |
འབྱུང་ཁུངས་དག་པོའམ་གཙང་མ། |
| ཁུངས་མ |
1.ཐོག་མའི་རྒྱུ་ཆའི་མིང་སྟེ། (དཔེར་ན།) དཔེ་ཆ་ཁུངས་མ་ཞེས་པ་ལྟ་བུ།2.ཁུངས་གཏུགས་སའི་མིང་སྟེ། (དཔེར་ན།) གཞུང་ཁུངས་མ་ཞེས་པ་ལྟ་བུ། |
| ཁུངས་མེད |
འབྱུང་ཁུངས་གང་ཡིན་བཤད་རྒྱུ་མེད་པ་སྟེ། (དཔེར་ན།) ཁུངས་མེད་ལུང་མེད། ཁུངས་མེད་རྫུན་བཟོ་ཞེས་པ་ལྟ་བུ། |
| ཁུངས་འཁྱོལ་པོ |
མཐའ་འཁྱོངས་པོའམ། ཡིད་བརྟན་འཕེར་བ་སྟེ། (དཔེར་ན།) མི་དྲང་གོ་ཆོད་ཀྱིས་བྱས་པའི་ལས་ཀ་རྣམས་ཁུངས་འཁྱོལ་པོ་ཡོང༌ཞེས་པ་ལྟ་བུ། |
| ཁུངས་འདེད |
གང་ནས་བྱུང་བའི་ཁུངས་རྩད་གཅོད་པ་སྟེ། (དཔེར་ན།) འུར་རྐྱེན་ཡོང་གནས་གང་ཡིན་ཁུངས་འདེད་པ་ལྟ་བུ། |
| ཁུངས་འཚོལ |
འབྱུང་སའི་ཁུངས་གང་ཡིན་རྩད་གཅོད། |
| ཁུངས་ཡོད་ལུང་ཡོད |
ཡིད་ཆེས་གདེང་ཐུབ། |
| ཁུངས་ལ |
ལ་ཞིག་བོད་ཀྱི་འབྲོང་པ་རྫོང་གི་ལྷོ་རྒྱུད་དུ་ཡོད། |
| ཁུངས་ལུང |
འབྱུང་སའི་རྩ་བ་དང༌། སྒྲུབ་བྱེད་ལུང་ཚིག་ཚད་ལྡན་ནམ། དེའི་རྒྱུ་མཚན་ཏེ། (དཔེར་ན།) ཁུངས་ལུང་ཏན་ཏིག ཁུངས་ལུང་མེད་པ། ཁུངས་ལུང་འདྲེན་པ་ཞེས་པ་ལྟ་བུ། |
| ཁུངས་སྐྱེལ |
བདེན་པ་དང་ཡང་དག་པའི་རྒྱུ་མཚན་བཤད་པ་སྟེ། (དཔེར་ན།) ཁུངས་སྐྱེལ་དངོས་རིགས། ཁུངས་སྐྱེལ་ཡིག་རིགས་ཞེས་པ་ལྟ་བུ། |
| ཁུངས་སྐྱེལ་དག་འབུད |
འདི་ཡིན་འདི་མིན་གྱི་ར་སྤྲོད་མཐར་ཕྱིན་བྱེད་པ་སྟེ། (དཔེར་ན།) གནས་ལུགས་ཡོང་རྐྱེན་ཚང་མ་ཧེ་བག་མེད་པའི་ཁུངས་སྐྱེལ་དག་འབུད་བྱེད་པ་ཞེས་པ་ལྟ་བུ། |
| ཁུངས་སྐྱེལ་ར་འཕྲོད |
ར་སྤྲོད་བྱེད་འོས་རྣམས་ངོ་འཕྲོད་པ་སྟེ། (དཔེར་ན།) ཁོ་པའི་བྱ་སྤྱོད་ཚང་མ་ཁུངས་སྐྱེལ་ར་འཕྲོད་དག་གཙང་བྱུང་ཞེས་པ་ལྟ་བུ། |
| ཁུངས་སྒྲིག་པ |
1.དངོས་ཆད་ཀྱི་ཚབ་སྒྲིག་པ་སྟེ། (དཔེར་ན།) རྩིས་འཁྲི་དངོས་རིགས་བོར་ཆད་རྣམས་ཀྱི་ཁུངས་སྒྲིག་པ་ལྟ་བུ།2.འགྲོ་ཁུངས་འཚོལ་བ་སྟེ། (དཔེར་ན།) ཕྲུ་གུ་སློབ་གྲྭར་གཏོང་སའི་ཁུངས་སྒྲིག་པ་ལྟ་བུ།3.སྡེ་ཚན་མ་ནོར་བར་སྦྱོར་བ་སྟེ། (དཔེར་ན།) དངོས་པོ་རྣམས་ཁུངས་སོ་སོར་སྒྲིག་པ། རང་ཁུངས་སོ་སོ་སྒྲིག་པ་ལྟ་བུ། |
| ཁུངས་སྣེ |
ཁུངས་མཚོན་པའི་རྟགས་སམ་ཕྱོགས་ཏེ། (དཔེར་ན།) རྐང་རྗེས་ལ་བལྟས་པས་རྐུན་མ་གང་དུ་སོང་བའི་ཁུངས་སྣེ་རྙེད་ཅེས་པ་ལྟ་བུ། |
| ཁུད |
རས་དང་གདན་པགས་པ་སོགས་ཀྱི་ཐོག་ངོས་ཀྱི་དོན་ཏེ། (དཔེར་ན།) པགས་པའི་ཁུད་ལ་མར་བཏུམས། གདན་ཁུད་ལ་གྲོ་ནས་གདལ། ལག་རས་ཀྱི་ཁུད་ལ་དཔེ་ཆ་གཅུད། ཤོག་གུའི་ཁུད་ལ་སྨན་བཏུམས་ཞེས་པ་སོགས་ལྟ་བུ། |
| ཁུན |
འཁུན་གྱི་འབྲི་ཚུལ་གཞན། |
| ཁུན་ཆུ་ལི |
(སོག་སྐད།) ཁྲུང་ཁྲུང་སོགས་ཀྱི་རི་མོ་ཡོད་པའི་གོས་ཆེན་ཞིག |
| ཁུན་པ |
(བརྡ་རྙིང་།) ཅ་ཅོ། |
| ཁུམ |
བཀུམས་ཀྱི་སྐུལ་ཚིག་སྟེ། (དཔེར་ན།) སྤྱང་ཀི་ཁུམ་ཞིག་ལྟ་བུ། |
| ཁུམ་གཉེར |
ཚུར་འདུས་ཏེ་ཆགས་པའི་གཉེར་མ། |
| ཁུམ་བུ |
ཤིང་ཏོག་ཁམ་བུ་སྟེ། ཁམ་བུའི་སྡོང་པོ་ལོ་མ་ལྷུང་བའི་ཤིང་སྡོང་ཞིག་ཡིན་ཞིང་། མཐོ་ཚད་སྨིས་བཞི་ནས་དགུའི་བར་ཡོད། དཔྱིད་དུས་ལོ་མ་མ་འབུས་གོང་མེ་ཏོག་བཞད་ཅིང་། མེ་ཏོག་དམར་སྐྱའམ་དཀར་པོ་ཡིན། སིལ་ཏོག་སྨིན་ཚེ་ཁ་དོག་དམར་སེར་ཟོས་ན་རོ་སྐྱུར་ལ་མངར་བ་ཡིན། ཚིག་གུའི་ནང་སྙིང་ལ་མངར་བ་དང་ཁ་བ་རིགས་གཉིས་ཡོད་པའི་མངར་བ་ཟ་ཆོག་ལ་ཁ་བ་སྨན་བྱེད་ཆོག སིལ་ཏོག་ལ་ཁམ་བུ་ཟེར། |
| ཁུམས |
1.འགུམས་པའི་སྐུལ་ཚིག 2.(བརྡ་རྙིང་།) 1>ཤེས་སམ་རྟོགས། 2>འགྲིག་པ། 3>འགན་ལེན་བྱེད་ཐུབ་པ་བཅས་ཀྱི་དོན། |
| ཁུར |
(བྱེད་འབྲེལ་ལས་ཚིག) འཁུར་གྱི་འདས་པ་དང་སྐུལ་ཚིག དངོས་རྫས་མིའི་རྒྱབ་དང་ཕྲག་པ་ལ་བཞག་ནས་འཁྱེར་བའི་དོན་ཏེ། (དཔེར་ན།) སླེ་བོ་ཁུར་ནས་ལུད་བཏུས། མེ་མདའ་ཕྲག་ལ་ཁུར་ཅིག་ལྟ་བུ། |
| ཁུར་གདང |
ཁུར་པོའི་གདང་ཤིང༌། |
| ཁུར་གླ |
རྡོག་ཁྲེས་ཁྱེར་བའི་གླ། |
| ཁུར་ཆེན |
1.ཁྲེས་པོ་ཆེན་པོ།2.འགན་ཁུར་ཆེན་པོ། |
| ཁུར་ཐག |
ཁུར་པོ་འཁུར་བྱེད་ཀྱི་ཐག་པ། |
| ཁུར་དཀར |
སྔོ་ཁུར་མོང་དཀར་ནག་གཉིས་ཀྱི་ནང་ཚན་མེ་ཏོག་དཀར་པོ་འཆར་བ་ཞིག |
| ཁུར་ནག |
སྔོ་ཁུར་མོང་དཀར་ནག་གཉིས་ཀྱི་ནང་ཚན། མེ་ཏོག་སེར་པོ་འཆར་བ་ཞིག |
| ཁུར་པོ |
རྒྱབ་ལ་འཁུར་རྒྱུའི་རྡོག་ཁྲེས་ཀྱི་དོན་ཏེ། (དཔེར་ན།) རང་གི་ཁུར་པོ་རང་གིས་འཁུར། ཤིང་ཁུར། འགན་ཁུར། ཁུར་འདོར་བ། ལས་དོན་ཁུར་དུ་ལེན་པ། གཞུང་དོན་ཁུར་གྱིས་དུབ་པ་ལྟ་བུ། |
| ཁུར་བ |
1.འཁུར་བའི་འདས་པ།2. འཁུར་ལ་ལྟོས། |
| ཁུར་བཞི |
ཕུང་པོའི་ཁུར་དང༌། བརྩོན་འགྲུས་ཀྱི་ཁུར། ཉོན་མོངས་པའི་ཁུར། དམ་བཅའི་ཁུར་བཅས་བཞིའོ། ། |
| ཁུར་བཟོད་པ |
འགན་ཁུར་ཆེན་པོ་ལེན་ཕོད་པའམ་དཀའ་སྡུག་དང་ལེན་ནུས་པ། |
| ཁུར་བསླང་ངོ |
(བརྡ་རྙིང་།) ངག་གི་ཉེས་པ་གསོག་པ། |
| ཁུར་བོར་བ |
1.ཁྲེས་ཁུར་བརླག་པ།2.འགན་ཁུར་བསྐྱུར་བ། |
| ཁུར་མང |
ཁུར་མོང་དང་འདྲ། |
| ཁུར་མོང |
ལོ་མང་སྐྱེས་པའི་རྩྭ་ལྡུམ་ཞིག་ཡིན། སྡོང་བུ་སྦུབས་སྟོང་ཅན་ཡིན་ལ་བཅད་ན་ཁུ་བ་དཀར་པོ་འཛག མེ་ཏོག་སེར་པོ་ཡིན། རྩྭ་ཡོངས་རྫོགས་སྨན་དུ་བཀོལ་ཆོག་ལ་ཚོད་མ་བྱས་ཀྱང་ཆོག |
| ཁུར་ཙ |
རྡོག་ཁྲེས་དང་འདྲ། |
| ཁུར་ཙ་བ |
རྡོག་ཁྲེས་འཁུར་མཁན། |
| ཁུར་ཚ |
ཁུར་ཡོད་པའི་དངོས་རྫས་ཀྱི་མིང་ཁུར་ཙ་དང་འདྲ། |
| ཁུར་ཚ་བ |
ཁུར་ཙ་བ་དང་འདྲ། |
| ཁུར་ཚད |
ཁྲེས་པོ་ཆེ་ཆུང་གི་ཚད། |
| ཁུར་ཚོད |
སྔོ་ཁུར་མོང་ལས་བྱས་པའི་ཚོད་མ་སྟེ་ནུས་པས་ཚ་བ་སེལ། |
| ཁུར་ཚོས |
མཁུར་ཚོས་དང་འདྲ། |
| ཁུར་འགེལ་བ |
1.དོ་པོ་འཁུར་དུ་འཇུག་པ།2.ལས་འགན་དཀྲི་བ། |
| ཁུར་འདྲེན་པ |
1.རྡོག་ཁྲེས་དབོར་བ།2.ཁུར་པོ་འཁྱེར་བ་པོ། |
| ཁུར་འཛིན |
འགན་ཁུར་ལེན་པ། |
| ཁུར་རྔན |
སྤོམ་ཚོད་ཀྱིས་སྤྲད་པའི་ཁུར་གླ། |
| ཁུར་རྩ |
སྔོ་ཁུར་མོང་གི་རྩ་བ་རོ་ཁ། ནུས་པ་བསིལ། བད་ཀན་སྨུག་པོ་དང༌། ཚ་བ་སེལ། |
| ཁུར་རྩལ་བ |
(མངོན་བརྗོད།) རྡོག་ཁྲེས་འཁུར་མཁན། |
| ཁུར་ལ་མི་འཇིགས |
(མངོན་བརྗོད།) ས་གཞི། |
| ཁུར་ལེན་པ |
1.ཁྲེས་ཁུར་ཚུར་ལེན་པ།2.ལས་ཀའི་འགན་ལེན་པ། |
| ཁུར་ལྕི་བ |
1.ཁུར་པོ་ལྗིད་པོ།2.འགན་ཁུར་ལྗིད་པོ། |
| ཁུར་ཤིང |
1.རྐང་ཐང་ཐག་རིང་འགྲུལ་པའི་རྡོག་ཁྲེས་འཁྱེར་སྤྱད་ཅིག2.ཁུར་པོའི་གདང་ཤིང༌། |
| ཁུར་སེམས |
ཁུར་ལེན་པའི་བསམ་པ། |
| ཁུར་སྐུར་བ |
1.ཁུར་པོ་འཁུར་དུ་འཇུག་པ།2.ལས་འགན་དཀྲི་བ། |
| ཁུལ |
1.ས་ཁོངས་ཀྱི་དོན་ཏེ། (དཔེར་ན།) བཟོ་ལས་ཁུལ། ཞིང་ལས་ཁུལ། རང་སྐྱོང་ཁུལ། ཕྱུགས་ལས་ཁུལ་ཞེས་པ་ལྟ་བུ། 2.ཁུ་ལུ་ཞེས་པའི་ཚིག་བསྡུས་པ། (དཔེར་ན།) ནོར་ཁུལ། རྔ་ཁུལ་ཞེས་པ་ལྟ་བུ། 3.ལས་ཚིག་ལ་ལའི་མཐར་སྦྱར་ན་བརྫུས་པའམ་ཡིན་པའི་ལད་མོ་བྱས་པ་དང་གནད་སྨིན་མ་ཡིན་པའི་རྣམ་པའི་མིང་སྟེ། (དཔེར་ན།) མི་ཤེས་ཤེས་ཁུལ། མ་ཡིན་ཡིན་ཁུལ། འགྲོ་ཁུལ་འདུག་ཁུལ། བསམ་བློ་གཏོང་ཁུལ་ཞེས་པ་སོགས་ལྟ་བུ། |
| ཁུལ་ཕྱིང |
ཁུ་ལུ་ལས་བཟོས་པའི་ཕྱིང་པ། |
| ཁུལ་བལ |
གནག་ཕྱུགས་སོགས་ཀྱི་ཁུ་ལུ་དང་ལུག་བལ། |
| ཁུལ་ཞོ |
བྱིས་པ་འཇོག་བྱེད་ཀྱི་ཡོ་བྱད་ཅིག་གི་མིང་། |
| ཁུལ་འཕྱིང |
ཁུལ་ཕྱིང་དང་འདྲ། |
| ཁུལ་རྩིད |
ཁུ་ལུ་དང་རྩིད་པ། |
| ཁུལ་སྒྱེ |
ཁུ་ལུ་ལས་འཐག་འཚེམ་བྱས་པའི་སྣོད་སྤྱད། |
| ཁུས་མོ |
ངུ་སྐད་ཆེན་པོའི་དོན་ཏེ། (དཔེར་ན།) སེམས་སྡུག་སྟེ་ཁུས་མོ་བཏབ་ལྟ་བུ། |
| ཁུས་འདེབས |
ངུ་སྐད་ཀྱི་ཆོ་ངེ་འདེབས་པའི་དོན་ཏེ། (དཔེར་ན།) ཁྱི་ངན་དགྲ་ཁུས་འདེབས་ཞེས་པ་ལྟ་བུ། |
| ཁུས་སྐད |
ངུ་སྐད་ཀྱི་ཆོ་ངེ་། |
| ཁེ |
ཁེ་ཕན་ཏེ་གྱོང་གུད་ཀྱི་ལྡོག་ཟླའི་མིང་སྟེ། (དཔེར་ན།) ཐུན་མོང་གི་ཁེ་ཕན། ཁེ་འདོད་གྲགས་འདོད་མ་བྱེད་ཅེས་པ་ལྟ་བུ། |
| ཁེ་ཁོལ |
ཚོས་ཁ་སྙོམས་པོ་མ་བྱུང་བའི་ཁྲ་ཐིག་སྟེ། (དཔེར་ན།) རས་འདི་ལ་ཚོས་ཡག་པོ་མ་བརྒྱབ་པས་ཁེ་ཁོལ་བྱུང་འདུག་ལྟ་བུ། |
| ཁེ་གཙང |
གཞན་དང་མ་འདྲེས་པ་སྟེ། (དཔེར་ན།) མི་རིགས་ཁེ་གཙང༌། ཁང་པའི་སྒོ་ར་ཁེ་གཙང་ཞིག་གི་ནང་དུ་བསྡད་ཡོད་ལྟ་བུ། |
| ཁེ་གུན |
ཁེ་བཟང་དང་གྱོང་གུན། ཁེ་གུན་མེད་པ། ཁེ་གུན་ཇི་ཡོང་བརྟག་དཔྱད་ལེགས་པར་བྱེད་ལྟ་བུ། |
| ཁེ་གྱོང |
ཁེ་བཟང་དང་གྱོང་གུན། |
| ཁེ་གྲགས |
ཁེ་བཟང་དང་སྙན་གྲགས། ཁེ་གྲགས་འདོད་སེམས། |
| ཁེ་གྲི |
(ཡུལ་སྐད།) རས་སོགས་འདྲ་བྱེད་ཀྱི་ཡོ་བྱད་ཅིག་རྒྱ་སྐད་དུ་ཇེམ་ཙེ་ཟེར། |
| ཁེ་ཉེན |
1.ཕན་པ་དང་གནོད་པའི་དོན་ཏེ། (དཔེར་ན།) སྒེར་གྱི་ཁེ་ཉེན་ལ་མི་ལྟ་བར་ལས་དོན་ལ་འབད་དགོས་ལྟ་བུ།2.(ཡུལ་སྐད།) དེ་རིང་བརྩིས་པའི་ཉིན་གཉིས་ཀྱི་སྔ་ཉིན། |
| ཁེ་ཉེན་གོ་ཤེས |
ཕན་པའི་ཁེ་དང༌། གནོད་པའི་ཉེན་ཁ་གསལ་པོར་ངོས་འཛིན་པའི་དོན་ཏེ། (དཔེར་ན།) འཕྲལ་ཕུགས་ཀྱི་ཁེ་ཉེན་གོ་ཤེས་བྱེད་པ་ཞེས་པ་ལྟ་བུ། |
| ཁེ་དབང |
ཁེ་བཟང་དང་དབང་ཆའི་དོན་ཏེ། (དཔེར་ན།) བབ་ཐོབ་ཀྱི་ཁེ་དབང༌ཞེས་པ་ལྟ་བུ། |
| ཁེ་པ |
ཚོང་རྒྱག་པའི་ལས་ཀ་ལ་བརྟེན་ནས་འཚོ་བའི་མི། |
| ཁེ་པོ |
རིན་གོང་ཆུང་བའི་དོན་ཏེ། (དཔེར་ན།) ཚོང་ཟོག་དེའི་གོང་ཁེ་པོ་འདུག ཟོག་གོང་ཁེ་རུ་འགྲོ་ལྟ་བུ། |
| ཁེ་ཕན |
ཁེ་བཟང་དང་ཕན་སླེབས་ཀྱི་དོན་ཏེ། (དཔེར་ན།) སྒེར་གྱི་ཁེ་ཕན། སྤྱི་ཚོགས་ཀྱི་ཁེ་ཕན། |
| ཁེ་ཕམ |
ཁེ་གྱོང༌། |
| ཁེ་བཟང |
སྐྱེད་ཁའམ་ཕན་སླེབས་བཟང་པོའི་དོན་ཏེ། (དཔེར་ན།) ཁེ་བཟང་སྤྲད་པ། ཁེ་བཟང་ཡོང་སྒོ་ཞེས་པ་ལྟ་བུ། |
| ཁེ་བུ་སུ |
(ཡུལ་སྐད།) ཉལ་ཁྲིའི་སྟེང་དུ་གདིང་བྱའི་གདན་ཏེ་ཁ་གདན་ནམ་རུམ། |
| ཁེ་བོགས |
ཁེ་བཟང་དང་སྐྱེད་ཀ |
| ཁེ་མེད་གྱོང་མེད |
ཁེ་བཟང་དང་གྱོང་གུན་གཉིས་ཀ་མེད་པ། |
| ཁེ་ཚོང |
ཁེ་བཟང་ཡོད་པའི་ཚོང་ལས། |
| ཁེ་ཚོང་པ |
ཚོང་ཟོག་སྡེབ་ཉོ་བྱས་ཏེ་ཕར་སིལ་ཚོང་བྱེད་མཁན། |
| ཁེ་འཇའ |
(རྒྱ་སྐད།) ཕུ་དུང་མེད་པའི་སྟོད་གོས། |
| ཁེ་འདོད |
རང་ལ་ཁེ་བཟང་པོ་ཐོབ་པར་འདོད་པ། |
| ཁེ་འབབ |
ཁེ་བཟང་བྱུང་འབོར། |
| ཁེ་རུ་མ |
གཅིག་པུའམ་ཧྲང་ཧྲང༌གི་དོན་ཏེ། (དཔེར་ན།) མི་ཚང་ཁེ་རུ་མ། |
| ཁེ་རྐྱང |
ཁེར་རྐྱང་དང་འདྲ། |
| ཁེ་ལས |
ཁེ་བཟང་ཅན་གྱི་ལས་ཀའི་དོན་ཏེ། (དཔེར་ན།) ཁེ་ལས་བདག་གཉེར། བཟོ་ཚོང་སོགས་ཁེ་ལས་སྤེལ་བ་ལྟ་བུ། |
| ཁེ་ལས |
ཐོན་སྐྱེད་དང་སྐྱེལ་འདྲེན། ཉོ་ཚོང་སོགས་དཔལ་འབྱོར་གྱི་བྱ་བ་བྱེད་པའི་སྡེ་ཁག་གི་མིང་ཡིན་ཞིང་། བཟོ་གྲྭ་དང་ལྕགས་ལམ་ཚོང་ལས་ཐམས་ཅད་ཁེ་ལས་ཡིན། |
| ཁེ་ལོག་ཚོང་ལོག |
རིན་ཐང་ལས་བརྒལ་བའི་ཁེ་སྤོགས་ཁོ་ན་གཉེར་བ། |
| ཁེ་སང |
ཁེ་བཟང་དང་འདྲ། |
| ཁེ་སྐྱེད |
ཚོང་གི་མ་རྩའི་འཕལ་ཆ་དང་བུ་ལོན་གྱི་སྐྱེད་ཀ |
| ཁེ་སྒྲུབ |
ཁེ་བཟང་ཐོབ་ཐབས་ཏེ། (དཔེར་ན།) ཁེ་སྒྲུབ་ཁོ་ནའི་བསམ་བློ་གཏོང་མི་རུང་ལྟ་བུ། |
| ཁེ་སྤོགས |
1.ཁེ་ལས་ཀྱི་མ་རྩ་ལས་ལྷག་པའི་ཆ་ཤས་ཀྱི་མིང་སྟེ། (དཔེར་ན།) ཚོང་ལ་ཁེ་སྤོགས་བླངས་ལྟ་བུ། 2.བུན་བཏང་བའི་འཕེལ་ཀ་དང་ཚོང་བྱས་པའི་ཁེ་སྤོགས་ཀྱི་མིང་སྟེ། (དཔེར་ན།) ཚོང་གི་ཁེ་སྤོགས། ཁེ་བཟང་ཞེས་པ་ལྟ་བུ། |
| ཁེ་སྤོགས་པ |
ཁེ་བཟང་སྒྲུབ་མཁན། |
| ཁེ་སྤོགས་འདོད་གདུང |
ཁེ་བཟང་ཆེན་པོ་ཡོང་འདོད་ཀྱིས་ཡིད་གདུང་བ། |
| ཁེ་སླེབས |
ཡོང་འབབ། |
| ཁེགས |
1.(བྱེད་མེད་ལས་ཚིག) བུ་ག་དང་སྦུ་གུ་སོགས་ཀྱི་ནང་དུ་དངོས་རྫས་བཙངས་ནས་དངོས་རྫས་གཞན་འགྲོ་མི་ཐུབ་པར་གྱུར་པའི་དོན་ཏེ། (དཔེར་ན།) སྦུ་གུ་ཁེགས་ནས་དབུགས་རྒྱུ་དཀའ། ཆུ་ཁུང་ཁེགས་ནས་ཆུ་མི་འགྲོ་ལྟ་བུ། 2.མཚམས་ཆད་པར་གྱུར་པའི་དོན་ཏེ། (དཔེར་ན།) སྲོལ་ངན་བཀག་ནས་ཁེགས་ལྟ་བུ། |
| ཁེགས་པ |
ཁེག་པའི་འདས་པ། |
| ཁེང |
(བརྡ་རྙིང་།) བྲན་གཡོག |
| ཁེང་ལོག |
(བརྡ་རྙིང་།) འབངས་གྱེན་ལོག |
| ཁེངས |
1.(བྱེད་མེད་ལས་ཚིག) ནང་དུ་གཏམས་པའི་དོན་ཏེ། (དཔེར་ན།) འབྲུ་མཛོད་འབྲུས་ཁེངས། ཆུ་མཛོད་ཆུས་ཁེངས་ལྟ་བུ། 2.ཁེངས་པ་ཞེས་པའི་ཚིག་བསྡུས་པ། |
| ཁེངས་གཏམ |
ང་རྒྱལ་གྱི་གཏམ་སྟེ། (དཔེར་ན།) ང་རྒྱལ་གྱི་གཏམ་ཡོན་ཏན་ཆེ་ཡང་ཁེངས་གཏམ་མ་བཤད་ལྟ་བུ། མིང་གི་རྣམ་གྲངས་ལ་དྲེགས་ཚིག་དང་རོ་ཁེངས་པའི་གཏམ་མོ། ། |
| ཁེངས་པ |
1.རང་གི་ཡོན་ཏན་སོགས་ལེགས་པར་རློམ་ཞིང་གཞན་ལ་མཐོང་ཆུང་བྱེད་པའི་བསམ་པ་དང་སྤྱོད་པའི་མིང་། (དཔེར་ན།) ཁེངས་པ་སྐྱུངས། ཁེངས་པ་སྤོངས་ལྟ་བུ། ཚིག་བསྡུས་ན་ཁེངས་ཞེས་འབྲི་ཆོག་སྟེ། (དཔེར་ན།) ང་རྒྱལ་ཁེངས་དྲེགས་མ་སྐྱེ། རྒྱུན་དུ་ཁེངས་སྐྱུངས་གྱིས་ལྟ་བུ། 2.(བྱེད་མེད་ལས་ཚིག) ཆབ་རོམ་ཆགས་པའི་དོན་ཏེ། (དཔེར་ན།) དགུན་ས་ཁེངས། རྐང་བ་འཁྱགས་ནས་ཁེངས་སོང་ལྟ་བུ། |
| ཁེངས་པའི་ང་རྒྱལ |
ང་རྒྱལ་གྱི་རྣམ་གྲངས་ཤིག |
| ཁེངས་མེད |
1.ང་རྒྱལ་མེད་པ།2.སངས་རྒྱས་ཤིག་གི་མཚན། |
| ཁེངས་རློམ |
ང་རྒྱལ་གྱི་སྒོ་ནས་མ་ཡིན་ཡིན་མདོག་བྱེད་པ། |
| ཁེངས་རློམ་གཞན་བརྙས |
ང་རྒྱལ་གྱི་སྤོབས་པས་གཞན་དག་ཁྱད་དུ་བསད་པ། |
| ཁེངས་ལྡན་མ |
(མངོན་བརྗོད།) བུད་མེད་དར་མ། |
| ཁེངས་སེམས |
ང་རྒྱལ་གྱི་སེམས་ཏེ། (དཔེར་ན།) མཁས་འདོད་ཡོད་ན་ཁེངས་སེམས་མེད་པ་བྱེད་དགོས། རང་གི་ཁེངས་སེམས་མ་བཅག་ན། གཞན་གྱི་ཡོན་ཏན་མཐོང་མི་ཡོང༌ཞེས་པ་ལྟ་བུ། |
| ཁེངས་སྐྱུང |
ང་རྒྱལ་དོར་བའམ་སྤངས་པའི་དོན་ཏེ། (དཔེར་ན།) ཁེངས་སྐྱུང་བྱས་ན་ཡར་ཐོན་ཡོང༌། ང་རྒྱལ་བྱས་ན་རྗེས་སུ་ལུས། |
| ཁེད |
དམངས་ཁྲོད་དུ་ཡོད་པའི་གབ་ཚིག་གི་བརྡ་ཞིག་སྙན་ངག་གི་གབ་ཚིག་གི་རྒྱན་དང་འདྲ། (དཔེར་ན།) མི་བརྒྱ་ལ་སྐེ་རགས་གཅིག་ཡོད་པ་དེ་གང་ཡིན་ནམ། ལན་དུ། ཕྱགས་མའོ། ། |
| ཁེན |
1.(བྱེད་མེད་ལས་ཚིག) མི་འགྱེལ་བའི་ཆེད་དུ་གཞན་ལ་བརྟེན་པའི་དོན་ཏེ། (དཔེར་ན།) ལུས་པོ་རྩིག་པ་ལ་ཁེན། ལག་པ་འཁར་བ་ལ་ཁེན་ལྟ་བུ།2.སྤར་ཁ་བརྒྱད་ཀྱི་བཞི་པ། |
| ཁེན་གནམ |
(རྒྱ་སྐད།) སྤར་ཁ་བརྒྱད་ཀྱི་བྱེ་བྲག་ཅིག |
| ཁེན་པ |
(ཡུལ་སྐད།) སྙེ་བའམ་རྟེན་པའི་དོན་ཏེ། (དཔེར་ན།) གཡས་གཡོན་ལ་མི་ཁེན་པར་ཙོག་པུར་བསྡད་ལྟ་བུ། |
| ཁེབ |
ཁེབས་དང་འདྲ། |
| ཁེབས |
(བྱེད་འབྲེལ་ལས་ཚིག) འགེབ་ཐུབ་པའམ་སྒྲིབ་ཐུབ་པའི་དོན་ཏེ། (དཔེར་ན།) རང་ཁ་ལག་པས་ཁེབས་རུང་གཞན་ཁ་ཕྱར་བས་མི་ཁེབས། ས་གཞི་ཀོ་བས་མི་ཁེབས་ཀྱང་ལྷམ་མཐིལ་ཀོ་བས་གཡོགས་ན་ཆོག་ཅེས་པ་ལྟ་བུ། |
| ཁེབས་གཅོད |
སྣོད་ཀྱི་ཁེབས་གཡོགས། |
| ཁེབས་ཆེ་བ |
ཁྱབ་ཆེ་བ། |
| ཁེབས་ཐིག |
གཡོག་སྤྱད་སྡོམ་བྱེད་ཀྱི་ཐག་པ། |
| ཁེབས་མ |
རྟ་དྲེལ་སོགས་ཀྱི་སྒལ་པར་གཡོག་བྱེད་ཀྱི་རས་གང་ཕྱིང་སྟན་སོགས། |
| ཁེབས་འབུབས་པ |
གཡོག་པ་དང་འགེབས་པ། |
| ཁེམ |
ཞིང་ཆས་ཤིག་གི་མིང་སྟེ། (དཔེར་ན།) ཤིང་ཁེམ། ལྕགས་ཁེམ་ཞེས་པ་ལྟ་བུ། |
| ཁེམ་བུ |
ཟས་ཟ་བྱེད་ཀྱི་ཡོད་བྱད་ཁེམ་དང་དབྱིབས་མཚུངས་པ་ཞིག་གི་མིང་། |
| ཁེའུ་སུས |
(བརྡ་རྙིང་།) རྒྱུན་ཟས་མ་ཡིན་པའི་ཁ་ཟས་བཟང་པོ། |
| ཁེར |
1.(བྱེད་མེད་ལས་ཚིག) རྒྱས་པའམ་གྱེན་དུ་འགྲེང་བའི་དོན་ཏེ་ཀེར་དང་དོན་འདྲ། 2.(རྒྱན་ཚིག) རྐྱང་པའི་དོན་ཏེ། (དཔེར་ན།) མི་ཁེར་འདུག་རྟ་ཁེར་རྒྱུག ཤིང་ཁེར་སྐྱེས། གྲོགས་མེད་ཁེར་རྐྱང་ཞེས་པ་ལྟ་བུ། |
| ཁེར་དགོད |
རང་ཉིད་གཅིག་པུར་དག་མོ་དགོད་པ། |
| ཁེར་མ |
གཅིག་བུའི་དོན་ཏེ། (དཔེར་ན།) གཅིག་པུ་རྐྱེན་མེད་པའི་རྒྱུ་ཁེར་མ་ལ་འབྲས་བུ་ག་ནས་ཡོང༌། མདའ་རྒོད་ཁེར་འཕེན། དཔུང་རྒོད་ཁེར་ངོམ་ཞེས་པ་ལྟ་བུ། |
| ཁེར་འགྲོ |
གཅིག་པུར་རྒྱུ་བ་སྟེ། (དཔེར་ན།) ཕོ་རྒོད་པོས་དཔུང་གདང་མ་བསྒྲིགས་པར། ཁེར་འགྲོ་སྲོག་དམར་སྐྱེལ་བའི་རྒྱུ། རྟ་རྒོད་ཁེར་རྒྱུག་མི་རྒོད་ཁེར་འགྲོ་ཞེས་པ་ལྟ་བུ། |
| ཁེར་ཡ |
གཅིག་པུ། |
| ཁེར་རེ་མ |
ཆིག་རྐྱང་ངམ་གཅིག་པུ། |
| ཁེར་རྐྱ |
ཆིག་རྐྱ་སྟེ། (དཔེར་ན།) སྐུད་པ་ཁེར་རྐྱས་རྟ་མི་ཐོགས། |
| ཁེར་རྒོད |
ཁེར་དགོད་དང་འདྲ། |
| ཁེར་ལབ |
གྲོགས་མེད་ཆིག་ལབ། |
| ཁེལ |
1.(བྱེད་འབྲེལ་ལས་ཚིག) ཕོག་པའི་དོན་ཏེ། (དཔེར་ན།) མདའ་འཕངས་ཏེ་འབེན་ལ་ཁེལ། ཚིག་བཤད་པ་དོན་ཐོག་ལ་ཁེལ་ལྟ་བུ། 2.ཡིད་ཆེས་པའི་དོན་ལ་འཇུག་པ་ནི། (དཔེར་ན།) སེམས་ཁེལ་བ། བློ་ཁེལ་ས་ཞེས་པ་ལྟ་བུ། |
| ཁེལ་བ |
འཁེལ་བའི་འདས་པ། |
| ཁོ |
ང་དང་ཁྱོད་ལས་གཞན་པའི་མི་གསུམ་པ་སྟོན་པའི་ཚབ་ཚིག་སྟེ། (དཔེར་ན།) ཁྱོད་ཀྱིས་ཁོ་ངོ་ཤེས་སམ། ཁོ་ཁྱོད་ཀྱི་སློབ་གྲོགས་ཡིན་ནམ། ཁོ་རང་། ཁོ་ཚོ། ཁོ་རྣམས་ཞེས་པ་སོགས་ལྟ་བུ། |
| ཁོ་ཅག |
ཁོ་རང་ཚོ་དང་འདྲ་ཁོ་ཅག་དང་ངེད་ཅག་མཉམ་དུ་ལས་དོན་བྱེད་མྱོང༌ལྟ་བུ། |
| ཁོ་ཆུ་གོང་མ |
རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ལག་ཅིག་གོ་ལོག་དགའ་བདེ་ས་ཆར་ཡོད། |
| ཁོ་ཆུ་འགབ་མ |
རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ལག་ཅིག་མགོ་ལོག་དགའ་བདེ་ས་ཆར་ཡོད། |
| ཁོ་ཉིད |
ཁོ་པ་རང་ཉིད། |
| ཁོ་ཐག |
(གྲོགས་ཚིག) གཏན་ལ་ཕབ་པའི་དོན་ལ་འཇུག་པ་ནི། (དཔེར་ན།) ཡིན་མིན་ཁོ་ཐག་བཅད། ཁོ་ཐག་གཅོད་དགོས། ཁོ་ཐག་ཆོད་ཅིག་ལྟ་བུ། |
| ཁོ་ཐག་ཆོད་པ |
རེ་ཐག་ཆོད་པའམ། རེ་བ་ཟད་པའི་དོན་ཏེ། (དཔེར་ན།) གཏོར་མ་ཆུར་གཡུགས་ན་བྱ་ཁྱི་ཁོ་ཐག་ཆོད་ཡོང༌ལྟ་བུ། |
| ཁོ་ཐོ |
ཀོ་བ་ལས་བཟོས་པའི་མེ་མདའི་རྫས་བླུག་སྣོད། |
| ཁོ་ན |
(རྒྱན་ཚིག) མིང་གང་ཡང་རུང་བའི་མཐར་སྦྱར་ན་དེ་གཅིག་པུའི་དོན་ཏེ། (དཔེར་ན།) མི་ཁོ་ནས་མ་གཏོགས་སྲོག་ཆགས་གཞན་གྱིས་ཡོ་བྱད་བཀོལ་ནས་ངལ་རྩོལ་བྱེད་མི་ཤེས་ལྟ་བུ། |
| ཁོ་ན་ཉིད |
འབའ་ཞིག་གམ་གཅིག་པུའི་དོན་ཏེ། (དཔེར་ན།) རང་ཉིད་ཁོ་ན་ཉིད། བདེན་དོན་ནི་གནས་ལུགས་ཁོ་ན་ཉིད་ཡིན་ལྟ་བུ། |
| ཁོ་པ |
མི་དེ་ཞེས་པའི་དོན་ཏེ། (དཔེར་ན།) ཁོ་པ་ཚོས་གང་བཤད་ཚང་མ་བདེན་པར་མ་འཛིན་ལྟ་བུ། |
| ཁོ་བོ |
སྐྱེས་པ་བདག་གམ་རང་ཉིད་ཀྱི་དོན་ཏེ། (དཔེར་ན།) ཁོ་བོ་དུས་རྣམ་པ་ཀུན་ཏུ་བདེ་པོ་ཡིན། དེ་ནི་ཁོ་བོའི་བློ་དང་ཡོངས་སུ་མཐུན། ལས་དོན་འདིའི་སྐོར་ཁོ་བོ་ཅག་གིས་གཡས་གཞོགས་གཡོན་འདེགས་བྱས་ནས་བསྒྲུབ་དགོས་ལྟ་བུ། |
| ཁོ་མོ |
སྐྱེ་དམན་བདག་གམ་རང་ཉིད། |
| ཁོ་ཚག |
ཟས་རླངས་འཚོད་བྱེད་པའི་ཡོ་བྱད་ཅིག་གི་མིང་། |
| ཁོ་ར |
ཉེ་འཁོར་རམ་མཐའ་སྐོར་གྱི་མིང་སྟེ། (དཔེར་ན།) གྲོང་ཁྱེར་གྱི་ཁོ་ར་ཁོར་ཡུག་ཅེས་པ་ལྟ་བུ། |
| ཁོ་ར་ཁོར་ཟུག |
ཁོ་ར་ཁོར་ཡུག་དང་དོན་གཅིག |
| ཁོ་ར་ཁོར་ཡུག |
1.མཐའ་བསྐོར་བའི་མུ་ཁྱུད་དམ་ལྕགས་རི།2.མཐའི་རྒྱ་ཁྱོན་འཁོར་མོ། |
| ཁོ་རང |
མི་དེ་རང༌། |
| ཁོ་རེ |
སྐྱེས་པ་ལ་འབོད་པའི་སྒྲ་སྟེ། (དཔེར་ན།) ཁོ་རེ་ཉོན་དང་འཕྲིན་འདི་སྐྱོལ་ཅིག ཁོ་རེ་ཁྱོད་དལ་བར་མ་འདུག་ལས་ཀ་གྱིས་ལྟ་བུ། |
| ཁོ་ལག |
1.ལུས་པོའམ་ལུས་པོའི་ཡན་ལག2.(བརྡ་རྙིང་།) ཆུ་ཞེང་ངམ་རྒྱ་ཁྱོན། |
| ཁོ་ལག་ཡངས་པ |
1.རྒྱ་ཁྱོན་ཆེ་བ།2.ལུས་ཀྱི་སྟོབས་ཤུགས་ཆེ། |
| ཁོ་ལག་རྫོགས་པ |
འཕེལ་སྟོབས་ཡོངས་སུ་རྫོགས་པ་ལུས་ཀྱི་ཁོ་ལག་རྫོགས་པའི་དར་མ་ཞིག་ཅེས་པ་ལྟ་བུ། |
| ཁོ་ཤེད |
ཁོ་ན་རེའམ། ཁོས་འདི་སྐད་ཟེར་ཞེས་པའི་དོན། |
| ཁོག |
1.མི་ཕྱུགས་ཀྱི་ལུས་ཀྱི་མིང་སྟེ། (དཔེར་ན།) ལུས་ཁོག ཤ་ཁོག་ཅེས་པ་ལྟ་བུ། 2.ཕྱི་ཤུན་སྲ་མོའི་མིང་སྟེ། (དཔེར་ན།) སྟར་ཁོག་སྐམ་པོ་ཞེས་པ་ལྟ་བུ།3.མི་ཕྱུགས་ཀྱི་ལྟོ་བའི་ནང་ཕྱོགས་ཀྱི་མིང་སྟེ། (དཔེར་ན།) ཁོག་ན་དོན་ལྔ་སྣོད་དྲུག་ཡོད་ལྟ་བུ། 4.1ནང་གི་དོན་ཏེ། (དཔེར་ན།) ལུང་ཁོག ནང་ཁོག ཤིང་ཁོག་སྟ་རེས་ལོན་ཀྱང་། མི་ཁོག་མི་ཡིས་ཤེས་དཀའ་ཞེས་པ་ལྟ་བུ། 4.རྫ་སྣོད་ཀྱི་མིང་སྟེ། (དཔེར་ན།) རྫ་ཁོག་ཅེས་པ་ལྟ་བུ།5.བཀག་དང་བཀོག་གི་སྐུལ་ཚིག་ལ་ཁོག་ཅེས་འབྲི་བའང་ཡོད། |
| ཁོག་གཅིག |
1.གཡག་ལུག་སོགས་ཀྱི་ཤ་ཕྱི་སྒྲོམ་ཆ་ཚང་གཅིག་སྟེ། (དཔེར་ན།) ལུག་ཤ་ཁོག་གཅིག་ལྟ་བུ།2.ནང་དོན་གཅིག་པའི་དཔེ་སྟེ། (དཔེར་ན།) སྐད་ཆ་བཤད་སྟངས་མི་འདྲ་ཡང༌། ནང་དོན་ཁོག་གཅིག་རེད་ལྟ་བུ། |
| ཁོག་གཅོང |
མ་ཞུ་བའི་རྒྱུ་བྱས་པའི་ཁོང་ནད་རྙིང་པ་ནང་གསེས་སུ་དབྱེ་ན་གཅོང་སྡེ་བཞི་དང་གཅོང་སྡེ་དྲུག་གཅོང་སྡེ་བཅུ་དྲུག་བཅས་མཆིས། |
| ཁོག་ཆུང |
ཁོག་པ་ཆུང་ངུའི་བསྡུས་ཚིག |
| ཁོག་ཆུད |
ཤེས་རྟོགས། |
| ཁོག་དབུབ་སྟོང་ཐུན་གྱི་ཆིངས |
ཆིངས་ལྔའི་ནང་ཚན་ཞིག་དཔེ་ཆའི་གཞུང་དོན་ཁོག་སྒྲིག་གི་ས་བཅད། |
| ཁོག་པ |
1.མི་ཕྱུགས་ཀྱི་ལྟོ་བའམ། སྣོད་སྤྱད་ཀྱི་ནང་དང་སྦུག་གི་དོན་ཏེ། (དཔེར་ན།) ཟས་ངན་གཅིག་གིས་ཁོག་པའི་སྟོད་སྨད་དཀྲུག བུམ་པའི་ཁོག་ན་བདུད་རྩི་ལྟེམ་མེར་འཁྱིལ་ལྟ་བུ། 2.སེམས་པའམ་གཤིས་རྒྱུད་ཀྱི་དོན་ཏེ། (དཔེར་ན།) ཁ་འོ་མ་ཁོག་ཚེར་མ། ཕོ་ཁྱོ་གའི་ཁོག་པར་མདའ་ཤོང་མདུང་ཤོང༌། ཁོག་པར་དྲན་ཚད་ཁ་ནས་བཤད་པ་ཞེས་པ་ལྟ་བུ། |
| ཁོག་པ་ཅན |
1.མི་སེམས་རྒྱུད་ངང་རིང་བ།2.(མངོན་བརྗོད།) རུས་སྦལ། |
| ཁོག་པ་ཆུང་ངུ |
1.ཁོག་པ་ཆེན་པོའི་ལྡོག་ཕྱོགས་ཏེ་གྲོད་ཁོག་ཆུང་ཆུང༌།2.བཟོད་སེམས་མེད་པ། |
| ཁོག་པ་འགྲིམ |
ཁོག་པ་འཁྲུ་བའམ་བཤལ་བ་སྦྱོང་སྨན་བཏུང་བས་ཁོག་པ་འགྲིམ་གྱིན་འདུག་ལྟ་བུ། |
| ཁོག་པ་རྒྱོང་བ |
1.དཀྲུག་འདོད་ཀྱིས་གཞན་ལ་ངན་སློབ་པ།2.ནང་ནས་རྒྱོང་བ། |
| ཁོག་ཕྲུག |
ཁོག་མ་ཆུང་ཆུང༌། |
| ཁོག་བརྒྱངས་ཟིང་སློང |
བསམ་ངན་གྱིས་གཞན་སེམས་བསྐུལ་ནས་ཟིང་འཁྲུག་སློང་བ། |
| ཁོག་མ |
ཟས་གཡོ་བྱེད་རྫ་སྣོད་ཀྱི་མིང་རྫ་མའི་ཁོག་མ། རྫ་ཁོག རྡོ་ཁོག་ཅེས་པ་ལྟ་བུ། |
| ཁོག་མནའ |
སྙིང་ཐག་པའི་མནའ་འམ། དམ་བཅའ། |
| ཁོག་ཚིལ |
ཁོག་པའི་ནང་གི་ཚི་ལུ། |
| ཁོག་ཚོད |
ཉམས་ཚོད་ཀྱི་དོན་ཏེ། (དཔེར་ན།) རང་རྒྱུས་རང་གིས་མི་ཤེས་པར་གཞན་གྱི་ཁོག་ཚོད་ལེན་པ་མཚར་ལྟ་བུ། |
| ཁོག་ཞུགས |
1.མིའི་ཁོག་ཏུ་ལྷ་འདྲེ་ཞུགས་པ་ལྷ་ཁོག་ཞུགས་ཀྱིས་ལུང་བསྟན་གནང་ལྟ་བུ། 2.མི་ཞིག་གི་བློ་མི་གཞན་ཞིག་གིས་བསྐྱོད་པའམ་བསྒྱུར་པ། |
| ཁོག་འབུབས |
དཔེ་རིས་སོགས་སྐྱ་ཐིག་ཙམ་འབྲི་བའམ་རྩོམ་གཞུང་གི་ནང་དོན་རགས་རིམ་བཤད་པའམ་བྲིས་པའི་དོན་ཏེ། (དཔེར་ན།) རྩོམ་འབྲི་བར་ཐོག་རྩོམ་ཁོག་འབུབས་དགོས་ལྟ་བུ། |
| ཁོག་འབུབས་དྲང་སྲོང་ཀུན་ཏུ་དགའ་བའི་ཟློས་གར |
རབ་བྱུང་བཅུ་པའི་ནང་ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི་རིག་གནས་སྤྱི་དང༌། ཁྱད་པར་དུ་གསོ་བ་རིག་པ་རྒྱ་གར་དུ་དར་ཚུལ་དང༌། རིམ་བཞིན་བོད་དུ་དར་ཚུལ། གཡུ་ཐོག་པ་སོགས་གསོ་རིག་གི་བསྟན་འཛིན་རྣམས་བྱོན་ཚུལ་སོགས་འཁོད་པའི་སྨན་གྱི་ཆོས་འབྱུང་ཞིག |
| ཁོག་འབུབས་འཛུམ་དཀར་བཞད་པའི་ཉི་མ |
རབ་བྱུང་བརྒྱད་པའི་ནང་བྱང་པ་བཀྲ་ཤིས་དཔལ་བཟང་གིས་མཛད་པའི་འཕགས་ཡུལ་དང་བོད་དུ་གསོ་བ་རིག་པ་དར་ཚུལ་དང༌། གསོ་བ་རིག་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་བྱོན་ཚུལ་སོགས་འཁོད་པའི་སྨན་གྱི་ཆོས་འབྱུང་ཞིག |
| ཁོག་འབུབས་ལེགས་བཤད་གསེར་གྱི་སྙེ་མ |
རབ་བྱུང་བརྒྱད་པའི་ནང་བྱར་པོ་པཎ་ཆེན་གྱིས་མཛད་པའི་གསོ་བ་རིག་པ་ཇི་ལྟར་དར་བའི་ཚུལ་བཤད་པའི་སྨན་གྱི་ཆོས་འབྱུང་ཞིག |
| ཁོག་འབུབས་ལེགས་བཤད་བཻཌཱུརྻའི་མེ་ལོང་དྲང་སྲོང་དགྱེས་པའི་དགའ་སྟོན |
རབ་བྱུང་བཅུ་གཉིས་པའི་ཆུ་མོ་ལུག་གི་ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་འཕགས་ཡུལ་དང་བོད་དུ་གསོ་བ་རིག་པ་ཇི་ལྟར་དར་བའི་ཚུལ་དང་གཡུ་ཐོག་ཡོན་ཏན་མགོན་པོ་སོགས་གསོ་བ་རིག་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་བྱོན་ཚུལ་སོགས་གསལ་བར་འཁོད་པའི་སྨན་གྱི་ཆོས་འབྱུང་ཞིག |
| ཁོག་འབུབས་ཤེས་བྱ་རབ་གསལ |
རབ་བྱུང་བཞི་པའི་ནང་བྲང་ཏི་དཔལ་ལྡན་འཚོ་བྱེད་ཀྱིས་མཛད་པའི་གསོ་བ་རིག་པ་དར་ཚུལ་གྱི་ཆོས་འབྱུང་ཞིག |
| ཁོག་ཡངས |
1.བློ་རྒྱ་ཆེ་བའི་དོན་ཏེ། (དཔེར་ན།) བརྟན་བརླིང་ཁོག་ཡངས་ཀྱི་མི་ལ་གྲོགས་པོ་མང་ལྟ་བུ།2.རྒྱའམ་ཁད་ཀྱི་དོན་ཏེ། (དཔེར་ན།) ལུང་པ་ཁོག་ཡངས་སུ་ནོར་ལུག་འཚོས་ལྟ་བུ། |
| ཁོག་རུལ |
1.ནང་ངམ་སྙིང་རུལ་བའི་དོན་ཏེ། (དཔེར་ན།) ཁོག་རུལ་ཞིང་འབྱོན་ཐང་མེད་ན་ལས་དོན་སྒྲུབ་མི་ཐུབ་ལྟ་བུ།2.བསམ་པ་ངན་པའི་དོན་ལའང་འཇུག |
| ཁོག་རྒས |
གཟུགས་ཁོག་རྒས་པ། |
| ཁོག་རྒྱོང |
ངན་སློབ་པའམ་འུར་སློང་བ། |
| ཁོག་རྩིས |
1.བློ་ཐོག་གི་གྲངས་རྩིས།2.བསམ་བློའི་འཆར་གཞི། |
| ཁོག་རྩེ |
ཀོག་ཙེ་དང་འདྲ། |
| ཁོག་ལྟིར |
རྫ་སོགས་ལས་བཟོས་པའི་ཇ་སྣོད་ཆང་སྣོད། |
| ཁོག་ལྡིར |
ཇ་སྐོལ་བྱེད་ཀྱི་རྫ་སྣོད་ཀྱི་མིང་། ཁོག་ལྟིར་ཀྱང་འབྲི། |
| ཁོག་ཤིང |
སྲོག་ཤིང༌། |
| ཁོག་སོབ |
ཁོག་པ་མཁྲེགས་པོ་མིན་པ། |
| ཁོག་སྟོང |
ནང་སྟོང་པ་གཟི་བརྗིད་ཆེ་ཡང་ཁོག་སྟོང༌ཡིན་ལྟ་བུ། |
| ཁོག་སྟོད |
ལུས་ཀྱི་སྟོད། |
| ཁོག་སྡོམ་པ |
ཁ་འགྲིལ་བའམ། ཁ་མཐུན་པ། |
| ཁོག་སྤུན |
རུམ་སོགས་ཀྱི་སྤུན། |
| ཁོག་སྦུབས |
ཁོག་པའི་ནང་གི་སྟོང་ཆ། |
| ཁོག་སྨད |
ལུས་ཀྱི་སྨད། |
| ཁོག་སྨན |
བཏུང་བྱའམ་བཟའ་བྱའི་སྨན་ཏེ། (དཔེར་ན།) ལྟོ་བའི་ནད་ལ་ཁོག་སྨན་འཐུང༌ལྟ་བུ། |
| ཁོགས |
1.(བྱེད་འབྲེལ་ལས་ཚིག) བཀག་པའི་སྐུལ་ཚིག། དགག་པ་བརྒྱབ་པའི་དོན་ཏེ། (དཔེར་ན།) ཁུངས་མེད་པའི་བཤད་ཚུལ་རིགས་པས་ཁོགས་ཤིག། ཆུ་ཁོགས་ཤིག་ཅེས་པ་ལྟ་བུ།2.(བྱེད་འབྲེལ་ལས་ཚིག) བཀོག་གི་སྐུལ་ཚིག (དཔེར་ན།) རྩིག་ངོས་ཀྱི་ཤོག་བུ་རྣམས་ཁོགས་ཤིག་ལྟ་བུ།3.སྔོན་ལ‘ཁ'སྦྱར་ན་སྐད་ཆ་བཤད་མཚམས་འཇོག་པའི་དོན་ལ་འཇུག་སྟེ། (དཔེར་ན།) ཁ་ཁོགས་ཤིག་ལྟ་བུ། |
| ཁོང |
1.ཁོ་རང་ཞེས་པའི་ཞེ་ས་སྟེ། (དཔེར་ན།) སྨན་པ་ཁོང་གིས་རྨས་མ་ཚོར་སྨན་འཆོས་མཛད་ལྟ་བུ།2.སེམས་དང་བསམ་པའི་དོན་ཏེ། (དཔེར་ན།) གད་མོ་ཁོང་ནས་རྒོད་པ་ལ་རྒྱུ་མཚན་ཅི་ཡོད། ཁ་ཙམ་མ་ཡིན་ཁོང་ནས་ཕྱུང་བའི་སྙིང་གཏམ་ཡིན་པས་སེམས་ལ་ཞོག་ལྟ་བུ། 3. ཁོག་པ་དང་ནང༌གི་དོན་ཏེ། (དཔེར་ན།) ཁོང་ནང་ཟུག་རྔུ་སྨན་གྱིས་འབྱིན་དགོས་ལྟ་བུ། 4.འགེངས་པའི་སྐུལ་ཚིག་ལ། ཁོང་དང་ཁེང་འབྲི་བའང་ཡོད། |
| ཁོང་ཁྲག |
ཁོག་པའི་ནང་གི་ཁྲག་སྟེ། (དཔེར་ན།) ཁ་ནས་ཁོང་ཁྲག་བསྐྱུགས་ན་ཉེན་ཁ་ཆེ་ལྟ་བུ། |
| ཁོང་ཁྲོ |
ཞེ་སྡང་དགྲ་ལ་སོགས་པ་སེམས་ཅན་ཕ་རོལ་པོ་རྣམས་ལ་བརྡེག་ཅིང་གསད་པ་ལ་སོགས་པ་གནོད་པ་སྣ་ཚོགས་བྱ་བར་སེམས་པ། |
| ཁོང་ཁྲོ་བ |
ཞེ་སྡང་བ། |
| ཁོང་ཁྲོའི་ཕྲ་རྒྱས |
སེམས་ཅན་དང༌། སྡུག་བསྔལ། སྡུག་བསྔལ་གྱི་གཞི་བཅས་ལ་ཀུན་ནས་མནར་བའི་སེམས་ཀྱི་བག་ལ་ཉལ་བ། |
| ཁོང་ཁྲོའི་ཡུལ |
དགྲ་སོགས་སེམས་ཅན་དང༌། སྡུག་བསྔལ་དང༌། སྡུག་བསྔལ་གང་ལས་འབྱུང་བའི་གནས་རྣམས་སོ། ། |
| ཁོང་གཅོང |
1. (བརྡ་རྙིང་།) སེམས་ཁྲལ་ཡོད་པ།2.ཁོང་ནད་ཡོད་པ། |
| ཁོང་གནག |
ཞེ་ནག་པོའམ་སེམས་ངན་པོ། |
| ཁོང་གསེང |
ཕར་ཚུར་བརྟོལ་བའི་བུ་གའི་མིང་སྟེ། (དཔེར་ན།) པ་ཏྲ་ཁོང་གསེང་མ་ཞེས་པ་ལྟ་བུ། |
| ཁོང་གསེབ |
བར་སྲུབ་ཀྱི་དོན་ཏེ། (དཔེར་ན།) ཤིང་གི་ཁོང་གསེབ་ཏུ་སྦས་པ། བྲག་གི་ཁོང་གསེབ། རྩིག་པའི་ཁོང་གསེབ་ཅེས་པ་ལྟ་བུ། |
| ཁོང་གློད |
སེམས་ལྷོད་པོར་བཞག་པ། |
| ཁོང་ངན་ལག་ཡང |
སེམས་ངན་ལག་རྡེག་གི་དོན་ཏེ། (དཔེར་ན།) ཁོང་ངན་ལག་ཡང་བྱས་ནས་འཐུས་ཚང་ཤོར་ཞེས་པ་ལྟ་བུ། |
| ཁོང་ཆུད |
1.ཁོང་དུ་ཆུད་པ་སྟེ་ལེགས་པར་རྟོགས་པའི་དོན་ཏེ། (དཔེར་ན།) གང་ཞིག་ཁོང་དུ་ཆུད་པ་ལག་ཏུ་ལོངས་ཞེས་པ་ལྟ་བུ།2.(མངོན་བརྗོད།) སྡུག་བསྔལ། |
| ཁོང་དགོད |
སེམས་ཀྱི་གཏིང་ནས་ཤོར་བའི་གད་མོ། |
| ཁོང་དུ་ཆུད་པ |
ལེགས་པར་རྟོགས་པའི་དོན་ཏེ། (དཔེར་ན།) རིག་གནས་ཤེས་བྱ་ཁོང་དུ་ཆུད་པ་ཞིག་བྱེད་དགོས། ལག་རྩལ་གྱི་ཤེས་ཡོན་རྣམས་ཁོང་དུ་ཆུད་པ་ཞིག་བྱེད་དགོས་ལྟ་བུ། |
| ཁོང་དུ་ཆུད་པའི་ལེའུ་གསུམ |
སྟོན་པ་མྱ་ངན་ལས་འདས་ནས་བསྟན་པའི་གནས་ཚད་ལོ་ལྔ་བརྒྱ་ཕྲག་བཅུའི་དང་པོ་ནས་གསུམ་པའི་བར་རིམ་བཞིན་དགྲ་བཅོམ་པའི་ལེའུ་དང༌། ཕྱིར་མི་འོང་བའི་ལེའུ། རྒྱུན་དུ་ཞུགས་པའི་ལེའུ་སྟེ་གསུམ། |
| ཁོང་ནང |
ཁོག་པའི་ནང༌། |
| ཁོང་ནད |
ཁོག་ནད། |
| ཁོང་པའི་དྲོད |
ཁོག་ནང་གི་མེ་དྲོད། |
| ཁོང་མ |
ཁྱིམ་མམ་ནང་མ། |
| ཁོང་ཚར |
ལུག་ཨ་མའི་ཁོག་པའི་ནང་དུ་ཡོད་སྐབས་ཀྱི་ལུག་ཕྲུག་གི་པགས་པ། |
| ཁོང་འཁྱིད |
(བརྡ་རྙིང་།) ནང་ནས་བཏོན་པ། |
| ཁོང་འཁྲུགས་པ |
1.སེམས་མ་ཞི་བར་གྱུར་པ་ཁྱོད་རང་ཅིའི་ཕྱིར་ཁོང་འཁྲུགས་པ་ཡིན་ལྟ་བུ། 1.2.ཁྲོས་པ། |
| ཁོང་འབྱིན |
ཁོག་གམ། ནང་ནས་ཕྱིར་འདོན་པ། |
| ཁོང་འབྲས |
ཁོང་པའི་ནང་གི་དོན་སྣོད་ལ་འབྱུང་བའི་འབྲས་ནད་ཕྱིར་མི་མངོན་པ་ཞིག |
| ཁོང་འཛིན |
སེམས་ཀྱི་གཏིང་ནས་ཁོན་ཏུ་འཛིན་པའི་དོན། |
| ཁོང་ཡངས |
1.སེམས་གུ་ཡངས་པའི་དོན་ཏེ། (དཔེར་ན།) ཁོང་ཡངས་དཀྱེལ་ཆེ། ཁོང་ཡངས་པའི་མི་དེ་སྣང་བ་སྐྱིད་ཅེས་པ་ལྟ་བུ། 2.རྒྱ་ཆེ་བའི་དོན་ཏེ། (དཔེར་ན།) ས་ཆ་ཁ་ཡངས་ཁོང་ཡངས་རེད་ཅེས་པ་ལྟ་བུ། |
| ཁོང་ཡུས |
ཕན་བཏགས་པའི་དྲིན་ངོམས་ཏེ་ཡུས་བཤད་པ། |
| ཁོང་རུལ |
1.སྙིང་རུལ་ཏེ་བསམ་ཤེས་མེད་པ།2.ནང་རུལ་ཏེ་ནང་ཁུལ་གྱི་གསང་པ་ཕྱིར་སྐྱེལ་བ། |
| ཁོང་ལག |
ཁོག་པའི་ནང་དུ་ལག་པ་འཇུག་པ་ལུང་པ་འགའ་ཞིག་ཏུ་ཕྱུགས་ལུག་སོགས་ལ་ཁོང་ལག་བཏང་ནས་གསོད་སྲོལ་ཡོད་ལྟ་བུ། |
| ཁོང་ཤིང |
སྲོག་ཤིང་ངམ། གཙོ་བོའི་དོན་སྙིང༌སྟེ། (དཔེར་ན།) ཁྲིམས་ཀྱི་ཁོང་ཤིང་ཡོ་འཁྱོག་མི་བཟོ་བ་ཞེས་པ་ལྟ་བུ། |
| ཁོང་ཤོར |
1.ཁོག་པའི་ནང་དུ་སོང་བ་སྟེ། (དཔེར་ན།) བྱིས་པས་རྡེའུ་སོགས་མིད་ནོར་བྱུང་ལྟ་བུ།2.ཕྱུགས་ལ་བྱ་བཅོས་བྱེད་སྐབས་འབྲས་བུ་ཁོང་དུ་ཤོར་ཏེ་ལུས་པ། |
| ཁོང་སུབས |
(བརྡ་རྙིང་།) ཁ་སྣོན། |
| ཁོང་སེང |
ཁོང་གསེང་དང་འདྲ། |
| ཁོང་སོབ |
ཁོག་པ་མཁྲེགས་པོ་མིན་པའམ་སོབ་སོབ། |
| ཁོང་སྒྲིལ |
(བརྡ་རྙིང་།) ལྕགས་སྒྲོག |
| ཁོང་སྙིང |
1.ཁོག་པའི་སྙིང༌།2.ཤིང་གི་ཁོང་སྙིང༌། |
| ཁོང་སྙོམ |
(བརྡ་རྙིང་།) སྒྱིད་ལུག་ལེ་ལོ། |
| ཁོང་སྟོང |
(མངོན་བརྗོད།) བུ་ག |
| ཁོང་སྲན |
བཟོད་སྲན། |
| ཁོང་སྲིན |
ཕོ་བ་དང༌། ལོང་ག། རྒྱུ་མ། གཞང༌། མཚན་མ་བཅས་སུ་གནས་པའི་ལྷན་སྐྱེས་ཀྱི་སྲིན་བུ། |
| ཁོངས |
1.(བྱེད་འབྲེལ་ལས་ཚིག) བཀང་གི་སྐུལ་ཚིག (དཔེར་ན།) འབྲུས་བང་མཛོད་ཁོངས་ཤིག་ལྟ་བུ། 2.ས་མཚམས་བགོས་པའི་ས་ཁུལ་གྱི་མིང་སྟེ། (དཔེར་ན།) རྒྱལ་ཁབ་ཀྱི་མངའ་ཁོངས། ཞིང་ཆེན་གྱི་ས་ཁོངས་ཞེས་པ་ལྟ་བུ།3.རིགས་དང་སྡེ་ཁག་གི་མིང་སྟེ། (དཔེར་ན།) ལོ་ཏོག་ཀྱང་རྩི་ཤིང་གི་ཁོངས་སུ་འདུས། སྦྲང་མའང་སྲོག་ཆགས་ཀྱི་ཁོངས་སུ་གཏོགས་ལྟ་བུ། |
| ཁོངས་གཏོགས |
ཕྱོགས་གཏོགས་སམ་རིགས་དང་སྡེ་ཚན་གྱི་དོན་ཏེ། (དཔེར་ན།) བོད་ཀྱི་ཁོངས་གཏོགས་ས་ཆ། རི་དྭགས་ཀྱི་ཁོངས་གཏོགས་ནོར་ལུག་ལྟ་བུ། |
| ཁོད |
1.(བྱེད་འབྲེལ་ལས་ཚིག) བཀད་ཀྱི་སྐུལ་ཚིག་སྟེ། (དཔེར་ན།) བྲག་ཁོད་ཅིག་ཅེས་པ་ལྟ་བུ།2.ཕྱི་ངོས་སམ་ཐོག་ངོས་ཀྱི་མིང་སྟེ། (དཔེར་ན།) ས་ཁོད་སྙོམ། ཆེ་ཆུང་ཁོད་མཉམ་པ་ཞེས་པ་ལྟ་བུ། |
| ཁོད་ར |
ཆུ་འཁོར་ནང་རྩམ་པ་འབབ་ཡུལ་གྱི་སྐྱོར་ར། |
| ཁོད་སྙོམས་པ |
མཐོ་དམའ་ཆ་མཉམ་པ་ས་གཞི་ཁོད་སྙོམས་པ་ལ་ཁང་པ་མང་པོ་བརྒྱབ་ཡོད་ལྟ་བུ། |
| ཁོན |
1.སྤར་ཁ་བརྒྱད་ཀྱི་གཉིས་པ། 2.འཁོན་གྱི་འབྲི་ཚུལ་གཞན། |
| ཁོན་པ |
འཁོན་པ་དང་འདྲ། |
| ཁོན་ས |
(རྒྱ་སྐད།) སྤར་ཁ་བརྒྱད་ཀྱི་བྱེ་བྲག་ཅིག |
| ཁོབ |
འགེབས་པའི་སྐུལ་ཚིག |
| ཁོབ་ཁྲོབ |
ཤིང་བཀོག་པ་དང༌། རྣ་ལྤགས་འདྲིལ་བའི་སྒྲ། |
| ཁོབ་ཤ་ཚ་པོ |
(ཡུལ་སྐད།) ལས་ཀ་འཕྲལ་འཕྲལ་ལ་བྱེད་མི་ཐུབ་མཁན། |
| ཁོབས |
1.(བྱེད་འབྲེལ་ལས་ཚིག) བཀབ་ཀྱི་སྐུལ་ཚིག་སྟེ། (དཔེར་ན།) བྱིས་པ་ལ་ཉལ་ཐུལ་ཁོབས་ལྟ་བུ། 2སྦས་པའམ་གསང་བའི་ནུས་པའི་དོན་ཏེ། (དཔེར་ན།) ཉེས་པ་བཀབ་ཀྱང་མི་ཁོབས་ལྟ་བུ། |
| ཁོམ |
དུས་སྐབས་དང་གོ་སྐབས་ཀྱི་མིང་སྟེ། (དཔེར་ན།) ལོང་གཏམ་བཤད་ནས་འདུག་ཁོམ་མེད། ཁོམ་པ་ཡོད་དུས་རྩལ་སྦྱང་བྱས་ལྟ་བུ། |
| ཁོམ་འབོག |
ཀོ་བས་བཟོས་པའི་ཅ་ལག་འཇུག་སྣོད། |
| ཁོམ་ལོང |
ཁོམ་པ་དང་དོན་འདྲ་སྟེ། (དཔེར་ན།) དེ་རིང་ཁོམ་ལོང་མེད་ལྟ་བུ། |
| ཁོར |
1. (བྱེད་འབྲེལ་ལས་ཚིག) བཀར་གྱིསྐུལ་ཚིག་སྟེ། (དཔེར་ན།) མ་མོ་དང་ལུ་གུ་ཁོར་ཅིག་ལྟ་བུ། འདིའི་མ་འོངས་པ་དང་ད་ལྟ་བ་ལ་དགར་འབྲི་བའང་ཡོད། 2.སྦྲ་དང་རས་གུར་སོགས་ཀ་ར་དང་དབྱུག་པས་ཡར་འཇོག་ཏུ་བཅུག་པའི་དོན་ཏེ། (དཔེར་ན།) བཀར་བྱའི་རས་གུར་ཁོར་ལྟ་བུ། |
| ཁོར་ཕ |
(བརྡ་རྙིང་།) ཁྱིམ་མི། |
| ཁོར་མོ |
1.བར་མཚམས་མེད་པའམ། རྒྱུན་མི་འཆད་པའི་དོན་ཏེ། (དཔེར་ན།) མི་རབས་མང་པོའི་བར་དུ་སྡུག་བསྔལ་ཁོར་མོར་མྱོང་བ། གྲོང་ཁྱེར་གྱི་མཐའ་འཁོར་དུ་ལྕགས་རི་ཁོར་མོར་བསྐོར་བ་ལྟ་བུ།2. ཁོར་མོ་ཡུག་གི་བསྡུས་ཚིག |
| ཁོར་མོ་ཡུག |
1.མཐའ་སྐོར་ཏེ། (དཔེར་ན།) ཕྱི་རོལ་ནས་ལྕགས་རི་ཁོར་མོ་ཡུག་ཏུ་བསྐོར་བ་ལྟ་བུ།2.རྒྱུན་ནམ་བར་མ་ཆད་པའི་དོན་ཏེ། (དཔེར་ན།) ཉིན་མཚན་ཁོར་མོ་ཡུག་ཏུ་ལས་གྲྭ་བཙུགས་པ། ལོ་ཁོར་མོ་ཡུག་ཏུ་ལས་ཀ་བྱས་ལྟ་བུ། |
| ཁོར་ཟུག |
(བརྡ་རྙིང་།) ཉེ་སྐོར་དང༌། མཐའ་སྐོར། |
| ཁོར་ཡུག |
1.མཐའ་བསྐོར་བའི་ཉེ་འདབས་ཀྱི་མིང་སྟེ། (དཔེར་ན།) གྲོང་ཁྱེར་གྱི་ཁོར་ཡུག་ན་སྐྱེད་ཚལ་མང་ལྟ་བུ། 2.ས་ཁུལ་དང་དངོས་རྫས་ཀྱི་མཐའ་འགྲམ་གྱི་མིང་སྟེ། (དཔེར་ན།) མཚོ་སྔོན་པོའི་ཁོར་ཡུག་ན་འབྲོག་པ་རྣམས་བསྡད་ཡོད་ལྟ་བུ། |
| ཁོར་ཡུག་གི་ལྕགས་རི |
ཁོར་ཡུག་རི་དང་དོན་གཅིག |
| ཁོར་ཡུག་རི |
མངོན་པ་ལས་གསལ་བ་ལྟར། གླིང་བཞིའི་ཕྱི་རོལ་ན་ལྕགས་ལས་གྲུབ་པའི་རི་དེའི་ཕྱིའི་མཐའ་སྐོར་དུ་དཔག་ཚད་ས་ཡ་ཕྲག་གསུམ་དང་དྲུག་འབུམ་ཉིས་སྟོང་དྲུག་བརྒྱ་ཉི་ཤུ་རྩ་ལྔ་ཡོད། |
| ཁོར་ས |
ལྷའི་གཞལ་ཡས་ཁང་གི་བར་ཁྱམས་སམ། སྐོར་ལམ་ལྟ་བུ་ཁོར་ས་ནང་མ། ཁོར་ས་ཕྱི་མ། ཁོར་ས་བར་མ་ལྟ་བུ། |
| ཁོལ |
1.བཀོལ་གྱི་སྐུལ་ཚིག་སྟེ། (དཔེར་ན།) ལས་མི་རྣམས་ལས་ཀར་ཁོལ་ཅིག་ལྟ་བུ། 2.འགེལ་གྱི་སྐུལ་ཚིག་སྟེ། (དཔེར་ན།) གཡག་ལ་དོ་པོ་ཁོལ་ཅིག་ལྟ་བུ། 3.འཁེལ་བའི་སྐུལ་ཚིག་སྟེ། (དཔེར་ན།) བལ་གྱི་སྐུད་ཁོལ་ཅིག་ལྟ་བུ།5. ཟུར་དང་ལོགས་ཀྱི་དོན་ཏེ། (དཔེར་ན།) གཞུང་ཆེན་པོའི་ནང་ནས་ལེའུ་གཅིག་ཁོལ་དུ་འདོན་པ། གཅེས་ནོར་རྣམས་མཛོད་ཁང་ནས་ཁོལ་དུ་ཕྱུང་སྟེ་བཞག་པ། གསུང་འབུམ་གྱི་ནང་ནས་ཁོལ་བཀར་གྱིས་པར་དུ་བསྐྲུན་པ་ལྟ་བུ། 6.(བྱེད་མེད་ལས་ཚིག) འཁོལ་བའི་ད་ལྟ་བ་དང་འདས་པ། གཤེར་བའི་དངོས་རྫས་ལ་དྲོད་ཕོག་སྟེ་དྲོད་ཚད་ངེས་ཅན་ཞིག་ལ་བསླེབས་ན། ནང་ནས་ལྦུ་བ་འབྱུང་ཞིང་། ཐོག་ངོས་ལྷོག་ལྷོག་འཕྱུར་ནས་རླངས་པར་འགྱུར་བ་སྟེ། མཁའ་དབུགས་ཆེན་པོའི་གནོན་ཤུགས་ཚད་ལྡན་གྱི་འོག་ཏུ་ཆུའི་ཁོལ་སྐབས་ཚ་ཚད་བརྒྱ་ཡིན། (དཔེར་ན།) ཆུ་ཁོལ་གྱིན་འདུག ཆུ་བསྐོལ་ནས་ཁོལ་ལྟ་བུ། |
| ཁོལ་ཁོལ |
(རྒྱན་ཚིག) ཟིང་ཟིང་ངམ། ལོང་ལོང་དུ་གཡོ་བའི་དོན། |
| ཁོལ་པོ |
གཡོག་ཏུ་བཀོལ་བའི་མི་ཁོལ་པོ་ཚང་མར་གླ་རྔན་སྟེར་དགོས་ལྟ་བུ། |
| ཁོལ་བ |
(བྱེད་མེད་ལས་ཚིག) འཁོལ་བའི་ད་ལྟ་བ་དང་འདས་པ་སྟེ། (དཔེར་ན།) ཆུ་འཁོལ་བ་ཁོལ་སོང་ལྟ་བུ། |
| ཁོལ་བུ |
1.གཡོག་པོ་ཆུང་ངུའི་དོན2.སྦུད་པ་སྟེ་མེ་སྦར་བར་རླུང་རྒྱག་པའི་ལག་ཆ་ཆུང་ངའི་མིང་།3.ཆ་ཤས་དང༌། ཡན་ལག་དང༌། ཐོར་བུ་སོགས་ཀྱི་དོན། |
| ཁོལ་བུ |
ལུས་ཀྱི་ཆ་ཤས་སོགས་ཀྱི་མིང་སྟེ། (དཔེར་ན།) ལུས་ཁོལ་བུར་ན་བ། ཡན་ལག་ཁོལ་བུར་ན་བ་ཞེས་པ་ལྟ་བུ། |
| ཁོལ་བོ |
གཡོག་ལས་བགྱིད་པའི་ཕོའི་མིང་། |
| ཁོལ་མ |
1.བསྐོལ་ཚར་བའི་ཆུ་སོགས་ཏེ། (དཔེར་ན།) ཇ་ཁོལ་མ། ཆུ་ཁོལ་མ་ཞེས་པ་ལྟ་བུ། 2.རེག་བྱ་ཚ་བ་དང་ནུས་ཤུགས་ཆེ་བའི་དོན་ཏེ། ཁྲོ་ཆུ་ཁོལ་མ། དུག་མཚོ་ཁོལ་མ་ཞེས་པ་ལྟ་བུ།3.མཐོང་ཁུང་ངམ་སྐར་ཁུང༌ལ་ཁོལ་ཟེར་བར་དག་ཡིག་ལ་ལར་བཤད། 4.(ཡུལ་སྐད།) རྫ་ཁོག་གི་མིང་། |
| ཁོལ་མཆུ |
སྦུད་པའི་ལྕགས་སྦུབས། |
| ཁོལ་མོ |
1.གཡོག་ལས་བྱེད་པའི་བུད་མེད་ཀྱི་སྤྱི་མིང་།2.སྦུད་པའམ་རླུང་སྒམ་གྱི་མིང་སྟེ། (དཔེར་ན།) མེ་ལ་ཁོལ་མོ་བརྒྱབ་ཅེས་པ་ལྟ་བུ། |
| ཁོལ་རྐྱལ |
སྦུད་པའི་རྐྱལ་པ། |
| ཁོལ་རྒྱུད |
བྲན་གཡོག་གི་མི་རྒྱུད། |
| ཁོས |
1.ཁོ་ཡིས་ཞེས་པའི་བྱེད་སྒྲ་བསྡུས་པ་སྟེ། (དཔེར་ན།) ཁོས་སློབ་སྦྱོང་བྱས་ཞེས་པ་ལྟ་བུ།2.བཀས་ཀྱི་སྐུལ་ཚིག་སྟེ། (དཔེར་ན།) ཁྱོད་ཀྱིས་རྡོ་ཁོས་ཤིག་ལྟ་བུ། |
| ཁོས་པ |
(བརྡ་རྙིང་།) འདུན་པ། |
| ཁྭ |
བྱ་ནག་པོ་ཕོ་རོག་ལས་ཆུང་ཞིང་། ཤིང་སྡོང་ལ་ཚང་བཅའ་བ་ཞིག་ཡིན། དེ་ལ་བྱ་རོག་ཆུང་བ་ཡང་ཟེར། |
| ཁྭ་སྐད |
བྱ་ནག་ཁྭ་ཏའི་སྐད། |
| ཁྭ་སྐད་ཤེས་པའི་རིག་པ |
བྱ་ནག་ཁྭ་ཏའི་སྒྲ་སྐད་ལས་བཟང་ངན་དཔྱོད་ཤེས་ཀྱི་རིག་པ། |
| ཁྭ་སྐྲོད་ནུས་པ |
བྱ་ཁྭ་ཏ་འདེད་ཐུབ་པའི་བུ་ཆུང་སྤྱིར་བཏང་ལོ་ལྔ་ནས་བདུན་བར་དུ་སླེབས་ན་རབ་ཏུ་བྱུང་ཆོག་པའི་དོན། |
| ཁྱ་གེ་ཁྱོ་གེ |
(རྒྱན་ཚིག) དྲང་པོ་མེད་པའམ་ཀྱོག་ཀྱོག་གི་དོན་ཏེ། (དཔེར་ན།) རི་མོ་ཁྱ་གེ་ཁྱོ་གེ། ཤིང་ཁྱག་ཁྱོག་གིས་ཀ་གདུང་བཟོ་མི་ཉན། ཚིག་ཁྱ་གེ་ཁྱོ་གེ་ལ་ཡིད་བརྟན་མེད་ལྟ་བུ། |
| ཁྱ་མ |
(ཡུལ་སྐད།) མེ་ཤིང་ངམ་བུད་ཤིང༌། |
| ཁྱ་རེ་ཁྱོ་རེ |
(རྒྱན་ཚིག) ཕར་གཡོ་ཚུར་གཡོ་བྱེད་པ་དང་གུག་འཁྱོག་མང་བའི་དོན་ཏེ། (དཔེར་ན།) ནད་པ་ཅུང་དྲག་སྟེ་ཁྱ་རེ་ཁྱོ་རེར་འགྲོ་བ། ཕྲུ་གུ་ཁྱར་ཁྱོར་དུ་ཕྱིན་པ། ཤིང་སྡོང་ཁྱ་རེ་ཁྱོ་རེ་ཞེས་པ་ལྟ་བུ། ཁ་སྐད་ཁྱར་ཁྱོར་ཞེས་པ་དང་འདྲ། |
| ཁྱག |
(བྱེད་འབྲེལ་ལས་ཚིག) ཡར་འདེགས་ཐུབ་པའམ་གནོན་ཤུགས་བཟོད་པའི་དོན་ཏེ། (དཔེར་ན།) རྔ་མོང་གི་ཁལ་བོང་བུས་མི་ཁྱག་ཅེས་པ་ལྟ་བུ། འདི་ཐེག་དང་དོན་འདྲ། |
| ཁྱག་ཁྱོག |
(རྒྱན་ཚིག) ཁྱ་གེ་ཁྱོ་གེའི་བསྡུས་ཚིག |
| ཁྱགས |
འཁྱགས་ཀྱི་འབྲི་ཚུལ་གཞན། |
| ཁྱད |
ཁྱད་པར་ཏེ་བྱ་དངོས་ཤིག་གི་བྱ་དངོས་གཞན་དང་མ་འདྲ་བའི་ཁག་གི་མིང་། (དཔེར་ན།) རྟ་འདི་གཉིས་ལ་ཁྱད་མེད། གཡག་འདི་གཉིས་ལ་ཁྱད་པར་ཆེ་ལྟ་བུ། |
| ཁྱད་གཞི |
རྩ་བའམ་རྨང་གཞིའི་མིང་སྟེ། (དཔེར་ན།) ཁྱད་གཞི་མེད་པར་ཁྱད་ཆོས་ག་ལ་ཡོད་ལྟ་བུ། |
| ཁྱད་གཞི་ཐ་དད་ལ་ཁྱད་ཆོས་མཚུངས་དང་མི་མཚུངས་གཉིས་ཁའི་བསྡུས་བརྗོད |
བསྡུས་བརྗོད་ཀྱི་རྒྱན་གྱི་ནང་ཚན་ཞིག་དཔེའི་ཁྱད་གཞི་ཁྱད་ཆོས་ཀྱི་རང་བཞིན་ཇི་འདྲ་བ་བརྗོད་པ་དེས། དཔེ་དོན་གཉིས་ཀྱི་ཁྱད་གཞི་ཐ་དད་ལ་ཁྱད་ཆོས་མཚུངས་པ་དང་མི་མཚུངས་པའི་གནས་ཚུལ་གང་ཡིན་ཤུགས་ཀྱིས་བསྡུས་ཏེ་བརྗོད་པའི་རྒྱན་ཞིག |
| ཁྱད་གཞི་ཐ་དད་ལ་ཁྱད་ཆོས་མཚུངས་པའི་བསྡུས་བརྗོད |
བསྡུས་བརྗོད་ཀྱི་རྒྱན་གྱི་ནང་ཚན་ཞིག་དཔེའི་ཁྱད་གཞི་དང་ཁྱད་ཆོས་ཀྱི་གནས་ལུགས་བརྗོད་པ་དེས། དཔེ་དོན་གཉིས་ཀྱི་ཁྱད་གཞི་ངོ་བོ་ཐ་དད་ལ་ཁྱད་ཆོས་མཚུངས་པ་ཤུགས་ཀྱིས་བསྡུས་ཏེ་བརྗོད་པའི་རྒྱན་ཞིག |
| ཁྱད་གསོད |
ཁྱད་དུ་གསོད་པ་ཞེས་པའི་ཚིག་བསྡུས་པ་སྟེ། (དཔེར་ན།) དཀའ་ངལ་ཁྱད་གསོད་བྱས། མི་དབུལ་པོ་ལ་ཁྱད་གསོད་མ་བྱེད་ལྟ་བུ། |
| ཁྱད་ཅི |
ཁྱད་པར་ཅི་ཡོད་ཅེས་པའི་བསྡུས་ཚིག་སྟེ། (དཔེར་ན།) དེ་རིང་སང་ཉིན་གཉིས་ལ་ཁྱད་ཅི་ཡོད། སྤྲིན་དང་སྨུག་པ་གཉིས་ལ་ཁྱད་ཅི་ཡོད་ལྟ་བུ། |
| ཁྱད་ཆོས |
1.གཞན་ལས་འཕག་པའི་རྟགས་མཚན་ནམ་ནུས་པ་ཁྱད་པར་བའི་མིང་སྟེ། (དཔེར་ན།) ལས་ཀ་ལས་ཤེས་པ་མིའི་ཁྱད་ཆོས་རེད་ལྟ་བུ། 2.དངོས་པོ་རང་རང་གི་རྟགས་མཚན་གྱི་མིང་སྟེ། (དཔེར་ན།) ཁྱད་གཞི་དང་ཁྱད་ཆོས་ཞེས་པ་ལྟ་བུ། ལག་པའི་ཁྱད་གཞི་ལུས་ཕུང་དང་ལུས་ཕུང་ལ་ཁྱད་ཆོས་ལ་ཡན་ལག་ལྔ་སོགས་ཡོད་པ་ལྟ་བུ། |
| ཁྱད་ཐོན་པ |
གཞན་ལས་ལྷག་པའི་ཤུགས་ནུས་བྱུང་བའམ་གཟེངས་སུ་ཐོན་པ། |
| ཁྱད་དབང |
གཞན་དང་མི་འདྲ་བའི་དབང་ཆ། |
| ཁྱད་དུ |
བསད་དང་། གསོད། སོད་རྣམས་ཀྱི་ཐོག་མར་སྦྱར་ན་འཛེམ་དོགས་མི་བྱེད་པའམ་མཐོང་ཆུང་བྱས་པའི་དོན་ལ་འཇུག་སྟེ། (དཔེར་ན།) དཀའ་ངལ་ཁྱད་དུ་བསད་ནས་སློབ་སྦྱོང་བྱས། ཚ་གྲང་ཁྱད་དུ་བསད་ནས་ནོར་ལུག་འཚོས། དཀའ་ངལ་ཁྱད་དུ་སོད་ཅིག དབུལ་པོ་ཁྱད་དུ་མ་གསོད་ཅེས་པ་ལྟ་བུ། |
| ཁྱད་དུ་གསོད་པ |
མི་རྩི་བ་དང༌། བརྙས་བཅོས་བྱེད་པའམ། འཛེམ་བག་མེད་པ་བཅས་ཀྱི་དོན་ཏེ། (དཔེར་ན།) དཀའ་ངལ་ཁྱད་དུ་གསོད་པ། ང་རྒྱལ་དབང་གིས་གཞན་ཁྱད་དུ་གསོད་པ། སྒེར་གྱི་ཕན་གནོད་ཁྱད་དུ་གསོད་པ་ཞེས་པ་ལྟ་བུ། |
| ཁྱད་དུ་གསོད་པའི་ལྟུང་བྱེད |
ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས། གསོ་སྦྱོང་གི་མདོ་སོགས་འདོན་པ་ལ་འདི་འདྲའི་དོན་ཡོད་པར་ད་གདོད་ཤེས་སོ་ཞེས་ཟེར་ཞིང་འདུལ་བར་གཏོགས་པའི་བསླབ་པ་ཁྱད་དུ་གསོད་པའོ། ། |
| ཁྱད་དུ་འཕགས་པ |
ཁྱད་པར་དུ་འཕགས་པ་དང་དོན་གཅིག |
| ཁྱད་དོན |
དམིགས་བསལ་ཅན་གྱི་བྱ་ལས། |
| ཁྱད་ནོར |
གཞན་ལས་ལྷག་པའི་ནོར་རམ་རྩ་བ་ཆེ་བའི་ནོར། |
| ཁྱད་པར |
1.ཕྱོགས་གཉིས་ཀྱི་མི་འདྲ་བའི་དབྱེ་བ་དང༌། བྱེ་བྲག་ཁག་གི་དོན་ཏེ། (དཔེར་ན།) མཐོ་དམའི་ཁྱད་པར་དང་། དབུལ་ཕྱུག་གི་ཁྱད་པར། ཡངས་དོག་གི་ཁྱད་པར་ཞེས་པ་ལྟ་བུ། 2.ཁྱད་པར་གྱི་མཐའ་རུ་དུ་ཞེས་སྦྱར་ན་དམིགས་བསལ་དུའམ་ལྷག་པའི་དོན་སྟོན་ཏེ། (དཔེར་ན།) སྤྱིར་མེ་ཏོག་དང༌། ཁྱད་པར་དུ་མེ་ཏོག་དམར་པོ་ལ་དགའ་བ། མ་གཞི་ཁོང་གི་སྐུ་གཟུགས་ཐང་པོ་མེད་པ་དང༌། ཁྱད་པར་དུ་དེང་སང་མགུལ་ཆམ་ཕོག་ནས་སྙུང་གཞི་དྲག་པོ་ཞིག་བཞེས་འདུག་ལྟ་བུ། |
| ཁྱད་པར་གནས |
(མངོན་བརྗོད།) བྱང་ཆུབ་ལྗོན་ཤིང༌། |
| ཁྱད་པར་གཞན་མི་སྤོང་བའི་སྒྲ |
རྗོད་བྱེད་ཀྱི་སྒྲ་གང་ཞིག་རང་གིས་ཟིན་པར་བརྗོད་པའི་སྒྲས་བརྗོད་བྱའི་ཁྱད་ཆོས་གཞན་རྣམས་རང་གི་བརྗོད་བྱར་མ་སྤངས་པའི་སྒོ་ནས་སྟོན་པ་སྟེ་ཁྱད་གཞི་སྟོན་པའི་སྒྲ། (དཔེར་ན།) སྒྲ་མི་རྟག་པ་ཞེས་པ་ལྟ་བུ་སྒྲ་རང་ཉིད་མི་རྟག་པ་ཡིན་པར་སྟོན་པ་ལས་ཁྱད་པར་གཞན་མི་སྤོང་བའོ། ། |
| ཁྱད་པར་གཞན་སྤོང་གི་སྒྲ |
རྗོད་བྱེད་ཀྱི་སྒྲ་གང་ཞིག་རང་གིས་ཟིན་པར་བརྗོད་པའི་སྒྲས་བརྗོད་བྱའི་ཁྱད་ཆོས་གཞན་རྣམས་རང་གི་བརྗོད་བྱར་སྤངས་པའི་སྒོ་ནས་སྟོན་པ་ཁྱད་ཆོས་སྟོན་པའི་སྒྲ། (དཔེར་ན།) སྒྲའི་མི་རྟག་པ་ཞེས་པ་ལྟ་བུ་སྒྲའི་ཁྱད་པར་དུ་བྱས་ནས་ཁྱད་པར་གཞན་རྣམས་རང་གི་བརྗོད་བྱར་སྤོང་བའོ། ། |
| ཁྱད་པར་གྱི་དགའ་བ |
རྣམ་རྟོག་འབྲིང་པོ་ཆོད་པ་ཞི་བདེའི་ཉམས་ཆེར་རྒྱས་ནས་རྟོག་པ་ཕལ་ཆེར་འགགས་ཀྱང༌། སེམས་དང་སེམས་བྱུང་འབྲེལ་མ་ཆོད་པའི་ཆ་ནས་མྱོང་བ་ལ་ཐོབ་ཤོར་ཅུང་ཟད་འཆར་བའི་དུས་ན་ལྟ་བ་གོམས་པ་ཞེས་བྱ། |
| ཁྱད་པར་གྱི་དུས་ཆེན་བཞི |
སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་དུས་ཆེན་རྣམ་པ་བཞི་མངོན་པར་བྱང་ཆུབ་པའི་དུས་ཆེན་དང༌། ཆོས་འཁོར་བསྐོར་བའི་དུས་ཆེན། ལྷ་ལས་བབ་པའི་དུས་ཆེན། ཆོ་འཕྲུལ་ཆེན་པོའི་དུས་ཆེན་རྣམས་སོ། ། |
| ཁྱད་པར་གྱི་སྤྱོད་པ་ལྔ |
འདུལ་བ་ལས་བཤད་པའི་སྤོ་མགུ་སྤྱོད་སྐབས་ཁྱད་པར་གྱི་སྤྱོད་པ་ལྔ་སྤང་དགོས་པ་སྤོ་མགུ་སྤྱོད་པའི་གང་ཟག་གིས་དགེ་སློང་རང་བཞིན་དུ་གནས་པའི་བསྙེན་བཀུར་བྱེད་པ་དང་དུ་ལེན་པའི་སྤྱོད་པ་དང༌། དེས་དགེ་སློང་རང་བཞིན་དུ་གནས་པ་དང་གནས་ཁང་གཅིག་ཏུ་གནས་མལ་འཆའ་བ་སོགས་མཉམ་འགྲོགས་ཀྱི་སྤྱོད་པ་དང༌། དགེ་སློང་རང་བཞིན་དུ་གནས་པ་ལ་ལྟུང་བ་གླེང་བ་དང༌། དགེ་སློང་རང་བཞིན་དུ་གནས་པ་ལ་ཆད་ལས་བཅད་པ་དང༌། དགེ་སློང་རང་བཞིན་དུ་གནས་པ་དང་ལྷན་ཅིག་ཏུ་འགྲོ་བ་སྟེ་ལྔ་པོ་སྤང་པའོ། ། |
| ཁྱད་པར་ཅན |
གཞན་དང་མི་འདྲ་བའི་ཁྱད་པར་ཡོད་པ་ཁག་གི་མིང་སྟེ། (དཔེར་ན།) ཁྱད་པར་ཅན་གྱི་ཐབས་ཤེས་ལ་བརྟེན་ནས་གྲུབ་འབྲས་ཁྱད་པར་ཅན་སྒྲུབ་པ། མི་ཁྱད་པར་ཅན་གྱི་ལས་དོན་ཀྱང་ཁྱད་པར་ཅན་སྒྲུབ་ནུས་ལྟ་བུ། |
| ཁྱད་པར་ཅན་གྱི་གཟུགས་ཅན |
གཟུགས་ཅན་གྱི་རྒྱན་གྱི་ནང་ཚན་ཞིག་དཔེ་ཅན་དོན་གྱི་དངོས་པོ་དམའ་བ་ཞིག་དཔེའི་དངོས་པོ་མཐོ་བ་ཞིག་གི་གཟུགས་ཅན་དུ་བཀོད་པ་དེས་ཁྱད་དུ་ཐོན་པའི་བྱ་བ་ལྷག་པར་འགྲུབ་པར་སྟོན་པའི་རྒྱན་ཞིག |
| ཁྱད་པར་ཅན་རབ་ཏུ་གྲགས་པ་མ་ཡིན་པ |
ཆོས་ཅན་མ་གྲུབ་པ་དང་དོན་གཅིག་ཚད་མའི་རིག་པའི་བསྒྲུབ་བྱ་ལྟར་སྣང་གི་ནང་ཚན་ཞིག་གྲངས་ཅན་པས་སངས་རྒྱས་པ་ལ་བདག་ནི་སེམས་པ་ཅན་ཡིན་ནོ། ཞེས་སྒྲུབ་པར་ཆ་མཚོན་ན། བསྒྲུབ་བྱའི་ཆོས་ཅན་བདག་ཅེས་པ་དེ་སངས་རྒྱས་པས་ཁས་མ་བླང་པས་ཁྱད་པར་ཅན་རབ་ཏུ་གྲགས་པ་མ་ཡིན་པའི་སྐྱོན་དུ་གྱུར་ནས་བསྒྲུབ་བྱ་ལྟར་སྣང་དུ་གྱུར་ཏོ། ། |
| ཁྱད་པར་ཆོས་སྐུའི་མཎྜལ |
ཆོས་དབྱིངས་སྐྱེ་མེད་ཀྱི་མཎྜལ་ཐོག་སྣང་བཞི་རྟོག་ཚོགས་ཀྱི་ཚོམ་བུ་བཀོད་ནས། བླ་མ་ཆོས་སྐུའི་ལྷ་ཚོགས་ལ་འབུལ་བ། |
| ཁྱད་པར་དག་པ་བའི་རྟགས |
རང་བཞིན་གྱི་རྟགས་ཡང་དག་གི་ནང་གསེས། རང་རྗོད་བྱེད་ཀྱི་སྒྲས་སྒྲུབ་བྱེད་ཀྱི་དངོས་པོ་རང་གི་རང་བཞིན་བརྗོད་པ་ལས། རྒྱུ་རྐྱེན་གྱི་ཁྱད་པར་བརྗོད་པ་ལ་མ་ལྟོས་པ། (དཔེར་ན།) སྒྲ་ཆོས་ཅན། མི་རྟག་དངོས་པོ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་རྒྱུ་རྐྱེན་གྱིས་བྱས་མ་བྱས་དང་གང་གིས་བྱས་པ་སོགས་ཀྱི་དཔྱད་པ་དག་པའམ་མི་ལྟོས་པའོ། ། |
| ཁྱད་པར་དུ |
དམིགས་སུ་དགར་བའི་དོན་ཏེ། (དཔེར་ན།) ཞིང་ལས་ཀྱི་ཐད་ནས་ཁྱད་པར་དུ་འབྲུ་རིགས་ལ་གཙིགས་འཛིན་བྱེད་དགོས། གཞན་ལས་ཁྱད་པར་དུ་འཕགས་པ་ཞེས་པ་ལྟ་བུ། |
| ཁྱད་པར་དུ་གདགས་པ |
མིང་ངམ་ཐ་སྙད་དམིགས་བསལ་དུ་གདགས་པ། |
| ཁྱད་པར་དུ་འགྲོ་བ |
གོང་ནས་གོང་དུ་འགྲོ་བ། |
| ཁྱད་པར་དུ་འཕགས་པ |
གཞན་ལས་མཆོག་ཏུ་གྱུར་པ་ཁྱད་པར་དུ་འཕགས་པ་བླ་ན་མེད་པ་ལྟ་བུ། |
| ཁྱད་པར་བ |
དཀྱུས་མ་དང་མི་འདྲ་བའི་བྱ་དངོས་ཀྱི་མིང་སྟེ། (དཔེར་ན།) སྨན་ཁྱད་པར་བ། རྒྱུ་གཟེར་གྱི་སྨན་ཁྱད་པར་བ། ང་མི་དཀྱུས་མ་ཞིག་ཡིན་པ་ལས་མི་ཁྱད་པར་བ་ཞིག་མིན་ལྟ་བུ། འདི་ལ་ཁྱད་པར་ཅན་ཡང་ཟེར། |
| ཁྱད་པར་བཀོད་པ |
1.མི་འདྲ་བའི་ཚུལ་བཤད་པའམ། བྲིས་པ།2.ཁང་པ་སོགས་བཟོ་བཀོད་དམ་རྣམ་པ་ཁྱད་པར་ཅན། |
| ཁྱད་པར་བརྗོད་པའི་རྒྱན |
དོན་རྒྱན་གྱི་གྲས་ཤིག་བརྗོད་བྱ་ཡོན་ཏན་དང༌། རིགས། བྱ་བ། རྫས། རྒྱུ་རྣམས་ལ་རང་རང་གི་མཚན་ཉིད་མ་ཚང་ཡང༌། ཚང་བ་དང་ཁྱད་མེད་དངོས་པོའི་ནུས་པ་ཕུལ་དུ་བྱུང་བ་སྟོན་པའི་རྒྱན་ཞིག |
| ཁྱད་པར་བརྗོད་པའི་རྒྱན་ལྔ |
ཁྱད་པར་བརྗོད་པའི་རྒྱན་གྱི་ནང་གསེས་རྣམ་གྲངས་ལྔ་ནི། ཡོན་ཏན་མ་ཚང་བའི་ཁྱད་པར་བརྗོད་པ། རིགས་མ་ཚང་བའི་ཁྱད་པར་བརྗོད་པ། བྱ་བ་མ་ཚང་བའི་ཁྱད་པར་བརྗོད་པ། རྫས་མ་ཚང་བའི་ཁྱད་པར་བརྗོད་པ། རྒྱུ་མ་ཚང་བའི་ཁྱད་པར་བརྗོད་པ་བཅས་སོ། ། |
| ཁྱད་པར་འདོན་པ |
གཞན་ལས་ལྷག་པར་ནུས་ཤུགས་འདོན་པ། |
| ཁྱད་པར་འཕགས་བསྟོད |
སྟོན་པ་ཐུབ་པའི་དབང་པོ་ལ་བསྟོད་པ་རྒྱ་གར་གྱི་སློབ་དཔོན་མཐོ་བཙུན་གྲུབ་རྗེས་མཛད་པ། |
| ཁྱད་པར་རབ་ཏུ་གྲགས་པ་མ་ཡིན་པ |
ཚད་མའི་རིག་པའི་བསྒྲུབ་བྱ་ལྟར་སྣང་གི་ནང་ཚན་ཞིག་དཔེར་ན་སངས་རྒྱས་པས་གྲངས་ཅན་པ་ལ་སྒྲ་འཇིག་ཅེས་པ་ལྟ་བུར་མཚོན་ན། བསྒྲུབ་བྱ་འདིའི་ཚིག་སྟོད་ཆ་སྒྲ་ཞེས་པ་དེར་རྒོལ་ཕྱི་རྒོལ་གཉིས་ཀས་ཁས་བླངས་ཀྱང་ཚིག་སྨད་ཆ་འཇིག་པ་དེ་གྲངས་ཅན་པས་ཁས་མ་བླངས་སྟབས་ཁྱད་པར་རབ་ཏུ་གྲགས་པ་མ་ཡིན་པའི་སྐྱོན་གྱུར་ཏོ། ། |
| ཁྱད་པར་རྟོགས་པ |
བཟང་ངན་དང་ཆེ་ཆུང་སོགས་ཀྱི་དབྱེ་བ་ཤེས་པའི་དོན་ཏེ། (དཔེར་ན།) ལེགས་ཉེས་ཀྱི་ཁྱད་པར་རྟོགས་པའི་བློ་གྲོས་མེད་ཐབས་མེད་ཅེས་པ་ལྟ་བུ། |
| ཁྱད་པར་ལ་གནས་པའི་དོན་གཞན་བཀོད་པ |
དོན་གཞན་བཀོད་པའི་རྒྱན་གྱི་ནང་ཚན་ཞིག་བསྒྲུབ་བྱ་བརྗོད་འདོད་ཀྱི་དངོས་པོ་བྱེད་ལས་ཁྱད་པར་ཅན་ཞིག་དེའི་སྒྲུབ་བྱེད་དུ་གང་དང་ཆོས་མཚུངས་པའི་བྱེད་ལས་ཁྱད་པར་དང་ལྡན་པ་ཞིག་བཀོད་པའི་རྒྱན། |
| ཁྱད་པར་ལྟོས་པ་བའི་རྟགས |
རང་བཞིན་གྱི་རྟགས་ཡང་དག་གི་བྱེ་བྲག་ཅིག་རང་རྗོད་བྱེད་ཀྱི་སྒྲས་སྒྲུབ་བྱེད་རང་གི་ཁྱད་པར་རམ་ཁྱད་ཆོས་དངོས་ཤུགས་གང་རུང་གིས་རྗོད་པར་བྱེད་པ། དུང་སྒྲ་ཆོས་ཅན། མི་རྟག་རྩོལ་བྱུང་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་རང་ཉིད་རྩོལ་བ་ལ་ལྟོས་དགོས་པའི་ཁྱད་པར་གྱི་རྟགས་ཀྱིས་བསྒྲུབ་པའོ། ། |
| ཁྱད་མཚར |
ཡ་མཚན་ནམ་ངོ་མཚར། |
| ཁྱད་མེད |
དབྱེ་བ་མེད་པའམ་མི་འདྲ་བ་མེད་པའི་དོན་ཏེ། (དཔེར་ན།) མི་དེ་ཚོའི་ཡོན་ཏན་ཆེ་ཆུང་ལ་ཁྱད་མེད། འགྲོ་སྡོད་གང་བྱེད་ཀྱང་ང་ལ་ཁྱད་མེད་ལྟ་བུ། |
| ཁྱད་ཞུགས་པ |
གཞན་དང་མི་འདྲ་བའི་ནུས་པ་ཐོན་པའམ་ཕྱིས་རྗེས་བཞག་པའི་དོན་ཏེ། (དཔེར་ན།) ཚ་བ་ཆེ་སར་ཆུ་ལ་མེ་དང་ཁྱད་ཞུགས་པའི་དགེ་མཚན་ཡོད། གཡུ་ཐོག་ཡོན་ཏན་མགོན་པོ་ནི་འཛམ་གླིང་སྟེང་ཁྱད་ཞུགས་པའི་ལྷ་རྗེ་ཡིན་ལྟ་བུ། |
| ཁྱད་འཕགས |
ཁྱད་པར་དུ་འཕགས་པའི་བསྡུས་ཚིག |
| ཁྱད་འཕགས་ཕུལ་བྱུང |
ཕུལ་བྱུང་གི་རྒྱན་གྱི་ནང་ཚན་ཞིག་མཚོན་བྱེད་ཡོན་ཏན་ཤིན་ཏུ་ལྷག་པ་དེ་ལས་ཀྱང་མཚོན་བྱ་དོན་གྱི་ཡོན་ཏན་ཁྱད་པར་འཕགས་པར་བརྗོད་པའི་རྒྱན་ཞིག |
| ཁྱབ |
1.(བྱེད་མེད་ལས་ཚིག) བཀབ་པ་ལྟར་བཀང་བའི་དོན་ཏེ། (དཔེར་ན།) ཉི་འོད་ཀྱིས་ས་སྟེང་ཁྱབ། ནོར་ལུག་གིས་རྩྭ་ཐང་ཁྱབ། ནགས་ཚལ་གྱི་ཁྱབ་ཁོངས་ཞེས་པ་ལྟ་བུ།2.མཚན་ཉིད་རིག་པའི་བརྡར་ཁོངས་སུ་འདུས་པའི་དོན་ལ་འཇུག་སྟེ། (དཔེར་ན།) ལོ་ཏོག་ཡིན་ན་རྩི་ཤིང་ཡིན་པས་ཁྱབ(ལོ་ཏོག་ཡིན་ཚད་རྩི་ཤིང་གི་ཁོངས་སུ་འདུས)ཅེས་པ་ལྟ་བུ། |
| ཁྱབ་ཁོངས |
གང་ཞིག་གི་ཁྱབ་པའི་ས་ཁོངས་སམ་ཁྱབ་ཡུལ་ཏེ། (དཔེར་ན།) སྨན་གྱི་ཁྱབ་ཁོངས་སུ་ཕྱི་ལུགས་བོད་ལུགས་གཉིས་ཀ་ཡོད་ལྟ་བུ། |
| ཁྱབ་གདལ |
1.རྒྱ་ཁྱབ་ཏུ་དར་བར་བྱས་པ་སྟེ། (དཔེར་ན།) བོད་ཀྱི་རིག་གནས་ཁྱབ་གདལ་དུ་བཏང་ལྟ་བུ།2.སེམས་ཅན་རྣམས་ཀྱི་རྒྱུད་ལ་ཐོག་མ་ནས་གནས་པའི་བདེ་བར་གཤེགས་པའི་སྙིང་པོ། |
| ཁྱབ་གནས |
(མངོན་བརྗོད།) ཁྲག |
| ཁྱབ་ཆ |
ཡོངས་ལ་ཁྱབ་པའམ་ཁེབས་པའི་ཆ་སྟེ། (དཔེར་ན།) རིག་གནས་ཀྱིས་མ་ཁྱབ་པའི་ཆ་མེད་ལྟ་བུ། |
| ཁྱབ་ཆུང་བ |
ཁྱབ་ཆ་ཆུང་བའི་དོན་ཏེ། (དཔེར་ན།) ཁུག་ཀྱོག་གི་ལུགས་སྲོལ་ནི་ཁྱབ་ཆུང་བ་ཞིག་རེད་ལྟ་བུ། |
| ཁྱབ་ཆེ |
ཁོངས་གཏོགས་མང་པའི་དོན་ཏེ། (དཔེར་ན།) རིག་གནས་དར་ཁྱབ་ཆེ། རྡུང་རྡེག་བྱེད་ཡུལ་ཁྱབ་ཆེ་མི་རུང། འཛམ་གླིང་སྟེང་དབྱིན་སྐད་ནི་ཧ་ཅང་ཁྱབ་ཆེ། |
| ཁྱབ་པ་ཁོ་ན་མ་གྲུབ་པ |
ཐལ་འགྱུར་ལ་བཀོད་ཚོད་ཀྱི་སྒོ་ནས་རྟགས་ཀྱིས་གསལ་བ་ལ་ཁྱབ་པ་ཁོ་ན་མ་གྲུབ་པ། (དཔེར་ན།) སངས་རྒྱས་པའི་ངོར། སྒྲ་ཆོས་ཅན། རྟག་པ་ཡིན་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལྟ་བུར་མཚོན་ན་གཞལ་བྱ་ཡིན་ན་རྟག་པ་ཡིན་པས་མ་ཁྱབ་སྟེ་མི་རྟག་པ་ལའང་ཁྱབ་པའི་ཕྱིར་ཞེས་པ་ལྟ་བུ། |
| ཁྱབ་པ་ཕྱིན་ཅི་ལོག་པ་བཞི |
རྟགས་གསལ་ཁྱབ་པ་སྒོ་བརྒྱད་ཀྱི་ནང་གསེས། རྗེས་ཁྱབ་ཕྱིན་ཅི་ལོག་དང༌། ལྡོག་ཁྱབ་ཕྱིན་ཅི་ལོག་དང༌། ཐུར་ཁྱབ་ཕྱིན་ཅི་ལོག་དང༌། འགལ་ཁྱབ་ཕྱིན་ཅི་ལོག་སྟེ་བཞིའོ། ། |
| ཁྱབ་པ་མ་གྲུབ |
གཟུགས་ཡིན་ཕྱིན་ཁ་དོག་ཡིན་མི་དགོས་པའི་ཁྱབ་པ་མེད་པ་ངེས་པ་མེད་པའི་ཚིག་མཚན་ཉིད་ཀྱི་ཁྱབ་མཐའི་ཚིག་ཅིག་སྟེ། (དཔེར་ན།) གཟུགས་ཡིན་ན་ཁ་དོག་ཡིན་པས་ཁྱབ་པ་མ་གྲུབ་ཅེས་པ་ལྟ་བུ། |
| ཁྱབ་པ་མ་ངེས་པ |
ཐལ་འགྱུར་ལྟར་སྣང་བཞིའི་ནང་གསེས། རྟགས་དེ་བསྒྲུབ་བྱའི་ཆོས་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀར་འཇུག་པས་མཐུན་ཕྱོགས་ཁོ་ནར་ཁྱབ་པ་མ་ངེས་པ་སྟེ། (དཔེར་ན།) སྒྲ་ཆོས་ཅན། མི་རྟག་པར་ཐལ། ཤེས་བྱ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་ཤེས་བྱ་ཡིན་ན་མཐའ་གཅིག་ཏུ་མི་རྟག་པ་ཡིན་པས་མ་ཁྱབ་ཅིང༌། ཐལ་ལན་མ་ཁྱབ་ཅེས་སམ་ཁྱབ་པ་མ་ངེས་ཞེས་བརྗོད་པའོ། ། |
| ཁྱབ་པ་མགོ་མཚུངས་ཀྱི་ལན |
མཚུངས་པ་མགོ་སྙོམས་ཀྱི་ལན་ནོ། ། |
| ཁྱབ་པ་ཚད་མས་གྲུབ་ཅིང་རྟགས་ཁས་བླངས་ཀྱིས་གྲུབ་པ |
སྒྲ་རྟག་པར་ཁས་ལེན་པའི་གང་ཟག་གི་ངོར། སྒྲ་ཆོས་ཅན། མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། ཞེས་བཀོད་པ་ལྟ་བུར་མཚོན་ན། རྟག་ན་མ་བྱས་པས་ཁྱབ་པ་ཚད་མས་གྲུབ་ལ་རྟགས་རྟག་པ་ཁས་ལེན་པའོ། ། |
| ཁྱབ་པ་འགལ་བ |
ཐལ་འགྱུར་ལྟར་སྣང་བཞིའི་ནང་གསེས། རྟགས་དང་བསྒྲུབ་བྱ་མི་མཐུན་པ་སྟེ། (དཔེར་ན།) སྒྲ་ཆོས་ཅན། རྟག་པ་ཡིན་པར་ཐལ། བྱས་པའི་ཕྱིར། ཞེས་པ་ལྟ་བུ་སྒྲུབ་བྱེད་དང་ཁྱབ་པ་འགལ་བས་ཐལ་ལན་ཁྱབ་པ་འགལ་ཞེས་བརྗོད་པའོ། ། |
| ཁྱབ་པ་འཇལ་བའི་རྟགས་འཛིན་སེམས |
རྟགས་འཛིན་སེམས་གཉིས་ཀྱི་ཡ་གྱལ། རྗེས་དཔག་གི་རྒྱུ་ཁྱབ་པ་འགྲོ་ལྡོག་གི་ཚུལ་འཛིན་པའི་མངོན་རྗེས་ཡིད་དཔྱོད་གང་རུང་གི་ཤེས་པ། (དཔེར་ན།) བྱས་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་ན། བྱས་ན་མི་རྟག་པས་ཁྱབ་པར་འཇལ་བའམ་ངེས་པའི་བློ་ལྟ་བུའོ། ། |
| ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ |
ཟག་བཅས་ཀྱི་ཚོར་བ་བཏང་སྙོམས་ཡུལ་དང་ཅས་པ་སྟེ་གནས་ངན་ལེན་རྗེས་སུ་འབྲེལ་བས་འདུ་བྱེད་ཀྱི་སྡུག་བསྔལ་དང༌། སྡུག་བསྔལ་ཐམས་ཅད་ལ་ཁྱབ་པ་དང་སྡུག་བསྔལ་གཞན་གཉིས་ཀྱི་རྩ་བར་གྱུར་པའོ། ། |
| ཁྱབ་པ་རྣལ་མ་བཞི |
རྟགས་གསལ་ཁྱབ་པ་སྒོ་བརྒྱད་ཀྱི་ནང་གསེས། རྗེས་ཁྱབ་རྣལ་མ་དང༌། ལྡོག་ཁྱབ་རྣལ་མ་དང༌། ཐུར་ཁྱབ་རྣལ་མ་དང༌། འགལ་ཁྱབ་རྣལ་མ་སྟེ་བཞིའོ། ། |
| ཁྱབ་པ་སྒོ་བརྒྱད |
1.མཚན་མཚོན་གྱི་ཁྱབ་པ་སྒོ་བརྒྱད།2.རྟགས་གསལ་གྱི་ཁྱབ་པ་སྒོ་བརྒྱད། |
| ཁྱབ་པའི་དམིགས་པ |
དེ་བཞིན་ཉིད་ཀྱིས་ཆོས་ཐམས་ཅད་ལ་ཁྱབ་པའི་དམིགས་པ་ཞི་གནས་ཀྱི་དམིགས་པ་བཞིའི་ནང་ཚན་ཞིག |
| ཁྱབ་པའི་དམིགས་པ་བཞི |
ཞི་གནས་ཀྱི་ཁྱབ་པའི་དམིགས་པ་བཞི་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན། རྣམ་པར་རྟོག་པ་མེད་པའི་གཟུགས་བརྙན། དངོས་པོའི་མཐའ། དགོས་པ་ཡོངས་སུ་འགྲུབ་པ་བཅས་ཀྱི་དམིགས་པ་བཞིའོ། ། |
| ཁྱབ་པར་ཐལ |
ཐལ་འགྱུར་འགོད་སྐབས་ཀྱི་ཁྱབ་པ་བསྒྲུབ་པའི་ངག་དུ་བ་ཡོད་ན་མེ་ཡོད་པས་ཁྱབ་པར་ཐལ། ཞེས་པ་ལྟ་བུ་སྒྲུབ་བྱེད་དེ་ཡོད་པའམ་ཡིན་པའི་རྟགས་ཀྱིས་བསྒྲུབ་བྱ་དེ་ཡོད་པའམ་ཡིན་ངེས་པའི་ཁྱབ་པ་བསྒྲུབ་པའི་རྟགས་སྦྱོར་གྱི་ངག་གོ། ། |
| ཁྱབ་པར་འཇུག་པ |
ཁྱབ་བྱེད་ཀྱིས་ཁྱབ་བྱའི་གནས་ཀུན་ལ་ཁྱབ་པར་འཇུག་པ་དཔེར་ན་ཙན་དན་ཡིན་ན་ཤིང་ཡིན་པས་ཁྱབ་པའམ། མེ་ཡིན་ན་ཚ་ཞིང་བསྲེག་པ་ཡིན་པས་ཁྱབ་པ་ལྟ་བུ། ཤིང་ནི་ཙན་དན་དང༌། ཚ་བསྲེག་ནི་མེ་ཁྱབ་པར་འཇུག་ཡོད་པའོ། ། |
| ཁྱབ་བདག |
(མངོན་བརྗོད།) སངས་རྒྱས། |
| ཁྱབ་བརྡལ |
ཁྱབ་གདལ་དང་འདྲ། |
| ཁྱབ་བསྒྲགས |
མི་ངམ་པོ་ལ་ཁྱབ་པར་བསྒྲགས་པའི་བསྡུས་ཚིག་སྟེ། (དཔེར་ན།) ཁྱབ་བསྒྲགས་ཡི་གེ་ལྟ་བུ། |
| ཁྱབ་བྱ |
བྱེ་བྲག་གི་དོན། (དཔེར་ན།) གསེར་བུམ་དེ་བུམ་པའི་ཁྱབ་བྱ་དང༌། བྱས་པ་ནི་མི་རྟག་པའི་ཁྱབ་བྱ་དང༌། མ་བྱས་པ་ནི་རྟག་པའི་ཁྱབ་བྱ་ཡིན་ལྟ་བུ། |
| ཁྱབ་བྱ་ཁྱབ་བྱེད་ཀྱི་འགལ་བ |
ཕན་ཚུན་སྤངས་འགལ་གྱི་བརྒྱུད་འགལ་ཏེ། ཁྱབ་བྱ་བྱས་པ་དང༌། ཁྱབ་བྱེད་རྟག་པ་གཉིས་ལྟ་བུ་ཁྱབ་བྱ་དང་ཁྱབ་བྱེད་མི་མཐུན་པར་གནས་པའོ། ། |
| ཁྱབ་བྱེད |
དུ་མ་འགེབས་པར་བྱེད་པའི་སྤྱི་སྟེ། (དཔེར་ན།) བུམ་པ་དེ་གསེར་བུམ་དང་རྫ་བུམ་སོགས་རང་གི་བྱེ་བྲག་ཐམས་ཅད་ལ་ཁྱབ་བྱེད་དང༌། རྟག་པ་ནི་མ་བྱས་པའི་ཁྱབ་བྱེད་དང༌། མི་རྟག་པ་ནི་བྱས་པའི་ཁྱབ་བྱེད་ཡིན་པ་ལྟ་བུའོ། ། |
| ཁྱབ་བྱེད་དང་འགལ་བའི་ཁྱབ་བྱ་དམིགས་པ |
འགལ་བའི་ཁྱབ་བྱ་དམིགས་པ་བཞིའི་ནང་གསེས། གནོད་བྱེད་ཀྱི་ཁྱབ་བྱ་རྟགས་སུ་བཀོད་ནས། གནོད་བྱའི་ཁྱབ་བྱ་འགོག་པ་སྟེ། (དཔེར་ན།) ཙནྡན་གྱི་མེས་ཁྱབ་པར་ནོན་པའི་གཞིར་ཆོས་ཅན། ཁ་བའི་རེག་པ་མེད་དེ། ཙནྡན་གྱི་མེས་ཁྱབ་པར་ནོན་པའི་དངོས་པོ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་ཙནྡན་གྱི་མེས་གྲང་བའི་ཁྱབ་བྱ་མེད་པར་སྒྲུབ་པའོ། ། |
| ཁྱབ་བྱེད་དང་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར |
རང་རིགས་འཕེན་པའི་ཐལ་འགྱུར་བཞིའི་ནང་གསེས། འགལ་བའི་ཁྱབ་བྱ་རྟགས་སུ་བཀོད་ནས་ཐལ་འགྱུར་འཕངས་པ་གང་ཞིག་བཟློག་ན་ཁྱབ་བྱེད་དང་འགལ་བའི་ཁྱབ་བྱ་དམིགས་པའི་རང་རྒྱུད་འཕེན་པ་དཔེར་ན། ཙན་དན་གྱི་མེ་ཚད་མའི་སྟོབས་ཀྱིས་ངེས་པའི་ཤར་གཞིར་ཆོས་ཅན། ཙན་མེ་ཚད་མའི་སྟོབས་ཀྱིས་ངེས་པ་མ་ཡིན་པར་ཐལ། ཁ་བའི་རེག་པ་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་གྱིས། དེ་ཆོས་ཅན། ཁ་བའི་རེག་པ་མེད་དེ། ཙན་མེ་ཚད་མའི་སྟོབས་ཀྱིས་ངེས་པའི་ཕྱིར། ཞེས་བཟློག་པ་རང་གི་རིགས་གཅིག་པའི་རང་རྒྱུད་འཕེན་པའོ། ། |
| ཁྱབ་བྱེད་དང་འགལ་བའི་འབྲས་བུ་དམིགས་པ |
འགལ་བའི་འབྲས་བུ་དམིགས་པ་བཞིའི་ནང་གསེས། གནོད་བྱེད་ཀྱི་འབྲས་བུ་རྟགས་སུ་བཀོད་ནས། གནོད་བྱའི་ཁྱབ་བྱ་འགོག་པ་དཔེར་ན། དུ་བ་དྲག་ཏུ་འཕྱུར་བས་ཁྱབ་པར་ནོན་པའི་གཞིར་ཆོས་ཅན། ཁ་བའི་རེག་པ་མེད་དེ། དུ་བ་དྲག་ཏུ་འཕྱུར་བས་ཁྱབ་པར་ནོན་པའི་དངོས་པོ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་མེ་འབྲས་ཀྱིས་གྲང་བའི་ཁྱབ་བྱ་མེད་པར་སྒྲུབ་པའོ། ། |
| ཁྱབ་བྱེད་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར |
ལྷན་ཅིག་མི་གནས་འགལ་གྱི་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར་གསུམ་གྱི་ནང་གསེས། འགལ་བའི་འབྲས་བུ་རྟགས་སུ་བཀོད་པའི་ཐལ་འགྱུར་གང་ཞིག་བཟློག་ན་རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པའི་རང་རྒྱུད་འཕེན་པ་དཔེར་ན། ཙན་དན་གྱི་མེ་ཚད་མའི་སྟོབས་ཀྱིས་ངེས་པའི་ཤར་གཞིར་ཆོས་ཅན། ཙན་མེ་ཚད་མའི་སྟོབས་ཀྱིས་ངེས་པ་མ་ཡིན་པར་ཐལ། གྲང་འབྲས་སྤུ་ལོང་བྱེད་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་གྱིས། དེ་ཆོས་ཅན། གྲང་འབྲས་སྤུ་ལོང་བྱེད་མེད་དེ། ཙན་མེ་ཚད་མའི་སྟོབས་ཀྱིས་ངེས་པའི་ཕྱིར། ཞེས་བཟློག་པ་གཞན་རིགས་འཕེན་པའི་ཐལ་འགྱུར་རོ། ། |
| ཁྱབ་བྱེད་དང་འགལ་བའི་རང་བཞིན་དམིགས་པ |
འགལ་བའི་རང་བཞིན་དམིགས་པ་བཞིའི་ནང་གསེས། གནོད་བྱེད་ཀྱི་ངོ་བོ་རྟགས་སུ་བཀོད་ནས། གནོད་བྱའི་ཁྱབ་བྱ་འགོག་པ་དཔེར་ན། མེས་ཁྱབ་པར་ནོན་པའི་ཤར་གཞིར་ཆོས་ཅན། ཁ་བའི་རེག་པ་རྒྱུན་ཆགས་སུ་འབྱུང་བ་མེད་དེ། མེས་ཁྱབ་པར་ནོན་པའི་དངོས་པོ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་མེའི་རང་བཞིན་གྱིས་གྲང་བའི་ཁྱབ་བྱ་མེད་པར་སྒྲུབ་པའོ། ། |
| ཁྱབ་བྱེད་དང་འགལ་བའི་རང་བཞིན་དམིགས་པའི་ཐལ་འགྱུར |
ལྷན་ཅིག་མི་གནས་འགལ་གྱི་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར་གསུམ་གྱི་ནང་གསེས། འགལ་བའི་རང་བཞིན་རྟགས་སུ་བཀོད་པའི་ཐལ་འགྱུར་གང་ཞིག་བཟློག་ན་རང་བཞིན་དང་འགལ་བའི་ཁྱབ་བྱ་དམིགས་པའི་རང་རྒྱུད་འཕེན་པ་དཔེར་ན། ཙན་དན་གྱི་མེ་ཚད་མའི་སྟོབས་ཀྱིས་ངེས་པའི་ཤར་གཞིར་ཆོས་ཅན། ཙན་དན་གྱི་མེ་ཚད་མའི་སྟོབས་ཀྱིས་ངེས་པ་མ་ཡིན་པར་ཐལ། གྲང་རེག་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་གྱིས། དེ་ཆོས་ཅན། གྲང་རེག་མེད་དེ། ཙན་དན་གྱི་མེ་ཚད་མའི་སྟོབས་ཀྱིས་ངེས་པའི་ཕྱིར། ཞེས་བཟློག་པ་གཞན་རིགས་འཕེན་པའི་ཐལ་འགྱུར་རོ། ། |
| ཁྱབ་བྱེད་དང་འགལ་བའི་རྒྱུ་དམིགས་པའི་ཐལ་འགྱུར |
ལྷན་ཅིག་མི་གནས་འགལ་གྱི་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར་གསུམ་གྱི་ནང་གསེས། འགལ་བའི་རྒྱུ་རྟགས་སུ་བཀོད་པའི་ཐལ་འགྱུར་གང་ཞིག་བཟློག་ན་འབྲས་བུ་དང་འགལ་བའི་ཁྱབ་བྱ་དམིགས་པའི་རང་རྒྱུད་འཕེན་པ་དཔེར་ན། ཙན་དན་གྱི་མེ་ཚད་མའི་སྟོབས་ཀྱིས་ངེས་པའི་ཤར་གཞིར་ཆོས་ཅན། ཙན་མེ་ཚད་མའི་སྟོབས་ཀྱིས་ངེས་པ་མ་ཡིན་པར་ཐལ། གྲང་རེག་གི་དངོས་རྒྱུ་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་གྱིས། དེ་ཆོས་ཅན། གྲང་རེག་གི་དངོས་རྒྱུ་མེད་དེ། ཙན་མེ་ཚད་མའི་སྟོབས་ཀྱིས་ངེས་པའི་ཕྱིར། ཞེས་བཟློག་པ་གཞན་རིགས་འཕེན་པའི་ཐལ་གྱུར་རོ། ། |
| ཁྱབ་བྱེད་དུ་འཇུག་པ |
རྟགས་ཀྱིས་གསལ་བ་ལ་ཁྱབ་པ་རྟགས་དེ་བསྒྲུབ་བྱའི་ཆོས་ཀྱི་མཐུན་ཕྱོགས་སམ། མི་མཐུན་ཕྱོགས་གང་རུང་དང་གཉིས་ཀ་ལ་ཁྱབ་པར་ཡོད་པའོ། ། |
| ཁྱབ་བྱེད་མ་དམིགས་པའི་ཐལ་འགྱུར |
གཞན་རིགས་འཕེན་པའི་ཐལ་འགྱུར་བཅུ་བཞིའི་ནང་གསེས། ཁྱབ་བྱེད་མ་དམིགས་པ་རྟགས་སུ་བཀོད་པའི་ཐལ་འགྱུར་གང་ཞིག་བཟློག་ན་རང་བཞིན་གྱི་གཏན་ཚིགས་འཕེན་པ་དཔེར་ན། ཤ་པ་ལྡན་པའི་ཤར་གཞིར་ཆོས་ཅན། ཤ་པ་མེད་པར་ཐལ། ཤིང་མེད་པའི་ཕྱིར། ཞེས་པའི་ཐལ་འགྱུར་གྱིས། དེ་ཆོས་ཅན། ཤིང་ཡོད་དེ་ཤ་པ་ཡོད་པའི་ཕྱིར། ཞེས་བཟློག་པ་གཞན་རིགས་འཕེན་པའི་ཐལ་འགྱུར་རོ། ། |
| ཁྱབ་བྱེད་མ་དམིགས་པའི་རྟགས |
སྣང་རུང་གི་འབྲེལ་ཟླ་མ་དམིགས་པའི་རྟགས་ཀྱི་ནང་གསེས། བདག་གཅིག་གི་འབྲེལ་བ་ལ་བརྟེན་ནས་འགོག་བྱེད་ཁྱབ་བྱེད་མ་དམིགས་པའི་རྟགས་ཀྱིས་དགག་བྱ་ཁྱབ་བྱ་བཀག་པ། དཔེར་ན། བྲག་རྫོང་ཕ་གི་ན་ཆོས་ཅན། ཤིང་ཤ་པ་མེད་དེ། ཤིང་མེད་པའི་ཕྱིར། ཞེས་པ་ལྟ་བུའོ། ། |
| ཁྱབ་བྱེད་འགལ་དམིགས་ཀྱི་རྟགས |
སྣང་རུང་གི་འགལ་ཟླ་དམིགས་པའི་རྟགས་ཀྱི་ནང་གསེས། བསྒྲུབ་ཆོས་དང་འགལ་བའི་ཁྱབ་བྱེད་དམ་སྤྱི་རྟགས་སུ་བཀོད་ནས། དགག་ཆོས་ཁྱབ་བྱའམ་བྱེ་བྲག་པ་འགོག་པ། དཔེར་ན། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་གཞིར་ཆོས་ཅན། ཁ་བའི་རེག་པ་རྒྱུན་ཆགས་སུ་འབྱུང་བ་མེད་དེ། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་དངོས་པོ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ། ཁ་བའི་རེག་པ་གྲང་རེག་གི་བྱེ་བྲག་གམ་ཁྱབ་བྱ་ཡིན་པ་དེ་མ་དམིགས་པའི་རྟགས་སུ་ཁྱབ་བྱེད་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་དངོས་པོ་དང་འགལ་བའོ། ། |
| ཁྱབ་བྱེད་རླུང |
ལུས་ཀྱི་རྩ་བའི་རླུང་ལྔའི་ཡ་གྱལ་ཞིག་སྟེ། སྙིང་ལ་གནས་ཤིང༌། ཁྲག་སོགས་དྭངས་མ་ལུས་ཀུན་ལ་ཁྱབ་པར་བྱེད་པ་དང༌། རྐང་ལག་འདེགས་འཇོག་སོགས་ལུས་ཀྱི་སྒུལ་སྐྱོད་བྱེད་པའི་རླུང༌། |
| ཁྱབ་མཆེད |
རྒྱ་ཁྱབ་ཏུ་འཕེལ་བ། |
| ཁྱབ་མཉམ |
ཆོས་གཉིས་ཕན་ཚུན་ཡིན་ན་ཡིན་མཉམ་དང༌། མིན་ན་མིན་མཉམ་འདུས་བྱས་དང་མི་རྟག་པ་ལྟ་བུའོ། ། |
| ཁྱབ་མཐའ |
རྟགས་གསལ་དང་མཚན་མཚོན་སོགས་ཕན་ཚུན་ཁྱབ་པ་ཡོད་མེད་ཀྱི་གནས་ལ་མཐའ་དཔྱད་བཀོད་པ་ཡོད་མེད་དང༌། ཡིན་མིན་གྱི་མཐའ་གཅོད་པ། དཔེར་ན། བྱས་པ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ། དུ་བ་ཡོད་ན་མེ་ཡོད་པས་ཁྱབ་ཅེས་པ་ལྟ་བུའོ། ། |
| ཁྱབ་འགྲེམས |
ཀུན་ལ་ཁེབས་པར་འགྲེམས་པ། |
| ཁྱབ་འགྲོ |
1.(མངོན་བརྗོད།) དྲི།2.གཡོག་པོ། |
| ཁྱབ་འཇུག |
1.བྲམ་ཟེ་རྣམས་ཀྱིས་འཇིག་རྟེན་བྱེད་པོར་འཛིན་པའི་ལྷ་ཞིག་སྟེ་སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་ཁྱབ་དང༌། འཇུག་པ་བཅུའི་སྒོ་ནས་བྱ་བ་ལ་འཇུག་པས་འཇུག་ཟེར། མིང་གི་རྣམ་གྲངས་ལ་སྐྲ་ཅན་གསོད་དང༌། གོ་པིན་ད། དགའ་བའི་དབང་པོ། འགྲོ་བའི་ཏོག་འཇིག་པ་བཅུ་པ། ཉེ་དབང༌། ཐ་གུའི་ལྟོ་ཅན། ཐིག་ལེ་དྲུག་པ། ནབས་སོ་སྐྱེས། པད་མའི་ལྟེ་བ། དཔའ་བོའི་རྒྱུད། དཔལ་གྱི་བདག་པོ། དཔལ་གྱི་བེའུས་མཚན། དཔལ་གྱི་ལག་པ། དབྱིག་གི་ལྟེ་བ། སྦྱོར་བ་བརྒྱ་བ། མི་ཡི་ཐེག་པ། མིའུ་ཐུང༌། འོག་དབང་སྐྱེས། གཡུང་དྲུང་ཅན། གཡོ་མེད་གླང་རྫི། སྲེད་མེད་བུ་བཅས་སོ། །2.གཟའ་རཱ་ཧུ་ལ། |
| ཁྱབ་འཇུག་གནས |
(མངོན་བརྗོད།) ནམ་མཁའ། |
| ཁྱབ་འཇུག་གནོན་པ |
(མངོན་བརྗོད།) སྤང་རྒྱན་མེ་ཏོག |
| ཁྱབ་འཇུག་གཟེར |
རཱ་ཧུ་ལེ་ནེ་སྟེ། ཁྱབ་འཇུག་གི་ནད། |
| ཁྱབ་འཇུག་གི་འཇུག་པ་བཅུ |
བྲམ་ཟེ་རྣམས་ཀྱི་བཤད་སྲོལ་ལྟར་ལྷ་ཁྱབ་འཇུག་གིས་འཇིག་རྟེན་གྱི་བྱ་བ་ལ་སྤྲུལ་པ་བཅུའི་སྒོ་ནས་འཇུག་པ་ཉ་དང༌། རུས་སྦལ། ཕག་རྒོད། མིའི་སེང་གེ། མིའུ་ཐུང༌། ཤིང་རྟ་བཅུ་པའི་བུ་རཱ་མ་ཎ། ཛམཱད་ཨགྣིའི་བུ་རཱ་མ་ཎ། ནག་པོ། སངས་རྒྱས་ཤཱཀྱ་ཐུབ་པ། རིགས་ལྡན་བྲམ་ཟེའི་བུ་ཀརྐི་ཙེ་བཅས་བཅུའོ། ། |
| ཁྱབ་འཇུག་དྲེགས་པའི་གདོང |
1.(མངོན་བརྗོད།) སྨན་ཆེན།2.གཟའ་རཱ་ཧུ་ལའི་ཁྲོ་ཞལ་དགུ། |
| ཁྱབ་འཇུག་པ |
སྔར་རྒྱ་གར་གྱི་གྲུབ་མཐའ་སྨྲ་བ་ཞིག་ཡིན་ཞིང་། དེས་ཁྱབ་འཇུག་སྟོན་པར་འཛིན་ཅིང༌། འཁོར་བ་ཟད་མཐའ་ཅན་དུ་འདོད། |
| ཁྱབ་འཇུག་རྐང་པ |
(མངོན་བརྗོད།) གངྒཱ། |
| ཁྱབ་ལྡན |
(མངོན་བརྗོད།) བཤང་བ། |
| ཁྱབ་སྟོབས |
(མངོན་བརྗོད།) ལྷ་བརྒྱ་སྦྱིན། |
| ཁྱབ་སྤེལ |
ཕྱོགས་ཚང་མ་ནས་གོང་འཕེལ་དུ་གཏོང་ཕྱོགས་ཐམས་ཅད་དུ་ཁྱབ་སྤེལ་བྱེད་ཅེས་པ་ལྟ་བུ། |
| ཁྱམ་ཁྱོམ |
(རྒྱན་ཚིག) ཁྱམ་མེ་ཁྱོམ་མེའི་བསྡུས་ཚིག |
| ཁྱམ་མེ་ཁྱོམ་མེ |
(རྒྱན་ཚིག) འགུལ་སྟངས་རིགས་ཤིག་མཚོན་པ་ས་འགུལ་རྐྱེན་གྱིས་སྣོད་བཅུད་ཁྱམ་ཁྱོམ་དུ་གཡོ་ལྟ་བུ། |
| ཁྱམས |
ཁང་བའི་མདུན་གྱི་བྱ་འདབ་ཀྱི་འོག་ཕྱོགས་ཀྱི་མིང་སྟེ། (དཔེར་ན།) ཁང་བའི་སྒོ་ཁྱམས། བར་ཁྱམས། ཁྱམས་ར་ཞེས་པ་ལྟ་བུ། |
| ཁྱམས་ར |
ར་བས་བསྐོར་བའི་ཁང་པའི་ཁྱམས། |
| ཁྱམས་སྟོད |
ཁྱམས་རའི་སྦུག་ཕྱོགས། |
| ཁྱམས་སྨད |
ཁྱམས་རའམ་ཁང་པའི་ཚོམས་ཀྱི་མདོའི་ཕྱོགས། |
| ཁྱར་ཁྱོར |
(རྒྱན་ཚིག) ཕར་ཡོ་ཚུར་ཡོ་བྱེད་པ་དང་གུག་འཁྱོག་མང་པའི་དོན་ཏེ། (དཔེར་ན།) གོམ་འགྲོས་ཁྱར་ཁྱོར། ཤིང་སྡོང་ཁྱར་ཁྱོར་ཞེས་པ་ལྟ་བུ། ཁ་སྐད་དུ་ཁྱ་རེ་ཁྱོར་རེ་ཟེར། |
| ཁྱར་མཁན |
(བརྡ་རྙིང་།) ཡུལ་འཁྱར་པ། |
| ཁྱི |
1.དུད་འགྲོ་ཁྱིའི་མིང་རྣ་བ་དང་སྣ་ཧ་ཅང་གསལ་ཞིང་། ཁྱིམ་སྒོ་སྲུང་ཤེས་ཤིང་སྒོ་ཕྱུགས་ཀྱང་སྲུང་ཤེས། མིང་གི་རྣམ་གྲངས་ལ་སྐྱེ་བའི་ཆ་ཅན་དང༌། གྲོང་གི་གཅན་གཟན། འདོད་དབང༌། རྡོ་རྗེའི་མཇུག་མ་ཅན། ནོར་སྲུང༌། རྫི་གསང་བ། ཤ་ཁྱི། སེང་གེའི་རིགས། གསོ་བྱེད་བཅས་སོ། 2.ལོ་འཁོར་བཅུ་གཉིས་ཀྱི་ཡ་གྱལ་ཞིག |
| ཁྱི་ཁ་རྡོ་ལེན |
ལས་དོན་གང་ཞིག་ཡིན་རུང་དེ་ལ་ཁ་གཏད་འཇལ་མཁན་རེ་དགོས་པའི་དཔེ། |
| ཁྱི་ཁར་རུས་བཟུང |
གཙིགས་ཆེར་བརྩིས་ཏེ་བློས་གཏོང་མི་བྲ་བའི་དཔེ། |
| ཁྱི་གཟིག |
གཟིག་གི་རིགས་ཤིག |
| ཁྱི་གསར |
ཁྱི་ལོ་ཆུང༌སྤྱིའི་མིང་སྟེ། (དཔེར་ན།) ལུང་ཆུང་སྦུག་ན་ཁྱི་གསར་བཙན་ཞེས་པ་ལྟ་བུ། |
| ཁྱི་གུ |
ཁྱིའི་ཕྲུ་གུ། |
| ཁྱི་ངར་བ |
ཁྱི་ཐུ་པོའམ་གཞན་གྱི་སྟེང་ཤུགས་ཆེར་གཙིགས་པའི་ཁྱི། |
| ཁྱི་ཉར་འཁྲོལ་འཛིན |
སྔར་སྨོན་ལམ་ཚུགས་དུས་ལྷ་སའི་མི་ཚོའི་ཁྱིམ་དུ་ཁྱི་ཉར་ཆོག་པ་ཚོགས་ཆེན་ཞལ་ངོར་དགོངས་པ་ཞུས་པའི་འཁྲོལ་འཛིན། |
| ཁྱི་ཉལ་རྒྱུག་སློང |
དོན་མེད་གཞན་ལ་སྙད་རྐོའི་གཏམ་དཔེ། (དཔེར་ན།) བདག་ལ་བཀའ་བཀྱོན་ཁྱི་ཉལ་རྒྱུག་སློང་གི་ཚུལ་དུ་གནང་བྱུང༌ལྟ་བུ། |
| ཁྱི་ཐུ་པོ |
ཁྱི་རྒོད་པོའམ་ངར་པོ། |
| ཁྱི་དུག |
རྒྱུ་བའི་དུག་གི་ནང་ཚན་ཁྱི་སྨྱོན་གྱི་སོས་རྨུགས་པའི་དུག་ནད་ལུས་ལ་ཞེན་པ། |
| ཁྱི་ཕག་གི་བརྟུལ་ཞུགས |
སྔར་རྒྱ་གར་གྱི་གྲུབ་མཐའ་སྨྲ་བ་ཞིག་གི་རྗེས་འཛིན་པ་ཚོས་དུས་རྒྱུན་སྲོལ་གྱི་བརྟུལ་ཞུགས། |
| ཁྱི་ཕུར |
ཁྱི་འདོགས་སའི་ཕུར་པ། |
| ཁྱི་ཕྲུག |
ཁྱིའི་ཕྲུ་གུ། |
| ཁྱི་མིག་བཞི |
མིག་གཉིས་ཀྱི་ཐོད་དུ་སྤུ་མདོག་སེར་པོའི་ཐིག་ལེ་གཉིས་ཡོད་པའི་ཁྱི། |
| ཁྱི་མེ་ཏོག |
སྔོ་རྩྭ་ཞིག |
| ཁྱི་མོ་ཚང་མ |
ཁྱི་མོ་སྦྲུམ་ལྡན་དང་ཕྲུ་གུ་འཁྲིད་རྒྱུ་ཡོད་པའི་ཁྱི་མོ་སྟེ། (དཔེར་ན།) ཁྱི་མོ་ཚང་མའི་སྒོ་འགྲམ་ནས། སེང་དཀར་མོ་ཡིན་ཡང་དོགས་ཟོན་དགོས་ལྟ་བུ། |
| ཁྱི་ཟུག |
ཁྱིས་སྐད་རྒྱག་པ་འགྲུལ་པ་སླེབས་ན་ཁྱི་ཟུག་ཡོང༌ལྟ་བུ། |
| ཁྱི་ཟླ |
ཧོར་ཟླ་དགུ་པ། |
| ཁྱི་འཁྱར |
ཁྱི་འཁྱམས་ཏེ། བདག་པོ་མེད་པའི་ཁྱི། |
| ཁྱི་འགོག |
ཁྱིས་འཆའ་བའམ་རྨུག་ཏུ་མི་འཇུག་པར་འགོག་པ་སྟེ། (དཔེར་ན།)་མི་གཅིག་གིས་ཁྱི་འགོག་རྒྱུ་དང༌། ཤིང་གཅིག་གིས་མེ་འབར་རྒྱུ་དཀའ་ཞེས་པ་ལྟ་བུ། |
| ཁྱི་འགྱེད |
ཁྱི་རྦད་པའམ་སྐུལ་བ། |
| ཁྱི་འབིགས |
(མངོན་བརྗོད།) སྲོག་ཆགས་གཟུགས་མོའམ་བྱི་ཐུར་ཅན། |
| ཁྱི་ཡན |
བདག་པོ་མེད་པའི་ཁྱི་འཁྱམས། |
| ཁྱི་ར |
རི་དྭགས་རྔོན་པའི་ལས་ཀའི་མིང་སྟེ། (དཔེར་ན།) ཁྱི་ར་བརྒྱབ་ཅེས་པ་ལྟ་བུ། |
| ཁྱི་ར་བ |
རྔོན་པ། |
| ཁྱི་རོ |
1.ཁྱིའི་རོ།2.(ཡུལ་སྐད།) ཁྱི་ལ་གཤེ་བའི་ཚིག |
| ཁྱི་རྐུན |
1.རྐུ་བྱེད་པའི་ཁྱི།2.ཁྱི་ལ་སྨོད་པའི་ཚིག |
| ཁྱི་རྒན |
1.ཁྱི་ལོ་ལོན་པ་སྟེ། (དཔེར་ན།) ཁྱི་རྒན་ཤ་ལ་རྒྱུགས་ན། ཁྱི་ཕྲུག་རང་དགར་རྒྱུག2.གཞན་ལ་གཤེ་བའི་ངན་ཚིག |
| ཁྱི་རྒན་རྒྱ་བོ |
ཁྱི་རྒན་འགྲམ་པའི་སྤུ་མདོག་ནག་པོའམ་ནག་སེར་ཅན། |
| ཁྱི་རྔ་སྤྱང་ཚེར |
མཛོ་མོ་ཤིང་གི་མིང་གི་རྣམ་གྲངས་ཤིག |
| ཁྱི་རྔོ |
ཟ་ཕྲུག་ལངས་ནས་སྤུ་བྱི་བའི་ཁྱི་ནད་ཅིག |
| ཁྱི་རྦད་པ |
གཞན་འཛིན་པའམ་རྨུག་པའི་ཕྱིར་ཁྱི་སྐུལ་བ་སྟེ། (དཔེར་ན།) ཆོ་ཆོ་བྱས་ནས་ཁྱི་རྦད་པ། རི་དྭགས་རྔོན་ལ་ཁྱི་རྦད་བཞིན་ཡོད་ལྟ་བུ། |
| ཁྱི་ལས་ལོད |
ཁྱི་ལས་ངན་པ་ཧ་ཅང་ཐ་ཤལ་གྱི་དཔེ། |
| ཁྱི་ལོ |
ལོ་སྐོར་བཅུ་གཉིས་ཀྱི་ནང་ཚན་ཁྱི་ལ་ཁེལ་བའི་ལོ། |
| ཁྱི་ལྡོམ |
བདག་པོ་མེད་པའི་ཁྱི། |
| ཁྱི་ཤིག |
འཇུ་བ། |
| ཁྱི་ཤིང |
ཤིང་སྨན་གྱི་རིགས་ཤིག་རོ་མངར། ཞུ་རྗེས་སྙོམས། ནུས་པས་གློ་ནད་སེལ། ལུད་པ་གྱེན་དུ་འདྲེན། ཡུལ་སྐད་དུ་ཁྱི་ཙག་ཝ་ཟེར། |
| ཁྱི་ཤིང་དམན་པ |
ཤིང་གི་བྱེ་བྲག |
| ཁྱི་སྒོག |
(ཡུལ་སྐད།) རི་ལ་སྐྱེས་པའི་སྒོག་པ་ཞིག |
| ཁྱི་སྤྱང |
ཁྱི་སྤྱང་ཚ་ཞེས་ཁྱིའི་རིགས་ཤིག་སྤྱང་ཀི་དང་འདྲ་ཞིང༌། རང་གཤིས་དྲག་པོ། རྫི་རྣོ་བ་ཞིག་ཡིན། |
| ཁྱི་སྤྱང་ཁ་འགྲིལ |
ཁྱི་སྤྱང་ཁ་མཐུན་ཡང་ཟེར། མི་ངན་ཁ་འགྲིལ་གྱི་དཔེ། |
| ཁྱི་སྤྱང་ཚ |
ཁྱི་སྤྱང་དང་དོན་གཅིག |
| ཁྱི་སྤྱང་ལག་སྦྲེལ |
མི་ངན་ཁ་མཐུན་གྱི་དཔེ། |
| ཁྱི་སྤྲང |
1.ཁྱི་བདག་མེད།2.དབུལ་བོ་ལ་དམོད་ཚིག |
| ཁྱི་སྨྱོན |
སེམས་སྨྱོ་ནད་ཀྱིས་ཟིན་པའི་ཁྱི་ཁྱི་སྨྱོན་ཡིན་ཡང་བདག་པོ་ངོ་ཤེས་ལྟ་བུ། |
| ཁྱི་ཨ་སོབ |
ཁྱི་སྤུ་རིང་པོ་ཞིག |
| ཁྱིགས |
བཀྱིག་གི་སྐུལ་ཚིག་ལུག་ཁྱིགས་ཤིག་ཅེས་པ་ལྟ་བུ། |
| ཁྱིད |
མཁྱིད་དང་འདྲ། |
| ཁྱིད |
མཁྱིད་ཀྱི་འབྲི་ཚུལ་གཞན། |
| ཁྱིམ |
1.ཁྱིམ་ཚང་སྟེ་གཉེན་སྒྲིག་དང་རིགས་རུས་ཀྱི་རྒྱུད་པ་རྨང་གཞི་བྱས་པའི་སྤྱི་ཚོགས་ཀྱི་སྡེ་ཚན་ཞིག་ཡིན་ལ། དེར་ཕ་མ་བུ་ཕྲུག་དང་མཉམ་དུ་འཚོ་བའི་གཉེན་བཤེས་བཅས་འདུས་ཡོད། (དཔེར་ན།) རང་ཁྱིམ་རང་བདག ཁྱིམ་གཅིག་གི་མི། བརྩོན་བསྲིས་ཀྱི་སྒོ་ནས་ཁྱིམ་སྐྱོང་བ་ཞེས་པ་ལྟ་བུ།2.གཟའ་སྐར་རྣམས་ལ་འཛིན་པར་བྱེད་པའི་ལས་ཀྱིས་ཕན་འདོགས་པས་ཁྱིམ་ཟེར་ཏེ (དཔེར་ན།) ཉི་ཁྱིམ་ཞེས་པ་ལྟ་བུ།4.ཉི་མ་ལ་ཁྱིམ་བཅུ་གཉིས་ཡོད་སྟབས། གྲངས་ཚིག་གི་དབང་དུ་བྱས་ན་ཁྱིམ་གྱིས་བཅུ་གཉིས་མཚོན། |
| ཁྱིམ་ཁོལ |
1.ཁྱིམ་ནང་གི་བྲན་གཡོག2.(མངོན་བརྗོད།) རླིགའབྲས་ཕྱུང་བའི་ཁྱོ་ག |
| ཁྱིམ་གནས |
1.ཁྱིམ་ཚང༌།2.ཁྱིམ་དུ་ཡོད་པ།3.(མངོན་བརྗོད།) མནའ་མ། |
| ཁྱིམ་གནས་སྐྱེད་མ |
(མངོན་བརྗོད།) ཨ་མ། |
| ཁྱིམ་གཙོ |
ཁྱིམ་འཛིན་གྱི་གཙོ་བོ། |
| ཁྱིམ་གཙོ་བུད་མེད |
ཁྱིམ་འཛིན་གྱི་གཙོ་བོ་བུད་མེད། |
| ཁྱིམ་གཞིས |
གཏན་དུ་གནས་སའི་གཞིས། |
| ཁྱིམ་གཟའ |
ཉི་མ་ཁྱིམ་སོ་སོར་སླེབས་ཉིན་གྱི་རེས་གཟའ། དེ་ལ་ཁྱིམ་འཕོའི་གཟའ་ཡང་ཟེར། |
| ཁྱིམ་གསར |
གསར་དུ་ཆགས་པའི་ཁྱིམ་ཚང༌། |
| ཁྱིམ་གསར་མ |
མནའ་མ་གསར་པ། |
| ཁྱིམ་གསོ་བ |
1.ཁང་བ་ཉམས་གསོ་བྱེད་པ།2.ཁྱིམ་གྱི་འཚོ་ཐབས་བྱེད་པ། |
| ཁྱིམ་གསོ་སེམས་ཅན |
སྒོ་ཕྱུགས་ཁྲག་ཆགས། |
| ཁྱིམ་གྱི་ཀུན་དགའ་ར་བ |
གླིང་གའམ། སྐྱེད་མོས་ཚལ། |
| ཁྱིམ་གྱི་གཏོར་ཟ |
(མངོན་བརྗོད།) ཁྱིམ་བྱའམ་བྱ་གག |
| ཁྱིམ་གྱི་གཙུག་ཕུད་ཅན |
(མངོན་བརྗོད།) ཁྱིམ་བྱ། |
| ཁྱིམ་གྱི་གོ་རེ་ལོང |
(བརྡ་རྙིང་།) ཁྱིམ་གད་དར་བྱེད་པ། |
| ཁྱིམ་གྱི་གོ་ལ |
ཁྱིམ་གྱི་འཁོར་ལོ་ཟླུམ་པོའི་ཚུལ་གྱིས་འཁོར་བའི་ཉི་མའི་འགྲོ་ལམ། |
| ཁྱིམ་གྱི་དག་ར |
ཁང་པའི་མདུན་གྱི་ར་བ། |
| ཁྱིམ་གྱི་ནོར་བུ |
(མངོན་བརྗོད།) སྒྲོན་མེ། |
| ཁྱིམ་གྱི་བདག་པོ་བཅུ་གཉིས |
ཉི་མ་བཅུ་གཉིས་དང་དོན་གཅིག |
| ཁྱིམ་གྱི་ཚལ |
གླིང་གའམ་སྐྱེད་མོས་ཚལ། |
| ཁྱིམ་གྱི་འཁོར་ལོ |
ཉི་མའི་འགྲོ་ལམ། |
| ཁྱིམ་གྱི་རིག་པ |
འཇིག་རྟེན་གྱི་རིག་རྩལ་ཏེ། ཁྱིམ་སྐྱོང་ཐབས་དང་རྒྱལ་ཁབ་སྐྱོང་ཐབས་ཀྱི་བསྟན་བཅོས་དང་ལུགས་སྲོལ་སོགས། |
| ཁྱིམ་གྱི་རྗེ་དཔོན |
ཁྱིམ་བདག་སྟེ་བཟའ་དཔོན་ལ་ཟེར། |
| ཁྱིམ་གྱི་རྡོ |
(མངོན་བརྗོད།) རི་ལས་འོང་བའི་ཚོན་རྩི། |
| ཁྱིམ་གྱི་སོ་ཚིས |
ཁྱིམ་ཚང་གི་འཚོ་ཐབས། |
| ཁྱིམ་གྲངས |
1.ཁྱིམ་ཚང་མང་ཉུང༌།2.ཁྱིམ་བཅུ་གཉིས་མཚོན་བྱེད་ཀྱི་ཨང་གྲངས་ཏེ་ཐིག་ཤར་ན་ལུག་ཁྱིམ་དང༌། གཅིག་ཤར་ན་གླང་ཁྱིམ། གཞན་རྣམས་རིགས་འགྲེ། |
| ཁྱིམ་གྲོགས |
མཉམ་དུ་ཆགས་པའི་ཐེམ་དུད། |
| ཁྱིམ་གྲོང |
མི་ཚང་གི་གྲོང༌། |
| ཁྱིམ་ཅན |
ཉི་མ་སོགས་ནི་སྐར་ཁྱིམ་ལོངས་སུ་སྤྱོད་པ་པོ་ཡིན་པས་ན་ཁྱིམ་ཅན་ཞེས་བརྗོད། |
| ཁྱིམ་ཆགས |
གཞིས་ཆགས་པ། |
| ཁྱིམ་ཐབ |
བཟའ་ཚོའམ། བཟའ་མི་ཁྱོ་ཤུག་ཕོ་མོ་དེ་གཉིས་ཁྱིམ་ཐབ་སྒྲིག་པའི་དོན་ཏེ། (དཔེར་ན།) ཁྱིམ་ཐབ་བླངས་ཏེ་རང་གི་ཕ་མེས་ཀྱི་གཞིས་འཛིན་བྱས་ལྟ་བུ། |
| ཁྱིམ་ཐབ་མ |
ཆུང་མའམ་ཁྱིམ་བདག་མོ། |
| ཁྱིམ་ཐབས |
1.ཁྱིམ་གྱི་འཚོ་ཐབས་སམ་འཚོ་ཚིས།2.ཁྱིམ་ཐབ་དང་འདྲ། |
| ཁྱིམ་དཔོན |
1.རྒྱལ་པོའམ་བློན་ཆེན་གྱི་ཕྱག་མཛོད་ལྟ་བུ།2.བཟའ་དཔོན་ནམ་ཁྱིམ་བདག |
| ཁྱིམ་དུ་འགྲོ |
(མངོན་བརྗོད།) བྱ་ཕ་ཝང༌། |
| ཁྱིམ་ནང |
1.མི་ཚང་གི་ནང༌།2.ཁྱིམ་པའི་སྡོད་གནས། |
| ཁྱིམ་ནོར |
མི་ཚང་གི་རྒྱུ་ནོར། |
| ཁྱིམ་པ |
ཁྱིམ་པའམ་རབ་ཏུ་མ་བྱུང་བའི་མི་ཁྱིམ་པ་ཕོ་མོའི་དོན་ཏེ། (དཔེར་ན།) གྲྭ་བ་ཁྱིམ་པར་བབས་པ་ལྟ་བུ། |
| ཁྱིམ་པ་བརྟག་པའི་དཔྱད |
ཁྱིམ་པའི་མཚན་ཉིད་དམ་རང་བཞིན་ལ་བརྟག་དཔྱད་བྱེད་པའི་ཐབས། |
| ཁྱིམ་པ་མི་ནག |
མི་སྐྱའམ་རབ་ཏུ་མ་བྱུང་བའི་མི། |
| ཁྱིམ་པ་མོ |
1.ཁྱིམ་པ་བུད་མེད།2.(མངོན་བརྗོད།) མནའ་མ། |
| ཁྱིམ་པ་སུན་འབྱིན་པ |
དགེ་འདུན་པའི་སྤྱོད་ཚུལ་མི་མཛེས་པ་བསྟན་ནས་འཇིག་རྟེན་པ་རྣམས་ཞེ་ཁྲེལ་བར་བྱེད་པ། |
| ཁྱིམ་པ་སྐྱ་བོ |
མི་སྐྱ། |
| ཁྱིམ་པའི་ཆ་ལུགས |
མི་སྐྱ་བོའི་ཆས་གོས་གྱོན་སྟངས། |
| ཁྱིམ་པའི་ཆོས |
ཁྱིམ་པའི་སྤྱོད་ཚུལ་ཏེ། (དཔེར་ན།) གྲྭ་བ་ནི་ནམ་ཡང་ཁྱིམ་པའི་ཆོས་ཀྱིས་མ་བཅིངས་པ་ལྟ་བུ། |
| ཁྱིམ་པའི་མཚན་རྟགས |
སྐྱ་བོའི་རྟགས་མཚན། |
| ཁྱིམ་པའི་ལས |
མི་སྐྱའི་ལས་ཀ། |
| ཁྱིམ་ཕུགས |
(བརྡ་རྙིང་།) ཁྱིམ་འབིགས་པ་དང་དོན་གཅིག |
| ཁྱིམ་ཕུང |
(བརྡ་རྙིང་།) ཁྱིམ་ཚང་ནང་འཁྲུག |
| ཁྱིམ་ཕུབ་པ |
ཁྱིམ་གཞིས་གསར་དུ་བརྒྱབ་པའམ་ཁྱིམ་བཟུང་བའི་དོན་ཏེ། (དཔེར་ན།) ཁོ་བོས་ཁྱིམ་ཕུབ་ནས་ལོ་མང་པོ་ཕྱིན་སོང༌། |
| ཁྱིམ་ཕྱྭ |
ལག་རྩར་བརྟེན་ནས་གཉེན་ཚན་དང་བཅས་པའི་ལེགས་ཉེས་སོགས་བརྟག་དཔྱད་བྱེད་པའི་མོ་ཕྱྭ་ངོ་མཚར་རྩ་བདུན་གྱི་ཡ་གྱལ་ཞིག |
| ཁྱིམ་བཅུ་གཉིས |
སྐར་ཁྱིམ་ཏེ། སའི་གོ་ལས་ཉི་མར་སྐོར་བ་རྒྱག་པའི་མུ་ཁྱུད་ཟླུམ་པོ་ལ་ཆ་མཉམ་བཅུ་གཉིས་སུ་བགོས་པའི་མིང་ལ་ཁྱིམ་བཅུ་གཉིས་ཟེར་ཞིང་། དེ་དག་ནི། བུམ་པ། ཉ། ལུག་འཁྲིག་པ། གླང༌། ཀརྐ་ཊ། སེང་གེ། བུ་མོ། སྲང༌། སྡིག་པ། གཞུ། ཆུ་སྲིན་བཅས་སོ། །མིང་དེ་ལྟར་བཏགས་པའི་རྒྱུ་མཚན་ནི། རི་ཡི་རྒྱལ་པོ་རི་རབ་ལ་གཞུ་དང༌། ཆུ་སྲིན་དང༌། བུམ་པ་དང༌། ཉ་དང༌། ལུག་དང༌། གླང་ལ་སོགས་པའི་གདོང་པའི་དབྱིབས་དང་འདྲ་བའི་ཐད་ཀ་ན་ཉི་མ་གནས་ཚེ་དེ་ལྟར་མིང་འདོགས་ལུགས་གཅིག་དང༌། ཡང་འཛམ་བུའི་གླིང་ན། གཞུ་སྲ་བའི་དུས་དང༌། ཆུ་སྲིན་གྱི་ཁ་ཉི་མ་ལ་བསྟན་ནས་འདུག་པའི་དུས་དང༌། བུམ་པའི་ཆང་གི་ཆང་རོ་ནུས་དང་ལྡན་པའི་དུས་དང༌། ཉ་རྣམས་ཆུ་ལ་རྒྱུ་བའི་དུས་དང༌། ལུ་གུ་སྐྱེ་བའི་དུས་དང༌། གླང་རྣམས་ཀྱིས་ཞིང་རྨོ་བའི་དུས་དང༌། དུད་འགྲོ་རྣམས་འདོད་ཆགས་ལངས་པའི་དུས་དང༌། ཀརྐ་ཊ་ནི་སྦལ་པ་ཡིན་པས་སྦལ་པས་སྐད་འབྱིན་པའི་དུས་དང༌། སེང་གེས་ཆགས་པ་སྤྱོད་པའི་དུས་དང༌། བུ་མོ་རྣམས་མདངས་བཟང་བའི་དུས་དང༌། སྲང་ངམ་ཉ་ག་ལ་ཇ་མར་འདེགས་པའི་དུས་དང༌། སྡིག་པ་རྣམས་ཁུང་དུ་འགྲོ་བའི་དུས་དང༌། ཁ་ཅིག་འདི་དུད་འགྲོ་གསོད་པའི་སྡིག་པའི་དུས་ཀྱང་ཟེར་རོ། ཁྱིམ་གཅིག་གི་ས་ཁྱོན་ནི་རྒྱུ་སྐར་གྱི་རྐང་པ་དགུ་སྟེ་ཡུལ་གྱི་ཆུ་ཚོད་བརྒྱ་དང་སོ་ལྔ་ཡོད། |
| ཁྱིམ་བདག |
1.མི་ཚང་གི་བདག་པོ།2.སྦྱིན་བདག་གཞན་ལ་ལོངས་སྤྱོད་ཀྱི་མཐུན་རྐྱེན་སྤྲོད་པའི་མི། |
| ཁྱིམ་བདག་མོ |
མི་ཚང་གི་བདག་མོ། |
| ཁྱིམ་བདག་ལམ་ལུགས |
གནའ་ནས་ད་བར་སྤྱི་ཚོགས་སུ་དར་པའི་ཁྱིམ་གྱི་སྒྲིག་ལམ་ཞིག་ཡིན་ལ། ཁྱིམ་ལ་བདག་པོ་བྱེད་མཁན་གྱི་སྐྱེས་པའམ་ཨ་མ་ནི་རྗེ་བོ་དང་རྒྱུ་ནོར་གྱི་བདག་པོ་ཡིན་པས་ཁྱིམ་མི་ཚང་མས་ཁོ་ལ་བརྩི་བཀུར་བྱེད་པ་ཡིན། |
| ཁྱིམ་བརྟག་པའི་དཔྱད |
ཁྱིམ་ཚང་གི་ས་དབྱིབས་བཟང་ངན་བརྟག་དཔྱད་བྱེད་ཐབས། |
| ཁྱིམ་བྱ |
1.ཁྱིམ་ནང་དུ་གསོ་བའི་བྱ་དེ་སོགས། མིང་གི་རྣམ་གྲངས་ལ་རྐང་པའི་མཚོན་བྱ་ཅན་དང༌། དགའ་བྱེད། སྔ་བར་སྒྲ་སྒྲོག་ཐོ་རེངས་སྐད་སྒྲོག་བདེ་ལེགས་ཅན། ནོར་བུའི་མགྲིན་ཅན། པགས་པའི་གཙུག་ཕུད་ཅན། འཕེལ་བྱེད། མྱ་ངན་མེད། མཚན་མོ་སྐད་སྒྲོག་མཚན་མོ་རིག། ཟངས་ཀྱི་གཙུག་ཕུད་ཅན། ཟངས་ཟེ་ཅན། ཟུང་གི་སྒྲ་སྒྲོག་འོད་ཀྱི་སྡེ། ཡོངས་ཟླུམ་མིག་གསོ་བྱེད་བཅས་སོ། །2 བྱིའུ་ཞིག་གི་མིང༌། |
| ཁྱིམ་མ |
ལུས་རྩའི་བྱེ་བྲག་ཅིག |
| ཁྱིམ་མཚེས |
ཁྱིམ་ཚང་གི་ཉེ་འགྲམ་དུ་ཡོད་པའི་ཁྱིམ་གྲོགས་ཏེ། ཡུལ་ལ་ལར་གྲོང་རོགས་སམ། གྲོང་པ་ཡང་ཟེར། ཐག་ཉེའི་འགྲམ་དུ་ཡོད་པའི་རྒྱལ་ཁབ་ཕན་ཚུན་ལ་ཡང་ཁྱིམ་མཚེས་རྒྱབ་ཁབ་ཟེར། |
| ཁྱིམ་མི |
ཁྱིམ་ཚང་གཅིག་ཡིན་པའི་མི། |
| ཁྱིམ་ཚང |
ཁྱིམ་ལ་ལྟོས། |
| ཁྱིམ་ཚིས |
མི་ཚང་གི་འཚོ་ཐབས་ཏེ། རྒྱུ་ནོར་ལྟོ་གོས་སོགས་ཀྱི་མཐུན་རྐྱེན་ལ་ཟེར། |
| ཁྱིམ་ཚུགས |
1.མི་ཚང་གི་གཞིའམ་འཚོ་རྟེན།2.ཁྱིམ་གཞི་བརྟན་པོར་ཆགས་ཐུབ་པའི་དོན་ཏེ། (དཔེར་ན།) གྲོང་ཁྱེར་དུ་ཁྱིམ་ཚུགས་ཐུབ་པ་བྱུང་ཞེས་པ་ལྟ་བུ། |
| ཁྱིམ་ཚོ |
མི་ཚང་གི་འཚོ་རྟེན་ནམ་རང་ཚུགས་ཐུབ་པའི་ནུས་པའི་དོན་ཏེ། (དཔེར་ན།) མི་ཚང་ཁྱིམ་ཚོ་ཟིན་པའི་ཆེད། བརྩོན་པའི་དཀའ་བ་མང་དུ་སྤྱད་ལྟ་བུ། |
| ཁྱིམ་ཞག |
ཉི་མ་ཁྱིམ་རེར་འཕོ་བའི་ཡུན་ཚད་སུམ་ཅུར་བགོས་པའི་ཆ་ཤས་གཅིག |
| ཁྱིམ་ཞག |
སྐར་རྩིས་ཀྱི་བརྡ་ཞིག་སྟེ། (དཔེར་ན།) སའི་གོ་ལས་ཉི་མར་སྐོར་བ་གཅིག་རྒྱག་པའི་ཡུན་ལ་ཆ་སུམ་བརྒྱ་རེ་ལྔ་བྱས་པའི་ཆ་གཅིག་ལ་ཉིན་ཞག་གཅིག་བྱས་པའི་མིང་། |
| ཁྱིམ་ཞག་དཀྱིལ་འཁོར |
ཁྱིམ་ལོ་གཅིག་གམ་ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་ཐམ་པ། |
| ཁྱིམ་ཞག་དུས་ཀྱི་རྟག་ལོངས |
ཁྱིམ་ཞག་གཅིག་གི་དུས་ལོངས་ཏེ། ཡུལ་ལོངས་དུས་ཚོད་བཞི་དང་ཆུ་སྲང་སུམ་ཅུའམ་ཉིན་ཞག་གི་ཆུ་ཚོད་དྲུག་ཅུ་དང༌། ཆུ་སྲང་ང་གཉིས། དབུགས་བཞི། དབུགས་གཅིག་དུས་མདའ་མཁའ་རི་ཡིད་ཀྱི་ཆར་བྱས་པའི་ཆ་ཤས་སུམ་ཁྲི་ལྔ་སྟོང་བརྒྱ་ཕྲག་གཅིག་དང་བཞི་ཡིན། |
| ཁྱིམ་ཟླ |
1.བཟའ་ཟླ།2.ཁྱིམ་ཞག་སུམ་ཅུ་ཚང་བའི་དུས་ཏེ། ཉི་མས་རང་འགྲོས་ཀྱིས་ཡུལ་གྱི་ཆུ་ཚོད་མདའ་ཡོན་ཟླ་བ་བགྲོད་པའི་ཡུན་ཚད་དེ་ལ་ཁྱིམ་ཟླ་ཞེས་བྱའོ། ། |
| ཁྱིམ་ཟླའི་དུས་ཀྱི་རྟག་ལོངས |
གཟའི་རང་འཁོར་བཞི་སོང་ཟིན་པའི་འཕྲོ་ན་གཟའ་གནས་སུ་གཉིས་དང༌། ཆུ་ཚོད་ཉེར་དྲུག་ཆུ་སྲང་ཉེར་གཅིག་དབུགས་གཅིག་དབུགས་གཅིག་རི་རོའི་ཆ་བཅུ། རི་མཁའ་རིའི་ཚ་ལྔ་བརྒྱ་དོན་གསུམ། འདོད་ཆ་གཉིས་བཅས་སོ། ། |
| ཁྱིམ་འཕོ |
ཉི་ཟླ་ཁྱིམ་ནས་ཁྱིམ་དུ་འཕོ་བ། ལག་ལེན་བྱེད་སྐབས་སུ་དོན་གྱི་ཁྱིམ་འཕོ་དང་བྱེད་སླའི་ཁྱིམ་འཕོ་གཉིས་ཡོད། |
| ཁྱིམ་འབིགས་པ |
1.རྐུན་མ་སོགས་ཀྱིས་ཁང་ཁྱིམ་གྱི་རྩིག་པར་བུག་པ་རྟོལ་བ།2.(མངོན་བརྗོད།) རྐུན་མ་དང་ཙི་ཙི་སོགས་རྩིག་པར་བུག་པ་རྟོལ་མཁན། |
| ཁྱིམ་འབྱོར་པ |
མི་ཚང་ཕྱུག་པོ། |
| ཁྱིམ་འཚོ |
1.ཁྱིམ་ཚང་ལ་འཚོ་སྐྱོང་བྱེད་པ།2.ཁྱིམ་དང་འཚོ་བའི་བསྡུས་མིང༌། |
| ཁྱིམ་འཛིན |
ཁྱིམ་སོ་འཛིན་མཁན། |
| ཁྱིམ་འཛིན་མ |
ཆུང་མའམ། ཁྱིམ་བདག་མོ། |
| ཁྱིམ་རྒྱུད |
མི་ཚང་གི་རིགས་རྒྱུད། |
| ཁྱིམ་ལས |
མི་ཚང་གི་ཕྱི་ནང་ལས་ཀ |
| ཁྱིམ་ལོ |
ཉི་མ་རང་འགྲོས་ཀྱིས་རྒྱུ་སྐར་འཁོར་ལོ་རྫོགས་པར་སྤྱོད་པ་ལ་བརྟེན་ནས་ས་ལ་དུས་བཞི་འཁོར་ཚུལ་གྱི་ཁྱིམ་བཅུ་གཉིས་རྫོགས་པར་འཆར་བ་ལ་ཁྱིམ་ལོ་ཞེས་བཏགས་པའོ། ། ཁྱིམ་ལོ་གཅིག་ལ་ཁྱིམ་ཞག་སུམ་བརྒྱ་དང་དྲུག་ཅུ་ཐམ་པ། ཉིན་ཞག་སུམ་བརྒྱ་དྲུག་ཅུ་རེ་ལྔ་དང་མིག་ཀླུ་མེ་སྐྱོན་གྱི་ཆ་4975) སྐྱོན་སྟོན་ལོ་འཕོའི་ཐད་ལ་ལྟོས། ། |
| ཁྱིམ་ལྡན |
(མངོན་བརྗོད།) སྲོག་ཆགས་རྩངས་པ། |
| ཁྱིམ་ལྷ |
ཁྱིམ་དུ་གནས་པའི་མི་མ་ཡིན། |
| ཁྱིམ་ས |
ཁྱིམ་ཆགས་སའམ་ཡོད་ས། |
| ཁྱིམ་སུན་འབྱིན་པ |
ཁྱིམ་པ་སུན་འབྱིན་པ་དང་དོན་གཅིག |
| ཁྱིམ་སུན་འབྱིན་པའི་ལྷག་མ |
དགེ་འདུན་ལྷག་མ་བཅུ་གསུམ་ལས། བསྒོ་བ་ལས་གྱུར་པའི་ལྷག་མ་བཞིའི་ནང་གསེས། བསླབ་པ་དང་འགལ་བའི་ངན་སྤྱོད་ཀྱིས་ཁྱིམ་པ་རྣམས་སུན་འབྱིན་པར་བྱས་ཏེ། མ་དད་པ་བྱེད་པའི་ཚེ་དགེ་སློང་དེ་དགེ་འདུན་གྱི་གནས་ནས་བསྐྲད་པ་ན་སྐྲོད་བྱེད་དགེ་འདུན་ལ་བསྐུར་བ་འདེབས་པ་ལན་གསུམ་གྱི་བར་དུ་བཟློག་ཀྱང་མི་ཉན་པའོ། ། |
| ཁྱིམ་སོ |
ཁྱིམ་ཚང་གི་འཚོ་རྟེན་ནམ་རང་སྐྱ་ཐུབ་པའི་ནུས་པའི་དོན་ཏེ། (དཔེར་ན།) འགྲོ་གྲོན་གཏོང་ཐབས་མཁས་ན་མི་ཚང་ཁྱིམ་སོ་ཟིན་ཐུབ་ཅེས་པ་ལྟ་བུ། |
| ཁྱིམ་སོ་འཛིན་པ |
1.མི་ཚང་སྐྱོང་བ།2.མི་ཚང་སྐྱོང་མཁན།3.བག་མར་འགྲོ་བ། |
| ཁྱིམ་སོགས་ཀྱི་སྡེ་ཚན |
ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས། བཅུ་ཚན་དྲུག་པ་ལ། ཟན་གཅོད་དུ་འཇུག་པའི་ལྟུང་བྱེད་དང༌། མེ་ལ་རེག་པའི་ལྟུང་བྱེད་དང༌། འདུན་པ་ཕྱིར་བསྒྱུར་བའི་ལྟུང་བྱེད་དང༌། ནུབ་གཅིག་ལྷག་པོར་ཉལ་བའི་ལྟུང་བྱེད་དང༌། སྡིག་ལྟ་མི་གཏོང་བའི་ལྟུང་བྱེད་དང༌། སྤང་བའི་རྗེས་སུ་ཕྱོགས་པའི་ལྟུང་བྱེད་དང༌། དགེ་ཚུལ་བསྙིལ་བ་སྡུད་པའི་ལྟུང་བྱེད་དང༌། གོས་ཁ་མ་བསྒྱུར་བ་གྱོན་པའི་ལྟུང་བྱེད་དང༌། རིན་པོ་ཆེ་ལ་རེག་པའི་ལྟུང་བྱེད་དང༌། ཁྲུས་བྱེད་པའི་ལྟུང་བྱེད་བཅས་བཅུའོ། ། |
| ཁྱིམ་སྐྱོང |
1.ཁྱིམ་ཚང་སྐྱོང་བ་པོ།2.ཁྱིམ་སྐྱོང་བར་བྱེད་པ། |
| ཁྱིམ་སྔགས་པ |
མི་སྐྱ་སྔགས་འཆང་བ། |
| ཁྱིམ་སྟོང་པ |
མི་ནོར་མེད་པའི་ཁང་ཁྱིམ། |
| ཁྱིམ་སྟོངས་པ |
མི་ཚང་འཐོར་བ། |
| ཁྱིམ་སྤངས |
ཁྱིམ་སྲིད་བློས་བཏང་བ། |
| ཁྱིམ་སྤོ |
སྡོད་གནས་སྤོ་བ། |
| ཁྱིམ་སྦྱོང |
(བརྡ་རྙིང་།) བྱི་བ། |
| ཁྱིམ་སྲ་ཚོ |
མི་ཚང་རང་ཚུགས་ཐུབ་པའི་ནུས་པའི་དོན་ཏེ། (དཔེར་ན།) ཁྱིམ་སྲ་ཚོ་ཟིན་ན་མི་ནོར་ཤུགས་ཀྱིས་འཁོར་ཡོང༌ལྟ་བུ། |
| ཁྱིམ་སྲིད་དམས་པ |
(བརྡ་རྙིང་།) ཁྱིམ་གྱི་འབྱོར་བ་ཉམས་པ། |
| ཁྱིམ་སླེབ |
ལྷོ་གླིང་དབུས་མའི་ཚངས་ཐིག་གཞིར་བཞག་ནས་ཉི་མ་ཁྱིམ་བཅུ་གཉིས་སོ་སོར་ཐོག་མར་སླེབས་པའི་ཆུ་ཚོད་ནི། ལུག་ཐ་སྐར། ཆུ་ཚོད་0 གླང༌། སྨིན་དྲུག་ཆུ་ཚོད་15 འཁྲིག་མགོ། ཆུ་ཚོད་30 ཀརྐ་ཊ། ནབས་སོ། ཆུ་ཚོད་45 སེང་གེ། མཆུ། ཆུ་ཚོད་0 བུ་མོ། དབོ། ཆུ་ཚོད་15 སྲང༌། ནག་པ། ཆུ་ཚོད་30 སྡིག་ས་ག། ཆུ་ཚོད་45 གཞུ། སྣུབས། ཆུ་ཚོད་0 ཆུ་སྲིན། ཆུ་སྨད། ཆུ་ཚོད་15 བུམ་པ། མོན་གྲེ། ཆུ་ཚོད་30 ཉ། ཁྲུམས་སྟོད། ཆུ་ཚོད་45 བཅས་སོ། ། |
| ཁྱིའུ |
1.གས་སྲུབས་ཇེ་ཆེར་གཏོང་བའམ་ཇེ་དམ་དུ་གཏོང་ཆེད་དུ་གདབ་པའི་ཤིང་ཕུར་དང་ལྕགས་ཕུར་ལྟ་བུའི་མིང་སྟེ། (དཔེར་ན།) ཤིང་སྲུབས་ལ་ཁྱིའུ་གདབ རྡོ་སྲུབས་ལ་ལྕགས་ཁྱིའུ་གདབ་ཅེས་པ་ལྟ་བུ། 2.ལྷམ་ཚུགས་འདོད་བྱེད་ཀྱི་ཡོ་བྱད་ཅིག་གི་མིང་སྟེ་ཡོངས་གྲགས་ལ་ལྷམ་ཁྱིའུ་ཟེར་ཏེ། (དཔེར་ན།) ལྷམ་ལ་ལྷམ་ཁྱིའུ་བརྒྱབ་ཅེས་པ་ལྟ་བུ། |
| ཁྱིའུ་ཀ |
བཅད་འཕྲོ། |
| ཁྱིར |
(བརྡ་རྙིང་།) ཆང་ཁྱིར་རམ་ཆང་རྫ། |
| ཁྱིལ |
(རྒྱན་ཚིག) དུང་གི་རི་མོ་ལྟ་བུའི་དབྱིབས་ཀྱི་དོན་ཏེ། (དཔེར་ན།) སྐྲ་ཁྱིལ། དུང་ཁྱིལ། གཡས་སུ་ཁྱིལ་བ་ཞེས་པ་ལྟ་བུ། |
| ཁྱིལ་གྱིས་སྡོད |
མྱུར་དུ་སྡོད་པའི་རྣམ་པ་ཞིག་སྟེ། (དཔེར་ན།) ང་འགྲོ་ཞེས་ཤར་རེར་འགྲོ། ང་སྡོད་ཅེས་ཁྱིལ་གྱིས་སྡོད་ཅེས་པ་ལྟ་བུ། |
| ཁྱུ |
མི་དང་སྲོག་ཆགས་མང་པོ་མཉམ་དུ་འདུས་པའི་མིང་སྟེ། (དཔེར་ན།) མི་ཁྱུ། ལུག་ཁྱུ། བྱ་ཁྱུ། ལུག་ཁྱུའི་ར། རྟ་ཁྱུའི་རྐྱང་ཞེས་པ་ལྟ་བུ། |
| ཁྱུ་གཡག |
འབྲས་བུ་མ་ཕྱུང་བའི་ཕ་གཡག |
| ཁྱུ་པ |
ཁྱུ་གཡག་དང་དོན་གཅིག |
| ཁྱུ་བསྒྲིགས |
སེམས་ཅན་རིགས་མཐུན་སོ་སོའི་ཚོགས་གྲལ་བསྡེབས་པ། |
| ཁྱུ་མ |
ལེགས་སྦྱར་སྐད་ཀྵུ་མཱ་ཞེས་པའི་ཟུར་ཆག་སྟེ་སོ་མ་རཱ་ཛཱའམ་ཟར་མའི་རིགས་ཤིག |
| ཁྱུ་མཆོག |
1.མང་པོའི་ནང་གི་མཆོག་ཏུ་གྱུར་པ་སྟེ། (དཔེར་ན།) མིའི་ནང་གི་ཁྱུ་མཆོག་དམ་པ་ཞེས་པ་ལྟ་བུ།2.(མངོན་བརྗོད།) ཆུ་རྟ་ལོ། |
| ཁྱུ་མཆོག་གི་སྟབས་སུ་གཤེགས་པའི་དཔེ་བྱད |
སངས་རྒྱས་ཀྱི་དཔེ་བྱད་བཟང་པོ་བརྒྱད་ཅུའི་ནང་གསེས་ཤིག་འཁོར་གྱི་སྣ་དྲགས་པ་ལ་མཆོག་ཏུ་མཁས་པ་ཉིད་ཀྱིས་ཁྱུ་མཆོག་གི་སྟབས་སུ་གཤེགས་པ། |
| ཁྱུ་མཆོག་ཅན |
(མངོན་བརྗོད།) ཧོར་ཟླ་བརྒྱད་པ། |
| ཁྱུ་མཆོག་མིག་དམར |
(མངོན་བརྗོད།) མ་ཧེ། |
| ཁྱུ་མཆོག་རྐང་པ |
(མངོན་བརྗོད།) ཁྲུམས་ཀྱི་ཟླ་བ་སྟེ་ཧོར་ཟླ་བརྒྱད་པ། |
| ཁྱུ་མཆོག་རྒྱལ་མཚན |
(མངོན་བརྗོད།) ལྷ་དབང་ཕྱུག་ཆེན་པོ། |
| ཁྱུ་ཚན |
(བརྡ་རྙིང་།) རྒྱུ་སྟོབས་ཆེན། |
| ཁྱུ་འུར་རྒྱུག་པ |
སེམས་ཅན་མང་པོའི་ཚོགས་འུར་རྒྱུག་བྱེད་པའམ། འདྲོག་པ། |
| ཁྱུ་ཡི་བདག |
(མངོན་བརྗོད།) གླང་པོ་མཆོག |
| ཁྱུ་ཡི་མགོན་པོ |
(མངོན་བརྗོད།) གླང་པོ་མཆོག |
| ཁྱུ་རྩེད |
མང་པོ་འདུས་ཏེ་མཉམ་དུ་གར་རྩེད་རྩེ་བ། |
| ཁྱུ་སྐད |
མང་པོ་ཚོགས་པའི་འུར་སྐད། |
| ཁྱུ་སྐྱོང |
སེམས་ཅན་མང་པོ་འཚོ་མཁན་གྱི་རྫི་བོ། |
| ཁྱུ་སྣ་འདྲེན་པ |
ཚོགས་པའི་འགོ་འཁྲིད་པ། |
| ཁྱུག་ཁྱུག |
1.(རྒྱན་ཚིག) གྱ་གྱུར་གཡོ་བའི་རྣམ་པ་སྟེ། (དཔེར་ན།) གློག་ཁྱུག་ཁྱུག་བྱེད། གློག་ཞགས་ཁྱུག་སེ་ཁྱུག ཉ་མོ་ཁྱུག་ཁྱུག་བརྐྱལ་ལྟ་བུ། 2.ཅུང་ཟད་ཀྱི་དོན་ཏེ། (དཔེར་ན།) ལམ་ལ་ཁྱུག་ཙམ་སོང་། ཟས་ཁྱུག་ཙམ་ཟོས་ལྟ་བུ། |
| ཁྱུག་གེ་བ |
(རྒྱན་ཚིག) མྱུར་སྟབས་སུ་གཡོ་ཚུལ་ཞིག་སྟེ། (དཔེར་ན།) ཐག་རིང་ནས་མེ་འོད་དམར་ཁྱུག་གེ་བ་ཞིག་མཐོང་བྱུང༌ལྟ་བུ། |
| ཁྱུག་པ |
མྱུར་པོའི་དོན་ཏེ། (དཔེར་ན།) སེམས་ཁྲལ་བྱས་ཏེ་ཁྱུག་གིས་འགྲོ་བ། མི་དེ་ལས་ཀ་བྱེད་དུས་བདེ་ཅག་ཁྱུག་པ་ལ་ཞེས་པ་ལྟ་བུ། |
| ཁྱུག་པོ |
འཁྱོག་པོ་ཡི་འབྲི་ཚུལ་གཞན། |
| ཁྱུག་ཙམ |
ཧྲིལ་ཙམ་མམ་ཡུད་ཙམ་གྱི་དོན་ཏེ། (དཔེར་ན།) ཁྱོད་རང་འདིར་ཁྱུག་ཙམ་ཕེབས་རོགས་གནང༌། འདི་གར་ཁྱུག་ཙམ་ཡོང་ནས་ཡང་བསྐྱར་གཞན་དུ་ཕྱིན་སོང༌ལྟ་བུ། |
| ཁྱུགས་སེ་ཁྱུག |
ཤིན་ཏུ་མྱུར་བའི་ཚུལ་ཏེ། (དཔེར་ན།) མུན་ནག་གི་ནང་དུ་གློག་འོད་ཁྱུགས་སེ་ཁྱུག་ལྟ་བུ། |
| ཁྱུང |
1.སྔར་གྱི་བཤད་སྲོལ་ལ་བྱ་ཆེན་ཞིག་མི་རིགས་སོ་སོའི་གཤད་ཚུལ་མི་འདྲ་སྟབས་བྲིས་པའི་གཟུགས་བརྙན་ཡང་སྣ་ཚོགས་ཡོད། (དཔེར་ན།) ཁྱུང་མཁའ་ལྡིང་སྙི་ལ་འཛིན་ཐབས་མེད། སྟག་དམར་ཡག་ཐག་པས་བཏགས་ཐབས་མེད་ཅེས་པ་ལྟ་བུ། 2.སྔར་བོད་ཀྱི་ཡབ་འབངས་རུས་དྲུག་གི་གྲས་ཤིག |
| ཁྱུང་ཁྲ |
བྱ་ཁྱུང་སྤུ་མདོག་ཁྲ་བོ་ཅན་ཞིག |
| ཁྱུང་ཆེན |
ནམ་མཁའ་ལྡིང༌སྟེ་བྱ་ཆེན་ཞིག། |
| ཁྱུང་ཆེན་སྐེ་རིང |
ཁྲུང་ཁྲུང༌། |
| ཁྱུང་ཐུར་ཅན |
(མངོན་བརྗོད།) 1>གོ་ཁྲབ། 2>རྨོག་གམ་ལྕགས་ཞྭ། |
| ཁྱུང་དཀར |
གནག་ཕྱུགས་མཛོའི་མིང་སྟེ། (དཔེར་ན།) ཁྱུང་དཀར་མཛོ་ཡི་བཀའ་དྲིན་ལ་རྟོལ་བོ་རོག་པོ་དབུས་ལ་སླེབས་ཞེས་པ་ལྟ་བུ། |
| ཁྱུང་པོ |
1.ཁམས་ཁྱུང་པོ་ཞེས་པའི་ཡུལ།2.སྲོང་བཙན་སྒམ་པོའི་སྐབས་བོད་ཀྱི་རིགས་རུས་ཤིག་གི་མིང་སྟེ་གཙང་སྨད་ས་ཁུལ་ལ་དབང་བསྒྱུར་ཡོད། |
| ཁྱུང་པོ་སེར་ཚ |
སེར་ཚ་དང་དོན་གཅིག |
| ཁྱུང་པོ་སྟེང་ཆེན |
སྟེང་ཆེན་དང་དོན་གཅིག |
| ཁྱུང་ལྔ |
བོད་ཀྱི་སྨན་པས་ཨ་རུ་དང་སྨན་ཆེན། ཤུ་དག རུ་རྟ། གླ་རྩི་སོགས་བསྡེབས་པའི་སྨན་གྱི་རིལ་བུ་ཞིག་གི་མིང་། |
| ཁྱུང་སེང་འདུས |
1.བྱ་ཁྱུང་དང་སེང་གེ་འཁྲིག་པ།2.སེང་གེ་རྐང་པ་བརྒྱད་པ། |
| ཁྱུང་སྐྱུགས |
ཁྱུང་གིས་སྦྲུལ་ཟོས་པ་ལས་བྱུང་བར་གྲགས་པའི་རིན་པོ་ཆེ་ཞིག་གཡུ་རྙིང་ལས་ཅུང་ཟད་མཐིང་མདངས་ཆགས་པ་ཞིག་ནུས་པས་དུག་ནད་དང༌། མཆིན་ནད། མཛེ་ནད་སོགས་འཇོམས། ཡོངས་གྲགས་ལ་མཆོང་ཟེར། རྒྱན་ཆ་བྱེད་ཆོག་ལ་སྨན་ཡང་བྱེད་ཆོག |
| ཁྱུང་སྐྱེས |
(མངོན་བརྗོད།) མརྒད། |
| ཁྱུང་སྔོན་སྐྱེས |
(མངོན་བརྗོད།) སྐྱ་རེངས། |
| ཁྱུང་སྡེར |
1.མདོ་དབུས་ས་ཆའི་རྫ་མཐོ་སའི་སྤང་ལྗོངས་སུ་སྐྱེ་བའི་རྩྭ་ལྡུམ་ཞིག་ཡིན། ལོ་མ་ས་ལ་བཀབ་པ་ལྟར་སྐྱེས་ཤིང་སྣེ་ན་སྡེར་མོའི་དབྱིབས་ཅན་གྱི་ཚེར་མ་གུག་པོ་ཞིག་ཡོད། མདོག་དམར་ཞད་ཆེ་བ་དང་ནག་ཞད་ཆེ་བ་གཉིས་ཡོད་པས། ཁྱུང་སྡེར་དཀར་པོ་དང་ཁྱུང་སྡེར་སྨུག་པོ་རིགས་གཉིས་ཡོད། རྩྭ་ཡོངས་རྫོགས་སྨན་བྱེད་ཆོག 2.བྱ་ཁྱུང་གི་སྡེར་མོ།3.ཤིང་སྨན་ཞིག |
| ཁྱུང་སྡེར་དཀར་པོ |
ཤིང་སྨན་གྱི་ནང་ཚན་བྱ་ཕོའི་ཕྱི་སྡེར་དང་འདྲ་བ་ཞིག་ནུས་པས་དུག་ཚད་སེལ། |
| ཁྱུང་སྡེར་སྨུག་པོ |
ཤིང་སྨན་རིགས་བྱ་རོག་གི་སྡེར་མོ་བསྐུམ་པ་འདྲ་བ་ཞིག་ནུས་པས་དུག་ཚད་སེལ། |
| ཁྱུད |
ཁོར་ཡུག་ཏུ་ཡོད་པའི་ར་བའམ་མཐའ་སྐྱོར་སོགས་ཀྱི་མིང་སྟེ། (དཔེར་ན།) འཁོར་ལོའི་ཁྱུད་མོ མུ་ཁྱུད་ཅེས་པ་ལྟ་བུ། |
| ཁྱུད་ཁོར |
ཁྱུད་འཁོར་དང་འདྲ། |
| ཁྱུད་མོ |
1.མུ་ཁྱུད་དམ། རྭ་བ།2.ལག་པ་གཉིས་ཀྱི་མཛུབ་མོའི་རྩེ་ཐུག་པའི་བར་གྱི་རིང་ཚད་དེ། (དཔེར་ན།) རྩྭ་ཁྱུད་གང༌། ཤིང་སྡོང་ཁྱུད་མོ་དོ་ལྟ་བུ། |
| ཁྱུད་འཁོར |
ལོ་ཧྲིལ་པོའི་མིང་སྟེ། (དཔེར་ན།) ལོ་ཁྱུད་འཁོར་ལྔ་ཞེས་པ་ལྟ་བུ། |
| ཁྱུད་འཁོར་ལོ |
ལོ་ཧྲིལ་པོའམ་ལོ་འཁོར་མོ། |
| ཁྱུར |
རིལ་བོའི་མིང་སྟེ། (དཔེར་ན།) སྨན་རིལ་ཁྱུར་མིད་བྱས། སྦྲུལ་གྱིས་བྱིའུ་ཁྱུར་མིད་བྱེད་ལྟ་བུ། |
| ཁྱུར་ཁྱུར |
(རྒྱན་ཚིག) གྱ་གྱུའི་འགྲོ་སྟངས་ཏེ། (དཔེར་ན།) ཉ་རྣམས་ཆུ་ནང་དུ་ཁྱུར་ཁྱུར་འགྲོ། དུག་སྦྲུལ་རྩྭ་ཁྲོད་དུ་ཁྱུར་ཁྱུར་རྒྱུག་ལྟ་བུ། |
| ཁྱུར་དགའ |
(མངོན་བརྗོད།) འབྲོག་པ། |
| ཁྱུར་པོ |
(རྒྱན་ཚིག) རིལ་པོའི་དོན་ཏེ། (དཔེར་ན།) ལོ་གཅིག་ཁྱུར་པོ། ཟླ་གཅིག་ཁྱུར་པོ། ཉིན་མཚན་ཁྱུར་པོ་ཞེས་པ་ལྟ་བུ། |
| ཁྱུར་མིད |
ཁྱུར་པོའམ་རིལ་པོར་མིད་པའི་དོན་ཏེ། (དཔེར་ན།) ཤ་རྡོག་ཁྱུར་མིད་གཏོང་བ། བཙན་རྒྱལ་གྱིས་རྒྱལ་ཕྲན་རྣམས་ཁྱུར་མིད་བཏང་ལྟ་བུ། |
| ཁྱེ |
བཀྱེས་ཀྱི་སྐུལ་ཚིག་སྟེ། (དཔེར་ན།) ཁྱེ་ཁྱེ་དམག་དཔུང་དགྲ་ལ་ཁྱེ་ལྟ་བུ། |
| ཁྱེ་ཆུང |
1.བུ་དང་བུ་མོ་ཆུང་ཆུང༌།2.(བརྡ་རྙིང་།) ཁེ་བཟང་ཆུང་བ། |
| ཁྱེ་ཉེན |
ཁེ་ཉེན་དང་དོན་འདྲ། |
| ཁྱེ་པ |
(བརྡ་རྙིང་།) ཁེ་པ་ཚོང་སྤོགས་སྒྲུབ་མཁན། |
| ཁྱེ་པོ |
ཕོ་འཕྱོན་པའམ་འཆལ་པོ། |
| ཁྱེ་བཤང་མཚོ |
སྐམ་སའི་མཚོ་ཞིག་བོད་ཀྱི་དཔལ་མགོན་རྫོང་ཁོངས་རྩ་སྐྱ་གཙང་པོའི་བྱང་ངོས་སུ་ཡོད། |
| ཁྱེ་བོ |
གྲི་གུག་དྲ་བྱེད་ཀྱི་ལག་ཆ་ཞིག |
| ཁྱེ་བོགས་མཁན |
(བརྡ་རྙིང་།) ཁེ་སྐྱེད་མཁན་དང་ཚོང་པ། |
| ཁྱེ་མ |
པགས་ནད་ཀྱི་བྱེ་བྲག་ཅིག་སྟེ། ཡུལ་སྐད་དུ་ཁྱི་རྨ་ཟེར་ཞིང་། སྨན་གཞུང་དུ་གླང་ཤུ་ཟེར་བ་དེའི་མིང་། |
| ཁྱེ་མ་ཁྱེ |
(བརྡ་རྙིང་།) རྒྱལ་ཕམ་དང༌། ཁེ་གུན། |
| ཁྱེ་སྤོགས |
ཁེ་སྤོགས་དང་དོན་འདྲ། |
| ཁྱེད |
1.ཁྱོད་ཀྱི་ཞེ་ས་སྟེ། (དཔེར་ན།) ཁྱེད་གང་ལ་ཕེབས། ཁྱེད་རང་སྐུ་གཟུགས་བདེ་མོ་ཡིན་ནམ་ལྟ་བུ། 2.བཀྱེད་ཀྱི་སྐུལ་ཚིག |
| ཁྱེད་པ |
1.(བརྡ་རྙིང་།) འདང་བ།2.སྙོམས་པ། |
| ཁྱེམ |
ས་རྐོ་ལེན་བྱེད་པའི་ཡོ་བྱད་ཅིག་གྲུ་ཁྱེམ། ལྕགས་ཁྱེམ། མེ་ཁྱེམ་ཞེས་པ་ལྟ་བུ། |
| ཁྱེམ་པོ |
སྦྱག་མ་དང༌། དྲུ་སྐྱ། ཀོ་སྐྱ་སོགས་ཁྱེམ་ཆེ་བ། |
| ཁྱེམ་པོ |
ས་རྐོ་བྱེད་དང་ཡུར་མ་ཡུར་བྱེད་ཀྱི་ཡོ་བྱད་ཅིག་གི་མིང་སྟེ། ཆེ་བ་ལ་ཁྱེམ་པོ་དང་ཆུང་བ་ལ་ཁྱེམ་བུ་ཟེར།ཁྱེམ་དང་འདྲ། |
| ཁྱེམ་བུ |
མེ་ཁྱེམ་དང་ཟ་ཐུར་སོགས་ཁྱེམ་ཆུང་བ། |
| ཁྱེའུ |
1.མིའི་ཕྲུ་གུ། ཁྱེའུ་ཕོ་མོ། 2.གྲི་གུག |
| ཁྱེའུ |
བཙས་ནས་ཡུན་རིང་མ་ལོན་པའི་བྱིས་པའི་མིང་སྟེ། (དཔེར་ན།) ཁྱེའུ་ཆུང་། ཁྱེའུ་ནུ་ཞོ་འཐུང་མཁན་ཞེས་པ་ལྟ་བུ། |
| ཁྱེའུ་ཁ |
ལོ་ཏོག་གི་མྱུ་གུ་དང༌། མེ་ཏོག་གི་ཐིའུ། ཤིང་ལོ་གསར་དུ་ཁ་འབུས་པ། |
| ཁྱེའུ་གེལ་པོ |
ཕྲུ་གུ་ཤ་རྒྱགས་པ། |
| ཁྱེའུ་ཆུང |
མིའི་ཕྲུ་གུ་ཆུང་ངུ། |
| ཁྱེའུ་ཐོན་པ |
1.མིའི་ཕྲུ་གུ་བཙའ་བ།2.ལོ་ཏོག་དང༌། ཤིང་སོགས་ཀྱི་མྱུ་གུ་ཁ་འབུས་པ། |
| ཁྱེའུ་ཕོ་རོག་སྐྲོད་ནུས་པ |
བུ་གཞོན་ནུ་བྱ་རོག་རྒྱང་དུ་འབུད་ནུས་པ་ལོ་བཞིའམ་ལྔ་སླེབས་པའི་བུ་ཆུང་རབ་ཏུ་བྱུང་ཆོག་པ། |
| ཁྱེའུ་ཚང |
གསར་བའི་བརྡ་རྙིང་། |
| ཁྱེའུ་སུས |
དུས་ངེས་མེད་དུ་ཟ་བའི་ཟས་དང་སྨན་གྱི་མིང་སྟེ། (དཔེར་ན།) ཟས་ཁྱེའུ་སུས་ཟ་བ། སྨན་ཁྱེའུ་སུས་གཏོང་བ་ཞེས་པ་ལྟ་བུ། |
| ཁྱེར |
1.འཁྱེར་བའི་སྐུལ་ཚིག་དང་འདས་པ། (དཔེར་ན།) ཅ་ལག་འདི་ཁྱེར་ཞིག ཅ་ལག་ཁྱེར་ནས་ཁྱིམ་ལ་སོང་ལྟ་བུ།2.ར་བའི་དོན་ལ་འཇུག་སྟེ། (དཔེར་ན།) ཁང་བའི་ཁ་ཁྱེར། ཁྱེར་གཞན་གྱིས་བར་མ་བཅད་པ་ལྟ་བུ།2.(བརྡ་རྙིང་།) ཁང་ཐོག |
| ཁྱེར་བ |
འཁྱེར་བའི་འདས་པ། |
| ཁྱེལ |
(རྒྱན་ཚིག) ཁྲིའུ་ལ་འཕོངས་སྟེགས་སུ་འདུག་པའི་འདུག་སྟངས་ཏེ། (དཔེར་ན།) བཟང་པོའི་འདུག་སྟངས་ཁྱེལ་བཞུགས་ཀྱི་ཚུལ་ཞེས་པ་ལྟ་བུ། |
| ཁྱེལ་བཞུགས་པ |
རྐུབ་སྟེགས་ལ་ཙོག་པོར་སྡོད་པ་བཟང་པོའི་འདུག་སྟངས་ཁྱེལ་བཞུགས་པ་ལྟ་བུ། |
| ཁྱེས |
འགྱེད་པའི་སྐུལ་ཚིག |
| ཁྱོ |
གཉེན་སྒྲིག་བྱས་པའི་ཕོ་ལ་ཁྱོ་དང་བུད་མེད་ལ་ཆུང་མ་ཟེར། འདི་ལ་ཁྱོ་བོ་ཞེས་འབྲི་སྲོལ་ཡང་ཡོད། ཕོ་སྐྱེས་ལ་ཁྱོ་བོ་དང་ཆུང་མ་ལ་ཁྱོ་མོ་ཡང་ཟེར། |
| ཁྱོ་ག |
གཉེན་སྒྲིག་བྱས་ཟིན་པའི་སྐྱེས་པའམ་གཉེན་སྒྲིག་གི་ལོ་ཚད་ལོན་པའི་སྐྱེས་པ་སྟེ། (དཔེར་ན།) སྐྱེས་པ་ཁྱོ་ག་ཞེས་བྱ་བ་ལྟོགས་ཀྱང་བཞད་གད་ཐག་གེ་བ་ཞིག་ཡིན་དགོས་ཞེས་པ་ལྟ་བུ། |
| ཁྱོ་ཕོ |
1.ཁྱིམ་བདག2.མག་པ། |
| ཁྱོ་བོ |
ཁྱིམ་བདག་གམ་བཟའ་ཟླ་ཕོའི་མིང་། མིང་གི་རྣམ་གྲངས་ལ་ཁྱོ་ཕོ་བོ་དང༌། དགའ་གྲོགས། དགའ་བར་བྱེད། གེགས་བྱེད། གཏན་གྱི་གྲོགས། བདག་པོ། རྩ་ལག་བྱེད། མཛའ་དྲོགས། མཛའ་ན་བོ། རབ་ཏུ་ཚ་བྱེད་བཅས་སོ། ། |
| ཁྱོ་མང |
(མངོན་བརྗོད།) སྨད་འཚོང་མ། |
| ཁྱོ་མེད་མ |
ཁྱོ་ག་མེད་པའམ། མག་པ་མེད་པའི་བུད་མེད། |
| ཁྱོ་མོ |
ཁྱོ་ག་ཡོད་པའི་བུད་མེད། |
| ཁྱོ་འདམ་མ |
(མངོན་བརྗོད།) བག་མའམ། ཁྱིམ་བདག་མོ། |
| ཁྱོ་ལྡན་མ |
བག་མའམ་ཁྱིམ་བདག་མོ། |
| ཁྱོ་ཤུག |
ཁྱོ་བོ་དང་ཆུང་མའི་མིང་བསྡུས་པ་སྟེ། (དཔེར་ན།) ཁྱོ་ཤུག་གཉིས་ཀས་ངལ་རྩོལ་བྱེད་ལྟ་བུ། |
| ཁྱོག |
འགྱོག་པའི་སྐུལ་ཚིག་ལ་ཁྱོག་འབྲི་བའང་ཡོད། |
| ཁྱོག་པ |
(བྱེད་འབྲེལ་ལས་ཚིག) ཐེག་ཐུབ་པའམ་འདེགས་ཐུབ་པའི་དོན་ཏེ། (དཔེར་ན།) དཀའ་ངལ་ཅི་ཙམ་བྱུང་ཡང་ཁྱོག་པ། གང་མི་ཁྱོག་པར་དོའི་སྣོན་པ་ཞེས་པ་ལྟ་བུ། |
| ཁྱོག་པོ |
ཐེག་པའམ་ཁུར་ཐུབ་པ་ལས་འགན་ཁྱོག་པོ་འདུག་ལྟ་བུ། |
| ཁྱོགས |
1.འགྱོག་གི་སྐུལ་ཚིག2.འགྲིམ་འགྲུལ་ཡོ་བྱད་རྙིང་པ་ཞིག་གི་མིང་སྟེ། (དཔེར་ན།) སྔ་གཞུག་ནས་རྟ་ནོར་ལ་འགེལ་བའམ་མིས་འདེགས་པ་ཞིག་ཡིན། དེའི་མིང་ལ་མདོ་ལི་དང་དོ་ལི་འགྱོགས་འཇམ་ཡང་ཟེར།3.རྨས་མ་དང་ནད་པ་འདེགས་བྱེད་ཀྱི་ཡོ་བྱད་ཀྱི་མིང་སྟེ། (དཔེར་ན།) ཁྱོགས་རས། ཁྱོགས་ཤིང་ཞེས་པ་ལྟ་བུ། |
| ཁྱོགས |
འགྱོག་གི་སྐུལ་ཚིག་སྟེ། (དཔེར་ན།) ཁྱེད་ཀྱིས་ལྕགས་གཏུན་ཡར་ཁྱོགས་ཤིག་ལྟ་བུ། ད་ལྟ་བར་འགྱོགས་དང་སྐུལ་ཚིག་ལ་ཁྱོག་འབྲི་བའང་ཡོད། |
| ཁྱོགས་ཁྲི |
འདོ་ལིའམ་ཕེབས་བྱམས། |
| ཁྱོགས་གཡོགས |
ཕེབས་བྱམས་ཀྱི་ཁེབས། |
| ཁྱོགས་ལྔ་ལྡི་ཅན |
འགྱོགས་བྱམས་དྲ་ཕྱེད་དར་འཕན་སོགས་ཀྱི་རྒྱན་ཅན། |
| ཁྱོགས་སྤྱིལ |
འགྱོགས་བྱམས་སམ་འདོ་ལི། |
| ཁྱོད |
(ཚབ་ཚིག) སྐད་ཆ་བཤད་ཡུལ་གྱི་མི་གཅིག་འབོད་པའི་ཚབ་ཚིག་སྟེ། (དཔེར་ན།) བྱིས་པ་ཁྱོད་ཀྱི་མིང་ལ་ཅི་ཟེར། བུ་མོ་ཁྱོད་གང་ལ་འགྲོ་ལྟ་བུ། |
| ཁྱོད་ཚོ |
(ཚབ་ཚིག) སྐད་ཆ་བཤད་ཡུལ་མི་དུ་མ་འབོད་པའི་ཚབ་ཚིག་སྟེ། (དཔེར་ན།) ཁྱོད་ཚོས་ངལ་གསོ་ཞིག་གྱིས་དང་ང་ཚོས་མུ་མཐུད་ནས་ལས་ཆོག་ལྟ་བུ། |
| ཁྱོན |
1.སྲིད་ཞེང་གཉིས་ཀ་བསྡོམས་པའི་ཚད་ལ་འཇུག་པ་ནི། (དཔེར་ན།) ས་ཁྱོན་ར་བའི་ཁྱོན། ཁྱོན་ཡངས་ཞེས་པ་ལྟ་བུ། 2.ཡོངས་རྫོགས་ཀྱི་དོན་ཏེ། (དཔེར་ན།) ཁྱོན་བསྡོམས་མི་བརྒྱ་ཡོད་ལྟ་བུ། |
| ཁྱོན་ཆེ་བ |
1.རྒྱ་ཆེ་བ།2.གྲངས་འབོར་མང་བ། |
| ཁྱོན་ནས |
གཞི་ནས་སམ་རྩ་བ་ནས་ཞེས་པའི་དོན་ཏེ། (དཔེར་ན།) དེ་རིང་ཡོང་མཁན་ཁྱོན་ནས་མེད་ཅེས་པ་ལྟ་བུ། |
| ཁྱོན་པོ |
(བརྡ་རྙིང་།) མང་ཆེ་བ། |
| ཁྱོན་བསྒྲིལ |
ཐམས་ཅད་གཅིག་ཏུ་བསྒྲིལ་བའི་དོན་ཏེ། (དཔེར་ན།) སྡེ་ཚན་མང་པོ་ཡོད་ཀྱང་ཁྱོན་བསྒྲིལ་ན་ཆེ་ཆུང་གཉིས་སུ་འདུ་ཞེས་པ་ལྟ་བུ། |
| ཁྱོན་བསྡོམས |
ཐམས་ཅད་གཅིག་ཏུ་བསྒྲིལ་བའི་དོན་ཏེ། (དཔེར་ན།) ཤོག་གྲངས་ཁྱོན་བསྡོམས་ལྔ་བརྒྱ་ཡོད་ལྟ་བུ། |
| ཁྱོན་འབོར |
ཕྱོགས་གཅིག་ཏུ་བསྡོམས་པའི་འབོར་གྲངས་ཏེ། (དཔེར་ན།) གླ་ཕོགས་ཀྱི་ཁྱོན་འབོར། མི་གྲངས་ཁྱོན་འབོར་ཞེས་པ་ལྟ་བུ། |
| ཁྱོན་ཡངས |
རྒྱ་ཆེ་བའི་དོན་ཏེ། (དཔེར་ན།) བོད་ཀྱི་བྱང་ཕྱོགས་སུ་འབྲོག་ཁུལ་ཁྱོན་ཡངས་པོ་ཡོད་ལྟ་བུ། |
| ཁྱོམ་ཁྱོམ |
ལུས་ཚུགས་མི་ཟིན་པའི་འདར་ཚུལ་ལམ་འགུལ་སྟངས་ཤིག་སྟེ། (དཔེར་ན།) མགོ་ཡུ་འཁོར་ན་བཟི་ཁྱོམ་ཁྱོམ་བྱེད་ཀྱི་རེད་ཅེས་པ་ལྟ་བུ། |
| ཁྱོར་ཆུ |
ཐལ་མོའི་སོར་མོ་ཅུང་ཟད་བསྐུམས་པའི་ནང་དུ་བླུགས་པའི་ཆུ། |
| ཁྱོར་དོ |
སྙིམ་པ་གང༌། |
| ཁྱོར་བ |
ལག་ཐལ་ཡ་གཅིག་ཅུང་ཟད་འཁུམས་པའི་མིང་། དེ་དང་སྲང་དོ་གཉིས་དོན་གཅིག (དཔེར་ན།) སྙིམ་པ་གང་ལ་ཁྱོར་བ་དོ་ཡོད་ཅེས་པ་ལྟ་བུ། |
| ཁྱོར་བ |
ལག་མགོ་གཉིས་བཤིབས་ནས་མཛུབ་མོ་རྣམས་ཅུང་ཟད་གུག་པའི་ནང་ངོས་སམ། དེ་གང་བའི་ཚད་དམ་ཡང་ན་ལག་ཡས་ཀྱི་མཛུབ་མོ་རྣམས་ཅུང་ཟད་གུག་པའི་ནང་ངོས་སམ་དེ་གང་བའི་ཚད་ཀྱི་མིང་སྟེ། (དཔེར་ན།) འབྲུ་ཁྱོར་བ་གང་། ཆུ་ཁྱོར་བ་གང་ཞེས་པ་ལྟ་བུ། ཚིག་བསྡུས་ན་ཁྱོར་ཞེས་འབྲི་ཆོག་སྟེ། ཡ་ཁྱོར་གང་ཞེས་པ་ལྟ་བུ། |
| ཁྱོས |
ཁྱོས་མ་སྟེ་ཟས་ལྷག་གི་བརྡ་རྙིང་། ཁྱོ་ཡིས་ཞེས་པའི་བྱེད་སྒྲ་བསྡུས་པ་སྟེ། (དཔེར་ན།) ཁྱོས་ཆུང་མར་བཤད་ལྟ་བུ། |
| ཁྱོས་མ |
1.ཟས་ཀྱི་ལྷག་མ།2.རྔན་པའམ་ལག་རྟགས་ཏེ། (དཔེར་ན།) ང་ལ་ཁྱོས་མ་རྣམས་བསྐུར་ཏེ་སྔོན་ལ་བརྫངས་ཞེས་པ་ལྟ་བུ། |
| ཁྲ |
བྱ་ཁྲ་སྟེ། ཕུག་རོན་དང་བྱིའུ་སོགས་བཟུང་ནས་ཟ་བའི་བྱ་གཏུམ་པོ་ཞིག་ཡིན་ལ་རིགས་ཤིན་ཏུ་མང་། དུས་རྒྱུན་མཐོང་བར་བྱིའུ་ཁྲ་དང་སྐྱ་ཁྲ་གཉིས་ཡོད། |
| ཁྲ་ཀྱི་ལེ |
(རྒྱན་ཚིག) ཉི་ཟླ་དང་གློག་འོད་སོགས་ཤར་སྟངས་ཤིག་སྟེ། (དཔེར་ན།) ཁྲ་ལྷམ་སྐར་མ་ཁྲ་ཀྱི་ལེར་ཤར་འདུག་ལྟ་བུ། |
| ཁྲ་ཁྲ |
1.ཁྲ་བོ་དང་དོན་འདྲ་སྟེ། (དཔེར་ན།) བ་ལང་ཁྲ་ཁྲ། ར་མ་ཁྲ་ཁྲ་ཞེས་པ་ལྟ་བུ། 2.སྣ་ག་མང་པའི་དོན་ཏེ། (དཔེར་ན།) ཅ་ལག་ཁྲ་ཁྲ་རིག་རིག་ཅེས་པ་ལྟ་བུ། |
| ཁྲ་ཁྲོ |
སྤྲོ་ཐུང་བའམ་ངང་ཐུང་བའི་དོན་ཏེ། (དཔེར་ན།) ཁྲ་ཁྲོ་ཅན་དང་མཉམ་དུ་རྩེད་མོ་མ་རྩེ་ཞེས་པ་ལྟ་བུ། |
| ཁྲ་གེ་ཁྲུག་གེ |
(རྒྱན་ཚིག) ཁྲག་ཁྲུག་ལ་ལྟོས། |
| ཁྲ་གླིང |
1.(ཡུལ་སྐད།) སྒེའུ་ཁུང་ཁྲ་མ་ཉིས་སྦྱར་རམ་གསུམ་སྦྱར་གྱི་གླིང༌། 2.ཤར་ཁྲ་མོ་གླིང་སྟེ་གླིང་གེ་སར་གྱི་སྒྲུང་དུ་བཤད་པའི་གླིང་ཡུལ་ལ་ཡང་ཁྲ་གླིང་ཟེར། |
| ཁྲ་ཆིལ་ལེ་བ |
(རྒྱན་ཚིག) བཀྲག་མདངས་ཆེ་བའི་དོན་ཏེ། (དཔེར་ན།) མདའ་གྲི་མདུང་གཞུ་དང་བཅས་ཁྲ་ཆིལ་ལེ་བའི་ངང་ནས་གཡུལ་དུ་བསྐྱོད་དོ་ཞེས་པ་ལྟ་བུ། |
| ཁྲ་ཆུང་མིག |
ལྟ་བྱེད་མིག་ཁྲ་ཆུང་མིག་ལ་རྡུལ་མི་འགྲོ་ལྟ་བུ། |
| ཁྲ་ཆེམ་ཆེམ |
(རྒྱན་ཚིག) ཧ་ཅང་བཀྲ་བའི་ཚོན་མདངས་འཕྲོ་སྟངས་ཏེ། (དཔེར་ན།) སྟག་གཟིག་གི་སྤུ་རིས་ཁྲ་ཆེམ་ཆེམ། རིན་ཆེན་མཛེས་རྒྱན་གྱི་འོད་མདངས་ཁྲ་ཆེམ་ཆེམ་ཞེས་པ་ལྟ་བུ། |
| ཁྲ་ཆེམ་མེ |
(རྒྱན་ཚིག) འོད་བཀྲག་འཚེར་སྟངས་ཤིག་སྟེ། (དཔེར་ན།) ནམ་མཁའ་གཡའ་དག་ལ་རྒྱུ་སྐར་ཁྲ་ཆེམ་མེར་ཤར་འདུག་ཅེས་པ་ལྟ་བུ། |
| ཁྲ་ཆོད |
ཤིང་གི་ཁྲ་མའི་བཅད། |
| ཁྲ་ཆོལ |
འབྲུ་རིགས་དཀར་ནག་སོགས་འདྲེས་པའི་མིང༌། |
| ཁྲ་ཐ་རེ |
(རྒྱན་ཚིག) མདོག་སྣ་ཚོགས་མངོན་པ་སྟེ། (དཔེར་ན།) མིག་ལས་མཆི་མ་ཁྲ་ཐ་རེ་ཟགས་པ། ཕྲེང་བ་མགུལ་ན་ཁྲ་ཐ་རེ་བཏགས་ཡོད་ལྟ་བུ། |
| ཁྲ་ཐིག |
1.ཐིག་ལེའི་རི་མོ།2.ལྷམ་གྱི་སྣ་མགོའི་ཡར་ཙམ་གྱི་ཕར་ཕྱིན། |
| ཁྲ་པ |
1.རྔོན་པ།2.ལྷམ་གྱི་ཕར་ཕྱིན་རྒྱག་མཁན། |
| ཁྲ་བཀྱག |
ཇ་དཀར་གྱི་སྟེགས་བུ་སྟེ། (དཔེར་ན།) ཇ་ཕོར་འཇོག་སའི་སྟེགས་བུ་ཞེས་པ་ལྟ་བུ། |
| ཁྲ་བཅད |
ཁང་པ་ལ་ཤིང་གི་ཁྲ་མ་བསྒྲིགས་པའི་ཡོལ་བཅད། |
| ཁྲ་བོ |
ཁ་དོག་སྣ་ཚོགས་ཀྱི་དོན་ཏེ། (དཔེར་ན།) མདོག་སྟག་གི་ཁྲ་བོ་ཕྱི་ལ་ཡོད། མི་ཡི་ཁྲ་བོ་ནང་ལ་ཡོད་ཅེས་པ་ལྟ་བུ། |
| ཁྲ་བོ |
(རྒྱན་ཚིག) ཁ་དོག་སྣ་ཚོགས་བཀྲ་བའི་མདོག་སྟེ། (དཔེར་ན།) རས་ཁྲ་བོ བ་ལང་ཁྲ་བོ་ཞེས་པ་ལྟ་བུ། མིང་མཐའ་བསྡུས་ན་ཁྲ་ཞེས་འབྲི་ཆོག་སྟེ། རས་ཁྲ། ཤོག་ཁྲ དམར་ཁྲ། དཀར་ཁྲ་ཞེས་པ་ལྟ་བུ། |
| ཁྲ་བོ་ལ |
བོད་དབུས་ཀྱི་སྙན་རོང་རྫོང་གི་བྱང་ཤར་ངོས་སུ་ཡོད་ཅིང༌། དེའི་མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་4930 ཡོད། |
| ཁྲ་མ |
1.རྒྱ་གྲམ་ལྟ་བུའི་རི་མོ་སྐར་ཁུང་གི་ཁྲ་མ། 2.ཡི་གེའི་ཁྲ་མ། ཁ་མཆུ་ཐག་ཆོད་པའི་བཅད་མཚམས་ཁྲ་མ།3.བཏབ་ནས་ཞག་དྲུག་ཅུ་སོང་མཚམས་སྨིན་ཡོང་བའི་ནས་དང་ཁྲེ།4.ཁྱ་མ་དང་འདྲ། |
| ཁྲ་མ |
1.དཔེ་མཚོན་གྱི་རི་མོའི་མིང་སྟེ། (དཔེར་ན།) སའི་ཁྲ་མ། སྐར་མའི་ཁྲ་མ་ཞེས་པ་ལྟ་བུ། ཚིག་བསྡུས་ན་ཁྲ་ཞེས་འབྲི་སྟེ སའི་ཁྲ་མ་ལ་ས་ཁྲ་ཟེར་བ་ལྟ་བུ། 2.དངོས་རྫས་ཀྱི་གྲངས་སྤུས་སོགས་བཀོད་པའི་ཡི་གེའམ་རེའུ་མིག་གི་མིང་སྟེ། (དཔེར་ན།) ཁྲ་མའི་ཡི་གེ། རྩིས་ཀྱི་ཁྲ་མ་ཞེས་པ་ལྟ་བུ། 3.རྩིས་སྤྲོད་ཀྱི་མིང་སྟེ། (དཔེར་ན།) ཐུན་མོང་གི་ནོར་རྫས་ཁྲ་མ་སྤྲོད་དགོས། ཁྲ་མ་བླངས་ལྟ་བུ། མིང་མཐའ་བསྡུས་ན་ཁྲ་ཞེས་བྲིས་ཆོག་སྟེ། ཁྲ་ཡིག ཁྲ་ཐོ་ཞེས་པ་ལྟ་བུ། |
| ཁྲ་མ་ཉིས་སྒྲོམ |
སྒེའུ་ཁུང་ཁྲ་མ་གླིང་ཉིས་བསྒྲིགས། |
| ཁྲ་མན |
རི་མོ་སྔོ་དམར་དཀར་གསུམ་ཡོད་པའི་གཟི་སྟེ་དཀར་ཁྲ་མན་ཡང་ཟེར། |
| ཁྲ་མིག |
ཁྲ་མའི་དྲ་མིག |
| ཁྲ་མེ་ཁྲུམ་མེ |
ཁྲམ་ཁྲུམ་ལ་ལྟོས། |
| ཁྲ་མེ་རེ |
(རྒྱན་ཚིག) ཁ་དོག་སྣ་ཚོགས་ཀྱི་བཀྲག་མདངས་སྣང་ཚུལ་ཏེ། (དཔེར་ན།) ཕྱོགས་ནས་འདུས་པའི་མི་ཚོགས་རྣམས་ཀྱིས་གོས་ཁྲ་མེ་རེ་གྱོན་པ། ལུས་རྩལ་ཐང་མིས་ཁྲ་མེ་རེར་གང་འདུག་ལྟ་བུ། |
| ཁྲ་མེན |
1.གཏེར་ནས་བཏོན་པའི་རིན་པོ་ཆེ་ཞིག2.ངག་རྒྱུན་ལ་གྲགས་པའི་བདུད་རིགས་ཤིག |
| ཁྲ་མེར་མེར |
(རྒྱན་ཚིག) ཁ་དོག་སྣ་ཚོགས་ཀྱི་རང་མདངས་སྣང་ཚུལ་ཏེ། (དཔེར་ན།) གློག་ཞུ་ཚོན་མདོག་མང་པོ་ཁྲ་མེར་མེར་བཀྲ་བ། རི་ལྡེབས་རྣམས་ར་ལུག་གིས་ཁྲ་མེར་མེར་དུ་གང་འདུག་ལྟ་བུ། |
| ཁྲ་ཟླ |
(མངོན་བརྗོད།) ཧོར་ཟླ་གཉིས་པ། |
| ཁྲ་འབྲུག་ལྷ་ཁང |
སྲོང་བཙན་སྒམ་པོའི་སྐབས་བཏབ་པའི་ལྷ་ཁང་ཞིག་ལྷོ་ཁ་ཡར་ཀླུངས་སྣེ་གདོང་ས་ཁུལ་དུ་ཡོད་ཅིང། མཐའ་འདུལ་གྱི་གཙུག་ལག་ཁང་བཞིའི་ཡ་གྱལ་ཞིག་ཡིན། དེར་ཝུན་ཤིང་ཀོང་ཇོའི་ཕྱག་རྫས་སུ་གྲགས་པའི་ཐབ་ཚང་དང༌། ཀ་དྲུག་སྒོ་དྲུག་ཀོང་ཇོའི་འདྲ་སྐུ་མུ་ཏིག་གི་ཐང་ག་སོགས་བཞུགས་ཡོད་སྐད། |
| ཁྲ་ཡོལ |
སྒེ་ཁུང་ཁྲ་མ་ཅན་གྱི་ཡོལ་བ། |
| ཁྲ་རིང |
1.བཀྲ་ཤིས་ཁྲ་རིང་གི་བསྡུས་ཚིག2.ཁ་ཏོག་སྣ་ཚོགས་ལྡན་པའི་དངོས་པོ་ནར་དབྱིབས་ཅན་སྤྱིའི་མིང་སྟེ། (དཔེར་ན།) ཐག་པ་ཁྲ་རིང་། མེ་མདའ་ཁྲ་རིང་ལྟ་བུ། |
| ཁྲ་རིལ་རིལ |
(རྒྱན་ཚིག) ཁ་དོག་བཀྲ་ཚུལ་གྱི་ཁྱད་པར་ཞིག་སྟེ། (དཔེར་ན།) རྐང་རྩེད་སྤོ་ལོ་ཁྲ་རིལ་རིལ། ཞུམ་བུའི་མིག་གཉིས་ཁྲ་རིལ་རིལ་དུ་ལྟ་ཞེས་པ་ལྟ་བུ། |
| ཁྲ་རུ |
སྒེའུ་ཁུང་གི་ཤེལ་ཁྲ་བསྒར་སའི་རུ། |
| ཁྲ་རྒྱ |
བྱ་ཁྲ་འཛིན་བྱེད་ཀྱི་རྙི། |
| ཁྲ་ལ |
ཁམས་སྐྱེ་དགུ་ས་ཆར་ཡོད་པའི་བ་ཡན་ཧ་རིའི་རི་རྒྱུད་ཀྱི་ལ་མཐོན་པོ་ཞིག་ཡིན། |
| ཁྲ་ལམ་མེ |
(རྒྱན་ཚིག) མདོག་སྣ་ཚོགས་པའམ་མ་འདྲེས་གསལ་བར་སྣང་ཚུལ་ཏེ། (དཔེར་ན།) མ་འོངས་པའི་གནས་ཚུལ་ཁྲ་ལམ་མེར་མཐོང་། མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་ཁྲ་ལམ་མེ་བར་ཡོད། སྤང་ལྗོངས་སུ་མེ་ཏོག་ཁྲ་ལམ་མེར་བཞད་ཅེས་པ་ལྟ་བུ། |
| ཁྲ་ལམ་ལམ |
(རྒྱན་ཚིག) ཧ་ཅང་གསལ་བའི་ཚོན་མདངས་སྣ་ཚོགས་འཆར་སྟངས་ཏེ། (དཔེར་ན།) རྨ་བྱའི་སྒྲོ་མདངས་ཁྲ་ལམ་ལམ། འཇའ་ཚོན་གྱི་མདངས་རིས་ཤིན་ཏུ་ཁྲ་ལམ་ལམ་འདུག་ཅེས་པ་ལྟ་བུ། |
| ཁྲ་ལེ་ཁྲུལ་ལེ |
ཁྲལ་ཁྲུལ་ལ་ལྟོས། |
| ཁྲ་ལྷམ་མེ |
(རྒྱན་ཚིག) འོད་སྣ་ཚོགས་འཕྲོ་སྟངས་སམ་ཡིད་ལ་གསལ་བོར་འཆར་ཚུལ་ཏེ། (དཔེར་ན།) མཚན་མོ་གློག་ཞུའི་འོད་མདངས་ཁྲ་ལྷམ་མེར་གསལ། སྔར་གྱི་གནས་ཚུལ་ཁྲ་ལྷམ་མེར་དྲན་ཞེས་པ་ལྟ་བུ། |
| ཁྲ་ཤིག་ཤིག |
(རྒྱན་ཚིག) འོད་བཀྲག་འཚེར་བའི་རྣམ་པ་ཞིག་སྟེ། (དཔེར་ན།) སྟག་ལྤགས་ཀྱི་རི་མོ་ཁྲ་ཤིག་ཤིག་འདུག་ཅེས་པ་ལྟ་བུ། |
| ཁྲ་ཤེལ |
སྒེའུ་ཁུང་གི་ཁྲ་མའི་ཤེལ། |
| ཁྲ་སིང་སིང |
(རྒྱན་ཚིག) བར་གསེང་དང་རེའུ་མིག་གི་བུ་ག་གསལ་བ་སྟེ། (དཔེར་ན།) སྐར་ཁུང་ཁྲ་མའི་བར་སྟོང་ཁྲ་སིང་སིང་མཐོང་གི་འདུག ནགས་དེར་སྡོང་སྐམ་ཁྲ་སིང་སིང་མང༌། རུས་པ་ཁྲ་སིང་སིང་ལ་ཁྱིའང་མི་འཁོར་ཞེས་པ་ལྟ་བུ། |
| ཁྲ་སྟན |
གདན་ཁྲ་བོ། |
| ཁྲ་སྦོ |
(མངོན་བརྗོད།) ཁྲ་ཟླའམ་དབོ་ཟླ་ཧོར་ཟླ་གཉིས་པ། |
| ཁྲ་སློག |
དཔྱད་ཁྲ་དང་དུ་མི་ལེན་པ། |
| ཁྲ་ཧོར |
བྱ་ཁྲ་ཧོར་པ། |
| ཁྲ་ཧྲིག་ཧྲིག |
(རྒྱན་ཚིག) མིག་འབུར་ཚུགས་སུ་ལྟ་ཚུལ་ཏེ། (དཔེར་ན།) སྟག་གཟིག་གི་མིག་ཁྲ་ཧྲིག་ཧྲིག་ལྟ་བ་ཞེས་པ་ལྟ་བུ། |
| ཁྲག |
སྲོག་ཆགས་ཀྱི་ལུས་ཀྱི་གཤེར་ཁུ་དམར་པོའི་མིང་སྟེ། དེ་ལུས་ཡོངས་ལ་ཁྱབ་པར་རྒྱུ་ནས་གསོ་བཅུད་ལུས་ཀྱི་ཁག་སོ་སོར་འགྲེམ་བྱེད་ཅིག་ཡིན་པར་མ་ཟད། བཅུད་ཀྱི་སྙིགས་མ་རྣམས་ཕྱི་ལ་འདོར་བྱེད་ཀྱི་དབང་པོའི་ནང་ལ་སྐྱེལ་བྱེད་ཅིག་ཀྱང་ཡིན། (དཔེར་ན།) ཁྲག་རྩ། ཟུངས་ཁྲག ཁྲག་ནད། ཁྲག་ཕྱུངས་ཞེས་པ་ལྟ་བུ |
| ཁྲག་ཁྲིག |
ཐེར་འབུམ་ཆེན་པོ་བཅུ་ཐམ་པ། |
| ཁྲག་ཁྲིག་སྣང་བ |
(མངོན་བརྗོད།) སྨིག་རྒྱུ། |
| ཁྲག་ཁྲུག |
(རྒྱན་ཚིག) ཟང་ཟིང་ངམ་མི་བདེ་བའི་དོན་ཏེ། (དཔེར་ན།) ཚ་རྒྱས་ནས་སེམས་ཁྲག་ཁྲུག་བྱུང་ལྟ་བུ། ཁ་སྐད་དུ་ཁྲ་གེ་ཁྲུག་གེ་ཟེར་ཏེ། དེ་རིང་སེམས་ཁྲ་གེ་ཁྲུག་གེ་ཞིག་རེད་ཅེས་པ་ལྟ་བུ། |
| ཁྲག་ཁྲོག |
(རྒྱན་ཚིག) ཁྲག་གེ་ཁྲོག་གེའི་བསྡུས་ཚིག |
| ཁྲག་ཁྲོག་པ |
སྔོ་སྨན་གྱི་ནང་ཚན་ཁང་ཕུག་པའམ་དར་ཡ་ཀན་ཏེ། ནུས་པས་བྱང་ཁོག་ནང་གི་རྣག་ཁྲག་སྐེམ། རྐང་འབམ་འཇོམས། |
| ཁྲག་གཅོད |
ཁྲག་འཛག་འགོག་པ། |
| ཁྲག་གཅོར |
མིག་འདོན་སྒྱིད་འབྲེག་སོགས་མི་ལུས་སྟེང་དུ་གཏོང་བའི་ཁྲིམས་གཅོད་ལུགས་ངན་ཞིག |
| ཁྲག་གཏར |
ཁྲག་རྒྱག་པའམ་འདོན་པའི་དོན་ཏེ། (དཔེར་ན།) ནད་རིགས་འགའ་ཤས་ལ་ཁྲག་གཏར་ན་ཕན་ཐོགས་ཡོད་ཅེས་པ་ལྟ་བུ། |
| ཁྲག་གདན |
མི་བསད་པའི་རོ་འཇོག་སའི་གདན་ནམ་གོས་ཆས། |
| ཁྲག་གཙགས |
ཁྲག་གཏར་བའམ་བཏོན་པ། |
| ཁྲག་གི་ཁྲུག་གི |
(རྒྱན་ཚིག) ཟིང་ངེར་འཛིངས་པའམ། འདྲེས་ནས་འཁྲུགས་པའི་ཚུལ་ཏེ། (དཔེར་ན།) དཔེ་ཆ་རྣམས་ཁྲག་གི་ཁྲུག་གི་བྱས་ཏེ་བསྔོགས་འདུག གོང་འོག་འཛིངས་ཤིང་ཁྲག་ཁྲུག་ཏུ་འཁྲུགས་ཞེས་པ་ལྟ་བུ། |
| ཁྲག་གི་སོ་ནད |
སོ་ནད་བྱེ་བྲག་ཅིག |
| ཁྲག་གེ་ཁྲོག་གེ |
(རྒྱན་ཚིག) སྒྲིག་བཀོད་འཁྲུགས་པའི་ཟང་ངི་ཟིང་ངིའི་སྣང་ཚུལ་ཏེ། (དཔེར་ན།) སྒམ་གཡུགས་ཏེ་ཅ་ལག་རྣམས་ཁྲག་གེ་ཁྲོག་གེར་གྱུར་འདུག་ཅེས་པ་ལྟ་བུ། |
| ཁྲག་ཆགས |
ཁྲག་དང་ལྡན་པ་སྟེ་སྲོག་ཆགས་ཀྱི་མིང་། (དཔེར་ན།) སྒོ་ཕྱུགས་ཁྲག་ཆགས་ཡིན་པས་ཤི་གོད་ལོས་ཡོང༌ཞེས་པ་ལྟ་བུ། |
| ཁྲག་ཐིགས |
ཁྲག་འཛགས་པའི་ཐིགས་པ། |
| ཁྲག་དྲི |
ཁྲག་གི་དྲི་མ་སྲོག་བཅད་པའི་ཁྲག་དྲི་བྲོ་ཞེས་པ་ལྟ་བུ། |
| ཁྲག་དྲོན |
ཁྲག་དྲོད་མ་ཡལ་བའམ་ཚ་པོ། |
| ཁྲག་ནད |
ངན་ཁྲག་རྒྱས་པའི་ནད་དམ་ཁྲག་ཉམས་པའི་ནད། |
| ཁྲག་བཤལ |
ཁྲག་འཁྲུ་བ། |
| ཁྲག་མ་ཆོད་པའི་མོ་ནད |
བུད་མེད་ཕྲུ་གུ་སྐྱེས་ནས་ཁྲག་མཚམས་མ་ཆོད་པའི་ནད་ཅིག |
| ཁྲག་མཁྲིས |
ཁྲག་ནད་དང༌། མཁྲིས་པའི་ནད་གཉིས་མཉམ་དུ་འདོམ་པའི་ནད། |
| ཁྲག་མདངས |
ཁྲག་གི་མདོག་གམ་དམར་མདོག་གི་དོན་ཏེ། (དཔེར་ན།) མཁུར་ཚོས་ལ་རང་བཞིན་གྱིས་ཁྲག་མདངས་གསལ་བ་ཞེས་པ་ལྟ་བུ། |
| ཁྲག་ཚབས |
བུད་མེད་ཀྱི་ཟླ་མཚན་རྒྱུན་ལྡན་བཞིན་མ་བབ་པར་རླུང་གིས་ངན་ཁྲག་ལུས་ལ་གཏོར་ནས་བྱེར་བའི་ནད་དེ། ནང་གསེས་སུ་དབྱེ་ན་གློ་བའི་ཁྲག་ཚབས་དང༌། སྙིང་གི་ཁྲག་ཚབས། མཆིན་པའི་ཁྲག་ཚབས། མཚེར་པའི་ཁྲག་ཚབས། མཁྲིས་པའི་ཁྲག་ཚབས། མཁལ་མའི་ཁྲག་ཚབས། རྒྱུ་མའི་ཁྲག་ཚབས། འོ་ཚབས། ནུ་ཚབས། ཁྲག་ཚབས་གོར་པ་བཅས་རིགས་བཅུ་མཆིས་སོ། ། |
| ཁྲག་ཚབས་གོར་པ |
མོ་ནད་ཁྲག་ཚབས་བཅུའི་ནང་ཚན་ལུས་ལྕི་ཞིང་འགྲོ་མི་ཐུབ་པ་དང༌། རྒྱུ་སྨད་དུ་འདྲིལ་སྙམ་སེམས་པ་འབྱུང་བ་ཞིག |
| ཁྲག་ཞག |
1.ཁྲག་དང་ཞག་ཚིའི་བསྡུས་ཚིག2.ལྦུ་ལྷོག་ལྷོག་འཕྱུར་བའི་ཁྲག་ལ་ཡང་ཁྲག་ཞག་ཟེར། |
| ཁྲག་འཁྲུག |
ལུས་ཀྱི་ཁྲག་འཁྲུག་པའི་ནད། |
| ཁྲག་འཁྲུགས |
ནད་ཅིག་གི་མིང་སྟེ། ཁྲག་འཁྲུག་དང་འདྲ། |
| ཁྲག་འཇིབ |
ཁྲག་ཁས་རྔུབ་པའམ་འཐེན་པ། |
| ཁྲག་འཐུང |
1.ཧེརུཀཿ བདེ་མཆོག་གི་མཚན་ཞིག2.(མངོན་བརྗོད།) 1> སྲིན་བུ་པད་པ། 2> སྐྱུ་རུ་ར། |
| ཁྲག་འབབ |
1.ཁྲག་ཐོན་པ།2.(མངོན་བརྗོད།) རྒྱ་གར་གྱི་ཆུ་བོ་ཆེན་པོ་བཞིའི་གྲས་སི་ཏཱ། |
| ཁྲག་འབྱིན |
ཁྲག་འདོན་པ། |
| ཁྲག་འཚབ |
བསད་པའམ་རྨས་པའི་ལན་ལེན་པ། |
| ཁྲག་འཛག |
ཁྲག་ཐིགས་རྒྱག་པ། |
| ཁྲག་འཛིན |
(མངོན་བརྗོད།) པགས་པ། |
| ཁྲག་རུལ |
རྣག |
| ཁྲག་རོ |
1.ཁྲག་གི་སྙིགས་མའམ་རོ་ཏོ།2.ཁྲག་ནད་ཀྱི་ནད་རོ། |
| ཁྲག་རྐང |
སྔོ་སྨན་གྱི་ནང་ཚན་སེར་པོ་ཁྲག་རྐང་དང་མྱང་རྩི་སྤྲས་ཀྱང་ཟེར་ཏེ། རོ་ཁ་ལ་བསྐ། ཞུ་རྗེས་བསིལ། ནུས་པས་ཆུ་གཤེར་འཐེན། རྒྱུ་ཚད་འཇོམས། རིམས་ཚད་སེལ། |
| ཁྲག་རྒྱས |
ལུས་ལ་ཁྲག་སྐྱེས་པ། |
| ཁྲག་རྒྱུད |
རིགས་རྒྱུད་དེ། (དཔེར་ན།) དུས་རབས་སྔ་མ་ནས་བཟུང་མི་ཚང་དེ་གཉིས་ཀྱི་དབར་དུ་ཁྲག་རྒྱུད་ཀྱི་འབྲེལ་བ་ཞིག་ཀྱང་ཆགས་ཡོད་ཅེས་པ་ལྟ་བུ། |
| ཁྲག་རྒྱུན |
ཁྲག་རྒྱུ་བའི་རྒྱུན་ཏེ། (དཔེར་ན།) ཤི་འཕྲལ་ལུས་ཀྱི་ཁྲག་རྒྱུན་ཆད་འགྲོ་ལྟ་བུ། |
| ཁྲག་རྗེས |
ཁྲག་འཛགས་པའམ་མི་སོགས་གསོད་སར་ཁྲག་བཏོན་པའི་ཤུལ། |
| ཁྲག་རྨེན |
ལུས་ཀྱི་སྨེ་བ་དམར་པོ། |
| ཁྲག་རྩ |
ཁྲག་རྒྱུ་བའི་རྩ་ལ་འཕར་རྩ་དང་། སྡོད་རྩ། ཁྲག་རྩ་ཕྲ་མོ་བཅས་གསུམ་ཡོད་པ་ལ་ཁྲག་རྩ་ཟེར། |
| ཁྲག་རྭ |
རི་དྭགས་ཤ་བའི་རྭ་ཅོ་ཁྲག་ལྡན། |
| ཁྲག་རླངས |
1.ཁྲག་གི་རླངས་པ།2.(བརྡ་རྙིང་།) རོ་ལངས། |
| ཁྲག་རླུང |
ཁྱབ་བྱེད་ཀྱི་རླུང་འཁྲུགས་ནས་ཁྲག་དང་རླུང་གཉིས་རེས་མོས་བྱས་ནས་སྟོད་དུ་འཚང་བའི་ནད་དེ་ནད་རྟགས་སུ་མགོ་དང་ལུས་སྟོད་ན་ཞིང་སྙིང་མི་བདེ་བ་སོགས་བྱེད་པ་ཞིག |
| ཁྲག་ལམ |
ལུས་ཀྱི་ཁྲག་རྩ་ཞིག |
| ཁྲག་ལམ་ཧྲེངས་ནད |
ཁྲག་ལམ་རེངས་པོར་གྱུར་པའི་ན་ཚ། |
| ཁྲག་ལས་གྱུར་པ |
(མངོན་བརྗོད།) ཤ |
| ཁྲག་ལས་གྱུར་པ་རྣ་བའི་ནད |
རྣ་ནད་ཀྱི་བྱེ་བྲག་ཅིག |
| ཁྲག་ལིང |
ཁྲག་ལིང་ལིང་ངམ་རྡོག་རྡོག་སྟེ། (དཔེར་ན།) རྩ་ལམ་དུ་ཁྲག་ལིང་ཆགས་ཞེས་པ་ལྟ་བུ། |
| ཁྲག་ལོང |
ལོང་གའི་གཡས་གཡོན་དབུས་གསུམ་གྱི་གནས་སྟངས་ལ་བརྟེན་ནས་དབྱེ་བའི་གཡས་ངོས་སུ་ཡོད་པའི་ཆ་ཤས་དེའོ། ། |
| ཁྲག་ལྡན་མ |
(མངོན་བརྗོད།) བུད་མེད་དར་མ། |
| ཁྲག་ཤ |
ཁྲག་ལིང་ཆགས་པ། |
| ཁྲག་ཤེད |
ལུས་ཀྱི་ཁྲག་ཤུགས་ཏེ། (དཔེར་ན།) ཁྲག་ཤེད་ཆེ་བ། ཁྲག་ཤེད་ཆུང་བ་ལྟ་བུ། |
| ཁྲག་ཤོར |
ལུས་ནས་ཁྲག་ཟགས་པའམ། ཐོན་པ། |
| ཁྲག་སྐེམ |
ཁྲག་གཅོད་བྱེད་སྨན་མཆོག་ཅིག |
| ཁྲག་སྐྱུག |
1.ཁྲག་སྐྱུག་པའི་ནད།2.(མངོན་བརྗོད།) ཆུ་ཕག་ལོ། |
| ཁྲག་སྐྱེས |
(མངོན་བརྗོད།) ལུས་ཀྱི་ཤ |
| ཁྲག་སྐྲན |
ཁ་ཟས་ཀྱི་དྭངས་མ་མ་ཞུ་བ་དོན་སྣོད་ཀྱི་ནང་དུ་ཁྲག་ངན་རྒྱས་ཤིང༌། དེ་འདྲིལ་ཏེ་སྐྲན་དུ་གྱུར་པ། |
| ཁྲག་སྐྲན་ཧྲེམ་པོ |
མངལ་དུ་ཁྲག་སྐྲན་ཆགས་པ་ཞིག་སྟེ། ནད་རྟགས་སུ་མངལ་དུ་བུ་ཆགས་པ་ལྟར་ཧྲེམ་སྟེ་མཁྲེགས་པོར་ཆགས་ཤིང་ལྡང་དུབ་བྱེད་པ་ཞིག |
| ཁྲག་སྦྱོར |
ཆེ་བ་སྲོག་དང༌། ཆུང་བ་ཡན་ལག་སོགས་གཅོད་པའི་དྲག་ལས་ཤིག |
| ཁྲག་སྨྱོ |
རྨ་ཁའི་ནང་དུ་ཆགས་པའི་ཁྲག་ངན། |
| ཁྲག་སྲིན |
1.སྲིན་ནད་ཁྲག་ལ་བབས་པ་ཞིག2.ལུས་ལ་ལྷན་སྐྱེས་སུ་མཆིས་པའི་སྲིན་བུ་རིགས་བདུན་གྱི་ནང་ཚན་ཁྲག་ལ་རྒྱུ་ནས་ལུས་ཀུན་ཏུ་འགྲོ་བའི་མདོག་དམར་ཞིང་དབྱིབས་ཟླུམ་པའི་སྲིན་བུ་ཤིན་ཏུ་ཕྲ་མོ་ཞིག |
| ཁྲང |
མཁྲང་གི་འབྲི་ཚུལ་གཞན། |
| ཁྲང་ཞི |
(རྒྱ་སྐད།) རྒྱ་ལུགས་སྲོལ་རྒྱུན་གྱི་ཟློས་གར་ཞིག་སྟེ། (དཔེར་ན།) ཚོགས་འདུ་གྲོལ་བའི་རྗེས་སུ་ཁྲང་ཞི་འཁྲབ་ཅེས་པ་ལྟ་བུ། |
| ཁྲད་ཁྲོད |
ཁོང་གསེང་ངམ་བར་གསེབ། |
| ཁྲབ |
མཚོན་ཆ་འགོག་བྱེད་ཀྱི་ལྭ་བ་ཐོག་ལ་ལྕགས་རིགས་ལེབ་མོ་བསྒྲིགས་ཡོད་པ་ཞིག་སྟེ། (དཔེར་ན།) གཡུལ་འཁྲུགས་སྐབས་མདའ་མདུང་འགོག་བྱེད་ཀྱི་མིང་། |
| ཁྲབ་ཆས |
དྲག་ཆས་གོ་ཁྲབ། |
| ཁྲབ་བྱང |
ཁྲབ་ཀྱི་བྱང་བུ། |
| ཁྲབ་མ |
1.ཁྲབ་གྱོན་པའི་དམག་མི།2.(བརྡ་རྙིང་།) ལུས་ལ་གྱོན་བྱེད་པའི་ཁྲབ། |
| ཁྲབ་མཁན |
གོ་ཁྲབ་བཟོ་མཁན། |
| ཁྲབ་རྨོག |
ལུས་སྐྱོབ་དང་མགོ་སྐྱོབ་གཉིས། |
| ཁྲབ་ལྕིབས |
ཁྲབ་ཀྱི་ནང་གདན་ནམ་ནང་གོས། |
| ཁྲམ |
1.རྩིས་ཀྱི་ཁྲམ་ཁ་སོགས་རི་མོའི་བྱེ་བྲག་ཅིག་སྟེ། (དཔེར་ན།) ཁྱེ་བོས་ཁྲམ་བརྒྱབ་པ། བཅུ་ཁྲམ་ལྟ་བུ།2.འཕྲོག་བཅོམ་གྱི་བྱ་སྤྱོད་དང་ནག་ཉེས་ཀྱི་མིང་སྟེ། (དཔེར་ན།) གཡོ་སྒྱུ་ཆེ་བའི་ཁྲམ་པས་གཞན་ནོར་བླངས་ཞེས་པ་ལྟ་བུ། |
| ཁྲམ་ཁ |
1.རྒྱ་གྲམ་གྱི་རི་མོ་སྟེ་ཁྲམ་བམ། རྩིས་ཀྱི་ཁྲམ་ཁ།2.འདྲེ་གདོན་འགུགས་བྱེད་ཀྱི་ཤིང་བྱང༌། |
| ཁྲམ་ཁའི་ཤིང |
ཁྲམ་རིས་བཏབ་པའི་ཤིང་སྟེ་འདྲེ་གདོན་འགུགས་བྱེད་ཀྱི་ཤིང་བྱང༌། |
| ཁྲམ་ཁྲམ |
(རྒྱན་ཚིག) ཐང་མར་རྡལ་བའམ་འགྲེམས་ཚུལ་ཏེ། (དཔེར་ན།) ལྕི་བ་རློན་པ་ཐང་ལ་ཁྲམ་ཁྲམ་དུ་བཀྲམ་ནས་ཉི་མར་བསྐམས་ལྟ་བུ། |
| ཁྲམ་ཁྲུམ |
(རྒྱན་ཚིག) རྡོག་པོ་ཆུང་ངུ་མང་བའི་དོན་ཏེ། (དཔེར་ན།) ས་རྡོག་ཁྲམ་ཁྲུམ། རྩམ་པ་ཁྲམ་ཁྲུམ། ལུས་ལ་རྨ་ཁྲམ་ཁྲུམ་གྱིས་ཁྱབ་ལྟ་བུ། ཁ་སྐད་དུ་ཁྲ་མེ་ཁྲུམ་མེ་ཟེར་ཏེ། ས་ཁྲ་མེ་ཁྲུམ་མེ། འབྲུམ་པ་ཁྲ་མེ་ཁྲུམ་མེ་ཞེས་པ་ལྟ་བུ། |
| ཁྲམ་གཤོམ་པ |
1.གཡོ་ཁྲམ་གྱི་གྲབས་གཤོམ་བྱེད་པ།2.གཡོ་ཁྲམ་བྱེད་མཁན་གྱི་དོན་ཏེ། (དཔེར་ན།) མི་ཁྲམ་གཤོམ་པ་ཐ་ཆད་ཅེས་པ་ལྟ་བུ། |
| ཁྲམ་ནག |
གཡོ་ཁྲམ་ཚ་པོ་མི་ཁྲམ་པ་ཁྲམ་ནག་ཅེས་པ་ལྟ་བུ། |
| ཁྲམ་པ |
འཕྲོག་བཅོམ་གྱི་ཉེས་སྤྱོད་བྱེད་མཁན། |
| ཁྲམ་བམ |
1.ཉེས་ཅན་གྱི་མིང་ཡིག་ཐོག་ལ་བྲིས་པའི་རྒྱ་གྲམ་གྱི་རི་མོ་ ྾ འདིའི་མིང་། 2. གཞན་བསླུ་བའི་བྱ་སྤྱོད་ཀྱི་མིང་སྟེ། (དཔེར་ན།) གཡོ་ཁྲམ་མ་བྱེད་ལྟ་བུ། |
| ཁྲམ་མི་ཁྲུམ་མི |
(རྒྱན་ཚིག) ངལ་དུབ་ཀྱིས་ལུས་འཁྱོར་ཚུལ་ཞིག་སྟེ། (དཔེར་ན།) ཐག་རིང་དུ་ཕྱིན་ནས་གཟུགས་པོ་ཁྲམ་མི་ཁྲུམ་མིར་གྱུར་འདུག་ཅེས་པ་ལྟ་བུ། |
| ཁྲམ་ཚན |
(བརྡ་རྙིང་།) རྩིས་ཐོ། |
| ཁྲམ་ཚོང་པ |
གཡོ་ཐབས་ཀྱིས་ཁེ་སྤོགས་སྒྲུབ་མཁན། |
| ཁྲམ་རྒྱག |
མི་རོ་བྱ་གཏོར་བྱེད་སྐབས་ཤ་ལྤགས་སྦྲགས་མར་དུམ་བུར་དྲ་བ་སྟེ། (དཔེར་ན།) མི་བསད་པས་མ་ཆོག་པར་རོ་ཐོག་ལ་ཁྲམ་བརྒྱབ་འདུག་ཅེས་པ་ལྟ་བུ། |
| ཁྲམ་ལ་བཏབ |
ཉོན་མོངས་པ་དང་བདུད་འདུད་འདུལ་བའི་གསང་སྔགས་ཀྱི་ཆོ་ག་ཞིག་སྟེ། (དཔེར་ན།) ་བདག་འཛིན་གདོན་དང་བདུད་བཞི་ཁྲམ་ལ་བཏབ་ལྟ་བུ། |
| ཁྲམ་ཤིང |
1.ཉེས་ཅན་གྱི་ཉེས་པ་དང་མིང་ཡི་གེར་བྲིས་པའི་ཤིང་གི་བྱང་བུའི་མིང་སྟེ། (དཔེར་ན།) ཉེས་ཅན་ཁྲམ་ལ་བཏབ་ལྟ་བུ། 2.དམོད་སྤྱོད་བྱ་ཡུལ་གྱི་མིང་ཐོ་དང་འདོད་གསོལ་སོགས་ཡི་གེར་བཀོད་པའི་བྱང་བུའི་མིང་།3.ཤིང་གི་རྒྱ་གྲམ་གྱི་མིང་། |
| ཁྲམ་སེམས |
གཡོ་རྫུན་གྱི་བསམ་ངན་འཆང་བ་ཁྲམ་སེམས་འཛིན་པ་ལྟ་བུ། |
| ཁྲལ |
1.རྒྱལ་ཁབ་ཀྱིས་ཁེ་ལས་དང་ཐུན་མོང་། མི་སོ་སོ་བཅས་ལས་བསྡུས་པའི་དོང་ཙེ་དང་དངོས་རྫས་ཀྱི་མིང་། སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བའི་དབང་གིས་ཁྲལ་གྱི་ངོ་བོ་དང་ནུས་པའང་མི་འདྲ་བ་ཡིན། (དཔེར་ན།) འབྲུ་ཁྲལ་བལ་ཁྲལ་ཞེས་པ་ལྟ་བུ། 2.ཁྲལ་དང་མཚུངས་པའི་བྱ་ལས་ཀྱི་མིང་སྟེ། (དཔེར་ན།) ལས་དོན་ཁྲལ་ལྟར་སྒྲུབ་མི་རུང་ལྟ་བུ།3.མྱ་ངན་ནམ་སེམས་སྡུག་པའི་དོན་ཏེ། (དཔེར་ན།) ཐུགས་ཁྲལ་གནང་། སེམས་ཁྲལ་བྱས་ལྟ་བུ།4.(རྒྱན་ཚིག) སོར་མོ་དང་ལྕགས་སོགས་ཀྱིས་་བྲད་པའི་སྒྲ་ཞིག་སྟེ། (དཔེར་ན།) ཁྲལ་ཁྲལ་བྲད། ཁྲལ་སྒྲ་གྲགས་ལྟ་བུ། |
| ཁྲལ་ཁུངས |
ཁྲལ་འུལ་རྒྱུག་ཡུལ་དཔོན་གྱི་ལས་ཁུངས། |
| ཁྲལ་ཁོངས |
ཁྲལ་འུལ་རྒྱུག་མིའི་གྲས། |
| ཁྲལ་ཁྲལ |
(བརྡ་རྙིང་།) ཐར་ཐོར་ཏེ་ཚགས་མི་དམ་པ། |
| ཁྲལ་ཁྲིམས |
1.ཁྲལ་དང་ཁྲིམས་ལུགས།2.ཁྲལ་འགེལ་བའི་ཁྲིམས། |
| ཁྲལ་ཁྲིམས་འཁུར་ཤེས |
ཁྲལ་དང་ཡུལ་ཁྲིམས་དང་དུ་ལེན་ཤེས་པའམ། རྩི་འཇོག་བྱེད་ཤེས་པ། |
| ཁྲལ་ཁྲུལ |
(རྒྱན་ཚིག) སོ་སོར་ཐོར་ནས་འབྲེལ་མེད་པའི་རྣམ་པ་སྟེ། (དཔེར་ན།) ས་ཁྲལ་ཁྲུལ། སྣང་བ་ཁྲལ་ཁྲུལ རྨི་ལམ་ཁྲལ་ཁྲུལ་ཞེས་པ་ལྟ་བུ། ཁ་སྐད་དུ་ཁྲ་ལེ་ཁྲུལ་ལེ་ཟེར་ཏེ། རྨི་ལམ་ཁྲལ་ལེ་ཁྲུལ་ལེ་རྨིས་ལྟ་བུ |
| ཁྲལ་ཁྲོལ |
(རྒྱན་ཚིག) ཁྲལ་ལེ་ཁྲོལ་ལེའི་བསྡུས་ཚིག |
| ཁྲལ་གཡོག |
ཁྲལ་པའི་གཡོག་པོ། |
| ཁྲལ་གཡོལ |
ཁྲལ་རྒྱུག་རྒྱུ་བྱོལ་བ། |
| ཁྲལ་ཆག |
ཁྲལ་འབབ་ཡང་དུ་ཕྱིན་པ། |
| ཁྲལ་པ |
ས་རྟེན་ལ་བརྟེན་ནས་ཁྲལ་འུ་ལག་རྒྱུག་མཁན། |
| ཁྲལ་བརྡ |
ཁྲལ་འུལ་སྐུལ་འདེད་ཀྱི་བརྡ། |
| ཁྲལ་བརྡ་གཏོང་མཁན |
ཁྲལ་འུ་ལག་གི་སྐུལ་བརྡ་རྒྱག་མཁན་ནམ་རྒན་པོ། |
| ཁྲལ་བོགས |
1.སྔར་ཁྲལ་པ་ཕྱུག་པོས་རང་ཁྲལ་གཞན་ལ་གླས་པའི་བོགས་མ།2.ཁྲལ་དང་བོགས་མ་གཉིས། |
| ཁྲལ་མངོན་སླ་བཅོས |
ཁྲལ་ཡིན་བསམས་ཏེ་རང་འགན་ལེགས་པར་མི་སྒྲུབ་པ། |
| ཁྲལ་མི |
ཁྲལ་རྒྱུག་མཁན་གྱི་མི། |
| ཁྲལ་མི་ཟླར་གཡབ |
ཁྲལ་པས་ཁྲལ་རོགས་སྦྲན་ནས་ཁྲལ་སྐུལ་མཁན་ལ་ངོ་རྒོལ་བྱེད་པ། |
| ཁྲལ་ཚད |
ཁྲལ་འབབ་ཀྱི་ཚད་གཞིའི་དོན་ཏེ། (དཔེར་ན།) ཁྲལ་ཚད་སྤོར་གཅོག་ཅེས་པ་ལྟ་བུ། |
| ཁྲལ་ཞིང |
ཁྲལ་འུལ་སྒྲུབ་རྟེན་གྱི་ས་ཞིང༌། |
| ཁྲལ་ཟླ་ཁྲལ་རོགས |
ཁྲལ་འུལ་རྒྱུག་མཁན་ནང་ཁུལ་གྱི་མི། |
| ཁྲལ་འཁྲི |
རང་ཐོག་ཏུ་བབ་པའི་ཁྲལ་འུལ་གྱི་འགན། |
| ཁྲལ་འཇལ |
འབྲུ་དངུལ་སོགས་ཀྱི་ཁྲལ་སྒྲུབ་པ། |
| ཁྲལ་འདེད་པ |
1.ཁྲལ་འུལ་རྒྱུག་པར་སྐུལ་འདེད་བྱེད་པ།2.ཁྲལ་འུལ་སྐུལ་འདེད་བྱེད་མཁན། |
| ཁྲལ་འཕར |
རྩ་བའི་ཁྲལ་གྱི་ཞོར་དུ་བཀལ་བའི་འཕར་ཁྲལ། |
| ཁྲལ་འབབ |
ཁྲལ་སྒྲུབ་དགོས་ཀྱི་འབོར་ཚད་དེ། (དཔེར་ན།) ཁྲལ་འབབ་འཕར་ཆག་ཅེས་པ་ལྟ་བུ། |
| ཁྲལ་འུལ |
ཁྲལ་དང་འུ་ལག་གི་བསྡུས་མིང་སྟེ། (དཔེར་ན།) ཁྲལ་འུལ་འགེལ་དཀྲི། ཁྲལ་འུལ་སྒྲུབ་འཇལ་ཞེས་པ་ལྟ་བུ། |
| ཁྲལ་རིགས |
ཁྲལ་འུལ་སྣ་ཚོགས་ཏེ། (དཔེར་ན།) ཁྲལ་རིགས་ཡང་ཆ་བྱེད་པ། ཁྲལ་རིགས་རྩ་ཆག་གཏོང་ཞེས་པ་ལྟ་བུ། |
| ཁྲལ་རིགས་སྒྲུབ་ཁུངས |
ཁྲལ་རིགས་སྒྲུབ་འཇལ་བྱ་ཡུལ་མངའ་བདག |
| ཁྲལ་རྒྱུག་པ |
1.ཁྲལ་སྒྲུབ་པའམ་འུ་ལག་ཏུ་འགྲོ་བ།2.རྐང་འགྲོ་ལག་འདོན་གྱི་ཁྲལ་གང་ཞིག་འཁྲི་བ་དེ་དོད་མ་ཡིན་པར་དངོས་སུ་རྒྱུག་དགོས་མཁན། |
| ཁྲལ་རྟེན་ས་ཞིང |
ཁྲལ་འུལ་རྒྱུག་རྒྱུའི་དམིགས་རྟེན། |
| ཁྲལ་ལི་ཁྲུལ་ལི |
(རྒྱན་ཚིག) ཐུར་དུ་འཕྱང་བའི་རྣམ་པ་ཞིག་སྟེ། (དཔེར་ན།) གོས་ཧྲུལ་ཁྲལ་ལི་ཁྲུལ་ལི་འཛར་ནས་འགྲོ། རྒྱན་ཆ་ཁྲལ་ལི་ཁྲུལ་ལི་མང་པོ་བཏགས་འདུག ལྕང་མའི་ཡལ་ག་ཁྲལ་ལི་ཁྲུལ་ལིར་བསྡད་འདུག་ཅེས་པ་ལྟ་བུ། |
| ཁྲལ་ལེ་ཁྲོལ་ལེ |
(རྒྱན་ཚིག) རྒྱན་ཆ་ཕྲུལ་ཕྲུལ་མང་པོ་འཐབ་པའི་སྒྲའི་བྱེ་བྲག་ཅིག་སྟེ། (དཔེར་ན།) རིན་ཆེན་རྒྱན་ཆའི་སྒྲ་ཁྲལ་ལེ་ཁྲོལ་ལེར་སྒྲོག་ཅིང་འདུག་ཅེས་པ་ལྟ་བུ། |
| ཁྲལ་སི |
1. (རྒྱ་སྐད།) གཞུང་དོན། ཁྲལ་སི་ཞབས་འདེགས། 2.ཁྲལ་རིགས་སྐོར་གྱི་ལས་དོན་ཏེ། (དཔེར་ན།) ཁྲལ་སི་སྐེད་ཆད་ཅེས་པ་ལྟ་བུ། |
| ཁྲལ་སྡུད་པ |
1.ཁྲལ་སྡུད་ལེན་བྱེད་པ།2.ཁྲལ་སྡུད་བྱེད་མཁན། |
| ཁྲི |
1.མི་རྣམས་འཚོག་སྐབས་གཙོ་བོ་དེ་སྡོད་སའི་སྟེགས་བུ་སྟེ། (དཔེར་ན།) བླ་མ་ཁྲི་ལ་བསྐོས། གསེར་ཁྲི་དཔོན་ལ་དབང་ཞེས་པ་ལྟ་བུ།2.ཁྲི་དང་འདྲ་བའི་དོན་ཏེ། (དཔེར་ན།) ཉལ་ཁྲི། ལས་ཁྲི། གདན་ཁྲི། ཐགས་ཁྲི་ཞེས་པ་ལྟ་བུ།3.མཆོད་རྟེན་གྱི་ས་འཛིན་དང་བང་རིམ་བར་གྱི་ཁྲི།2. སྟོང་ཕྲག་བཅུ། |
| ཁྲི་ཀླིང་བ |
(བརྡ་རྙིང་།) དྲ་བས་སྦྲེལ་བར་བྱས་པའི་ཁྲི། |
| ཁྲི་ཁྲི |
དུང་ཕྱུར་གཅིག |
| ཁྲི་ཁྲི་འབུམ་འབུམ |
ཧ་ཅང་མང་བའི་དོན་ཏེ། (དཔེར་ན།) མི་ཁྲི་ཁྲི་འབུམ་འབུམ། |
| ཁྲི་གཉན |
ཁྲི་སྙན་དང་འདྲ། |
| ཁྲི་གཉན་གཟུངས་བཙན |
སྔར་བོད་རྒྱལ་ཉེར་དགུ་པ། ལྷ་ཐོ་ཐོ་རི་གཉན་བཙན་གྱི་བུ་ཡིན། རྒྱལ་པོ་དེའི་སྐབས་སུ་བོད་ཀྱི་ཞིང་ས་དང་འབྲོག་ས་འབྲེལ་མཐུད་དང༌། མཚོ་དང་མཚེའུ་ཡུར་བུར་འབྲེལ་སྦྱོར་བྱས་ནས་དེའི་ཆུ་ཞིང་ཁ་ལ་འདྲེན་པའི་སྲོལ་བཙུགས། |
| ཁྲི་གདན |
1.ཁྲི་དང་གདན་གྱི་བསྡུས་ཚིག།2.ཁྲིའི་ཁ་གདན། |
| ཁྲི་གདུགས |
1.ཉི་མའི་མིང་སྟེ། (དཔེར་ན།) དགུང་སྔོན་མཐོན་པོར་ཁྲི་གདུགས་ཉི་མ་ཤར་ལྟ་བུ།2.ཁྲི་དང་གདུགས། |
| ཁྲི་གཙུག་ལྡེ་བཙན |
བོད་རྒྱལ་ཞེ་གཅིག་པ་ཁྲི་རལ་པ་ཅན་གྱི་མཚན་དངོས། |
| ཁྲི་ཆེན |
1.སྔར་བོད་རྗེ་ཆོས་རྒྱལ་གྱི་གདུང་ལས་བརྒྱུད་ཅིང༌། ཆོས་སྲིད་གཉིས་ཀའི་གོ་གནས་ཀྱི་ལྷག་ཞབས་ཙམ་སྐྱོང་བ་ལ་ཁྲི་ཆེན་གྱི་མཚན་གྱིས་གཟེངས་སུ་བསྟོད་པ་ཨེ་ལྷ་རྒྱ་རི་ཁྲི་ཆེན། ས་སྐྱ་བདག་ཆེན་ནམ་ཁྲི་ཆེན། གྲ་ཕྱི་སྨིན་གྲོལ་གླིང་ཁྲི་ཆེན་ལྟ་བུ།2.དགོན་པའི་མཁན་པོ་དང་ཆོས་སྲིད་ཀྱི་འགན་འཁྲི་གཙོ་འཁུར་བྱེད་མཁན་ལ་ཡང་ཁྲི་ཆེན་ཟེར། |
| ཁྲི་ཐུབ |
1.ཚེ་ལོ་ཁྲི་གཅིག་ཐུབ་པ།2.འཐབ་ཟླ་ཁྲི་ཙམ་འཇོམས་ནུས་པ། |
| ཁྲི་ཐོག་པ |
ཁྲི་པའི་འགན་འཁྲི་འཁུར་བཞིན་པ། |
| ཁྲི་དར་མ་ཨུ་དུམ་བཙན |
སྔར་བོད་རྒྱལ་བཞི་བཅུ་ཞེ་གཉིས་པ་འདིའི་མིང་གཞན་གླང་དར་མ་ཡང་ཟེར། ཁྲི་ལྡེ་སྲོང་བཙན་གྱི་སྲས་གཉིས་པ་ཡིན། རྒྱལ་པོ་འདིའི་སྐབས་སུ་སངས་རྒྱས་ཀྱི་བསྟན་པ་ཧ་ཅང་ཉམས་དམས་སུ་བཏང་བར་མ་ཟད། རྩ་བ་ནས་འདོར་དགོས་པའི་བཀའ་ཡང་ཕབ་པས་ཁམས་དང་ཨ་མདོ། སྟོད་མངའ་རིས་མ་གཏོགས་དབུས་གཙང་ཁུལ་གྱི་སངས་རྒྱས་ཀྱི་བསྟན་པར་གཏོར་བཤིག་ཚབས་ཆེན་བྱུང་བ་རེད། ཕྱིས་ལྷ་ལུང་དཔལ་གྱི་རྡོ་རྗེས་བཀྲོངས། |
| ཁྲི་དྲུག་འགྱོགས |
སེང་གེ་དང༌། གླང་ཆེན། རྟ་མཆོག་རྨ་བྱ། ཤང་ཤང༌། གྱད་ཀྱི་མི་རྣམས་ཀྱིས་བརྒྱན་པའི་ཁྲི། |
| ཁྲི་པ |
དགོན་པའི་ཆོས་སྲིད་ཀྱི་འགན་འཁྲི་གཙོ་འཁུར་བྱེད་པོ་དབུ་བཞུགས་མཁན། དགའ་ལྡན་ཁྲི་པ། མཁན་པོ་ཁྲི་པ། བཀའ་བློན་ཁྲི་པ་ཞེས་པ་ལྟ་བུ། |
| ཁྲི་ཕྲག |
སྟོང་ཕྲག་བཅུའི་གྲངས། |
| ཁྲི་བགྲངས་མཚོ |
མཚོ་སྔོན་ནུབ་ཕྱོགས་གོར་མོ་རྫོང་གི་མཚོ་ཞིག |
| ཁྲི་བཙན་ནམ |
ཏོ་རེ་ལོང་བཙན་དང་འོ་མ་ལྡེ་བཟའ་གཉིས་ཀྱི་སྲས། སྔར་བོད་རྒྱལ་ཉེར་ལྔ་པ་སྟེ་བཙན་ལྔའི་ཡ་གྱལ་ཞིག |
| ཁྲི་བཙུན |
བཙུན་མོ་སྤྱི་ལ་འཇུག་ཀྱང༌། སྒོས་སུ་སྲོང་བཙན་སྒམ་པོའི་བཙུན་མོ་བལ་བཟའ་ལ་སྦྱར་རོ། ། |
| ཁྲི་བཤམས |
བཞུགས་ཁྲི་བརྒྱབ་པ། |
| ཁྲི་མུ |
བོད་སྟོད་ཕྱོགས་མཚོ་སྣ་རྫོང་གི་ས་ཆ་ཞིག་ཡིན། འགྲོ་བ་བཟང་མོ་ཞེས་པའི་སྒྲུང་ནང་བདུད་མོ་ཧ་ཤང་གི་ཕ་ཡུལ་ནི་འདིའི་རྒྱུད་ན་ཡོད། |
| ཁྲི་མུན |
(བརྡ་རྙིང་།) བཙོན་ར། |
| ཁྲི་མོན |
ཁྲི་མུན་དང་འདྲ། |
| ཁྲི་ཟུར |
1.གྲངས་ཀ་ཁྲི་ཕྲག་གཅིག་གི་ཟུར་གཅིག་གམ། ཆ་གཅིག2.ཁྲི་པ་ཟུར་པ་ལས་འགན་འཕོས་ཟིན་པའི་ཁྲི་པ། |
| ཁྲི་ཟུར་པ |
ལས་ཐོག་ཡོལ་ཏེ་ཟུར་དུ་གནས་པའི་ཁྲི་པ། |
| ཁྲི་འདུ |
བོད་ཁམས་ཕྱོགས་ཀྱི་རྫོང་ཞིག་ཁམས་སྐྱེ་རྒུ་མདོའི་ཤར་རྒྱུད་དང་བ་ཡན་ཧ་རིའི་ལྷོ་ཕྱོགས་སུ་ཡོད། |
| ཁྲི་འདུགས |
ཉི་མའི་མིང་གཞན་ཏེ། (དཔེར་ན།) ཁྲི་གདུགས་ཉི་མ་འོད་པོ་ཆེ་ཞེས་པ་ལྟ་བུ། |
| ཁྲི་འདོན |
གོ་ས་དང་དབང་ཆ་ཆེ་སར་འདོན་པ། |
| ཁྲི་འདོན་མངའ་གསོལ |
རྒྱལ་པོ་སོགས་ཀྱི་གོ་ས་སྤྲད་ནས་ཁྲི་ལ་གདན་དྲངས་ཏེ་རྟེན་འབྲེལ་བྱེད་པ། |
| ཁྲི་འཕང |
ཁྲིའི་དཔངས་ཚད། |
| ཁྲི་རལ |
ཁྲི་རལ་པ་ཅན་གྱི་བསྡུས་མཚན། |
| ཁྲི་རལ་པ་ཅན |
མཚན་དངོས་ལ་ཁྲི་གཙུག་ལྡེ་བཙན་ཡང་ཟེར། དབུ་སྐྲ་འཁྲུད་པ་ལ་མི་མཉེས་ཤིང༌། རལ་པའི་ལན་བུ་རྣམ་པར་དུད་པས་ན་བཙན་པོ་རལ་པ་ཅན་དུ་མཚན་ཐོགས། འདི་ནི་སད་ན་ལེགས་མཇིང་ཡོན་གྱི་སྲས་གསུམ་པ། བོད་རྒྱལ་གདུང་རབས་ཞེ་གཅིག་པ་ཡིན་ལ། དེ་གོང་རྒྱ་བོད་གཉིས་མི་མཐུན་ཡང་བློན་ཆེན་པོ་བྲན་ག་དཔལ་ཡོན་གཙོས་པའི་བོད་ཀྱི་ལོ་པཎ་དང་རྒྱའི་ཧཱ་ཤང་རྣམས་ཀྱིས་དབོན་ཞང་མཐུན་པར་མཛད། རྒྱ་བོད་ཀྱི་ས་མཚམས་ཕྱེ། བོད་སྐྱིད་རྟག་ལོ་བརྒྱད་པ། རྒྱའི་ཅང་ཀེང་ལོ་གཉིས་པ་ཆུ་ཕོ་སྟག་ལོ་ལ་ལྷ་སར་བྲོ་བོར་བའི་ཡི་གེ་ཆུ་ཡོས་ལོ་ལ་ལྷ་ས་དང༌། རྒྱའི་ཕོ་བྲང༌། གུང་གུ་རྨེ་རུ་གསུམ་གྱི་རྡོ་རིང་ལ་བྲིས། ལྷ་སའི་རྡོ་རིང་ད་ལྟ་བཞུགས་བཞིན་ཡོད། གཞན་གཉིས་ད་ལྟ་ཡལ་བར་གྱུར། དེ་ནས་གཟུང་རྒྱ་བོད་གཉིས་མཐུན་ཞིང་འབྲེལ་བ་བཟང་བར་བྱུང་བས། གནམ་ལ་ཆེ་བ་ཉི་ཟླ་ཟུང་གཅིག་ས་ལ་ཆེ་བ་བཙན་པོ་དབོན་ཞང་ཞེས་གླེང༌། ཡང་དེའི་རིང་ལ་རྒྱ་བལ་གྱི་པཎྜི་ཏ་མང་པོ་དང༌། ལོ་ཙཱ་བ་སྐ་ཅོག་ཞང་གསུམ་སོགས་གདན་འཛོམས་པར་གྲོས་བྱས་ཏེ། བཀས་བཅད་རྣམ་པ་གསུམ་མཛད། སྔར་བསྒྱུར་ཟིན་པའི་མདོ་རྒྱུད་བསྟན་བཅོས་ཀྱི་རིགས་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། གསར་དུ་མང་པོ་བསྒྱུར། ཆད་ལྷག་སྤང་བའི་ཕྱིར་དཀར་ཆག་བྲིས། སྐྱིད་ཤོད་དུ་འུ་ཤང་རྡོའི་དཔེ་མེད་བཀྲ་ཤིས་དགེ་འཕེལ་གཙུག་ལག་ཁང་རྒྱ་ཕིབས་དགུ་ཐོག་མ་བཞེངས། དགེ་འདུན་མི་རེ་ལ་འབངས་མི་ཁྱིམ་བདུན་དུ་བཅད་དེ་ཕུལ། དབུ་སྐྲ་ལ་དར་ཡུག་བཏགས་པའི་སྟེང་དུ་རབ་ཏུ་བྱུང་བ་རྣམས་བཞུགས་སུ་འཇུག་པ་སོགས་ཀྱི་བསྙེན་བཀུར་བྱས། དེ་ལྟར་བཀུར་སྟི་ཁམ་ཆེ་བ་མཛད་པས་ཆོས་ལ་མི་དད་པའི་བློན་པོ་དབས་སྟག་རྣ་ཅན་སོགས་ཀྱིས་ལྐོག་བསད་བྱས། དེབ་ཐེར་རྣམས་ལས་བཙན་པོ་འདི་དང་སྲོང་བཙན་སྒམ་པོ། ཁྲི་སྲོང་ལྡེ་བཙན་གསུམ་ལ་མེས་དབོན་རྣམ་གསུམ་ཟེར། |
| ཁྲི་རིན་པོ་ཆེ |
དགའ་ལྡན་ཁྲི་རིན་པོ་ཆེའི་བསྡུས་ཚིག |
| ཁྲི་རྐང་འཆོས་པའི་ལྟུང་བྱེད |
ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས། ཁྲིའི་རྐང་པ་ཁྲུ་གང་ལས་མཐོ་བ་འཆོས་པའོ། ། |
| ཁྲི་རྒྱབ་དྲུག་འགྱོགས |
བྱ་ཁྱུང་དང༌། ཀླུ་མོ། ཆུ་སྲིན། བུ་ཆུང༌། ཀྲིཥ། ཎ་སཱ་ར། གླང་ཆེན་བཅས་ཀྱིས་བཏེག་པའི་སངས་རྒྱས་བྱང་སེམས་ཀྱི་ཁྲིའི་རྒྱབ་ཡོལ། བྱ་ཁྱུང་སྟེང་ལ་བྲིས་ཡོད་པ་དང༌། ཀླུ་མོ་སོགས་ལྔ་པོ་དེ་གཡས་གཡོན་གཉིས་སུ་བྲིས་ཡོད། |
| ཁྲི་རྩེ་འབུམ་བཞེར་གྱི་ཁྲིམས |
སྲོང་བཙན་སྒམ་པོས་བོད་དུ་ལག་བསྟར་བྱས་པའི་ཁྲིམས་ཡིག་དང་པོ་སྟེ་བོད་ཀྱི་ཁོད་དྲུག་དང༌། བཀའ་འགྲོས་ཆེན་པོ་དྲུག་ཡིག་ཚངས་དྲུག་བཀའི་ཕྱག་རྒྱ་དྲུག་རྐྱེན་དྲུག་དཔའ་མཚན་དྲུག་བཅས་ཁྱོན་བསྡོམས་དོན་ཚན་སུམ་ཅུ་སོ་དྲུག་ཡོད། |
| ཁྲི་རྭ་བ་ཅན |
གྲངས་ཁྲི་ལོངས་མ་ལོངས་ཙམ། |
| ཁྲི་ལམ |
ཁྱོགས་སམ། ཤིང་རྟའི་ཁྲི་ལ་བརྟེན་ནས་བགྲོད་ཐུབ་པའི་གཞུང་ལམ། |
| ཁྲི་ལྕོག |
ཁྲི་མདུན་དུ་རྒྱག་པའི་ལྕོག་ཙེ་མཐོན་པོ། |
| ཁྲི་ལྡེ་གཙུག་བརྟན |
སྔར་བོད་རྒྱལ་སོ་བདུན་པ་མིང་གཞན་ཁྲི་ལྡེ་གཙུག་བཙན་དང༌། མེས་ཨག་ཚོམ་ཡང་ཟེར། རྒྱལ་པོ་དེའི་སྐབས་སུ་ཐང་ཀྲུང་ཙུང་གི་སྲས་མོ་གྱིམ་ཤང་ཀོང་ཇོ་བཙུན་མོར་བླངས། སྤྱི་ལོ་733 ལོར་རྒྱ་བོད་གཉིས་ཀྱི་ས་མཚམས་ཁྲི་ལིང་ལ་རྡོ་རིང་བཙུགས་ཤིང་ཕན་ཚུན་ཉོ་ཚོང་བྱས། རྒྱ་དཔེ་མདོ་གསེར་འོད་དང༌། འདུལ་བ་རྣམ་འབྱེད་ཀྱི་བསྟན་བཅོས། དེ་མིན་རྒྱ་ནག་གི་སྨན་གཞུང་དང༌། རྩིས་གཞུང་མང་པོ་བོད་དུ་བསྒྱུར། |
| ཁྲི་ལྡེ་ཡུམ་བརྟན |
འདི་ནི་གླང་དར་མའི་བཙུན་མོ་ཆེན་མའི་བུ་དོད་ཡིན་ཏེ། གླང་དར་བཀྲོངས་རྟིང་ཡུམ་གྱིས་མི་གཞན་པའི་བུ་ཆུང་ཞིག་བཙལ་ནས་རང་གི་བུར་བྱས། གཞན་གྱིས་དེ་ལ་བློ་མི་ཐུབ་ཀྱང༌། ཡུམ་གྱི་བཀའ་བརྟན་དུ་བཅུག་པས་ཁྲི་ལྡེ་ཡུམ་བརྟན་དུ་མིང་ཆགས། ཕྱིས་བཙུན་མོ་ཆུན་མའི་བུ་གནམ་ལྡེ་འོད་སྲུངས་དང་མ་འཆམས་པར་འཁྲུག་ལོང་བྱུང་སྟེ་གཉིས་ཀའི་རྒྱལ་ས་ཤོར། དེ་ནས་བཟུང་སྟེ་གཉའ་ཁྲི་བཙན་པོའི་གདུང་རྒྱུད་ཀྱིས་བོད་སྤྱི་ལ་དབང་བསྒྱུར་མ་ཐུབ་བོ། ། |
| ཁྲི་ལྡེ་སྲོང་བཙན |
ཁྲི་སྲོང་ལྡེའུ་བཙན་གྱི་སྲས་གསུམ་པ་མུ་ཏིག་བཙན་པོ་ཡིན་ཞེས་པ་དང༌། ཡང་སྲས་བཞི་པའོ་ཞེས་པ་དང༌། ཡང་དབོན་སྲས་ཁྲི་རལ་པ་ཅན་ཡིན་ཞེས་པ་སོགས་བཞེད་ཚུལ་སྣ་ཚོགས་འདུག་གོ། ། |
| ཁྲི་ཤིང |
འཁྲི་ཤིང་དང་འདྲ། |
| ཁྲི་སྐོར |
1.ཁྲི་ཕྲག་ཟིན་མ་ཟིན་ཙམ་གྱི་གྲངས་ཀ་སྟེ། (དཔེར་ན།) མི་ཚང་ཁྲི་སྐོར་ཡོད་པའི་ས་ཁུལ་ཞེས་པ་ལྟ་བུ། 2.མཆོད་རྟེན་སོགས་ལ་སྐོར་བ་ཁྲི་གཅིག་བརྒྱབ་པའི་མིང༌།3.གནའ་བོའི་དུས་ཀྱི་དབུས་གཙང་གི་སྲིད་འཛིན་ས་ཁུལ་གྱི་མིང་། |
| ཁྲི་སྐོར་བཅུ་གསུམ |
འགྲོ་མགོན་ཆོས་རྒྱལ་འཕགས་པས་སེ་ཆེན་རྒྱལ་པོའི་བཀའ་འབྲེལ་བཞིན་དབུས་གཙང་ལ་དབང་སྒྱུར་སྐབས་སུ་བཙུགས་པའི་ཁྲི་སྐོར་ས་ཁུལ་ཏེ་ལ་སྟོད་ལྷོ་བྱང་གཉིས་དང༌། གུར་མོ། ཆུ་མིག་ཤངས། ཞ་ལུ་སྟེ་གཙང་ལ་ཁྲི་སྐོར་དྲུག་རྒྱ་མ་དང༌། འབྲི་གུང༌། ཚལ་པ། ཐང་པོ་ཆེ། ཕག་མོ་གྲུ། གཡའ་བཟང་སྟེ་དབུས་ལ་ཁྲི་སྐོར་དྲུག་དབུས་གཙང་གི་མཚམས་སུ་ཡར་འབྲོག་སྟག་ལུང་ཁྲི་སྐོར་གཅིག་སྟེ་ཁྲི་སྐོར་བཅུ་གསུམ། |
| ཁྲི་སྐོར་བཏང་བ |
(ཡུལ་སྐད།) ས་གདན་སོགས་འཐག་དུས་ལག་པས་ཡར་མི་རྙོབ་ཚེ་ཐགས་ཁྲི་དམའ་རུ་བཏང་བའི་དོན། |
| ཁྲི་སྒྱོགས |
1.བྱམས་ཁྲི།2.མེ་སྒྱོགས། |
| ཁྲི་སྒྲ་དཔུང་བཙན |
དཔུང་ཞེས་པར་སྤུངས་ཡང་སྣང༌། ཁྲི་བཙན་ནམ་དང་སྨན་བཟའ་ཁྲི་དཀར་གཉིས་ཀྱི་སྲས་སྔར་བོད་རྒྱལ་ཉེར་དྲུག་པ་སྟེ་བཙན་ལྔའི་ཡ་གྱལ་ཞིག |
| ཁྲི་སྙན |
ཁྲི་སྙན་སཱ་རའི་བསྡུས་ཚིག |
| ཁྲི་སྙན་སཱ་ར |
ཀྲིཥ༌ཎ་སཱ་རའམ་སྙན་ས་ལེའང་ཟེར། རི་དྭགས་ནག་ཁྲ་ཞིག |
| ཁྲི་སྟན |
ཁྲི་དང་སྟན་གྱི་བསྡུས་མིང་སྟེ། (དཔེར་ན།) ཁྲི་སྟན་ཆེན་པོ་ཞེས་པ་ལྟ་བུ། |
| ཁྲི་སྟོང་མང་པོ |
འབོར་ཆེན་སྟོན་པའི་མང་ཚིག |
| ཁྲི་སྦྲེལ་མ |
ཁྲི་ཉིས་གཤིབས་སམ། ཁྲི་ཉིས་བསྒྲིགས། |
| ཁྲི་སྲོང་རྩན |
(བརྡ་རྙིང་།) སྲོང་བཙན་སྒམ་པོ་དང་དོན་གཅིག |
| ཁྲི་སྲོང་ལྡེ་བཙན |
ཁྲི་སྲོང་ལྡེའུ་བཙན་ཞེས་བྲིས་པའང་སྣང༌། ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་དང་རྒྱ་བཟའ་གྱིམ་ཤིང་ཀོང་ཇོ་གཉིས་ཀྱི་སྲས། བོད་རྒྱལ་གདུང་རབས་སོ་བརྒྱད་པ་ཡིན་ལ། རྒྱལ་སར་འཁོད་དུས་ནར་མ་སོན། མ་ཞང་སྣ་ནམ་སོགས་ཀྱིས་སངས་རྒྱས་པའི་ཆོས་བྱར་མེད་པའི་ཁྲིམས་བཅས། རྒྱལ་པོ་ནར་སོན་ཏེ་ཆོས་བྱ་བའི་བཀའ་གནང༌། མཁན་པོ་བྷོ་ངྷི་ས་ཏྭ་དང་སློབ་དཔོན་པདྨ་འབྱུང་གནས་གཉིས་སྤྱན་དྲངས་ཏེ། བསམ་ཡས་གཙུག་ལག་ཁང་ཆེན་མོ་བཞེངས། རྒྱ་བལ་སོགས་ནས་པཎྜི་ཏ་མང་པོ་སྤྱན་དྲངས་པ་དང༌། སྒྲ་སྒྱུར་གྱི་ལོ་ཙཱ་བ་མང་པོ་གསོ་སྐྱོང་བྱས་ཏེ། བཀའ་མདོ་རྒྱུད་མང་པོ་བོད་སྐད་དུ་བསྒྱུར། སད་མི་མི་བདུན་གྱིས་འགོ་བྱས་འབངས་སུམ་བརྒྱ་རབ་ཏུ་བྱུང་ནས་དགེ་འདུན་གྱི་སྡེ་བཙུགས། ཏ་ཟིག་དང་ཟ་ཧོར། ཐང་རྒྱལ་རབས་བཅས་ལ་དམག་བརྒྱབ། ཕྱིས་རྒྱ་བོད་ཕན་ཚུན་མཐུན་འགྲིག་བྱུང་ནས་ཐང་དིད་ཛུང་ཁྲི་ལོ་བཞི་པ་ཆུ་ཕག་ལོ་ལ་ཙེང་ཤུ་ཧྱྭན་དུ་མནའ་གཙིགས་བྱས་པ་སོགས་མཛད་པ་མང་དུ་མཛད། བཙན་པོ་འདི་མེས་དབོན་རྣམ་གསུམ་གྱི་ཡ་གྱལ་དང༌། མཁན་སློབ་ཆོས་གསུམ་གྱི་ཡ་གྱལ་དུའང་གྲགས་སོ། ། |
| ཁྲི་སྲོང་ལྡེ་བརྩན |
(བརྡ་རྙིང་།) ཁྲི་སྲོང་ལྡེ་བཙན་དང་འདྲ། |
| ཁྲི་སྲོང་ལྡེའུ་བཙན |
ཁྲི་སྲོང་ལྡེ་བཙན་དང་འདྲ། |
| ཁྲིག་ཁྲིག |
1.(རྒྱན་ཚིག) བརྟན་ཅིང་བརླང་བའི་དོན་ཏེ། (དཔེར་ན།) རི་རྒྱལ་ལྷུན་པོ་ཁྲིག་ཁྲིག་བརྟན་ཅེས་པ་ལྟ་བུ། 2.འཚམས་པོའམ། ཆ་སྙོམས་པོའི་དོན་ཏེ། (དཔེར་ན།) མང་ཉུང་ཁྲིག་ཁྲིག་ཅིག་བྱུང་འདུག་ལྟ་བུ། 3.ལེགས་པའི་ལྡོག་ཕྱོགས་ངན་པའི་དོན་ཏེ། (དཔེར་ན།) མི་དེ་ཁྲིག་ཁྲིག་ཅིག་འདུག་ལྟ་བུ། 4. ལྷམ་མཐིལ་གྱི་ཐྲིག་སྒྲ་ལ་ཁྲིག་ཅེས་འབྲི་བའང་ཡོད། |
| ཁྲིག་གཅིག |
སྡེབ་གཅིག་གམ་ལྷན་ཅིག་གི་དོན་ཏེ། (དཔེར་ན།) གྲོ་འབྲས་ཁྲིག་གཅིག་ལ་བསྲེ་མི་རུང་ཞེས་པ་ལྟ་བུ། |
| ཁྲིག་པ་གང |
(ཡུལ་སྐད།) ཕྱུར་བུར་གང་བའམ་གང་ཚད་ཆེ་བའི་དོན་ཏེ། (དཔེར་ན།) ཟེའུ་འོ་མས་ཁྲིག་པ་གང་འདུག་ཅེས་པ་ལྟ་བུ། |
| ཁྲིག་སྙོམས |
ཆ་སྙོམས་ཀྱི་དོན་ཏེ། (དཔེར་ན།) ལམ་འདི་རྐང་ཐང་མར་འགྲོ་མཁན་ཚོར་ཁྲིག་སྙོམས་བྱུང་འདུག་ཅེས་པ་ལྟ་བུ། |
| ཁྲིགས |
གྲལ་ལམ་སྟར་གྱི་དོན་ཏེ། (དཔེར་ན།) མི་རྣམས་གྲལ་བསྟར་ཁྲིགས་སུ་ཆགས་སུ་གནས་ལྟ་བུ། |
| ཁྲིགས་ཁྲིགས |
1.(རྒྱན་ཚིག) གྲ་སྒྲིག་གི་བྱ་བ་སོགས་མ་ཚང་བ་མེད་པའི་དོན་ཏེ། (དཔེར་ན།) འགྲོ་ཆས་རྣམས་ཁྲིགས་ཁྲིགས་བྱས་ལྟ་བུ། 2.རིམ་པ་མ་འཆོལ་བའི་དོན་ཏེ། (དཔེར་ན།) ཚོང་རྫས་རྣམས་ཁྲིགས་ཆགས་སུ་བསྒྲིགས་ལྟ་བུ། |
| ཁྲིགས་ཁྲིགས་མེད |
(ཡུལ་སྐད།) ཧ་ལམ་ཡིད་ཆེས་པའམ་རེ་བ་བྱེད་པ་དང་དོགས་ཟོན་བྱེད་པ་སོགས་སྟོན་ཏེ། (དཔེར་ན།) ད་ལོ་ལོ་ཡག་འབྱུང་བར་ཁྲིགས་ཁྲིགས་མེད། འགྲོ་དང་མི་འགྲོ་ཁྲིགས་ཁྲིགས་མེད་ཅེས་པ་ལྟ་བུ། |
| ཁྲིགས་ཆགས |
རིམ་པ་ངེས་ཅན་བར་མ་ཆད་པར་གྲལ་དུ་བསྟར་བའི་དོན་ཏེ། (དཔེར་ན།) དགེ་བའི་བཤེས་གཉེན་གྱིས་བླང་དོར་ཁྲིགས་ཆགས་སུ་བསྟན། ཚོགས་འདུར་ཡོང་མཁན་ཚང་མ་ཁྲིགས་ཆགས་སུ་བསྒྲིགས་ནས་ནང་དུ་ཕྱིན། བཞུགས་ཁྲི་རྣམས་ཁྲིགས་ཆགས་སུ་བཀོད་ཅེས་པ་ལྟ་བུ། |
| ཁྲིགས་ཏེ |
རྦད་དེའམ་རྩ་བ་ནས་ཞེས་པའི་དོན་ཏེ། (དཔེར་ན།) ལས་ཀ་ཚང་མ་འཚེམས་ལུས་མེད་པར་ཁྲིགས་ཏེ་ཚར་སོང༌ཞེས་པ་ལྟ་བུ། |
| ཁྲིགས་སེ |
(ཡུལ་སྐད།) 1.རྦད་དེའམ། རྩ་བ་ནས་ཞེས་པའི་དོན་ཏེ། (དཔེར་ན།) ལས་དོན་ཚང་མ་ཁྲིགས་སེ་བྱས་ཚར། ལུང་པ་འདིར་ཆུས་ཁྲིགས་སེ་གང་སོང༌། རྨོངས་གཉིད་ཁྲིགས་སེ་སད་ནས་ཡར་ལངས་ཞེས་པ་ལྟ་བུ།2.ཐ་སྙད་ལ་ལའི་མཐར་སྦྱར་ན་འོས་ཤིང་འཚམ་པའི་དོན་ཏེ། (དཔེར་ན།) ལྷམ་འདི་ངའི་རྐང་བ་ལ་ཁྲིགས་སེ་འདུག ལྭ་བ་འདི་ངའི་གཟུགས་པོ་ལ་ཁྲིགས་སེ་རན་ལྟ་བུ། |
| ཁྲིད |
(བྱེད་འབྲེལ་ལས་ཚིག) 1.འཁྲིད་པའི་འདས་པ་དང་སྐུལ་ཚིག (དཔེར་ན།) བྱིས་པ་ཁྲིད་ནས་སློབ་གྲྭར་སོང་། བྱིས་པ་ཁྲིད་ཅིག་ལྟ་བུ།ལས་ཚིག་ལས་ལའི་མཐར་སྦྱར་ན་མིང་ཚིག་ཏུཡང་འགྱུར་ཏེ། (དཔེར་ན།) སློབ་ཁྲིད། དཔེ་ཁྲིད། དམར་ཁྲིད་ཅེས་པ་ལྟ་བུ། |
| ཁྲིད་ཆེན |
འགྲེལ་ཆེན་ནམ། འགྲེལ་བཤད་རྒྱས་པའི་དོན་ཏེ། (དཔེར་ན།) ཁྲིད་ཆེན་བརྒྱད་ཅེས་པ་ལྟ་བུ། |
| ཁྲིད་ཆེན་བརྒྱད |
འགྲོ་མགོན་གཙང་པ་རྒྱ་རས་ཀྱི་གདམས་ངག་བླ་མ་སྐུ་གསུམ་གྱི་ཁྲིད། བྱམས་སྙིང་རྗེའི་ཁྲིད། རྒྱུ་འབྲས་རྟེན་འབྲེལ་གྱི་ཁྲིད། ལྔ་ལྡན་བདུད་རྩི་ཐིགས་པའི་ཁྲིད། ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད། ནཱ་རོ་ཆོས་དྲུག་གི་ཁྲིད། ཆོས་བརྒྱད་མགོ་སྙོམས་ཀྱི་ཁྲིད། གསང་སྤྱོད་ལྡོག་སྒོམ་གྱི་ཁྲིད་དེ་བརྒྱད་དོ། ། |
| ཁྲིད་པ |
འཁྲིད་པའི་འདས་པའི་བྱ་མིང་། |
| ཁྲིད་བཤད |
དཔེ་ཆའི་ཚིག་དོན་དང་ལག་རྩལ་སོགས་ངག་ཐོག་ནས་འགྲེལ་བཤད་བརྒྱབ་པའི་མིང་། |
| ཁྲིད་འདེབས |
དཔེ་ཆ་སོགས་ཀྱི་གོ་དོན་སློབ་པའམ་བརྡ་སྤྲོད་པའི་དོན་ཏེ། (དཔེར་ན།) སློབ་ཕྲུག་རྣམས་ལ་དཔེ་ཆའི་ཚིག་དོན་ཁ་གསལ་གོ་བདེའི་ཁྲིད་འདེབས་བྱེད་པ་ཞེས་པ་ལྟ་བུ། |
| ཁྲིད་ཡིག |
སློབ་ཁྲིད་བྱེད་རྒྱུའི་ཡི་གེའམ་དཔེ་ཆའི་མིང་སྟེ། (དཔེར་ན།) ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་ཞེས་པ་ལྟ་བུ། |
| ཁྲིད་སྟོན |
ལམ་ཁྲིད་དམ་སློབ་སྟོན་གྱི་མིང་། |
| ཁྲིམས |
གཏན་ལ་ཕབ་པའི་ལུགས་སྲོལ་དང་ཁྲིམས་ཡིག་གིས་མི་རྣམས་ཀྱི་བྱ་སྤྱོད་སྡོམ་པར་བྱེད་པའི་ཚད་གཞི་སྣ་ཚོགས་ཀྱི་སྤྱི་མིང་ཡིན་ལ། དེའི་ནང་དུ་བཅའ་ཁྲིམས་དང་བཀའ་ཁྲིམས་རྣམས་འདུས་ཡོད། (དཔེར་ན།) ཁྲིམས་དང་མཐུན་པ། ཁྲིམས་འགལ་གྱི་བྱ་བ། ཁྲིམས་ལ་སྦྱར་བ་ཞེས་པ་ལྟ་བུ། |
| ཁྲིམས་ཀྱི་ཁ་ལོ་པ |
(མངོན་བརྗོད།) བློན་པོ། |
| ཁྲིམས་ཀྱི་ཁོལ་པོ |
རྟག་ཏུ་ཁྲིམས་ཀྱི་ལས་བྱེད་མཁན་དང་ནམ་ཡང་ཁྲིམས་དང་འགལ་བའི་མི། |
| ཁྲིམས་ཁང |
ཁྲིམས་གཅོད་ཁང༌མིང་གི་རྣམ་གྲངས་ལ་ཁྲིམས་ཀྱི་ར་བ་དང༌། ཁྲིམས་རྔའི་ཁང་པ། སྒྲ་ལྡན་ཅན། དྲིལ་སྒྲོག་ས་བཅས་སོ། ། |
| ཁྲིམས་གཅོད |
གཏན་འབེབས་ཀྱི་ལུགས་སྲོལ་ལམ་ཁྲིམས་ཡིག་གི་འབྲུ་དོན་ལྟར་ཉེས་ཅན་ལ་བཏང་བའི་ཆད་ལས་ཀྱི་མིང་སྟེ། (དཔེར་ན།) ཉེས་ཆད་གཏོང་བ། ལ་ཁའི་སོ་པ་མ་གཏོགས་ཁྲིམས་གཅོད་ཀྱི་སྟ་རེ་མ་རེད་ཅེས་པ་ལྟ་བུ། |
| ཁྲིམས་གཅོད་ཡུལ |
1.ཁྲིམས་ར།2.ཉེས་ཅན་གྱི་མི། |
| ཁྲིམས་གཅོད་ལས་མཁན |
ཁྲིམས་གཅོད་ཀྱི་ལས་ཀ་ལག་ལེན་སྟར་བའི་མི། |
| ཁྲིམས་གཏམ |
ནག་ཅན་ལ་ཁྲིམས་གཅོད་དུས་བསྒྲག་པའི་གཏམ། |
| ཁྲིམས་གནས |
1.ཁྲིམས་ལ་གནས་པ།2.ཁྲིམས་གཅོད་སའི་གནས་སམ་ཡུལ། |
| ཁྲིམས་ཆད |
ཁྲིམས་དང་འགལ་བའི་ཉེས་ཆད། |
| ཁྲིམས་ཆས |
ཁྲིམས་གཅོད་གཏོང་སྐབས་ཀྱི་ཡོ་བྱད། |
| ཁྲིམས་ཆེན་དྲུག |
མི་སྲོག་མི་གཅོད་པ། གཞན་ནོར་མི་རྐུ་བ། རྫུན་མི་བཤད་པ། ལོག་གཡེམ་མི་སྤྱོད་པ། ཆང་མི་འཐུང་བ་སྟེ་གཏན་ཁྲིམས་ལྔ་དང༌། ཁེང་མི་ལྡོག་པ་བཅས་སྔར་བོད་རྗེ་སྲོང་བཙན་སྒམ་པོས་བཅས་པའི་ཁྲིམས་ཆེན་དྲུག་ཅེས་སུ་གྲགས། |
| ཁྲིམས་ཆེན་བདུན |
མི་སྲོག་མི་གཅོད་པ། གཞན་ནོར་མི་རྐུ་བ། རྫུན་མི་བཤད་པ། ལོག་གཡེམ་མི་སྤྱོད་པ། ཆང་མི་འཐུང་བ་སྟེ་གཏན་ཁྲིམས་ལྔ་དང༌། ཁེང་མི་ལྡོག་པ། བང་སོ་མི་འདྲུ་བ་གཉིས་བཅས་སྔར་བོད་རྗེ་སྲོང་བཙན་སྒམ་པོས་བཅས་པའི་ཁྲིམས་བདུན་ཞེས་སུ་གྲགས། |
| ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ |
དགེ་སློང་ཕའི་བསྲུང་བྱའི་འདུལ་ཁྲིམས་ཀྱི་གྲངས། |
| ཁྲིམས་ཐུ་མོ་ཆེ |
ཁྲིམས་ལུགས་བཙན་པོའམ། ཧ་ཅང་ལྕི་བའི་ཁྲིམས། |
| ཁྲིམས་དཔོན |
ཞལ་ལྕེ་གཅོད་པ་པོ། |
| ཁྲིམས་དུང |
1.ཁྲིམས་གཅོད་དྲག་པོ་གཏོང་སྐབས་འབུད་པའི་དུང༌།2.ཁྲིམས་སར་འཛོམ་བྱེད་ཀྱི་དུང་བརྡ། |
| ཁྲིམས་དེབ |
ཁྲིམས་ལུགས་ཀྱི་ཡིག་ཆ། |
| ཁྲིམས་དྲག་པོ |
1.ཁྲིམས་ལྕི་པོ།2.ལུས་སྲོག་ལ་ཆད་འབེབས་ཀྱི་ཁྲིམས། |
| ཁྲིམས་དྲལ |
ཁྲིམས་བཤིག་པའམ། ཁྲིམས་རྒྱ་དབྲལ་བ། |
| ཁྲིམས་ཕོག |
ཁྲིམས་ཀྱིས་ཉེས་པ་ལུས་དང་རྒྱུ་ཐོག་ཏུ་ཕོག་པ། |
| ཁྲིམས་བདག |
བཀའ་ཁྲིམས་ཀྱི་བདག་པོ། ཁྲིམས་བདག་གོང་ས། |
| ཁྲིམས་བཙུན |
ཚུལ་ཁྲིམས་ལྡན་པའི་བཙུན་པ། |
| ཁྲིམས་བཟོ |
སྒྲིགས་ཁྲིམས་གསར་བཟོ། |
| ཁྲིམས་བརྩི |
བཀའ་ཁྲིམས་དང་ལེན། |
| ཁྲིམས་བཤིག |
ཁྲིམས་ལ་མ་བརྩིས་པར་གཏོར་བ། |
| ཁྲིམས་མཐུན |
ཁྲིམས་ལུགས་དང་མི་འགལ་བ། |
| ཁྲིམས་མཐུན་གཅོད་རྒྱ |
ཁྲིམས་དང་མཐུན་པར་ཐག་གཅོད་བྱས་པའི་ཆོད་གན། |
| ཁྲིམས་མུན |
(མངོན་བརྗོད།) 1>ཁྲིམས་གཅོད་ར་བ། 2>བཙོན་ཁང༌། |
| ཁྲིམས་མེད |
སྲོལ་བཟང་ངམ་མི་ཆོས་ཡ་རབས་ཀྱི་ལུགས་སྲོལ་མེད་པའི་དོན་ཏེ། (དཔེར་ན།) ཡུལ་གྲུ་དེར་ཅི་བྱས་ཀྱང་ཁྲིམས་མེད། ཁྲིམས་མེད་ན་སྤྱི་ཚོགས་ཟ་ཟིང་ཆགས་ཡོང་ཞེས་པ་ལྟ་བུ། |
| ཁྲིམས་མེད་བཙན་ཤེད |
ཁྲིམས་ལུགས་ལ་མི་བརྩི་བར་གཞན་ལ་དབང་ཡོད་ཐུབ་ཚོད་བྱེད་པའི་བྱ་སྤྱོད་ཀྱི་མིང་། |
| ཁྲིམས་མེད་ལུགས་མེད |
ཁྲིམས་དང་ལུགས་སྲོལ་གང་དང་ཡང་མི་མཐུན་པའི་ངན་སྤྱོད་ཚབས་ཆེན་གྱི་མིང་། |
| ཁྲིམས་འགལ |
ཁྲིམས་ལུགས་དང་མི་མཐུན་པའི་སྤྱོད་པ་སྟེ། (དཔེར་ན།) ཁྲིམས་འགལ་ལུགས་འཆོལ། ཁྲིམས་འགལ་ནག་ཅན། ཁྲིམས་འགལ་བྱ་སྤྱོད་ཅེས་པ་ལྟ་བུ། |
| ཁྲིམས་འཇགས |
ཁྲིམས་ཇི་ལྟར་བསྒྲགས་པ་ལྟར་གནས་པ། |
| ཁྲིམས་འཇལ |
ཉེས་ཆད་འཇལ་བ། |
| ཁྲིམས་འཛིན་པ |
ཡུལ་ལུང་ངམ་ཚོགས་སྡེ་སོ་སོའི་གཏན་འབེབས་ལྟར་གྱི་ཁྲིམས་ཡིག་འཛིན་པའི་ལས་མི་སྟེ། (དཔེར་ན།) དགོན་པའི་ཁྲིམས་འཛིན་པ། ཡུལ་གྱི་ཁྲིམས་འཛིན་པ་ཞེས་པ་ལྟ་བུ། |
| ཁྲིམས་ཡིག |
རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཏན་ལ་ཕབ་པའི་ཡིག་རིགས། |
| ཁྲིམས་ཡིག་གསུམ |
སྲོང་བཙན་སྒམ་པོའི་སྐབས་ལག་ལེན་བསྟར་བའི་བདེན་རྫུན་དབྱེ་འབྱེད་ཀྱི་ཞལ་ལྕེ་ཁག་གསུམ་སྟེ། མདོ་ལོན་ཞུ་བཅད་ཀྱི་ཁྲིམས་དང༌། དབང་ཆེན་བཅད་ཀྱི་སྤྱི་ཁྲིམས། ཁབ་སོ་ནང་པའི་ཁྲིམས་བཅས་སོ། ། |
| ཁྲིམས་ཡིག་དྭངས་ཤེལ་མེ་ལོང |
རབ་བྱུང་བཅུ་གཅིག་པའི་ལྕགས་བྱ་ལོ་སྟེ་སྤྱི་ལོ་ ༡༦༨༡ ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས་པའི་ཁྲིམས་ཡིག་སྐོར་གྱི་དཔེ་དེབ་ཅིག |
| ཁྲིམས་ཡིག་དྲུག |
ཁྲི་རྩེ་འབུམ་བཞེར་གྱི་ཁྲིམས་དང༌། འབུམ་གསེར་ཐོག་ཤ་བ་ཅན་གྱི་ཁྲིམས། རྒྱལ་ཁམས་དཔེར་བླངས་ཀྱི་ཁྲིམས། མདོ་ལོན་ཞུ་བཅད་ཀྱི་ཁྲིམས། དབང་ཆེན་བཅད་ཀྱི་སྤྱི་ཁྲིམས། ཁབ་སོ་ནང་པའི་ཁྲིམས་ཏེ་སྲོང་བཙན་སྒམ་པོས་བོད་དུ་ལག་ལེན་བསྟར་བའི་རྩ་བའི་བཀའ་ཁྲིམས་དྲུག |
| ཁྲིམས་ར |
ཁྲིམས་ཁང་གིས་བཙུགས་པའི་ལས་ཁུངས་ཤིག་སྟེ། གཙོ་བོར་ཁྲིམས་ལ་ཞིབ་བཤེར་དང་ཞིབ་བརྟག་བྱེད་པའི་འགན་ཁུར་ཡོད། |
| ཁྲིམས་རྐུན་ལྐོག་བརྡུངས |
ཁྲིམས་ལུགས་ཁ་ཁྱེར་གྱི་སྒོ་ནས་གཞན་ལ་ལྐོག་བརྙས་མནར་བརྡུངས་བྱེད་པའི་བྱ་སྤྱོད་ཀྱི་མིང་། |
| ཁྲིམས་རྒྱུན |
ཁྲིམས་སྲོལ། |
| ཁྲིམས་རྔ |
སྔར་ནག་ཅན་ལ་ཁྲིམས་གཅོད་དུས་རྡུང་བའི་རྔ། |
| ཁྲིམས་རྔའི་ཁང་པ |
(མངོན་བརྗོད།) ཁྲིམས་ཁང༌། |
| ཁྲིམས་རྩ |
ཁྲིམས་ལུགས་ཀྱི་རྩ་བའི་གཞུང་ལུགས་སམ་རྩ་ཚིག་སྟེ། (དཔེར་ན།) ཁྲིམས་རྩ་བྲག་རི་ལས་ནན་པ། ཁྲིམས་གཞུག་མདའ་མོ་ལས་སྲོང་བ་ཞེས་པ་ལྟ་བུ། |
| ཁྲིམས་ལུགས |
ཁྲིམས་ཀྱི་ལུགས་སྲོལ་གྱི་བསྡུས་མིང་། |
| ཁྲིམས་ལྡན |
ཚུལ་ལྡན་ནམ། ཁྲིམས་མཐུན། |
| ཁྲིམས་ལྷོད |
ཚུལ་ཁྲིམས་སམ། ཡུལ་ཁྲིམས་དམ་པོ་མིན་པ། |
| ཁྲིམས་ས |
ཁྲིམས་ཁང་གི་དོན་ཏེ། (དཔེར་ན།) ཁྲིམས་ས་གོང་མ། ཁྲིམས་ས་ལ་སོང་ནས་གྱོད་བཤད་ལྟ་བུ། |
| ཁྲིམས་ས་བར་གཅོད |
ཁྲིམས་ཁང་ནས་ཐག་གཅོད་དགོས་ངེས་ཀྱི་གྱོད་དོན་དེ་འོག་ནས་ཁྲིམས་འགལ་གྱིས་ཐག་གཅོད་བྱས་པའི་དོན། |
| ཁྲིམས་ས་ཚོད་ལོངས |
ཁྲིམས་ལ་མཐོང་ཆུང་བྱེད་པ། |
| ཁྲིམས་སུམ་བརྒྱ་དྲུག་ཅུ |
དགེ་སློང་མའི་བསྲུང་བྱའི་འདུལ་ཁྲིམས་ཀྱི་གྲངས། |
| ཁྲིམས་སྡོམ་པ |
1.ཁྲིམས་བཟོ་བ། 2.ཁྲིམས་ལྟར་མི་རྣམས་ཀྱི་བྱ་སྤྱོད་ལ་སྟངས་འཛིན་ཤུགས་དྲག་བྱེད་པ། |
| ཁྲིམས་སྦྱོར |
ཁྲིམས་ལ་སྦྱོར་བའི་བསྡུས་ཚིག |
| ཁྲིམས་སྲུང |
ཚུལ་ཁྲིམས་སམ་ཡུལ་ཁྲིམས་བརྩི་སྲུང༌། |
| ཁྲིམས་སྲོལ |
ཁྲིམས་ཀྱི་ལུགས་སྲོལ་གྱི་བསྡུས་ཚིག |
| ཁྲིའུ |
འདུག་སྟེགས་ཆུང་ངུའི་མིང་། |
| ཁྲིའུ་ཁྱོགས |
ཕེབས་ཁྲིའམ། འགྱོགས་ཁྲི། |
| ཁྲིའུ་ཤིང |
རྐུབ་སྟེགས། |
| ཁྲིལ |
འཁྲིལ་གྱི་འབྲི་ཚུལ་གཞན། |
| ཁྲིས |
རྐང་དང་ཉག་མའི་དོན་ཏེ། (དཔེར་ན།) སྐ་རགས་ཁྲིས་གཅིག་ཅེས་པ་ལྟ་བུ། |
| ཁྲིས་སྐུད |
གྱོན་པའི་མཐར་གཏོང་རྒྱུའི་སྐུད་པ་བསླས་མ། |
| ཁྲུ |
1.གྲུ་མོའི་སྣེ་ནས་མཐེབ་ཆུང་རྩ་བའི་ཚིགས་བར་གྱི་ཆ་ཤས་དེ་ལ་བསྐུམས་ཁྲུ་གང་དང༌། གྲུ་མོའི་སྣེ་ནས་གུང་མཛུབ་ཀྱི་རྩེ་མོ་བར་གྱི་ཆ་ཤས་དེ་ལ་བརྐྱངས་ཁྲུ་གང་ཞེས་ཟེར་བས། སྔ་མ་ལ་སོར་ཉི་ཤུ་དང༌། ཕྱི་མ་ལ་སོར་ཉེར་བཞི་མཆིས་སོ། །2.འདུལ་བ་ལས་གསལ་བ་ལྟར་ན་རང་གི་ལུས་ཀྱི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་དུམ་བུ་བདུན་དུ་བཏང་བའི་དུམ་བུ་གཉིས་ཀྱི་རིང་ཚད་ཅིག |
| ཁྲུ་གང་ཁོར་ཡུག |
ཁྲུ་གང་གྲུ་བཞི་པ། |
| ཁྲུ་ཐིལ |
(རྒྱ་སྐད།) ཆ་སྒམ་སྒྲོག་ཙེ་སོགས་ཀྱི་ལོགས་ངོས་དངོས་པོ་འཇུག་སྣོད། |
| ཁྲུ་འཇལ |
རས་དང་གོ་ལྤགས་སོགས་ཁྲུ་ཚད་ལེན་པ། |
| ཁྲུ་སློག་པ |
ཕྲུ་སློག་པ་དང་འདྲ། |
| ཁྲུང |
ཆང་གི་བརྡ་རྙིང་། |
| ཁྲུང་ཁྲུང |
བྱ་ཁྲུང་ཁྲུང༌གི་མིང་སྟེ། (དཔེར་ན།) ཁྲུང་ཁྲུང་དཀར་ཡང་མཇུག་རྩེ་ནག་ཅེས་པ་ལྟ་བུ། མིང་གི་རྣམ་གྲངས་ལ་ཀྲུང་ཀྲུང་དང༌། མགྲིན་རིང༌། མཇུག་ནག་མིག་སྨན་མཇུག་ཅན་བཅས་སོ། ། |
| ཁྲུང་ཁྲུང་ཁ་སྤྲོད |
བྱ་ཁྲུང་ཁྲུང་གཉིས་གདོང་སྤྲོད་ཀྱི་རི་མོ། |
| ཁྲུང་བན |
ཆང་སྣོད། |
| ཁྲུང་བན་རྟ་མགོ་མ |
ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐྱེམས་ཆང་བླུག་སྣོད། རྗེ་ཙོང་ཁ་པས་ས་འོག་ནས་བཏོན་ཏེ་ལྷ་ལྡན་གཙུག་ལག་ཁང་གི་སྲོང་བཙན་སྒམ་པོའི་སྐུ་མདུན་ལ་བཤམས་པ་ཞིག |
| ཁྲུང་མ |
ཆང་མ། |
| ཁྲུང་ཞུ་མ |
ཆང་འདྲེན་མཁན་གཡོག་མོ། |
| ཁྲུང་རིན |
ཆང་རིན། |
| ཁྲུང་ས |
1.ཆང་འཐུང་སའི་གནས།2.ཆང་ས་སྟེ་གཉེན་སྒྲིག་བྱེད་སྒོ། |
| ཁྲུད་མ |
1.བཀྲུ་བཤལ་བྱེད་པའི་མིང༌སྟེ། (དཔེར་ན།) ནས་ལ་ཁྲུད་མ་བརྒྱབ་ནས་ཉི་མར་བསྐམས།2.དྲི་མ་བཀྲུས་པའི་ཆུ་སྙིགས། |
| ཁྲུན |
1.དབྱེ་བའམ་ཤན་གྱི་དོན་ཏེ། (དཔེར་ན།) རྒྱལ་ཕམ་གྱི་ཁྲུན་གཅོད་པ། བདེན་རྫུན་གང་ཡིན་གྱི་ཁྲུན་འབྱེད་པ།2.དཀྱུས་སམ། སྲིད་དམ། འཕང་ངམ། དཔངས་ཀྱི་ཚད་དེ། (དཔེར་ན།) ཁྲུན་མཐོ་བ། ཁྲུན་རིང་བ་ཞེས་པ་ལྟ་བུ། |
| ཁྲུན་ཐག |
ཁོ་ཐག་དང་དོན་འདྲ་སྟེ། (དཔེར་ན།) ཁྲུན་ཐག་མ་བཅད་ལྟ་བུ། |
| ཁྲུམ་ཁྲུམ |
(རྒྱན་ཚིག) རྟ་དྲེལ་གྱིས་སྲན་མ་ཟ་བ་ལྟ་བུའི་སྒྲ་སྟེ། (དཔེར་ན།) རྟས་སྲན་མ་ཁྲུམ་ཁྲུམ་ཟ། ཁྱིས་རུས་པ་ཁྲུམ་ཁྲུམ་འཆའ་ལྟ་བུ། |
| ཁྲུམས |
རྒྱུ་སྐར་ཁྲུམས་སྟོད་དང་ཁྲུམས་སྨད་གཉིས་ཀྱི་སྤྱི་མིང༌། |
| ཁྲུམས་ཞག |
ལོག་ཞག་ཉེར་བཞི་དང་བྱ་ཞག་བཞི་བཅུ་རྫོགས་རྗེས་སུ་ཁྲུམས་ཞག་བཅུ་གཉིས་བརྩི་བྱ་ཞག་རྫོགས་རྗེས་གཙང་གི་ཁྲུམས་ཞག་བརྩི་ཞེས་པ་ལྟར་རོ། ། |
| ཁྲུམས་ཟླ |
ཁྲུམས་སྟོད་ཟླ་བའི་བསྡུས་མིང་། ཧོར་ཟླ་བདུན་པའི་བཅུ་དྲུག་ནས་བརྒྱད་པའི་བཅོ་ལྔའི་བར་དུ་ཁྲུམས་སྟོད་ཟླ་བ་ཟེར། |
| ཁྲུམས་སྟོད |
རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་ནང་ཚན་ཞིག མིང་གི་རྣམ་གྲངས་ལ་བྱ་མཆུ་དང༌། ར་ཡི་ལྷ་མོ། གནས་མེ་བཅས་སོ། ། |
| ཁྲུམས་སྟོད་ཟླ་བ |
བོད་རྩིས་ཀྱི་ཟླ་བ་བརྒྱད་པའི་མིང་ཡིན་ལ། བོད་རྩིས་ཀྱི་ཟླ་བ་དང་པོ་ནས་བཅུ་གཉིས་པའི་བར་རིམ་པ་བཞིན་དུ། 1མཆུ་ཟླ་བ། 2 དབོ་ཟླ་བ། 3 ནག་པ་ཟླ་བ། 4 ས་ག་ཟླ་བ། 5 སྣྲོན་ཟླ་བ། 6 ཆུ་སྟོད་ཟླ་བ། 7 གྲོ་བཞིན་ཟླ་བ། 8 ཁྲུམས་སྟོད་ཟླ་བ། 9 དབྱུ་གུ་ཟླ་བ། 10 སྨིན་དྲུག་ཟླ་བ། 11 མགོ་ཟླ་བ། 12 རྒྱལ་ཟླ་བ་བཅས་ཡིན། དེ་ཡང་བོད་རྩིས་ཀྱི་ཟླ་དེ་དག་གི་ཚེས་བཅོ་ལྔའི་ཟླ་བ་སྐར་ཚོགས་དེ་དག་དང་མཉམ་དུ་འཆར་ནུབ་བྱེད་པའི་རྒྱུ་མཚན་གྱིས་ཟླ་བའི་མིང་ལའང་དེ་ལྟར་བཏགས་པ་ཡིན། དཔེར་ན་བོད་རྩིས་ཀྱི་ཟླ་བ་བཅུ་པ་སྨིན་དྲུག་ཟླ་བའི་ཚེས་བཅོ་ལྔའི་ཟླ་བ་སྐར་མ་སྨིན་དྲུག་དང་མཉམ་དུ་འཆར་ནུབ་བྱེད་པ་ང་ཚོས་ཤའི་མིག་གིས་མངོན་སུམ་དུ་མཐོང་ཐུབ་པ་ལྟ་བུའོ། ། |
| ཁྲུམས་སྨད |
རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་ནང་ཚན་ཞིག མིང་གི་རྣམ་གྲངས་ལ་ཨུཏྟ་ར་དང༌། བྷ་དྲ་པཱ། ཟེའུ་འཆིང་བཅས་སོ། ། |
| ཁྲུའུ་རྩེ |
(རྒྱ་སྐད།) སྟོང་སྐུད་ལས་བཏགས་པའི་དར་རིགས་ཤིག |
| ཁྲུལ |
1.དངོས་རྫས་སོ་སོར་བྲལ་བའི་རྡོག་པོའི་མིང་སྟེ། (དཔེར་ན།) ཤིང་ཁྲུལ་བ གོ་རེ་ཁྲུལ་བ། ཟས་ཁྲུལ། ཤ་ཁྲུལ་ཞེས་པ་ལྟ་བུ། 2.(བྱེད་མེད་ལས་ཚིག) རྡོག་པོར་ཐོར་བའི་དོན་ཏེ། (དཔེར་ན།) མཆི་མ་ཁྲུལ། ཤིང་ལོ་ས་ལ་ཁྲུལ་ཞེས་པ་ལྟ་བུ། |
| ཁྲུས |
1.འཁྲུད་པའི་སྐུལ་ཚིག 2. ཁྲུས་ཀྱི་མིང༌སྟེ། (དཔེར་ན།) གཟུགས་པོ་ལ་ཁྲུས་རྒྱག་པ་ཞེས་པ་ལྟ་བུ། |
| ཁྲུས |
བཀྲུ་བའི་བྱ་བའི་མིང་སྟེ། (དཔེར་ན།) ཁྲུས་ཆུ། ཁྲུས་ཁང་། ཁྲུས་གཞོང་ཞེས་པ་ལྟ་བུ། |
| ཁྲུས་ཀྱི་བརྟུལ་ཞུགས |
(མངོན་བརྗོད།) དྲང་སྲོང༌། |
| ཁྲུས་ཁང |
ཁྲུས་བྱེད་སའི་ཁང་པ། |
| ཁྲུས་གཞོང |
1.ལུས་འཁྲུད་སའི་གཞོང་པ།2.ཁྲུས་གསོལ་སྐབས་ཀྱི་འབབ་གཞོང༌། |
| ཁྲུས་གསུམ་བྱེད་པ |
བྱ་རྒྱུད་ཀྱི་སྤྱོད་པ་ཕྱིའི་ཁྲུས་ཡན་ལག་ལྔ་ཁྲུས། ནང་གི་ཁྲུས་རྩ་ལྟུང་དག་པར་བྱེད་པ། གསང་པའི་ཁྲུས་མཚན་རྟོག་དག་པར་བྱེད་པའོ། ། |
| ཁྲུས་གསོལ |
སྐུ་ཁྲུས་འབུལ་པ། |
| ཁྲུས་ཆལ |
འདག་རྫས་སམ། ཁྲུས་རྫས། |
| ཁྲུས་ཆུ |
1.གཟུགས་པོ་འཁྲུད་བྱེད་ཀྱི་ཆུ།2.ལྷ་རྟེན་ལ་ཁྲུས་གསོལ་བྱས་པའི་ཆུ། |
| ཁྲུས་དར |
ལྷ་རྟེན་ལ་ཁྲུས་གསོལ་བྱེད་སྐབས་སྐུ་ཕྱི་བར་བྱེད་པའི་དར་གོས། |
| ཁྲུས་བཤལ |
ཆུས་དྲི་མ་བཤལ་བ། |
| ཁྲུས་བུམ |
ཁྲུས་གསོལ་སོགས་བྱེད་པའི་ཡོ་བྱད་བུམ་པ། |
| ཁྲུས་བྱ་བ |
ཕྱི་འཇུག་གི་ནང་གསེས། དབང་གི་དཀྱིལ་འཁོར་དུ་མ་ཞུགས་པའི་སྔོན་དུ་སློབ་མ་རྣམས་ཕྱི་རོལ་དུ་ལས་བུམ་གྱི་ཆུས་བཀྲུ་བའོ། ། |
| ཁྲུས་བྱེད་པའི་ལྟུང་བྱེད |
ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས། ཚ་བའི་དུས་ཟླ་བ་གསུམ་དང༌། ནད་ལ་ཕན་པ་སོགས་གནང་བའི་དུས་མ་ཡིན་པར་སྔར་ཁྲུས་བྱས་ནས་ཟླ་བ་ཕྱེད་མ་འདས་པའི་སྔ་རོལ་དུ་རང་དགར་ཁྲུས་བྱེད་པའོ། ། |
| ཁྲུས་མ |
ཁྲུད་མ་དང་འདྲ། |
| ཁྲུས་མཁན |
(མངོན་བརྗོད།) ཞུམ་བུའམ་བྱི་ལ། |
| ཁྲུས་རས |
ཁྲུས་རྒྱག་སྐབས་འབྱིད་བྱེད་དང་གྱོན་རྒྱུའི་རས། |
| ཁྲུས་རྩི |
འདག་རྫས། |
| ཁྲུས་རྩྭ |
(མངོན་བརྗོད།) དག་བྱེད་རྫས་རྩྭ་ཀུ་ཤ |
| ཁྲུས་རྫས |
འདག་རྫས། |
| ཁྲུས་རྫིང |
ཁྲུས་རྒྱག་སའི་ཆུ་རྫིང༌། |
| ཁྲུས་སྡེར |
ལྷ་རྟེན་ལ་ཁྲུས་གསོལ་སྐབས་ཀྱི་འབབ་གཞོང༌། |
| ཁྲེ |
ལོ་ཏོག་ཅིག་གི་མིང་སྟེ། (དཔེར་ན།) སྙེ་མ་བྱི་ལའི་མཇུག་མའི་དབྱིབས་དང་འདྲ་ལ་ལོ་མའི་མདོག་ཅུང་ཟད་དམར་ནག་ཡིན། འབྲུ་རྡོག་ཤུན་པ་བགྲུས་རྗེས་ཡུལ་སྐད་དུ་དྲུ་མ་ཟེར་ཞིང་། ཐུག་པ་བསྐོལ་ནས་ཟས་སུ་བྱེད་ཆོག རྩྭས་ཕྱུགས་གསོ་ཆོག རྒྱ་སྐད་དུ་ཀོའུ་ཙི་ཟེར། |
| ཁྲེ་རྒོད |
ལོ་ཏོག་ཅིག་གི་མིང་། རྒྱ་སྐད་དུ་ཀོ་ལེང་ཟེར། |
| ཁྲེ་རྩེ |
(རྒྱ་སྐད།) ཐིག་ཚད་འཇལ་བྱེད། |
| ཁྲེ་ལོག་ལོག་བྱེད |
(རྒྱན་ཚིག) ལུས་ཀྱིས་འགྲེ་ལྡོག་བྱེད་སྟངས་ཤིག་སྟེ། (དཔེར་ན།) ངུ་ཞིང་འགྱེལ་ནས་ཁྲེ་ལོག་ལོག་བྱེད་ཅིང་འདུག་ཅེས་པ་ལྟ་བུ། |
| ཁྲེགས་ཆོད |
(བརྡ་རྙིང་།) 1.སྔ་འགྱུར་བའི་ལྷག་མཐོང་གི་བརྡ་ཆད།2.ཀ་དག་ཁྲེགས་ཆོད་ཀྱི་བསྡུས་ཚིག |
| ཁྲེགས་པ |
(བརྡ་རྙིང་།) མཁྲེགས་པ། |
| ཁྲེད་ཁྲེད |
(རྒྱན་ཚིག) དྭངས་གསལ་མེད་པའི་དོན་ཏེ། (དཔེར་ན།) མདོག་དམར་ཁྲེད་ཁྲེད། ནག་ཁྲེད་ཁྲེད། སྔོ་ཁྲེད་ཁྲེད་བྱེད་ཅེས་པ་ལྟ་བུ། |
| ཁྲེན |
སྐྱོན་གྱི་བརྡ་རྙིང་། |
| ཁྲེམ་གཉེར |
བྱིས་པའི་གཉེར་མའི་མིང་སྟེ། གཞོན་གཉེར་རམ་ཞོ་གཉེར་ཡང་ཟེར། ཆུའི་གཉེར་མ་ལའང་འཇུག་པར་བཤད། |
| ཁྲེམ་མེ་བ |
(རྒྱན་ཚིག) འོད་འཚེར་བའི་རྣམ་པ་སྟེ། (དཔེར་ན།) མེ་ལོང་འོད་ཁྲེམ་མེ་བ་ཞེས་པ་ལྟ་བུ། |
| ཁྲེམས་པ |
(བྱེད་མེད་ལས་ཚིག) ཐིམ་པ་དང་སིམ་པའི་དོན་ཏེ། (དཔེར་ན།) ཞིང་གི་ནང་དུ་ཆུ་ཁྲེམས་པ་ཞེས་པ་ལྟ་བུ། |
| ཁྲེའུ |
(བརྡ་རྙིང་།) གདན་ཁྲ་བོ། |
| ཁྲེའུ་ཚེ |
སྟན་ཁ་དོག་ཅན། |
| ཁྲེལ |
1.ཉེས་སྤྱོད་ལ་འཛེམ་པའི་བསམ་པ་དང་བྱ་སྤྱོད་ཀྱི་མིང་སྟེ། (དཔེར་ན།) ཁྲེལ་ཡོད ཁྲེལ་མེད། ཁྲེལ་གཞུང་ཅན། ཁྲེལ་མེད་ལུགས་མེད་ཅེས་པ་ལྟ་བུ། 2.(བྱེད་མེད་ལས་ཚིག) རེ་བ་ཆད་པ་དང་ཞེན་པ་ལོག་པའི་དོན་ཏེ། (དཔེར་ན།) སེམས་མ་ཁྲེལ། ཐུགས་མ་ཁྲེལ་ཞེས་པ་ལྟ་བུ། |
| ཁྲེལ་གདོང |
ངོ་ཚ་བའི་རྣམ་འགྱུར་གྱི་གདོང༌། |
| ཁྲེལ་གཞུང |
གཞན་ཁྲེལ་དོགས་ཀྱི་འཛེམ་བག |
| ཁྲེལ་དགོད |
ཁྲེལ་རྒོད་དང་འདྲ། |
| ཁྲེལ་དོགས |
གཞན་ཞེ་ཁྲེལ་བའི་དོགས་པ། |
| ཁྲེལ་བ |
(བྱེད་མེད་ལས་ཚིག) གཞན་རྒྱུ་མཚན་དུ་བྱས་ནས་ཉེས་སྤྱོད་ལ་འཛེམ་པ་སྟེ། (དཔེར་ན།) ཉེས་སྤྱོད་ལ་ཁྲེལ་བ། མི་འོས་པའི་ཆེ་ཐབས་དེ་སྐྱེ་བོ་ཁྲེལ་བའི་རྒྱུ་རུ་འགྱུར་ཞེས་པ་ལྟ་བུ། |
| ཁྲེལ་བག |
ཁྲེལ་གཞུང་དང་བག་ཡོད་ཀྱི་བསྡུས་ཚིག |
| ཁྲེལ་བགད |
ཁྲེལ་རྒོད་དང་འདྲ། |
| ཁྲེལ་བལྟས |
ཁྲེལ་བའི་རྣམ་འགྱུར་གྱི་ལྟ་སྟངས། |
| ཁྲེལ་བོར |
ཞེ་ཁྲེལ་དོགས་ལ་མི་ལྟ་བ། |
| ཁྲེལ་མེད |
1.གཞན་རྒྱུ་མཚན་དུ་བྱས་ཏེ་ཉེས་པ་ལ་འཛེམ་པ་མེད་པར་འཇུག་པ་སྟེ། སྤྱོད་ངན་ལ་གཞན་གྱིས་ཁྲེལ་དོགས་མི་བྱེད་པ།2.ཉེ་ཉོན་ཉི་ཤུའི་ནང་གསེས་ཤིག |
| ཁྲེལ་མེད་ལུགས་མེད |
ཁྲེལ་ངོ་ཚ་མེད་པ་དང༌། ལུགས་སྲོལ་ལ་མེད་པའི་དོན་ཏེ། (དཔེར་ན།) ཁྲེལ་མེད་ལུགས་མེད་ཀྱི་སྤྱོད་ངན་ཞེས་པ་ལྟ་བུ། |
| ཁྲེལ་འདེབས་པ |
གཞན་སྐྱོན་གྱི་རྣམ་གྲངས་ར་སྤྲོད་པའི་དོན་ཏེ། (དཔེར་ན།) སྔར་གྱི་བྱས་ཉེས་ལ་ཁྲེལ་འདེབས་པ་དང་བཅས་ཕྱིན་ཆད་ལེགས་བཅོས་དགོས་པའི་བསླབ་བྱ་གཏོང་ལྟ་བུ། |
| ཁྲེལ་ཡོད |
1.གཞན་ནམ་འཇིག་རྟེན་རྒྱུ་མཚན་དུ་བྱས་ནས་ཉེས་པ་ལ་འཛེམ་པའི་ལས་ཅན་ཏེ། སྤྱོད་ངན་ལ་གཞན་གྱིས་ཁྲེལ་དོགས་བྱེད་པ། དགེ་བའི་སེམས་བྱུང་བཅུ་གཅིག་གི་གྲས་ཤིག 2.ངོ་ཚ་ཁྲེལ་ཡོད་ཀྱི་མི། |
| ཁྲེལ་ཡོད་པའི་ནོར |
འཕགས་ནོར་བདུན་གྱི་ནང་གསེས། གཞན་ངོར་ལྟོས་ཏེ་ཁ་ན་མ་ཐོ་བ་འཛེམ་པ་སྟེ། དགེ་བའི་ཆོས་རྣམས་སྲུང་ཞིང་ཉེས་པའི་ཚོགས་བཟློག་པར་བྱེད་པས་བློན་པོ་རིན་ཆེ་དང་ཆོས་མཚུངས་པའོ། ། |
| ཁྲེལ་རྒོད |
མ་རངས་པར་འཕྱ་བའི་གད་མོ་སྟེ། (དཔེར་ན།) གཞན་སྐྱོན་མཐོང་དུས་ཁྲེལ་རྒོད་བྱེད་པ་ཙམ་དུ་མ་འཇོག མི་ཚོ་ཁྲེལ་རྒོད་ཤོར་བ། འཕྲལ་དུ་ཁས་བླངས་ཕུགས་སུ་བསྐྱུར། བདུད་ཀྱང་ཁྲེལ་རྒོད་བྱེད་པ་མཐོང༌ཞེས་པ་ལྟ་བུ། |
| ཁྲེལ་ཤེས |
གཞན་གྱིས་ཁྲེལ་ཡོང་སྙམ་དུ་བསམ་ཤེས་པའི་དོན་ཏེ། (དཔེར་ན།) རྟག་ཏུ་བག་ཡོད་ཁྲེལ་ཤེས་ཀྱི་སྒོ་ནས་རང་གི་སྤྱོད་ལམ་ལ་ཞིབ་དཔྱད་བྱེད་པ་ཞེས་པ་ལྟ་བུ། |
| ཁྲེས |
1.རྩྭ་ལས་བྱས་པའི་སྟན།2.(བརྡ་རྙིང་།) ཆ་ཚང་ངམ་ཀུན་གྱི་དོན་ཏེ། ཁྲེས་པོ་ལ་ལྟོས། |
| ཁྲེས་ཁུར |
ཁུར་པོའམ། ཁུར་ཙ། རྡོག་ཁྲེས། |
| ཁྲེས་ཁྲེས་སུ་ན་བ |
ཟུག་རྔུས་བརྒྱལ་བ་བཞིན་དུ་ན་བ། |
| ཁྲེས་པོ |
ཁུར་པོ་དང་འདྲ་སྟེ། (དཔེར་ན།) སྒལ་པར་ཁྲེས་པོ་ཁྱེར་བ། ཐག་པས་ཁྲེས་པོ་འདྲག་ཅེས་པ་ལྟ་བུ། |
| ཁྲེས་པོ་འཁུར་མཁན |
ཁུར་པོ་འཁུར་བ་པོ། མིང་གི་རྣམ་གྲངས་ལ་ཁུར་འདྲེན་པ་དང༌། ཁུར་བ། ཁུར་རྩལ་བ། རྒྱབ་ཀྱིས་ཐེག་པ་བཅས་སོ། ། |
| ཁྲོ |
1.ཞུན་བདར་མ་བཅད་པའི་ལྕགས་རིགས།2.ཁྲོ་ལས་བཟོས་པའི་སྣོད་དེ། (དཔེར་ན།) ཚོགས་ཁྲོ། ཇ་ཁྲོ། ཐུག་ཁྲོ། དཀྱིལ་ཁྲོ་ཞེས་པ་ལྟ་བུ། 3.ཁྲོས་ཀྱི་མ་འོངས་པ་དང་ད་ལྟ་བ།4.ཁྲོ་བོ་ཞེས་པའི་ཚིག་བསྡུས་པ། |
| ཁྲོ་ཁང |
དཀྱིལ་འཁོར་གྱི་སྒོ་སྲུང་ཁྲོ་བོ་བཞུགས་ཁང༌། |
| ཁྲོ་གཉེར |
ཁྲོ་བའི་གཉེར་མ་སྟེ་ཁྲོས་པའི་གདོང་གི་གཉེར་མ། (དཔེར་ན།) སྙིང་ནས་མི་དགའ་བ་ཡིན་ཡང་གདོང་དུ་ཁྲོ་གཉེར་མི་འདོན། ཁྲོ་གཉེར་བསྡུས་ཏེ་ཚིག་རྩུབ་མོས་བསྡིགས་ཤིང་སྨོད་པར་བྱེད་ཅེས་པ་ལྟ་བུ། |
| ཁྲོ་གཉེར་ཅན་མ |
ཡི་དམ་སྒྲོལ་མའི་བྱེ་བྲག་ཅིག |
| ཁྲོ་གཏུམ |
1.ཁོང་ཁྲོ་དྲག་པོ་ཞེ་སྡང་གི་ཁྲོ་གཏུམ་མི་བཟོད་པ་འབར་བ།2.མདོ་སྨད་ཁྲོ་ཆུའི་ཡུལ་གྱི་ལ་ཞིག |
| ཁྲོ་ངར |
ཁོང་ཁྲོའི་ངར་ཤུགས། |
| ཁྲོ་ཆུ |
1.བཞུས་ནས་ཆུ་ལྟར་འཁོལ་བའི་ཁྲོ་ལྕགས་ཀྱི་ཁུ་བ་སྟེ། (དཔེར་ན།) ལུགས་ཀོང་ཁྲོ་ཆུས་གང་ཞེས་པ་ལྟ་བུ། 2.ཟུང་ཆུའི་ཆུ་རྒྱུད་ཀྱི་ཡན་ལག་ཅིག་སྟེ། དེ་དམུ་དགེའི་ཆུ་དང་གཅིག་ཏུ་འདྲེས་ནས་མཐར་རྨིན་ཅང་གཙང་པོར་འབབ།3.མདོ་སྨད་ཀྱི་ས་ཁུལ་ཞིག་སྟེ། ཁྲོ་ཆུའི་ལྷོ་འགྲམ་དུ་ཡོད། |
| ཁྲོ་ཉམས |
རྔམ་བརྗིད་དམ། ཚིག་པ་ཟ་བའི་རྣམ་འགྱུར། |
| ཁྲོ་ཐབ |
ཁྲོ་ལས་བཟོས་པའི་མེ་ཐབ་སྟེ། (དཔེར་ན།) རྡོ་སོལ་འབུད་སའི་ཁྲོ་ཐབ་ཅེས་པ་ལྟ་བུ། |
| ཁྲོ་དཀར |
འཁར་བའམ། ཟངས་དཀར། |
| ཁྲོ་ནག |
ལྕགས་རིགས་ཁྲོ་ནག་པོ། |
| ཁྲོ་ཕུ་དགོན་པ |
ཕག་གྲུའི་ཡང་སློབ་བྱམས་པ་དཔལ་གྱིས་ཕྱག་བཏབ་པའི་དགོན་པ་གཙང་ཤབ་གཞུང་གི་ཤར་རྒྱུད་དུ་ཡོད། |
| ཁྲོ་ཕུ་བཀའ་བརྒྱུད |
འགྲོ་མགོན་ཕག་མོ་གྲུ་པའི་སློབ་མ་རིན་པོ་ཆེ་རྒྱལ་ཚ་དང་དེའི་སློབ་མ་ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ་བཅས་ནས་བརྒྱུད་པའི་བཀའ་བརྒྱུད། |
| ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ |
རིན་པོ་ཆེ་རྒྱལ་ཚ་དང་ཀུན་ལྡན་རས་པ་སྐུ་མཆེད་ཀྱི་དབོན་པོ་འདི་རབ་བྱུང་གསུམ་པའི་ཆུ་སྤྲུལ་ལོར་འཁྲུངས། དགུང་ལོ་ཉི་ཤུ་པ་ནས་ཞང་དགེ་བ་ལས་སྒྲ་རིག་པ་མཐར་ཕྱིན་སྦྱངས་ཏེ་ལོ་ཙཱ་བ་གྲགས་ཅན་དུ་གྱུར། ཉེར་བཞི་པ་ལ་བལ་ཡུལ་དུ་བྱོན། ཁ་ཆེ་པཎ་ཆེན་བུདྡྷཤྲི་ལས་མདོ་སྔགས་ཀྱི་གདམས་པ་མང་དུ་གསན། སྔ་རྟིང་དུ་མི་ཏྲ་ཛོ་གེ་དང༌། ཤཱཀྱཤྲིབྷདྲ། བུདྡྷཤྲི་སོགས་པཎྜིཏ་དུ་མ་ཁྲོ་ཕུར་སྤྱན་དྲངས། ཡུལ་འཁོར་རྣམས་སུ་འཆད་ཉན་མཛད། ཁྲོ་ཕུ་དགོན་པར་བྱམས་ཆེན་ཁྲུ་བརྒྱད་ཅུ་པ་བཞེངས། སྲས་སེམས་པ་ཆེན་པོ་བྱུང༌། དེའི་ཡང་སློབ་ཏུ་བུ་སྟོན་རིན་པོ་ཆེ་བྱོན། རབ་བྱུང་བཞི་པའི་ཤིང་བྱ་ལ་འདས། དེའི་སློབ་མ་དག་ལས་རིམ་པར་བརྒྱུད་པ་རྣམས་ལ་ཁྲོ་ཕུ་བཀའ་བརྒྱུད་ཅེས་གྲགས། |
| ཁྲོ་བ |
1. (བྱེད་མེད་ལས་ཚིག) ཁོང་ཁྲོ་འཕེལ་བའམ་སྐྱེས་པའི་དོན་ཏེ། (དཔེར་ན།) སྡང་དགྲ་བོས་མཐོང་ན་ཁྲོ་བ། གཉེན་ནང་མས་རིག་ན་དགའ་བ་ཞེས་པ་ལྟ་བུ། 1.1ཁོང་ཁྲོ་ལངས་པའི་བྱ་མིང་སྟེ། (དཔེར་ན།) དགྲ་ལ་ཁྲོ་བ། གཉེན་ལ་བྱམས་པ་ཞེས་པ་ལྟ་བུ།2.ཉེ་ཉོན་ཉི་ཤུའི་ནང་གསེས་ཤིག མིང་གི་རྣམ་གྲངས་ལ་ཁོང་ཁྲོ་དང༌། ཁྲོས་པ། འཁྲུགས་པ། མངོན་འཇོམས། སྡང་སེམས། མི་བཟོད་པ། ཚིག་པ་ཟ་བཅས་སོ། ། |
| ཁྲོ་བའི་རྒོད་པ |
ཁོང་ཁྲོའི་སེམས་རྒོད་དམ་ཚིག་པ་ཟ་བའི་རྐྱེན་གྱིས་སེམས་གཡེང་བ། |
| ཁྲོ་བས་འགོག་པ |
འགོག་པའི་རྒྱན་གྱི་ནང་གསེས་ཤིག་དགག་བྱ་མི་འདོད་པའི་བྱ་བའི་དངོས་པོ་བྱུང་ཟིན་པ་ཞིག་འགོག་བྱེད་ཀོ་ལོང་གི་ཁྲོ་ཚིག་བརྗོད་པའི་སྒོ་ནས་འགོག་པར་བྱེད་པའི་རྒྱན་ཞིག |
| ཁྲོ་བོ |
1.དྲག་པོ།2.ཁྲོ་བ་པོ།3.དྲག་པོའི་རྣམ་འགྱུར་ཅན་གྱི་ལྷ་སྤྱི།4.(མངོན་བརྗོད།) 1> ཤིང་གླང་ལོ། 2.>ནང་གི་སྲུང་འཁོར་གྱི་ཕྱོགས་བཅུར་བཞུགས་ནས་སྒྲུབ་པ་པོ་ལ་སྲུང་བའི་ཁྲོ་བོ་བཅུ་ཡོད་པས་གྲངས་བཅུ་མཚོན། |
| ཁྲོ་བོ་བཅུ་གཅིག |
གནོད་མཛེས་དང༌། གཤིན་རྗེ་གཤེད། གཞན་གྱིས་མི་ཐུབ་པ། རྟ་མགྲིན། བདུད་རྩི་འཁྱིལ་བ། འདོད་རྒྱལ། དབྱུག་སྔོན་ཅན། སྟོབས་པོ་ཆེ། མི་གཡོ་བ། གཙུག་ཏོར་འཁོར་བསྒྱུར། རྡོ་རྗེ་ས་འོག་རྣམས་སོ། ། |
| ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པ་གསང་བའི་རྒྱུད |
རྒྱུད་ཀྱི་བྱེ་བྲག་ཅིག་སྟེ། ཁྱོན་ལེའུ་བཅུ་ཡོད་ཅིང༌། བོད་ཡིག་གི་སྒྱུར་ཡིག་ཡོད་ཀྱང༌། སྒྱུར་པ་པོའི་མཚན་བཀོད་མེད། སླར་རྒྱ་ཡིག་གཞིར་བཟུང་ནས་བསྒྱུར་བཅོས་བྱས་པ་ཞིག |
| ཁྲོ་བོའི་བཞད་པ་བརྒྱད |
སྡིགས་པའི་གད་མོ། ཧ་ཧ། དགྱེས་པའི་གད་མོ། ཧེ་ཧེ། སྒེག་པའི་གད་མོ། ཧི་ཧི། ཟིལ་གྱིས་གནོན་པའི་གད་མོ། ཧོ་ཧོ་སྟེ་བརྒྱད། |
| ཁྲོ་བོའི་བཞུགས་སྟངས |
ཞབས་གཅིག་བརྐྱངས་ཤིང་གཅིག་བསྐུམས་ཏེ་བཞུགས་སྟངས། |
| ཁྲོ་བོའི་རྒྱལ་པོ |
ལྷ་དྲག་པོའི་གཙོ་བོ། |
| ཁྲོ་བོའི་རྡོ་རྗེ |
རྡོ་རྗེ་བྱེ་བྲག་ཅིག |
| ཁྲོ་བོའི་སྔགས |
ལྷ་དྲག་པོའི་གཟུངས་སྔགས། |
| ཁྲོ་མི་ཐང |
(བརྡ་རྙིང་།) ཁྲོ་མི་དགོས། |
| ཁྲོ་མིག |
ཁོང་ཁྲོ་བའི་མིག་མེ་ལྟར་འབར་བའི་ཁྲོ་མིག་གིས་དགྲ་ལ་ལྟ་ཞེས་པ་ལྟ་བུ། |
| ཁྲོ་མོ |
1.བུད་མེད་ཁོང་ཁྲོ་ཅན།2.མངོན ཤིང་འབྲུག་ལོ།3.ལྷ་མོ་ཁྲོ་མོ། |
| ཁྲོ་ཚུབ |
ཁོང་ཁྲོའི་རྣམ་འགྱུར་རླུང་ཚུབ་ལྟ་བུའི་གཟུགས་སུ་བཀོད་པ་སྟེ། (དཔེར་ན།) ཁྲོ་ཚུབ་ལངས་པའི་རྣམ་འགྱུར་ཅི་ཡང་སྟོན་ཅེས་པ་ལྟ་བུ། |
| ཁྲོ་ཟངས |
1.ཁྲོ་དང་ཟངས་མཉམ་བསྲེས་ཀྱིས་ལུགས་བརྒྱབ་པའི་སྣོད་སྤྱད།2.ལྕགས་རིགས་ཁྲོའི་ནང་གསེས་ཤིག |
| ཁྲོ་འཁོར |
རྒྱ་ལུ་ཆས་སྤྲོས་སྐབས་གྱོན་རྒྱུའི་ཞྭ་མོའི་བྱེ་བྲག་ཅིག |
| ཁྲོ་འཁྲུགས |
ཁོང་ཁྲོ་ལངས་ཏེ་སེམས་འཁྲུགས་པ་སྟེ། (དཔེར་ན།) ཁྲོ་འཁྲུགས་མེ་ལྟར་འབར་ཞེས་པ་ལྟ་བུ། |
| ཁྲོ་འཇོམས |
ཁོང་ཁྲོ་གཅོག་པ་སྟེ། (དཔེར་ན།) བཟོད་པ་བསྒོམས་ཏེ་ཁྲོ་འཇོམས་པ། རིག་པ་བསྒྲིམས་ནས་ཁྲོ་འཇོམས་ཞེས་པ་ལྟ་བུ། |
| ཁྲོ་འདར |
ཁོང་ཁྲོ་ལངས་ནས་ལུས་འདར་བ། |
| ཁྲོ་རྐྱན |
ཁྲོ་ལས་བཟོས་པའི་རྐྱན་བུའམ། ཁོག་ལྟིར། |
| ཁྲོ་རྒྱལ |
ཁྲོ་བོའི་རྒྱལ་པོ་སྟེ་ལྷ་དྲག་པོའི་གཙོ་བོ། |
| ཁྲོ་རྒྱུད་མདོ་ཆེན་བྱམས་པ |
བོན་ལུགས་བསྐྱེད་རྫོགས་ཀྱི་འབྲས་བུའི་སྐོར་བཤད་པའི་གཞུང་ཞིག |
| ཁྲོ་རྔམས |
ཁྲོས་ཏེ་གསོད་སྡིགས་ལ་རིངས་པའམ་དགའ་བ་སྟེ། (དཔེར་ན།) གནོད་བྱེད་མི་བསྲུན་པའི་ཕྱོགས་ལ་ཧ་ཅང་ཁྲོ་རྔམས་བྱེད་ཅེས་པ་ལྟ་བུ། |
| ཁྲོ་ལ |
1.བོད་མདོ་ཁམས་་སྡེ་དགེ་ཡུལ་གྱི་རི་ཞིག2.ཀོང་པོ་ཉང་ཕུ་དང་ཨར་རྩ་མཚོའི་བར་དུ་ཡོད་པའི་རི་བོ་ཞིག་ཡིན། དེའི་མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་5494 ཡོད། |
| ཁྲོ་ལོ་ལོ |
1.(རྒྱན་ཚིག) རྡོག་པོ་མང་པོ་ཕན་ཚུན་བརྡབས་པའི་སྒྲ་སྟེ། (དཔེར་ན།) དྲིལ་བརྡ་ཁྲོ་ལོ་ལོ་དཀྲོལ་ལྟ་བུ། 2.རྡོག་པོ་ཆུང་ངུ་མང་པོ་གཡོ་འགུལ་གྱི་རྣམ་པ་སྟེ། (དཔེར་ན།) སིལ་ཏོག་ཁྲོ་ལོ་ལོ། རྒུན་འབྲུམ་ཁྲོ་ལོ་ལོ་ཞེས་པ་ལྟ་བུ། |
| ཁྲོ་ལྕགས |
1.ཞུན་བདར་མ་བཅད་པའི་ལྕགས།2.ཁྲོ་ལྕགས་ལས་ལུགས་བརྒྱབ་པའི་དངོས་པོ། |
| ཁྲོ་ལྡན |
(མངོན་བརྗོད།) དཔའ་བོ། |
| ཁྲོ་སེམས |
ཁོང་ཁྲོའི་སེམས། |
| ཁྲོ་སྐྱབས |
མདོ་སྨད་ཁྲོ་ཆུ་ཡུལ་གྱི་མིང་རྙིང༌། |
| ཁྲོག |
དངོས་རྫས་སྲ་མཁྲེགས་རིགས་ཕན་ཚུན་ཐོགས་གཏུག་བྱས་པའི་སྒྲ་སྟེ། (དཔེར་ན།) གོམ་སྒྲ་ཁྲོག་ཁྲོག་གྲགས། ཆོམ་སྒྲ་དང་ཁྲོག་སྒྲ་གྲགས། རྒྱུ་མར་འུར་ཁྲོག་གྲགས་ལྟ་བུ། |
| ཁྲོག་ཁྲོག |
(རྒྱན་ཚིག) སྒྲ་གྲག་སྟངས་ཤིག་སྟེ། (དཔེར་ན།) ལྟོ་བ་སྤོས་པས་ཁོག་ན་སྒྲ་ཁྲོག་ཁྲོག་ཏུ་གྲག ཀོ་གྱོང་དྲུད་ན་ཁྲོག་ཁྲོག་ཅེས་པ་ལྟ་བུ། |
| ཁྲོག་ཆུང |
1.སྔོ་སྨན་གྱི་རིགས་ཤིག་རོ་ཁ། ཞུ་རྗེས་བསིལ། ནུས་པས་རྩ་ཚད་སེལ། རྨ་གསོ། ཁྲག་ཤོར་གཅོད།2.མེས་ཆེར་མ་ཚིག་པའམ་ཚོས་ཙམ་པ་ལ་ཡང་ཁྲོག་ཆུང་ཟེར། |
| ཁྲོག་ཆེན |
སྔོ་སྨན་ཞིག |
| ཁྲོག་པོ |
1.མེས་ཚིག་པོའམ་ཚོས་པོ་སྟེ། (དཔེར་ན།) བག་ལེབ་ཁྲོག་པོ་ཞེས་པ་ལྟ་བུ།2.རྣ་བ་དེ་ཙམ་མི་གསལ་བ་ཨམ་ཅོག་ཁྲོག་པོ། |
| ཁྲོག་སྨན |
1.ས་འོག་ནས་བཏོན་རྗེས་དངོས་པོ་གཞན་དང་མ་འདྲེས་ཤིང༌། ཕྱེ་མར་མ་བཏགས་པའི་སྨན་ཧྲོབ།2.སྔོ་སྨན་མིན་པའི་སྨན་རིགས། |
| ཁྲོང་ངེ་བ |
(རྒྱན་ཚིག) ཀྲོང་ངེའམ་སྲོང་ངེ་བ། (དཔེར་ན།) གཟུགས་པོ་ཁྲོང་ངེར་ལངས་འདུག་ཅེས་པ་ལྟ་བུ། |
| ཁྲོད |
བར་དང་ནང་གི་མིང་སྟེ། (དཔེར་ན།) ནགས་ཁྲོད་ཀྱི་སྤྲེའུ། རི་ཁྲོད་ཀྱི་རི་དྭགས། དམངས་ཁྲོད་ཀྱི་གླུ་གཞས་ཞེས་པ་ལྟ་བུ། |
| ཁྲོན་པ |
མིས་བརྐོས་ནས་བསྐྲུན་པའི་ཆུ་ཡོད་པའི་དོང་གི་མིང་། མིང་གི་རྣམ་གྲངས་ལ་ཀུན་བརྐོས་དང༌། ཆུ་ཉལ། ཆུ་ཡི་ཀ་བ། བྲུས་ཆུ་བཅས་སོ། ། |
| ཁྲོན་བུ |
1.ཁྲོན་པ་ཆུང་ཆུང༌།2.ལོ་མང་སྐྱེ་བའི་རྩྭ་ལྡུམ་དུག་ཅན་ཞིག་རིང་ཚད་ལ་ལིས་སྨིས15—40བར་ཡོད རྩ་བ་ལ་ཕུག་ལྟ་བུ། ཤུན་པ་ཁམ་ནག་དང་ནང་སེར་སྐྱ་ཡིན རྩ་བ་དུག་འདོན་བྱས་ནས་སྨན་དུ་བཀོལ་ཆོག མཚོ་ངོས་ནས་སྨིས་སུམ་སྟོང་ཡན་གྱི་ས་མཐོ་སར་སྐྱེས་ཡོད། རོ་མངར། ཞུ་རྗེས་སྙོམས། ནུས་པས་དུག་ཚད་དང༌། སྣོད་ཚད། བད་ཀན་གྱི་ནད་སོགས་ཐུར་དུ་སྦྱོང་བར་བྱེད། |
| ཁྲོན་མ |
(བརྡ་རྙིང་།) རྩུབ་པོ། |
| ཁྲོན་འཛིན |
སྔར་སྨོན་ལམ་ཚུགས་དུས་ལྷ་སའི་སྒོ་ར་སོ་སོའི་ནང་དུ་ཡོད་པའི་ཁྲོན་པའི་ཆུ་བེད་སྤྱོད་སྔར་བཞིན་བྱས་ཆོག་པ་ཚོགས་ཆེན་ཞལ་ངོར་གནང་བ་ཞུས་པའི་འཁྲོལ་འཛིན། |
| ཁྲོན་རགས |
ཁྲོན་པའི་ཁའི་ར་བ། |
| ཁྲོན་སྐྱོགས |
ཁྲོན་པའི་ནང་ནས་ཆུ་འཆུ་བྱེད། |
| ཁྲོན་སྦལ |
ཁྲོན་པའི་ནང་གི་སྦལ་པ་མཐོང་རྒྱ་ཆུང་བའི་དཔེ། |
| ཁྲོབས |
དཀྲབ་ཀྱི་སྐུལ་ཚིག་འབྲུ་རིགས་ཁྲོབས་ཤིག་ལྟ་བུ། |
| ཁྲོམ |
1.མི་མང་པོ་དང༌། ཚོང་ཟོག་མང་པོ་འདུ་ས་སྟེ། (དཔེར་ན།) ཁྲོམ་ཚོགས་ནས་སྟོན་མོ་བཤམས། ཚོང་ཁྲོམ་ལ་སོང་། ཤ་ཁྲོམ། ཚལ་ཁྲོམ་ཞེས་པ་ལྟ་བུ། 2.དམག་ལས། |
| ཁྲོམ་ཁྲོམ |
དོམ་དོམ་སྟེ་རྟ་ལ་འདོགས་རྒྱུའི་རྒྱན་ཆ་ཞིག་སྟེ། (དཔེར་ན།) བཞོན་རྟ་ལ་ཁྲོམ་ཁྲོམ་ཉིས་བརྩེགས་བརྒྱབ་ཅེས་པ་ལྟ་བུ། |
| ཁྲོམ་གཏམ་ལམ་ཆ |
ཆ་འཇོག་མི་འོས་པའི་གཏམ་འཁྱར། |
| ཁྲོམ་གཞུང |
ཁྲོམ་གྱི་དཀྱིལ་ལམ་ལྟེ་གནས། |
| ཁྲོམ་གསེབ |
ཁྲོམ་གྱི་ནང་ངམ་ཁྲོད། |
| ཁྲོམ་གོང |
ཁྲོམ་གྱི་དངོས་ཟོག་གི་གོང་ཐང༌། |
| ཁྲོམ་གྱི་རུ་སྣ |
གཡུལ་འགྱེད་པའི་མི་སྣ། |
| ཁྲོམ་ཆུ |
གཙང་ས་སྐྱ་ཡུལ་གྱི་འབབ་ཆུ་ཞིག |
| ཁྲོམ་ཆེན |
1.ཚོང་ཁྲོམ་ཆེན་པོ་སྟེ་ཚོང་གི་ཆེད་དུ་འདུས་པའི་མི་ཚོགས་ཆེན་པོ། 2.མི་ཁྲོམ་ཆེན་པོ་སྟེ་དོན་གང་རུང་གི་ཆེད་དུ་འདུས་པའི་མི་ཚོགས་ཆེན་པོ། |
| ཁྲོམ་ཐང |
ཁྲོམ་གོང་དང་དོན་གཅིག |
| ཁྲོམ་ཐོག་ཆོད་པ |
མང་པོའི་ནང་དུ་སྐད་གྲགས་ཐོན་པ་སྟེ། (དཔེར་ན།) དེ་རིང་རྟ་རྒྱུག་འགྲན་བསྡུར་སྐབས་རྟ་འདིས་ཁྲོམ་ཐོག་ཆོད་སོང༌ཞེས་པ་ལྟ་བུ། |
| ཁྲོམ་བཏབ |
(བརྡ་རྙིང་།) 1>དམག་བརྒྱབ་པ། 2>དམག་སྒར་བཏབ་པ། |
| ཁྲོམ་བཏོན |
མང་པོ་འདུས་སར་བཤམས་པའམ་བཀྲམ་ནས་འཚོང་བ་སྟེ། (དཔེར་ན།) ཚོང་ཟོག་ཁྲོམ་བཏོན་བྱས་ནས་བཙོངས་ལྟ་བུ། |
| ཁྲོམ་བསྒྲགས |
མི་མང་པོའི་དབུས་སུ་བྱེད་པའི་ཁྱབ་བསྒྲགས་ཏེ། (དཔེར་ན།) གསང་རྒྱ་ཁྲོམ་བསྒྲགས། གསང་བ་ཁྲོམ་བསྒྲགས་ཞེས་པ་ལྟ་བུ། |
| ཁྲོམ་མེ་བ |
(རྒྱན་ཚིག) འོད་འཕྲོ་ཚུལ་ཞིག་སྟེ། (དཔེར་ན།) རྩྭ་རྩེར་ཟིལ་པ་ཁྲོམ་མེ་བར་ཆགས་ཞེས་པ་ལྟ་བུ། |
| ཁྲོམ་ཚོགས |
མི་ཟོག་མང་པོ་འཛོམས་ས་སྟེ། (དཔེར་ན།) ཁྲོམ་ཚོགས་ཀྱི་ཉི་མར་གཏམ་དགོས། དགྲར་འཐབ་པའི་ཉི་མར་དཔའ་དགོས་ཞེས་པ་ལྟ་བུ། |
| ཁྲོམ་འཚལ |
(བརྡ་རྙིང་།) དམག་བརྒྱབ་པ། |
| ཁྲོམ་འཚོགས་ཀྱི་ཚུལ |
ཕྱག་མཆོད་གསོལ་འདེབས་ཀྱི་རྟེན་ཚོགས་ཞིང་སྒོམ་ཚུལ་ཞིག་གཙོ་བོའི་མཐའ་སྐོར་བང་རིམ་སྟེང་འོག་ཏུ་མི་ཁྲོམ་འཚོགས་པ་ལྟར་སྒོར་སྒོར་འཁྱིལ་འཁྱིལ་དུ་བཞུགས་པའི་རྣམ་པ། |
| ཁྲོམ་ར |
ཚོང་ཟོག་བཀྲམ་པའི་ར་བའམ་ས་ཆ། |
| ཁྲོམ་རུ |
དམག་ཚོགས། |
| ཁྲོམ་ལམ |
ཁྲོམ་སྲང༌། |
| ཁྲོམ་ས |
(བརྡ་རྙིང་།) དམག་ས། |
| ཁྲོམ་སྐོར |
1.མི་མང་གྲལ་སྟར་བསྒྲིགས་ནས་ཁྲོམ་ལམ་དུ་བསྐོར་ཏེ་གཟི་རྔམ་སྟོན་པ་དང་འབོད་ཚིག་སྒྲོག་པ།2.ཁྲོམ་ལ་འགྲོ་བ། |
| ཁྲོམས |
བཀྲམ་གྱི་སྐུལ་ཚིག་དངོས་རྫས་ཁྲོམས་ཤིག་ལྟ་བུ། |
| ཁྲོལ |
1.འགྲེལ་བའི་སྐུལ་ཚིག་སྟེ། (དཔེར་ན།) གཞུང་གི་དཀའ་གནད་རྣམས་ཁྲོལ་ཅིག་ལྟ་བུ། 2.འགྲོལ་བའི་སྐུལ་ཚིག་ཆིངས་ཐག་ཁྲོལ་ཅིག་ལྟ་བུ། (དཔེར་ན།) དཀྲོལ་གྱི་འདས་པ་ཡི་འབྲི་སྟངས་གཞན། |
| ཁྲོལ་ཁྲོལ |
(རྒྱན་ཚིག) ཌཱ་མ་རུ་སོགས་ཀྱི་སྒྲ་འཁྲོལ་སྟངས་ཤིག |
| ཁྲོལ་བ |
(བརྡ་རྙིང་།) ཤེས་པའམ་རྟོགས་པ། |
| ཁྲོལ་བུ |
(རྒྱན་ཚིག) དངོས་རྫས་རྡོག་པོ་ཆུང་ངུའི་རྣམ་པ་སྟེ། (དཔེར་ན།) སྨན་རྫས་རྣམས་ཁྲོལ་བུར་བརྡུངས་ནས་གདུས་ལྟ་བུ། |
| ཁྲོལ་བོ |
(རྒྱན་ཚིག) མཉེན་མེད་པ་སྟེ། (དཔེར་ན།) ཤིང་ཁྲོལ་བོ་ཞེས་པ་ལྟ་བུ། |
| ཁྲོལ་མ |
དངོས་རྫས་རགས་ཞིབ་འབྱེད་བྱེད་ཀྱི་ཡོ་བྱད་ཅིག་གི་མིང་སྟེ། ཁྲོལ་ཚགས་ཀྱང་ཟེར། མཚོ་སྔོན་ཡུལ་གྲུ་ལ་ལའི་ཡུལ་སྐད་དུ་དམྱིག་མང་ཡང་ཟེར། |
| ཁྲོལ་ཚགས |
འབྲུ་རིགས་འཚག་བྱེད་ཀྱི་ཡོ་བྱད། |
| ཁྲོལ་རྒྱག |
ཞིང་ཁ་ཐེངས་གཉིས་པའི་རྨོན་པ་རྒྱག་པ། |
| ཁྲོལ་ལེ་བ |
(རྒྱན་ཚིག) ཌཱ་མ་རུ་སོགས་ཀྱི་སྒྲ་གྲག་ཚུལ་ཞིག |
| ཁྲོལ་ལོ་ལོ |
(རྒྱན་ཚིག) ཁྲོ་ལོ་ལོ་དང་འདྲ། |
| ཁྲོས |
(བྱེད་མེད་ལས་ཚིག) ཁྲོ་བའི་འདས་པ། ཞེ་སྡང་ལངས་པའི་དོན་ཏེ། (དཔེར་ན།) དྲག་ཏུ་ཁྲོས། དྲག་ཏུ་ཁྲོས་པའི་ཉམས་ཅན། གཅན་གཟན་དྲག་ཏུ་ཁྲོས་ནས་མཆེ་བ་གཙིགས་ལྟ་བུ། |
| ཁྲོས་པ |
ཁྲོ་བའི་བྱ་བ་འདས་པའི་མིང་། |
| ཁྲོས་མ |
ལྷ་དྲག་མོ། |
| ཁྲོས་ཚིག |
ཁྲོས་པའི་ཚིག་རྩུབ་བམ་ཚིག་གནག་པོ། |
| ག |
1.བོད་ཡིག་གསལ་བྱེད་གསུམ་པ། འདིའི་ང་རོ་འདོན་ཚུལ་ལ་སྐྱེ་གནས་མགྲིན་པ་དང༌། བྱེད་པ་མགྲིན་པ། ནང་གི་རྩོལ་བ་མགྲིན་པ་ནང་ཕྲད་དང༌། ཕྱིའི་རྩོལ་བ་སྲོག་ཆུང་སྒྲ་ལྡན། 1.མིང་གཞིའི་མོ་ཡིག་ཅིག 2.སྔོན་འཇུག་གི་མ་ནིང་ཡི་གེ་ཞིག 3.རྗེས་འཇུག་གི་ཕོ་ཡིག་ཅིག 4.རྟགས་མཚུངས་འདྲེན་སྐབས་རྗེས་འཇུག་མོ་ཡིག་གིས་དྲངས་པའི་མིང་གི་ཆ་ཤས་ཤིག་སྟེ། (དཔེར་ན།) ཐང་ག།གསུམ་ག་ལྟ་བུ། 2.(བསྣན་ཚིག) ལས་ཚིག་ལ་ལའི་མགོར་སྦྱར་ན་བྱུང་མི་སྲིད་པའི་དོན་ཏེ། (དཔེར་ན།) ཁྲིམས་དང་འགལ་ག་ལ་རུང་། ས་བོན་མ་བཏབ་པར་མྱུ་གུ་ག་ལ་སྐྱེ། དཀའ་ངལ་མེད་པ་ཞིག་ག་ལ་སྲིད་ལྟ་བུ། འདི་གང་དུ་ཞེས་པ་དང་ཕལ་ཆེར་དོན་འདྲ།3.སྤྱི་སྒྲའི་དོན་དུ་འཇུག་པ་ནི། (དཔེར་ན།) ག་དུས། ག་ཚོད། ག་རེ། ག་རུ། ག་འདྲ་ཞེས་པ་ལྟ་བུ། |
| ག་ཁ་བསུམ |
མདོ་ཁམས་ཀྱི་ཡུལ་གྲུ་འགར་ཀ་དང་ག་གཉིས་ཀྱི་སྒྲ་གདངས་གཅིག་ཏུ་འབོད་པས་ག་ཡིག་གསལ་བར་སྟོན་བྱེད་ཀྱི་ཚིག་ཅིག |
| ག་ཁྲལ |
སྔར་ཞིང་འབྲོག་གི་སྒོ་ཕྱུགས་ཆེ་ཆུང་གང་ཡོད་ས་ནས་ལོ་ངེས་ཅན་རེའི་མཚམས་དངུལ་ཁྲལ་བསྡུ་སྲོལ་ཞིག |
| ག་ག་ཚིལ |
གཡའ་སྒོག་པ་སྟེ་དབུས་སྐད་དུ་ཨི་ཙི་ལུ་གུ་ཟེར། |
| ག་གཞའ |
ག་ཞ་དང་འདྲ། |
| ག་གཞུང |
ག་ཁྲལ་བསྡུ་རྒྱུའི་གཡག་ལུག་དཀར་ནག་གི་གྲངས་ཐོ། |
| ག་གི |
(ཡུལ་སྐད།) གང་ཞིག་གམ་ག་རེ་ཟེར་བའི་དྲི་ཚིག་སྟེ། (དཔེར་ན།) འདི་མིན་ན་ག་གི་རེད་ཁྱོད་ཀྱིས་སྟོན་རོགས་ཟེར་བ་ལྟ་བུ། |
| ག་གེ་བ |
(ཚབ་ཚིག) ག་གེ་མོ་དང་འདྲ། |
| ག་གེ་མོ |
(ཚབ་ཚིག) ས་ཆ་ག་གེ་མོ། ལས་ཀ་ག་གེ་མོ་ཞེས་པ་ལྟ་བུ། |
| ག་གོན |
ཤིང་ཏོག་ཅིག་གམ་ཉུང་མའི་མིང་། |
| ག་ཆད |
1.(རྒྱན་ཚིག) ཐང་ཆད་པའི་དོན་ཏེ། (དཔེར་ན།) བྱིས་པ་ག་ཆད་དུ་ངུས་ལྟ་བུ། 2.བཞད་གད་ཀྱི་མིང་སྟེ། (དཔེར་ན།) ག་ཆད་ཀྱི་སྒྲ་ཆེན་པོ་གྲགས་ལྟ་བུ། |
| ག་ཎ་པ་ཏི |
(ལེགས་སྦྱར།) ཚོགས་ཀྱི་བདག་པོ། |
| ག་ཐག |
(བརྡ་རྙིང་།) ཡོད་ཚད་ཚང་མ། |
| ག་དག |
(བརྡ་རྙིང་།) ཡོད་ཚད་ཚང་མ། |
| ག་དར |
གད་དར་དང་དོན་མཚུངས། |
| ག་དུར |
ལོ་མང་སྐྱེ་བའི་རྩྭ་ལྡུམ་ཞིག་ཡིན་ལ། རྩ་བ་རྡོག་པོ་རྨེན་བུའི་དབྱིབས་ཅན་ཤུན་པ་སྨུག་པོ་དང་ནང་དཀར་པོ་ཡིན། གཞུང་རྟ་ཁེར་སྐྱེས། ལོ་མ་ལྗང་གུ་རལ་གྲིའི་དབྱིབས་ཅན་རྩེ་ལ་མེ་ཏོག་ལྗང་སེར་ཆུང་ངུའི་ཆུན་པོ་ཆགས་ཡོད། རྩ་བ་སྨན་བྱེད་ཆོག |
| ག་དོར |
ཤ་བའི་རྭ་དང་། ཁ་ཤའི་རྭ། བསེ་རུའི་རྭ་གསུམ་ལ་ག་དོར་གསུམ་མམ་གཱ་དོར་གསུམ་ཟེར་ཏེ། (དཔེར་ན།) བསེ་རུ་ཁ་ཤ་ཤ་རུ་གསུམ། གྭ་དོར་གསུམ་ཞེས་བྱ་བའོ་ལྟ་བུ། |
| ག་དོར་གསུམ |
སྲོག་ཆགས་ཀྱི་སྨན་གྱི་ནང་ཚན། ཤ་བ་དང༌། ཁ་ཤ། བསེ་རུ་གསུམ་གྱི་རྭའོ། ། |
| ག་ན་བ |
ག་ལ་བ་དང་འདྲ། |
| ག་ན་ཚད |
(ཚབ་ཚིག) སྔར་དངོས་སུ་བགྲངས་པ་དེ་ལས་ལྷག་པ་ད་དུང་བགྲང་རྒྱུ་ཡོད་པའི་དོན་ཏེ། (དཔེར་ན།) ད་དུང་དེ་ཡིས་ག་ན་ཚད་ཅེས་པ་ལྟ་བུ། |
| ག་ནས་ག་ནས |
(ཡུལ་སྐད།) རྩ་བ་ཉིད་ནས་ཞེས་པའི་དོན་ཏེ། (དཔེར་ན།) ག་ནས་ག་ནས་དཔེ་སྲིད་དམ་ཞེས་པ་ལྟ་བུ། |
| ག་པ |
ཀ་ཁའི་རིམ་པ་ལྟར་བསྒྲིགས་པའི་ཨང་གསུམ་པའི་དོན། |
| ག་པ་ག་པ |
(ཡུལ་སྐད།) གནས་སམ། ཡུལ་མ་ངེས་པའི་གནས་ཚུལ་དྲི་ཚིག་སྟེ། (དཔེར་ན།) ཁྱོད་ཀྱིས་སློབ་གཉེར་བྱེད་པར་ག་པ་ག་པར་ཕྱིན་པ་ཡིན་ཞེས་པ་ལྟ་བུ། |
| ག་པུར |
ག་པུར་གྱི་ལྗོན་ཤིང་ནི། ཐེ་ཝན་སོགས་ས་དྲོ་སར་སྐྱེ་བའི་ཤིང་སྡོང་རྟག་ཏུ་སྔོ་བ་ཞིག་ཡིན། ཤིང་མཁྲེགས་ཤིང་སུལ་ཞིབ་པ་དང་། དྲི་ཞིམ་ཅན་ཞིག་ཡིན། ཤིང་སྒམ་སོགས་བཟོས་ན་སྲིན་འབུ་འགོག་ཐུབ། ཤིང་དེའི་རྩ་བ་སྡོང་བུ་ཡལ་ག་ལོ་མ་རྣམས་རླངས་འཚོད་བྱས་ནས་བཙགས་པའི་དངོས་རྫས་དཀར་པོ་ཆབ་རོམ་གྱི་ཟེགས་མ་ལྟ་བུའི་མིང་ལ་ག་པུར་ཟེར། དེ་ལ་བཟོ་ཚུལ་དང་འབྱུང་ཁུངས་ཀྱི་དབང་གིས་མང་ག་པུར་དང་། ཤེལ་ག་པུར། སྟང་ཟིལ་ག་པུར་བཅས་གསུམ་ཡོད་པ་རྣམས་སྨན་བྱེད་ཆོག |
| ག་པུར་དབང |
(མངོན་བརྗོད།) ཟླ་བ། |
| ག་པུར་འཛིན |
(མངོན་བརྗོད།) ཟླ་བ། |
| ག་ཕྱི་ག་ལོག |
ཕྱིན་ཅི་ལོག་པའི་དོན་ཏེ། (དཔེར་ན།) སྐད་ཆ་བདེན་རྫུན་ག་ཕྱི་ག་ལོག་བཤད་པ། ལས་ཀ་དཀར་ནག་ག་ཕྱི་ག་ལོག་བྱེད་པ་ཞེས་པ་ལྟ་བུ། |
| ག་ཕྱི་ལོག་པ |
ཕྱིན་ཅི་ལོག་པ། |
| ག་བསྒྱུར |
ཕར་ཚུར་གོ་བརྗེས་འགེབས་སྦྱོར་གྱི་དོན་ཏེ། (དཔེར་ན།) ཟོག་རིན་འབྲུ་འབབ་སྤྲོད་དགོས་རྣམས་དངུལ་རྐྱང་སྤྲོད་རྒྱུའི་ག་བསྒྱུར་བཏང་བ། འབྲུ་དངུལ་ཕར་ཚུར་གོ་བརྗེས་ག་བསྒྱུར་བཏང་ནས་གཙང་དག་སྤྲད་ཟིན་ལྟ་བུ། |
| ག་བུ་ཐུད་གསོབ |
ཕ་བ་དགོ་དགོའི་མིང་གི་རྣམ་གྲངས། |
| ག་བུར |
(ལེགས་སྦྱར།) ལུས་རྒྱས་སམ་རབ་བསིལ་ཏེ་རྩི་སྨན་གྱི་རིགས་ཤིག་རོ་བསྐ་ལ་ཚ། ཞུ་རྗེས་ཤིན་ཏུ་བསིལ། ནུས་པས་རྒྱས་ཚད་གསོད། རྙིང་ཚད་སེལ། མིང་གི་རྣམ་གྲངས་ལ་ཁ་བའི་ཕྱེ་མ་དང༌། ཁ་བའི་མིང་ཅན། རྡུལ་གྱི་སྙིང་པོ། ནུས་ལྡན། སྤྲིན་གྱི་སྙིང་པོ། ཟླ་བ་སེང་གེའི་འོ་མ། ཟླ་བའི་ཐལ་བ། ཟླ་བའི་མིང་ཅན། འོད་དཀར་ཅན། རོའི་གེ་སར། ཤིང་གི་སྙིང་པོ་བཅས་སོ། ། |
| ག་བུར་ཏིས་ལོ |
སྔོ་སྨན་གྱི་རིགས་ཤིག་རོ་ཁ། ཞུ་རྗེས་བསིལ། ནུས་པས་གློ་ཚད་དང༌། རིམས་ཚད་སེལ། མིང་གི་རྣམ་གྲངས་ལ་ཁྱི་དུག་པ་དང༌། ཁྱི་དུག་སྤྱང་བརྒྱལ། སྔོན་མོ་ཆམ་འདྲེན། ཆམ་པ་ལམ་ལྡོག སེང་གེ་སྦར་རྒྱབ་བཅས་སོ། ། |
| ག་བུར་ནག་པོ |
རི་ཕག་གི་བྲུན་རྫ་མའི་བུམ་པ་ལྟ་བུར་བླུགས་ལ་ཁ་འདག་པས་བཀག་ནས་དུ་བ་མ་ཤོར་བ་མེར་བསྲེགས་པའི་ཐལ་བ་ནུས་པས་མཁྲིས་པ་གྲང་མཁྲིས་དང༌། མཁྲིས་སྐྲན། གཉན་རིམས། རིམས་ནད་ཕོ་བར་བབ་པ་སོགས་ལ་ཕན། མིང་གི་རྣམ་གྲངས་ལ་གར་ནག་དང༌། ཕག་ཐལ། ཕག་བྲུན་བཅས་སོ། ། |
| ག་བྲ |
རྩྭ་སྨན་གྱི་རིགས་ཤིག་སྟེ། ཡུལ་སྐད་དུ་འབྲུ་སིལ་ཟེར་ཞིང་སྨན་གཞུང་དུ་ག་བྲ་ཟེར། |
| ག་ཙམ |
(ཚབ་ཚིག) གྲངས་དང་བོངས་ཚོད་དུས་ཡུན་སོགས་ཀྱི་དོན་ཏེ། (དཔེར་ན།) ག་ཙམ་འགོར་ཡོང་ངམ། འབོར་གྲངས་ག་ཙམ་ལོངས་ཡོད་དམ།འགྲོ་ལམ་རིང་ཐུང་ག་ཙམ་ཡོད་ཅེས་པ་ལྟ་བུ། |
| ག་ཙུག |
(ཡུལ་སྐད།) གང་འདྲའམ། ཇི་ལྟར་ཞེས་པའི་དོན་ཏེ། (དཔེར་ན།) ད་ག་ཙུག་བྱེད་དགོས་སམ་ཞེས་པ་ལྟ་བུ། |
| ག་ཚོད |
(ཚབ་ཚིག) ཇི་ཙམ་དང༌། མང་ཉུང་དྲི་བའི་ཚིག་སྟེ། (དཔེར་ན།) ཁྱེད་རང་དགུང་ལོ་ག་ཚོད་ཡིན། ཚོགས་འདུར་འགྲོ་མཁན་མི་ག་ཚོད་ཡོད་ཅེས་པ་ལྟ་བུ། |
| ག་ཛ་དན |
(ལེགས་སྦྱར།) གླང་པོའི་སོ་སྟེ་གླང་པོ་ཆེའི་མཆེ་བ། ནུས་པས་གདོན་ནད་དང༌། འགོ་བའི་རིམས་ནད་སྲུང༌། |
| ག་ཞ |
འཕྱ་ལད་ཀྱི་གད་མོའི་དོན་ཏེ། (དཔེར་ན།) དྲང་གཏམ་བཤད་པར་གཞན་གྱིས་ག་ཞ་བྱས་ཀྱང་སྐྱོན་ཅི་ཡོད། མི་རྣམས་ཀྱིས་ག་ཞ་བྱེད་པར་མི་འཛེམ་པ། མི་མང་པོའི་དབུས་སུ་སྨ་འབེབས་ཀྱི་ག་ཞ་སྒྲོག་ཅེས་པ་ལྟ་བུ། |
| ག་ཞན |
(བརྡ་རྙིང་།) གད་མོ། |
| ག་འགྲིག་པ |
ལྷུ་འགྲིག་པའི་དོན་ཏེ། (དཔེར་ན།) ལྷུག་ལག་ཆེ་ཆུང་ཚང་མ་ག་འགྲིག་པ་ཞེས་པ་ལྟ་བུ། |
| ག་འདྲ |
གང་འདྲའམ། ཅི་འདྲ་ཐོན་རྫས་སྤུས་ཀ་ག་འདྲ་འདུག་ཅེས་པ་ལྟ་བུ། |
| ག་འབབ |
ག་ཁྲལ་གྱི་འབབ། |
| ག་འཛོལ |
མགོ་མ་ཐུག་པ་ཕར་སྤྲོད་ཚུར་ལེན་གྱི་རྩིས་གྲངས་ག་འཛོལ་བ་ཞེས་པ་ལྟ་བུ། |
| ག་འུ |
རྒ་བུ་དང་འདྲ། |
| ག་ཡ་འོད་སྲུང |
སངས་རྒྱས་ཀྱི་ཉན་ཐོས་ཤིག |
| ག་རུ་ཌཿ |
(ལེགས་སྦྱར།) བྱ་ཁྱུང༌། |
| ག་རེ |
(ཚབ་ཚིག) 1.བསམ་བློ་གཏོང་བའམ་ཐེ་ཚོམ་ཟ་བ་མཚོན་པའི་འབོད་སྒྲ་སྟེ། (དཔེར་ན།) ག་རེ་ངས་གློ་བུར་དུ་ཡིད་ལ་མི་དྲན་པས་བསམ་བློ་ཞིག་གཏོང་། ག་རེ་མི་དེའི་མིང་ལ་ཅི་ཟེར་ཞེས་པ་ལྟ་བུ། 2.དངོས་རྫས་ང་ལ་བྱིན་ཞེས་པ་མཚོན་པའི་འབོད་སྒྲ་སྟེ། (དཔེར་ན།) ག་རེ་དཔེ་ཆ་དེ་ང་ལ་བྱིན་ཞེས་པ་ལྟ་བུ། 3.ཅི་ཞིག་དང་ཅིའི་དོན་ཏེ། (དཔེར་ན།) དཀའ་ངལ་སེལ་མི་ཐུབ་པ་ག་རེ་ཡོད། ཁྱོད་འགྲོ་དོན་ག་རེ་ཡོད་ཅེས་པ་ལྟ་བུ། |
| ག་རྒྱག་པ |
ཕན་ཚུན་འགྲིག་པ་དང༌། མགོ་ཐུག་པའམ་ར་འཕྲོད་པའི་དོན་ཏེ། (དཔེར་ན།) ཁ་བཤད་ལག་ལེན་ག་རྒྱག་པ། བྱུང་སོང་གི་རྩིས་གྲངས་ག་རྒྱག་པ་ཞེས་པ་ལྟ་བུ། |
| ག་ལ |
(བསྣན་ཚིག) ལས་ཚིག་ལ་ལའི་མགོར་སྦྱར་ན་ཧ་ལས་པའམ་ཡ་མཚན་པའི་དོན་ཏེ། (དཔེར་ན།) ཁྲིམས་དང་འགལ་ག་ལ་རུང་། ས་བོན་མ་བཏབ་པར་མྱུ་གུ་ག་ལ་སྐྱེ། དཀའ་ངལ་མེད་པ་ཞིག་ག་ལ་སྲིད་ལྟ་བུ། |
| ག་ལ་ག་ལ |
གནས་སམ། ཡུལ་མ་ངེས་པའི་གནས་ཚུལ་དྲི་ཚིག་སྟེ། (དཔེར་ན།) ཡུལ་ག་ལ་ག་ལར་ཐོན་ཁུངས་འབོལ་བ་འདུག་གམ་ཞེས་པ་ལྟ་བུ། |
| ག་ལ་བ |
ཡུལ་ཕྱོགས་གང་ཞིག་གམ། གང་དུ་ཡོད་པ་ཞིག་གི་དོན་ཏེ། (དཔེར་ན།) འགྲོ་སའི་ཕྱོགས་ག་ལ་བ་དེར་སུ་འགྲོ། ཁྱོད་སྡོད་ས་ག་ལ་བ་དེར་ང་འོང་ངོ་ཞེས་པ་ལྟ་བུ། |
| ག་ལེ |
(རྒྱན་ཚིག) དལ་མོའམ་ལྷོད་པའི་དོན་ཏེ། (དཔེར་ན།) ཁྱེད་ག་ལེ་ཕེབས། ག་ལེ་ག་ལེ་སོང་ན་བོང་བུས་རྒྱལ་ཁམས་བསྐོར་ཡོང་ཞེས་པ་ལྟ་བུ། |
| ག་ལེ་ག་ལེ |
(རྒྱན་ཚིག) དལ་པོ་དལ་པོའི་ངང་འགྲོ་བའི་ཚུལ་ཏེ། (དཔེར་ན།) ག་ལེ་ག་ལེར་ཕྱིན་ན་རྒན་མོས་རྒྱ་ནག་འཁོར་ཡོང༌ཞེས་པ་ལྟ་བུ། |
| ག་ལེ་གུ་ལེ |
(རྒྱན་ཚིག) ཤུགས་མེད་པའི་དལ་མོའི་དོན་ཏེ། (དཔེར་ན།) ་ག་ལེ་གུ་ལེའི་ངང་ནས་ནམ་ཟླ་འཕྲོ་བརླག་གཏོང་བ་ཞེས་པ་ལྟ་བུ། |
| ག་ལོག |
སྒྲོ་འདོགས་ཀྱི་མིང་སྟེ། (དཔེར་ན།) མི་ལ་ག་ལོག་མ་བྱེད་ལྟ་བུ། |
| ག་ཤ |
ཕྲག་པ་ནས་མཆན་ཁུང་ཕན་ཚུན་དུ་བསྣོལ་མར་འཆིང་བའི་ཐག་པའི་དོན་ཏེ། (དཔེར་ན།) འདོགས་ཁྱི་ལ་ག་ཤ་གཡོགས་པ་ཞེས་པ་ལྟ་བུ། |
| ག་ཤལ |
ཕྲག་པ་ནས་མཆན་འོག་ཏུ་འཆིང་བའི་མེ་ཏོག་སོགས་ཀྱི་རྒྱན་ཆ་སྟེ། (དཔེར་ན།) མེ་ཏོག་གི་ག་ཤལ། རིན་ཆེན་ག་ཤལ། རིན་པོ་ཆེའི་ག་ཤལ་གྱིས་མཛེས་པ་ཞེས་པ་ལྟ་བུ། |
| ག་ཤལ |
སེ་རལ་དུ་གོན་པའི་རྒྱན་ཆ་རིགས་ཤིག་གི་མིང་། |
| ག་ཤེད |
ཡུལ་ངེས་མེད་དམ་ངོས་བཟུང་མེད་པའི་དོན་ཏེ། (དཔེར་ན།) ད་ལྟ་ང་ཡུལ་ག་ཤེད་ཅིག་ལ་འགྲོ་དགོས། དཔེ་ཆ་དེ་ངས་ག་ཤེད་ཅིག་ལ་བཞག་ཡོད། ཁོ་ག་ཤེད་དུ་སོང་བ་མི་ཤེས། སྡུག་བསྔལ་བསལ་བའི་རྒྱུ་ག་ཤེད་ན་མྱུར་དུ་ཚོལ་ཅིག་ཅེས་པ་ལྟ་བུ། |
| ག་ཤེས |
(བརྡ་རྙིང་།) ཁ་རྡུང་བཏང་བའམ། ཁ་ཟེར་བ། |
| ག་ས |
ཕྱོགས་ངེས་མེད་ཀྱི་དོན་ཏེ། (དཔེར་ན།) ས་ཕྱོགས་ག་ས་ག་ལ་དྲིལ་བསྒྲགས་བྱེད་དུ་ཕྱིན་ཅེས་པ་ལྟ་བུ། |
| ག་སྡུམ |
ག་ཁ་བསུམ་དང་དོན་གཅིག |
| ག་སྡུམ |
ག་འདིའི་མིང་། |
| ག་སློག |
ཕྱིན་ཅི་སློག་པའི་དོན་ཏེ། (དཔེར་ན།) ལས་ཀ་བྱེད་སྟངས་ག་སློག་ཏུ་གྱུར་ན་དོན་མི་འགྲུབ་ཅེས་པ་ལྟ་བུ། |
| གག |
(བརྡ་རྙིང་།) 1>འབོད་པའི་སྒྲ་ཞིག 2>སྤྱི་སྒྲ་གང༌། |
| གག་གེ་གོག་གེ |
(རྒྱན་ཚིག) 1>ལས་སུ་མི་རུང་བའམ། ལུས་ཟོར་ལྕི་བའི་དོན་ཏེ། (དཔེར་ན།) གག་གེ་གོག་གེའི་ལུས་དེ་འགྲོ་མི་བདེ་ཞེས་པ་ལྟ་བུ། 2>གོག་སྟེ་འགྲོ་བ་བྱིས་པའི་འགྲོ་ཚུལ་ཏེ། (དཔེར་ན།) བྱིས་པ་ཆུང་ཆུང་དེ་གག་གེ་གོག་གེ་བྱས་ནས་ཐག་རིང་དུ་ཕྱིན་སོང༌ཞེས་པ་ལྟ་བུ། |
| གག་གོག |
(རྒྱན་ཚིག) གག་གེ་གོག་གེའི་བསྡུས་ཚིག |
| གག་པ |
1.གཉན་ནད་ལྕེའི་སྟེང་དུ་བབས་ནས་ལྕེ་སྐྲངས་ཤིང་སྐད་འགག་པ་ཞིག་ནང་གསེས་སུ་དབྱེ་ན་ཕོ་གག་དང༌། མོ་གག་བུ་གག་གཉན་གག་བཅས་རིགས་བཞི་མཆིས།2.བྱ་གག་པ་མཆུ་ལེབ་ལ་རྐང་པ་ཐུང་བ། སྡེར་མོ་སྐྱི་མོས་སྦྲེལ་ཅིང་ཆུར་རྐྱལ་མཁས་པའི་བྱའི་རིགས་ཤིག་ཡིན་པ་འདི་ལ་ཁྱིམ་བྱ་དང་རི་བྱ་གཉིས་ཡོད། |
| གག་ཚིལ་སྒོག་པའི་ལྟུང་བྱེད |
ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས། སྐྱི་གཡའ་བར་འདོད་པའི་བསམ་པས་དགེ་སློང་ལ་གཡའ་སྒོག་པ། |
| གག་ཟོར |
གག་པས་ལྕེ་སྟེང་ཐོར་པ་ཐོན་པ་དང༌། ལྕེ་འོག་སྐྲངས་པ་གཤག་བྱེད་ཀྱི་ཡོ་བྱད་ཅིག |
| གག་ལྷོག |
གཉན་ནད་ལྕེ་ལ་བབས་ཏེ་གྲེ་བ་འགག་པ་གག་པའི་ནད་དང༌། ཤ་ལ་བབས་ཏེ་ཐོར་པ་འབྱུང་བ་ལྷོག་པའི་ནད་དང་གཉིས་ཀྱི་བསྡུས་མིང༌། |
| གང |
ཚབ་ཚིག་གམ་སྤྱི་སྒྲ་སྟེ། དུས་དང་གྲངས་ཀ ཕྱོགས། ལས། དངོས་པོ་སོགས་ཐམས་ཅད་ལ་འཇུག་ཅིང་། ཚིག་ཟིན་ལ་བྱེ་བྲག་གི་གཞི་མི་སྟོན་པས་སྤྱི་སྒྲ་ཟེར། (དཔེར་ན) མི་གང་དག བྱ་བ་གང་ཞིག ས་གང་ལ་འགྲོ། གང་དྲན་དྲན་མ་བྱེད། མི་གང་འདྲ་ཞེས་པ་ལྟ་བུ། |
| གང་ག |
(གྲངས་ཚིག) ཐམས་ཅད་དམ་ཚང་མའི་དོན། |
| གང་ག་ཆུང |
སྔོ་སྨན་གྱི་རིགས་ཤིག་རོ་ཁ། ཞུ་རྗེས་བསིལ། ནུས་པས་དུག་ཚད་དང༌། རྨ་ཚད། ཚ་འཁྲུ། ཚ་བས་སྐྲངས་པ་སོགས་འཇོམས་པར་བྱེད། |
| གང་གཱ |
རྒྱ་གར་ཕྱེད་གླིང་གི་ཆུ་བོ་ཆེན་པོ་ཞིག་གི་མིང་སྟེ། ཧི་མ་ལ་ཡའི་རི་རྒྱུད་ནས་འབབ་ཅིང་ཤར་ཕྱོགས་སུ་རྒྱ་གར་བྱང་རྒྱུད་འཕྲེད་གཏུབ་བྱས་ནས་བྷང་ག་ལ་མཚོ་ཁུག་ཏུ་རྒྱ་མཚོར་འབབ། ཁྱོན་བསྡོམས་རིང་ཚད་ལ་སྤྱི་ལེ་ཉིས་སྟོང་བདུན་བརྒྱ་ཡོད། |
| གང་གཱ་འཛིན |
(མངོན་བརྗོད།) 1>རྒྱ་མཚོ། 2>ལྷ་དབང་ཕྱུག་ཆེན་པོ། |
| གང་གཱ་སྐྱེས |
(མངོན་བརྗོད།) 1>གཞོན་ནུ་གདོང་དྲུག 2>གསེར། |
| གང་གཱའི་བྱེ་མ |
གང་གཱའི་ཀླུང་གི་བྱེ་མའང་ཟེར། ཆུ་བོ་གང་གཱ་ཞེས་པར་ཡོད་པའི་བྱེ་མ་ཇི་སྙེད་ཀྱི་གྲངས་འབོར་ཏེ་སྔར་རྒྱ་གར་ལུགས་ཀྱི་གྲངས་གནས་ཆེན་པོ་ཞིག་སྟེ་ཧ་ཅང་མང་བའི་དཔེ། |
| གང་གཱའི་ཡབ |
(མངོན་བརྗོད།) རི་བོ་གངས་ཏེ་སེ། |
| གང་ཅི |
(ཚབ་ཚིག) ཡོངས་རྫོགས་སམ་ཚང་མའི་དོན་ཏེ། (དཔེར་ན།) ལས་དོན་གང་ཅི། གང་ཅིའི་ལག་འཛངས། གང་ཅི་འདོར་མེད། གང་ཅིའི་ཐད་ནས་ཡར་རྒྱས་བྱུང་འདུག གནས་ཚུལ་གང་ཅིར་ལྟ་རྟོག་བྱས་ནས་འཆར་གཞི་འདིང་བ་ཞེས་པ་ལྟ་བུ། |
| གང་ཉིད |
ཁྱེད་རང༌། གང་ཉིད་སྐུ་ཁམས་བདེ་ཐང་ཡིན་ཤག |
| གང་ཏིག |
(བརྡ་རྙིང་།) གང་འདོད་འདོད། |
| གང་ཐུབ་གང་ལྕོགས |
ཅི་ནུས་ཅི་ལྕོགས་སམ། གང་ཐུབ་ཐུབ། |
| གང་ཐུབ་ཅི་ཐུབ |
ཇི་ལྟར་ནུས་ནུས་ཀྱི་དོན་ཏེ། (དཔེར་ན།) ནུས་ཤུགས་ཡོད་དགུ་རྩལ་སྤྲུགས་ཀྱིས་ལས་དོན་གང་ཐུབ་ཅི་ཐུབ་བྱེད་པ་ཞེས་པ་ལྟ་བུ། |
| གང་ཐོན་ཐོན |
གང་བྱུང་བྱུང༌གི་དོན་ཏེ། (དཔེར་ན།) སྐད་ཆ་གང་ཐོན་ཐོན་བཤད་ན་མི་འགྲིག་ཅེས་པ་ལྟ་བུ། |
| གང་དག |
ཅི་ཡོད་དམ་གཞི་རེ་རེ་ནས་གྲངས་བཤེར་གྱི་དོན་ཏེ། (དཔེར་ན།) འདི་རྣམས་གང་དག་ཁྱེད་རང་ཚོའི་རེད། གང་དག་ཕྱོགས་བཅུའི་འཇིག་རྟེན་ན་ཞེས་པ་ལྟ་བུ། |
| གང་དང་གང |
སྤྱི་སྒྲ་གཉིས་བརྩེགས་ཏེ། (དཔེར་ན།) ཡུལ་གང་དང་གང་དུ་སྐད་ཆ་གང་དང་གང་བཤད་ཅེས་པ་ལྟ་བུ་སྟེ། གང་སྔོན་མ་སྤྱི་ཙམ་པོ་དང་གང་ཕྱི་མས་བྱེ་བྲག་གི་གཞི་གང་རུང་ཞིག་སྟོན་པ་ཡིན། |
| གང་དེ |
དེའི་དོན་ཏེ་སྤྱི་སྒྲ་བྱེ་བྲག་ལ་འཇུག་སྟེ། (དཔེར་ན།) ངའི་དཔེ་ཆ་གང་དེའི་རྒྱབ་ཤ་དམར་པོ་ཡིན།མི་གང་དེའི་བསམ་བློ་འཁོར་སྟངས་ཡག་པོ་རེད་ཅེས་པ་ལྟ་བུ། |
| གང་དྲག་ཅི་དྲག |
1.ཅི་ལེགས་ལེགས་དང༌། གང་བཟང་བཟང༌གི་དོན་ཏེ། (དཔེར་ན།) མི་དམངས་ལ་ཕན་འདོགས་གང་དྲག་ཅི་དྲག་བྱེད་པ།2.འུ་ཐུག་པའི་གདུང་ཚིག་སྟེ། (དཔེར་ན།) ཁྱོད་རང་ལ་དཀའ་ཚེགས་དེ་འདྲ་བྱུང་བ་ད་གང་དྲག་ཅི་དྲག་ཅེས་པ་ལྟ་བུ། |
| གང་དྲན་ལག་འགེལ |
སྣང་བར་ཅི་ཤར་ཐམས་ཅད་ལག་ལེན་བསྟར་བ། |
| གང་ན་བ |
1.གང་དུ་ཡོད་པ་སྟེ། (དཔེར་ན།) ཁྱེད་རང་བཞུགས་ཡུལ་གང་ན་བ་དེར་ངས་བཅར་ཡོང༌ཞེས་པ་ལྟ་བུ། 2.ག་རེ་ན་བ། |
| གང་ནུས་དེ་སྒྲུབ་དང་རྩོལ་བསྟུན་ཐོབ་སྤྲོད |
སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ནང་མི་སོ་སོའི་འཚོ་བའི་རྒྱུ་ཆས་བགོ་བཤའ་རྒྱག་སྟངས་ཀྱི་རྩ་དོན་ཞིག རྩ་དོན་དེས་ངལ་རྩོལ་པ་རྣམས་ཀྱིས་རང་ནུས་གང་ཡོད་ཀྱིས་སྤྱི་ཚོགས་ཀྱི་ཆེད་དུ་ངལ་རྩོལ་བྱེད་དགོས་པའི་བླང་བྱ་དང༌། སྤྱི་ཚོགས་ཀྱིས་ངལ་རྩོལ་པ་སོ་སོས་བཏོན་པའི་ངལ་རྩོལ་གྱི་གྲངས་ཚད་དང་སྤུས་ཚད་ལྟར་འཚོ་བའི་རྒྱུ་ཆས་སྤྲོད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། |
| གང་པོ |
1.རིལ་པོའམ་ཆ་ཚང༌བའི་དོན་ཏེ། (དཔེར་ན།) མི་ཚེ་གང་པོ། ལོ་གང་པོ་ཞེས་པ་ལྟ་བུ། 2.ཉན་ཐོས་ཉེ་འཁོར་བཅུའི་ནང་གསེས། ཆོས་སྟོན་པའི་མཆོག་ཏུ་གྱུར་པའོ། ། |
| གང་པོ་འབོད |
(མངོན་བརྗོད།) བརྒྱ་བྱིན། |
| གང་ཕྱོགས |
(མངོན་བརྗོད།) ཡར་ངོ་། |
| གང་བ |
(བྱེད་མེད་ལས་ཚིག) ཆ་ཤས་རྣམས་ཚང་བར་གྱུར་པའམ་ཚད་ལོངས་པའི་དོན་ཏེ། (དཔེར་ན།) ཟླ་བ་ཉ་གང་བ། བྱིས་པ་ཤ་ཁ་གང་བ། བྲེ་ཁ་གང་བ་ཞེས་པ་ལྟ་བུ། མིང་བསྡུས་ན་གང་ཞེས་འབྲི་ཆོག་སྟེ། (དཔེར་ན།) ཉ་གང་ཟླ་བ། བྲེ་ཁ་གང་ཞེས་པ་ལྟ་བུ། |
| གང་བ་བཟང་པོ |
གནོད་སྦྱིན་ཞིག་རྣམ་ཐོས་ཀྱི་བུ་ཞིག |
| གང་བའི་ཟླ་བ |
ཚེས་བཅོ་ལྔའི་ཟླ་བ་ཉ་གང་བ། |
| གང་བུ |
1.མེ་ཏོག་ཁ་མ་བྱེ་བའི་ཐེའུ་སྟེ། (དཔེར་ན།) མེ་ཏོག་ལ་གང་བུ་ཐོན་པ་ཞེས་པ་ལྟ་བུ། 2.ཤུན་སྐོགས་གཅིག་གི་ནང་ན་ས་བོན་མང་པོ་ཡོད་པའི་རྩི་ཤིང་གི་འབྲས་བུའི་མིང་སྟེ། (དཔེར་ན།) སྲན་མའི་གང་བུ། ཏིལ་གྱི་གང་བུ། འབྲུ་གང་བུ་ཅན། རྩི་ཤིང་གང་བུ་ཅན་ཞེས་པ་ལྟ་བུ། ཚིག་བསྡུས་ན་གང་ཞེས་འབྲི་ཆོག་སྟེ། (དཔེར་ན།) སྲན་གང་། ཏིལ་གང་ཞེས་པ་ལྟ་བུ། མེ་ཏོག་ཁ་མ་ཕྱེ་བའི་ཐའུའི་མིང་ མེ་ཏོག་གི་གང་བུ་ཞེས་པ་ལྟ་བུ། |
| གང་བོ |
(རྒྱན་ཚིག) ཚད་ལོངས་པ་སྟེ། (དཔེར་ན།) མི་ཚེ་གང་བོར་གསར་བརྗེ་བྱས། ཉིན་གང་བོར་ངལ་རྩོལ་བྱས་ལྟ་བུ། མིང་བསྡུས་ན་གང་ཞེས་འབྲི་ཆོག་སྟེ། (དཔེར་ན།) མི་ཚེ་གང་ལ་གསར་བརྗེ་བྱས་ལྟ་བུ། |
| གང་བྱས |
1.གང་ལྟར་ཞེས་པའི་དོན་ཏེ། (དཔེར་ན།) སྐད་ཆ་མང་པོ་འདུག་ཀྱང༌། གང་བྱས་ངས་ནི་ཤོད་རྒྱུ་མ་བྱུང༌ལྟ་བུ།2.བྱས་པ་ཚང་མ་བྱ་བ་བྱས་ཚད་ཅེས་པའི་དོན། |
| གང་བྱུང་བ |
1.ཐོབ་ཚད་ཚང་མའི་དོན་ཏེ། (དཔེར་ན།) གོ་སྐབས་གང་བྱུང་བ་ཚང་མ་བེད་སྤྱོད་བྱས་པ་ལྟ་བུ།2.ཅིའང་རུང་བའི་དོན་ཏེ། (དཔེར་ན།) ལྟོ་གོས་གང་བུང་ན་ཡང་འགྲིག་ཅེས་པ་ལྟ་བུ། |
| གང་བྱུང་བྱུང |
1.བྱུང་ཚད་དམ་ཚང་མ།2.གང་རུང་རུང༌།3.ལག་ཏུ་གང་ཐེབས་ཐེབས། |
| གང་བྱུང་མང་བྱུང |
མ་བརྟགས་གང་དྲན་གྱི་བྱ་བ་སྟེ། (དཔེར་ན།) ལས་དོན་གང་བྱུང་མང་བྱུང་བྱས་པ། སྐད་ཆ་གང་བྱུང་མང་བྱུང་བཤད་ཅེས་པ་ལྟ་བུ། |
| གང་བྱུང་སྨྲ་བ |
1.ཁ་ནས་གང་ཐོན་ཤོད་པ། 2.བྱུང་ལུགས་ཇི་བཞིན་དྲང་པོར་སྨྲ་བ། |
| གང་མགྱོགས་ཅི་མགྱོགས |
མགྱོགས་གང་ཐུབ་ཀྱི་དོན་ཏེ། (དཔེར་ན།) དཔལ་འབྱོར་འཛུགས་སྐྲུན་གྱི་བྱ་བ་ཁག་གང་མགྱོགས་ཅི་མགྱོགས་ཀྱིས་བྱེད་ཅེས་པ་ལྟ་བུ། |
| གང་མང་གིས་ཞི་བ |
འདུལ་བ་ལས་བཤད་པའི་རྩོད་པ་ཞི་བྱེད་ཀྱི་ཆོས་བདུན་གྱི་གྲས། མངོན་སུམ་བརྒྱད་ཀྱི་སྒོ་ནས་རྩོད་པ་ཞི་བར་མ་ནུས་ན། ཚུལ་ཤིང་བྲིམས་ཏེ་གང་མང་བའི་ཕྱོགས་ལ་དག་པ་བྱིན་ཏེ་ཞི་བར་བྱེད་པའོ། ། |
| གང་མིན་ཚད |
ཧ་ལས་པའི་དོན་ཏེ། (དཔེར་ན།) ལས་ཀ་གང་མིན་ཚད་ཡག་པོ་བྱས་འདུག གང་མིན་ཚད་ཚབས་ཆེན་རེད། དེ་འདྲ་ཡིན་ན་གང་མིན་ཚད་ཡག་པོ་རེད་ཅེས་པ་ལྟ་བུ། |
| གང་མྱུར་ཅི་མྱུར |
གང་མགྱོགས་ཅི་མགྱོགས། |
| གང་ཙུག |
གང་འདྲའམ་ཇི་ལྟར། |
| གང་ཞིག |
སྤྱི་སྒྲ་ཞིག་སྟེ། (དཔེར་ན།) བྱ་བ་གང་ཞིག ལས་དོན་ཆེ་ཆུང་གང་ཞིག་སྒྲུབ་ཀྱང་དོ་དོ་བརྟན་བརྟན་བྱས་ནས་སྒྲུབ་དགོས། གང་ཞིག་ཡིད་ལ་བྱེད་པ་ཞེས་པ་ལྟ་བུ། |
| གང་ཞེ་ན |
ཅི་རེད་ཟེར་ན་ཞེས་པའི་དོན་ཏེ། (དཔེར་ན།) དེ་ལྟར་བཤད་པའི་རྒྱུ་མཚན་གང་ཞེ་ན། མིག་གི་རྣམ་པར་ཤེས་པ་གང་ཞེ་ན་ཞེས་པ་ལྟ་བུ། |
| གང་ཟག |
གདགས་གཞི་ཕུང་པོ་ལྔ་པོ་གང་རུང་ལ་བརྟེན་ནས་བཏགས་པའི་མིའམ། སྐྱེས་བུའམ། སེམས་ཅན་གང་དེའི་རྒྱུད་ལ་སྐྱོན་ཡོན་གཉིས་ཀ་རེ་ཞིག་གང་བ་དང༌། རེ་ཞིག་ཟག་པ་སྟེ་འཇིག་པར་འགྱུར་བའི་མིང༌། (དཔེར་ན།) གང་ཟག་གིས་གང་ཟག་ལ་ཚོད་འཛིན་མ་བྱེད། གང་ཟག་མ་བརྟགས་པར་གཏམ་བཅོལ་མ་བྱེད་ཅེས་པ་ལྟ་བུ། མིང་གི་རྣམ་གྲངས་ལ་སྐྱེ་བ་དང༌། སྐྱེས་བུ། མཐོང་བ་པོ། བདག་བྱེད་དུ་འཇུག་པ་པོ། བྱེད་པ་པོ། ཚོར་བ་པོ། ཟ་བ་པོ། ཤེད་བདག་ཤེད་ལས་སྐྱེས། ཤེས་པ་པོ། སེམས་ཅན། སྲོག་སློང་བ་པོ། གསོ་བ་བཅས་སོ། ། |
| གང་ཟག་གི་གདགས་གཞི |
ཕུང་པོ་ལྔ་གཟུགས་དང༌། ཚོར་བ། འདུ་ཤེས། འདུ་བྱེད། རྣམ་ཤེས་བཅས་སོ། ། |
| གང་ཟག་གི་གཞི |
འདུལ་བ་གཞི་བཅུ་བདུན་གྱི་ནང་གསེས། དུས་དང་དུས་མ་ཡིན་པ་བསྡུས་པ་འབྱུང་བའི་གཞི་གང་ཟག་གིས་ལྟུང་བ་བཅབས་མ་བཅབས་ཀྱི་རྣམ་དབྱེ་སྟོན་པ་ལ་གང་ཟག་གི་མིང་གིས་བཏགས་པའོ། ། |
| གང་ཟག་གི་བདག |
གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པ། ། |
| གང་ཟག་གི་བདག་མེད |
བདག་མེད་གཉིས་ཀྱི་ཡ་གྱལ། རང་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་བདེན་པར་མ་གྲུབ་པའོ། ། |
| གང་ཟག་གི་བདག་འཛིན |
བདག་འཛིན་གཉིས་ཀྱི་ཡ་གྱལ། གདགས་གཞི་རང་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་ལ་བརྟེན་ནས་ང་དང་ང་ཡིར་འཛིན་པའོ། ། |
| གང་ཟག་གི་བསམ་པ་ལ་དགོངས་པ |
གང་ཟག་ཁ་ཅིག་ལ་བསྔགས་པའི་དགེ་བའི་རྩ་བ་འགའ་ཞིག་དེས་ཆོག་པར་འཛིན་པའི་གང་ཟག་ཁ་ཅིག་གི་ངོར་སྨད་པ་ལྟ་བུའོ། ། |
| གང་ཟག་བཞི |
མུན་པ་ནས་མུན་པར་འགྲོ་བ། མུན་པ་ནས་སྣང་བར་འགྲོ་བ། སྣང་བ་ནས་མུན་པར་འགྲོ་བ། སྣང་བ་ནས་སྣང་བར་འགྲོ་བ་སྟེ་བཞིའོ། ། |
| གང་ཟག་ལ་མི་རྟོན |
མི་རྟོན་པ་བཞིའི་ནང་གསེས་ཤིག་ཆོས་དང་མི་མཐུན་པའི་སྤྱོད་པ་ཅན་ཡིན་ན་རིགས་རུས་སྙན་གྲངས་མངའ་ཐང་སོགས་ཇི་སྟར་ཆེ་ནའང་ཉེ་བར་མི་བརྟེན་པའོ། ། |
| གང་ཟག་སྙན་བརྒྱུད |
སྔར་དུས་རབས་བརྒྱད་པའི་སྐབས་སློབ་དཔོན་པདྨ་འབྱུང་གནས་དང༌། པཎ་ཆེན་བི་མ་ཡི་ཏྲ་གཉིས་ཀྱིས་སློབ་མ་རྣམས་ལ་ནང་རྒྱུད་ཡོ་ག་གསུམ་གྱི་མན་ངག་དངོས་སུ་གསུངས་ཏེ་རིམ་གྱིས་བྱུང་བའི་བརྒྱུད་པ་དེའོ། ། |
| གང་ཟག་སྟ་གོན |
དབྱར་གནས་ཀྱི་སྦྱོར་བའི་ཆོ་ག་ཞིག་ཐོག་མར་གནས་མལ་སྟོབས་པའི་ཆེད་དུ། ཁྱད་ཆོས་བཅུ་ལྡན་གྱི་དགེ་སློང་གཅིག་གམ་གཉིས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་གནས་མལ་སྟོབ་པའི་གང་ཟག་ཏུ་བསྐོས་ཏེ། སྦྱོར་བ་ཚུལ་ཤིང་ཉེ་བར་བཞག་པ་དང༌། ཁྲིམས་ཀྱི་བྱ་བ་བརྗོད་པ་གསོལ་བའི་ལས་བྱང༌། ཚུལ་ཤིང་འགྲིམ་པ་སོགས་བྱས་ཏེ། དངོས་གཞིའི་གནས་གཙུག་ལག་ཁང་དང༌། ཤིང་དྲུང་སོགས་སུ་ཁྲི་དང་སྟན་དང་གོས་ལ་སོགས་པའི་གནས་མལ་རྣམས་རྒན་རིམ་བཞིན་དུ་བསྟབས། མཇུག་ཏུ་གནས་མལ་ལ་གདིང་བ་རྣམ་པར་དག་པས་བསྐྱབས་ནས་ལོངས་སྤྱོད་པའི་ཚུལ་བརྗོད་པ་བཅས་སོ། ། |
| གང་འཐད་གང་རིགས |
ཇི་ལྟར་བྱེད་འོས་པའམ་འགྲིག་པ། |
| གང་འདྲ |
ཇི་འདྲའམ། ག་འདྲ་ཞེས་པའི་དོན་ཏེ། (དཔེར་ན།) ཚིག་འདིའི་དོན་གང་འདྲ་རེད་ཅེས་པ་ལྟ་བུ། |
| གང་འཚམས |
ཐལ་ཆ་མེད་པའི་འཚམས་པོའམ། གཉིས་མཐར་མ་ལྷུང་བའི་འཚམས་པོ། |
| གང་ཡག་ཡག |
འགྲིག་ཙམ་དང༌། ལོ་ཙམ་གྱི་དོན་ཏེ། (དཔེར་ན།) ཅ་ལག་འདི་གང་ཡག་ཡག་འདུག ལས་ཀ་བྱེད་སྟངས་གང་ཡག་ཡག་འདུག་ཅེས་པ་ལྟ་བུ། |
| གང་ཡང |
ཅི་ཡང་ངམ། གཅིག་ཀྱང༌ཞེས་པའི་དོན་ཏེ། (དཔེར་ན།) མཐུན་རྐྱེན་གང་ཡང་ཚང་བ། ནད་རིམས་ན་ཚ་གང་ཡང་མེད་པ། མི་གང་ཡང་རུང་བ་ཞིག རྒྱུ་རྐྱེན་གང་ཡང་རུང་བ་གཅིག་མ་ཚང་ན་འབྲས་བུ་འབྱུང་བར་མི་འགྱུར་བ་ཞེས་པ་ལྟ་བུ། |
| གང་ཡིན |
1.གང་འདྲའམ་ཅི་འདྲ་ཡིན། 2.ཡིན་པ་ཐམས་ཅད། |
| གང་ཡིན་འདི་ཡིན་མེད་པ |
1.ཚད་འཛིན་རྒྱུ་མེད་པ་སྟེ། (དཔེར་ན།) སྐད་ཆ་གང་ཡིན་འདི་ཡིན་མེད་པ་མ་བཤད་ཅེས་པ་ལྟ་བུ།2.ཧ་ལས་པའི་དོན་ཏེ། (དཔེར་ན།) རྟ་འདིའི་འགྲོས་ཡག་པ་ལ་གང་ཡིན་འདི་ཡིན་མི་འདུག་ཅེས་པ་ལྟ་བུ། 3.ཆོ་མེད་པ་སྟེ། (དཔེར་ན།) ལས་ཀ་འདི་ཆོ་མེད་གང་ཡིན་འདི་ཡིན་མེད་པ་ཞིག་བྱས་འདུག་ཅེས་པ་ལྟ་བུ། |
| གང་ཡོད |
1.ཡོད་ཚད་ཚང་མའམ་ཇི་སྙེད་ཀྱི་དོན་ཏེ། (དཔེར་ན།) ནུས་ཤུགས་གང་ཡོད། བསམ་འཆར་གང་ཡོད་བཤད་ཟིན་ཞེས་པ་ལྟ་བུ།2.ཅི་ཞིག་ཡོད་དམ་ག་རེ་ཡོད་ཅེས་པའི་དོན་ཏེ། (དཔེར་ན།) ལས་དོན་གང་ཡོད་ནའང་བྱེད་དགོས་ཞེས་པ་ལྟ་བུ། |
| གང་རིགས |
ཅི་རིགས། |
| གང་རིགས |
གང་དག་གམ་གང་འོས་ཀྱི་དོན་ཏེ། (དཔེར་ན།) མི་གང་རིགས། ས་གང་རིགས། དོན་དེ་གང་རིགས་ཤིག་སྒྲུབ་ལྟ་བུ། |
| གང་རུང |
ཅི་རིགས་ཏེ། (དཔེར་ན།) བཞོན་པ་རྟ་དྲེལ་གང་རུང་ཡོད་ན་འགྲིག རྟགས་གང་རུང་གཅིག་ལ་མ་གྲུབ་པ་ཞེས་པ་ལྟ་བུ། |
| གང་རུང |
འགའ་ཞིག་གི་ནང་ནས་རེ་གཉིས་སམ། གཅིག་གི་དོན་ཏེ། (དཔེར་ན།) མི་འདི་གཉིས་ལས་གང་རུང་ཞིག་ནི་སློབ་གྲྭའི་དགེ་རྒན་རེད། སྨན་འདི་རྣམས་ལས་གང་ཡང་རུང་བ་ཞིག་གིས་ཆམ་པའི་ནད་ལ་ཕན་ལྟ་བུ། |
| གང་རུང་རུང |
1.གང་བྱུང་བྱུང༌གི་དོན་ཏེ། (དཔེར་ན།) ལག་ཆ་གང་རུང་རུང་ཞིག་འཁྱེར་ཡོང་ན་མི་འགྲིག་ཅེས་པ་ལྟ་བུ། 2.གང་འོས་འོས་ཀྱི་དོན་ཏེ། (དཔེར་ན།) ད་རེས་ཀྱི་དངུལ་ལྷག་འདི་གང་རུང་རུང་དུ་སྤྱད་ཆོག་ཅེས་པ་ལྟ་བུ། |
| གང་ལ་གང་འཚམས |
གང་ལ་གང་འོས་སམ་གང་ལ་ཅི་འོས་ཀྱང་ཟེར། ཡུལ་གང་ལ་དངོས་པོའམ་བྱ་བ་གང་རན་པ། |
| གང་ལ་དེ་འཚམས |
ཡུལ་གང་ལ་དེ་དང་རིགས་མཚུངས་པའི་དོན་ཏེ། (དཔེར་ན།) མི་སོ་སོའི་གནས་ཚུལ་གང་ལ་དེ་འཚམས་ཀྱིས་གོ་སྒྲིག་བྱེད་ཅེས་པ་ལྟ་བུ། |
| གང་ལ་ལ |
སེམས་ལྡན་སེམས་མེད་བྱེ་བྲག་པར་སྦྱོར་རྒྱུའི་སྤྱི་མིང༌སྟེ། (དཔེར་ན།) ཡུལ་གང་ལ་ལ་ཞིག་ཏུ་འགྲོ་དགོས། མི་གང་ལ་ལ་ཞེས་པ་ལྟ་བུ། |
| གང་ལེགས་པ |
གང་བཟང་པའམ་བཟང་ཤོས་ཀྱི་དོན་ཏེ། (དཔེར་ན།) སྐད་ཆ་གང་ལེགས་པ་ཞིག་བཤད་འདུག གང་ལེགས་གང་བཟབ་ཅེས་པ་ལྟ་བུ། |
| གང་ལོ |
ཕན་ཐོགས་པ་ཅི་ཡིན་པའི་དོན་ཏེ། (དཔེར་ན།) དངོས་པོ་དེ་ཚོའི་ནང་ནས་ཁྱོད་རང་གང་ལོ་བ་ཞིག་འདོམས་ཞེས་པ་ལྟ་བུ། |
| གང་ལྟར |
གང་ཡིན་ཡང་ངམ་ག་རེ་ཡིན་ནའང༌ཞེས་པའི་དོན་ཏེ། (དཔེར་ན།) གང་ལྟར་དེ་འདྲ་བྱས་ན་འགྲིག་གི་མ་རེད་ཅེས་པ་ལྟ་བུ། |
| གང་ས |
ཆ་ཐམས་ཅད་དང༌། ཕྱོགས་ཚང་མ་དང༌། སྒོ་ཀུན་བཅས་ཀྱི་དོན་ཏེ། (དཔེར་ན།) ཡུལ་ལུང་གང་ས་གང་ལ་སྐོར་གཡེང་དུ་ཕྱིན་པ། ས་ཕྱོགས་གང་ས་གང་ལ་འགྲོ་མྱོང༌ཞེས་པ་ལྟ་བུ། |
| གང་ས་ཅི་ཐད |
ཕྱོགས་ཐམས་ཅད་ཀྱི་དོན་ཏེ། (དཔེར་ན།) མཐུན་རྐྱེན་གང་ས་ཅི་ཐད་ནས་འཛོམས་འདུག་ཅེས་པ་ལྟ་བུ། |
| གང་སྒྲ |
སྤྱི་སྒྲ་ཞིག་སྟེ་གང་དང་དོན་གཅིག |
| གང་སྔ |
སྔ་མ་སུ་ཡིན་གྱི་དྲི་ཚིག་སྟེ། (དཔེར་ན།) བྱ་བ་རྣམས་གང་སྔ་བསྒྲུབ་དགོས་ཞེས་པ་ལྟ་བུ། |
| གང་སྔ་སྔ |
གང་མགྱོགས་མགྱོགས་ཀྱི་དོན་ཏེ། (དཔེར་ན།) སང་ཉིན་གང་སྔ་སྔ་ཕེབས་རོགས་གནང༌ཞེས་པ་ལྟ་བུ། |
| གང་སྟོང |
འཕེལ་འགྲིབ་ཀྱི་དོན་ཏེ། (དཔེར་ན།) དབྱར་གྱི་གཙང་པོ་གང་སྟོང་འཕེལ་འགྲིབ་མང༌། ཟླ་བ་ཟླ་རེར་གང་སྟོང་ཐེངས་རེ་བྱེད་ཅེས་པ་ལྟ་བུ། |
| གང་སྤེལ་མ |
སློབ་དཔོན་དབྱིག་གཉེན་གྱི་སློབ་མ་གང་སྤེལ་གྱིས་བརྩམས་པའི་མངོན་པ་མཛོད་ཀྱི་འགྲེལ་པ། |
| གངས |
ཁ་བ་དང་ཁ་བ་ཆབ་རོམ་དུ་གྱུར་བའི་རི་བོའི་མིང་སྟེ། (དཔེར་ན།) གངས་ཉིལ་བ། གངས་བཤངས་པ། གངས་སིམ་སིམ་བབས་པ་ཞེས་པ་ལྟ་བུ། |
| གངས་ཀྱི་འཁྲོལ་འཛིན |
སྔར་སྨོན་ལམ་ཚུགས་དུས་ལྷ་སའི་མི་དམངས་ཀྱི་ཁང་ཐོག་དང༌། ཉེ་སྐོར་དུ་བབ་པའི་གངས་རྣམས་འཕྱག་སྐྱེལ་ཆོག་པ་ཚོགས་ཆེན་ཞལ་ངོར་དགོངས་པ་ཞུས་པའི་འཁྲོལ་འཛིན། |
| གངས་ཅན |
ཁ་བའམ་གངས་རི་ཡོད་པའི་ཡུལ་ལུང༌སྟེ། (དཔེར་ན།) གངས་ཅན་མཁས་པའི་གཙུག་རྒྱན། ཡུལ་གངས་ཅན་གྱི་སྐད། གངས་ཅན་ལྗོངས་ཞེས་པ་ལྟ་བུ། |
| གངས་ཅན་གྱི་མཁས་པ་མི་གསུམ |
ཚིག་ལ་མཁས་པ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། དོན་ལ་མཁས་པ་བུ་སྟོན་རིན་ཆེན་གྲུབ། ཚིག་དོན་གཉིས་ཀར་མཁས་པ་རྗེ་བཙུན་བློ་བཟང་གྲགས་པ་བཅས་གསུམ་མོ། ། |
| གངས་ཅན་ཆོས་རྒྱལ |
བོད་ཀྱི་ཆོས་རྒྱལ། |
| གངས་ཅན་མགོན་པོ |
སྤྱན་རས་གཟིགས། |
| གངས་ཆར |
1.གངས་དང་ཆར་པའི་བསྡུས་མིང༌། 2.གངས་མ་ཆར་ཏེ། (དཔེར་ན།) དགུན་དཔྱིད་ལ་གངས་ཆར་བུ་ཡུག་འཚུབས་པ་ཡོང༌། |
| གངས་ཆུ |
གངས་ཞུ་ནས་བྱུང་བའི་ཆུ། |
| གངས་ཆུའི་འཁྲོལ་འཛིན |
སྔར་སྨོན་ལམ་ཚུགས་དུས་ལྷ་སའི་མི་དམངས་ཀྱི་ཁང་ཐོག་འཁྱིལ་བའི་གངས་ཆུ་ཕྱི་ལོགས་སུ་གཤོ་འདོན་ཆོག་པ་ཚོགས་ཆེན་ཞལ་ངོར་དགོངས་པ་ཞུས་པའི་འཁྲོལ་འཛིན། |
| གངས་ཏེ་སེ |
བོད་མངའ་རིས་ས་ཆའི་གངས་རི་ཏེ་སེ་སྟེ། ཕྱི་ནང་གཉིས་ཀའི་གནས་རི་རྩ་ཆེན་ཞིག་ཏུ་བརྩི། |
| གངས་ཏེ་སེའི་རི་རྒྱུད |
བོད་ཀྱི་རི་རྒྱུད་ཆེན་པོ་ཞིག་དེའི་གཙོ་བོའི་རི་རྩེ་མཐོ་ཤོས་གནས་རེ་ཁྱད་འཕགས་ཅན་གངས་རིན་པོ་ཆེ་ཞེས་གྲགས་པར་རྣམ་ཀུན་ནས་རང་རྒྱལ་དང༌། ཕྱི་རྒྱལ་ཁོངས་ཆོས་དད་ཅན་གྱི་མི་ཚོས་ཕྱག་སྐོར་མཇལ་མཆོད་སོགས་བྱེད་པར་མ་ཟད། ལྷག་པར་རྟ་ལོ་ནམ་ཤར་ལ་མཇལ་མི་མང་དུ་འདུས་ནས་ཕྱག་མཆོད་དུས་སྟོན་ཤིན་ཏུ་ཚན་ཆེ་བ་བྱེད་ཡུལ་ཞིག མིང་གི་རྣམས་གྲངས་ལ་ཀེ་ལ་ཤའི་རྒྱལ་པོ་དང༌། གང་གཱའི་ཡབ། གངས་རིའི་བུ། དབྱིག་གི་ལྟེ་བ་བཅས་སོ། ། |
| གངས་ཐིགས |
རྡོ་རིལ་མོ་བྱིའུའི་སྒོ་ངའི་དབྱིབས་ཅན། སོས་བལྡད་ན་སོ་མི་སེག་ཅིང་བྲོ་བ་ཅི་ཡང་མེད་པ་ཞིག་ཡིན། རྒྱ་སྐད་དུ་ཀན་ཧྲི་ཟེར་ཞིང་སྨན་བྱེད་ཆོག |
| གངས་ཐིབས |
ཁ་བ་ཆེན་པོ་བབས་པའི་དོན་ཏེ། (དཔེར་ན།) འབྲོག་ཁུལ་དུ་གངས་ཐིབས་བརྒྱབ་ན་ནོར་ཕྱུགས་ལ་གོད་ཉེན་ཆེ་ཞེས་པ་ལྟ་བུ། |
| གངས་ཐུལ |
ཁ་བ་སིབ་སིབ་ཀྱི་དོན་ཏེ། (དཔེར་ན།) ད་ནང་སྔ་དྲོ་རི་མགོར་གངས་ཐུལ་སྐྱ་ཆགས་པ་ཞིག་བབ་འདུག སྦྲང་བུ་ལྡིང་བ་བཞིན་དུ་གངས་ཐུལ་སི་ལི་སི་ལི་འབབ་ཀྱིན་འདུག་ལྟ་བུ། |
| གངས་ད་བྱིད |
(མངོན་བརྗོད།) གངས་སྦལ། |
| གངས་དཀར |
1.གངས་རི་སྟེ། (དཔེར་ན།) གངས་དཀར་སེང་གེའི་གཡུ་རལ་ལ། ཁྱི་ནག་དོམ་བུའི་རྔ་མས་འགྲན་ཞེས་པ་ལྟ་བུ།2.གངས་རི་ཞིག་སྟེ། ཁམས་ཕྱོགས་ཀྱི་དར་མདོ་རྫོང་ན་ཡོད། |
| གངས་མ་ཆར |
ཁ་བ་དང་ཆར་པ་འདྲེས་མ། |
| གངས་མཐོན་མཐིང་རྒྱལ་མོ |
ཇོ་མོ་གླང་མ་རིའི་མིང་གཞན་ཞིག |
| གངས་མདོག |
གངས་རིའི་མདོག་གམ་མདོག་དཀར་པོ། |
| གངས་ཞོད |
གངས་འབབ་པ། |
| གངས་འུར་རྒྱག་པ |
1.གངས་ལྷགས་འཚུབ་པ། 2.གངས་ཉིལ་བ། |
| གངས་རི |
ཁ་བའི་རི་སྟེ། (དཔེར་ན།) གངས་རི་ལྷུན་ཆགས་ཅན། མཐའ་བཞིར་གངས་རི་ཆེན་པོས་བསྐོར་ལྟ་བུ། མིང་གི་རྣམ་གྲངས་ལ་ཀཻ་ལ་ཤ་དང༌། ཁ་བའི་རྡུལ་བརྩེགས། ཁ་བའི་རི། ས་འཛིན་དཀར་པོ་བཅས་སོ། ། |
| གངས་རི་དཀར་པོ |
1.གངས་རིའི་མདོག་དཀར་པོ།2.རི་རྒྱུད་ཅིག་སྟེ། བོད་དབུས་ཕྱོགས་ཀྱི་སྤོ་ཡུལ་དང་མེ་ཏོག་རྫོང་བར་དུ་ཡོད། |
| གངས་རི་ལ་གནས་པའི་སྡེ |
ཕལ་ཆེན་སྡེ་པ་ལྔའི་ནང་གསེས་ཤིག |
| གངས་རིན་པོ་ཆེ |
གངས་ཏེ་སེའི་རི་རྒྱུད་ཀྱི་རྩེ་གཙོ་བོ་དེ་ཡིན་ཞིང༌། བོད་དབུས་ཕྱོགས་ཀྱི་་སྤུ་ཧྲེང་རྫོང་གི་བྱང་རྒྱུད་དུ་ཡོད། མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་6656 ཡོད། ལྷ་དབང་ཕྱུག་ཆེན་པོའི་གནས་རི་ཡིན་ཡང་ཟེར། |
| གངས་རིའི་ཁྲོད |
1.གངས་ཀྱི་རི་གསེབ། 2.བོད་ཡུལ། |
| གངས་རིའི་དབང |
རི་བོ་གངས་ཅན། |
| གངས་རིའི་བུ |
(མངོན་བརྗོད།) གངས་ཏེ་སེ། |
| གངས་རིའི་ར་བ |
ཁ་བའི་རི་རྒྱུད་དེ། (དཔེར་ན།) གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་ཞེས་པ་ལྟ་བུ། |
| གངས་རིའི་ལྗོངས |
བོད་ཡུལ། |
| གངས་རུད |
གངས་རི་ནས་གངས་ཉིལ་བ། |
| གངས་རྒན |
1.སྲིད་པའི་གངས་རི། 2.ཉིན་གྲངས་མང་པོར་བབ་ཚན་ཆེ་བའི་ཁ་བ། |
| གངས་རྒྱལ |
(མངོན་བརྗོད།) སེང་གེ། |
| གངས་རྡིབ |
1.གངས་རི་ནས་གངས་ཉིལ་བ། 2.གངས་ཆེན་པོ་བབ་པ། |
| གངས་རྩེ་བརྒྱད |
མཚོ་སྔོན་ནུབ་ཕྱོགས་ཐེན་ཆེན་རྫོང་གི་གངས་རི་ཞིག |
| གངས་ལྗོངས |
བོད་ཡུལ། |
| གངས་ལྟོངས |
གངས་རིའི་ལ་ཉག་གི་ལྟོངས་ཀ། |
| གངས་ལྡན |
(མངོན་བརྗོད།) 1>གངས་རི། 2>བོད་ཡུལ། 3>ཤུ་དག་དཀར་པོ། |
| གངས་ལྷགས |
ཁ་བ་འདྲེས་མའི་རླུང་སྟེ། (དཔེར་ན།) བུ་ཡུག་གི་འཚུབ་མ་གངས་ལྷགས་འཚུབ་པའི་མཚན་མོ། ལམ་བར་དུ་གངས་ལྷགས་དྲག་པོ་ལྡང་བྱུང༌ཞེས་པ་ལྟ་བུ། |
| གངས་ཤུར་གློད་པ |
གངས་ཀྱི་དཀྱིལ་དུ་ཤུར་རེར་རྒྱུག་པ། |
| གངས་སུལ |
གངས་རིའི་གསེང་ངམ། བར་གསེབ། |
| གངས་སྦལ |
སྲོག་ཆགས་ཀྱི་སྨན་གྱི་རིགས་ཤིག་རོ་མངར་ལ་ཆུང་ཟད་སྐྱུར། ཞུ་རྗེས་དྲོད། ནུས་པས་རོ་ཙ་བར་བྱེད། ཁུ་སྟོབས་འཕེལ། མཁལ་མའི་དྲོད་སྐྱེད། མིང་གི་རྣམ་གྲངས་ལ་གངས་ད་བྱིད་དང༌། སྟོབས་སྐྱེད། སྟོབས་ལྡན་མུ་ཏིག་གོས་ཅན། ཤའི་རྒྱལ་པོ་རྣམས་སོ། ། |
| གངས་སྦལ་མཛའ་མོ |
(མངོན་བརྗོད།) ཆུ་སྐྱར། |
| གཅག་པ |
གཅོག་པ་དང་འཆག་པའི་མ་འོངས་པ། |
| གཅགས |
(བྱེད་འབྲེལ་ལས་ཚིག) འཇགས་པའི་མ་འོངས་པ། སེམས་ལ་ངེས་པར་བྱས་པ་དང་སེམས་ལ་བཟུང་བའི་དོན་ཏེ། (དཔེར་ན།) ཡིད་ལ་གཅགས་བྱའི་ཚིག་དོན། དོན་གལ་ཆེན་ཡིད་ལ་གཅགས་དགོས་ལྟ་བུ། |
| གཅང |
(རྒྱན་ཚིག) 1>རིག་པ་གསལ་བའི་དོན་ཏེ། (དཔེར་ན།) བྱིས་པ་གཅང་བོ་ཞེས་པ་ལྟ་བུ། 2>ཤེས་ཚོར་རྣོ་བའི་དོན་ཏེ། (དཔེར་ན།) རི་དྭགས་གཅང་བོ་བྱིའུ་གཅང་བོ་ཞེས་པ་ལྟ་བུ། |
| གཅང་གཅོང |
(རྒྱན་ཚིག) གཅང་ངེ་གཅོང་ངེའི་བསྡུས་ཚིག |
| གཅང་ངེ་གཅོང་ངེ |
(རྒྱན་ཚིག) ལུས་རེས་བདེ་རེས་མི་བདེ་བའི་སྣང་ཚུལ་ཞིག་སྟེ། (དཔེར་ན།) ངའི་གཟུགས་པོ་བདེ་ཐང་མེད་པའི་གཅང་ངེ་གཅོང་ངེ་ཁོ་ན་རེད་ཅེས་པ་ལྟ་བུ། |
| གཅང་པོ |
(རྒྱན་ཚིག) ངག་སྒོ་ཡངས་པའམ། ཁ་འཇམ་སྨྲ་མཁས་ཀྱི་དོན་ཏེ། (དཔེར་ན།) མགྲོན་པོ་གནས་བདག་གཅང་པོ་འཛོམས་ན་བློ་བག་ཕེབས་པོ་ཡོང༌། |
| གཅད |
(བྱེད་འབྲེལ་ལས་ཚིག) གཅོད་ཀྱི་མ་འོངས་པ། དངོས་རྫས་རིང་བོ་དུམ་བུར་གཏུབ་པའི་དོན་ཏེ། (དཔེར་ན།) གཅད་བྱའི་ཤིང་ཞེས་པ་ལྟ་བུ། |
| གཅད་པ |
གཅོད་པའི་མ་འོངས་པའི་བྱ་མིང་། |
| གཅད་བྱ |
(མངོན་བརྗོད།) སེན་མོ། |
| གཅན |
1.ལམ་འཕྲང་ངམ་ལམ་འགོག་བྱེད་ཀྱི་ར་བ་དང་སྒོའི་མིང་གི་བརྡ་རྙིང་གཅན་རིམ་པ་ལྔ་ཞེས་པ་ལྟ་བུ། 2.ས་མཚམས་དཔྱ་ཁྲལ་གྱི་མིང་། |
| གཅན་གཟན |
གཙོ་བོར་ཤ་ཟ་བར་བརྟེན་ནས་འཚོ་བའི་རི་སྐྱེ་སྲོག་ཆགས་ཀྱི་སྤྱི་མིང་སྟེ། སྟག་སེང་དོམ་དྲེད་ཝ་སྤྱང་སོགས་ཐམས་ཅད་བཅན་གཟན་ཡིན། |
| གཅན་གཟན་ཁྲ་བོ |
(མངོན་བརྗོད།) སྟག |
| གཅན་པ |
སོ་པ། ལ་གཅན་པ། |
| གཅན་ཚ |
རྫོང་ཞིག་སྟེ། མདོ་སྨད་བྱང་རྒྱུད་དང་རྨ་ཆུའི་ལྷོ་འགྲམ་དུ་ཡོད། |
| གཅན་འཕྲང |
འགག་ལམ་མམ་ལམ་གུ་དོག་པོ། |
| གཅན་སྒོ |
(བརྡ་རྙིང་།) སྨད་འཚོང་མའི་ཁྱིམ། |
| གཅམ་གསག |
རྫུན་ཚིག་བཅོས་མའི་ཁ་གསག |
| གཅམ་བསྟོད |
བཅོས་མའི་ངོ་བསྟོད་ཀྱི་དོན་ཏེ། (དཔེར་ན།) གཅམ་བསྟོད་སྨྲས་པ། གཅམ་བསྟོད་སྒྲོག་པ་ཞེས་པ་ལྟ་བུ། |
| གཅམ་བུ |
1.གཏམ་བཅོས་མའམ་བཅོས་མའི་ངོ་བསྟོད་ཀྱི་དོན་ཏེ། (དཔེར་ན།) ཁྱེད་ལ་གཅམ་བུའི་ངོ་བསྟོད་ཞུས་པ་མིན་ཞེས་པ་ལྟ་བུ།2.བཅོས་མའམ་ཟོལ་སྦྱོར་རམ་རྫུན་མའི་དོན་ཏེ། (དཔེར་ན།) གཏམ་གཅམ་བུ། ཚིག་གཅམ་བུ་བཤད་དེ་གཞན་ལ་མགོ་སྐོར་གཏོང་མཁན་ཚོ་ནམ་ཞིག་ལ་རྫུན་རྐུབ་བརྡོལ་ཡོང༌ཞེས་པ་ལྟ་བུ། |
| གཅམ་བུ་པ |
གཞན་ལ་ངོ་དགའ་བྱེད་མཁན་གྱི་མི་སྟེ། ཡུལ་སྐད་དུ་ཡོག་ལི་ཞེས་པ་དང་དོན་གཅིག |
| གཅམ་བུ་བ |
དྲང་པོ་མི་བྱེད་མཁན་ནམ་ཟོལ་སྦྱོར་མཁན། |
| གཅར |
མ་འོངས་པ་གཅར་བྱའི་སྲིན་བུ་ཞེས་པ་ལྟ་བུ། |
| གཅར |
1. (བྱེད་འབྲེལ་ལས་ཚིག) མ་འོངས་པ་དང་ད་ལྟ་བ་འདས་པ། རྡུང་རྡེག་བྱེད་པའི་དོན་ཏེ། (དཔེར་ན།) བྱིས་པ་ལ་གཅར་མི་རུང་། མི་ལ་གཅར་མཁན་ཞེས་པ་ལྟ་བུ། སྐུལ་ཚིག་ལ་གཅོར་འབྲི། 2.(བྱེད་མེད་ལས་ཚིག) བཅར་གྱི་མ་འོངས་པ་དང་ད་ལྟ་བ། (དཔེར་ན།) གམ་དུ་ཉེ་བའི་དོན་ཏེ། སྟག་གི་གམ་དུ་གཅར་མི་རུང་ཞེས་པ་ལྟ་བུ། |
| གཅར་བ |
གཅོར་བའི་མ་འོངས་པ། |
| གཅལ |
ར་བའི་མཐིལ་ངོས་ཀྱི་མིང་སྟེ། རྡོ་བཏིང་བའི་ར་བའི་མཐིལ་ལ་རྡོ་གཅལ་ཟེར། |
| གཅལ་དུ་བཀྲམ |
དངོས་རྫས་རྣམས་གོ་རིམ་མེད་པར་ས་ལ་བརྡལ་བའི་དོན་ཏེ། (དཔེར་ན།) གཡུལ་ངོར་དགྲ་ཟླའི་མི་རོ་གཅལ་དུ་བཀྲམ་ལྟ་བུ། |
| གཅལ་མ |
1.ས་ངོས་སུ་རྡོ་ཤིང་སོགས་སྙོམས་པོར་བསྒྲིགས་པའི་གཞི་སྟེ། (དཔེར་ན།) རྡོ་གཅལ། པང་གཅལ། ཨར་གཅལ་ཞེས་པ་ལྟ་བུ།2.ཁོད་སྙོམས་དང་ཆལ་མའི་དོན་ཏེ། (དཔེར་ན།) མེ་ཏོག་གཅལ་དུ་བཀྲམ་པ་ཞེས་པ་ལྟ་བུ། |
| གཅི |
(བྱེད་འབྲེལ་ལས་ཚིག) གཅིས་ཀྱི་མ་འོངས་པ་དང་ད་ལྟ་བ། གཅིན་པ་གཏོང་བའི་དོན་ཏེ། (དཔེར་ན།) གཅི་བྱའི་གཅིན་གཅི་དགོས་ལྟ་བུ། |
| གཅི་བ |
(བྱེད་འབྲེལ་ལས་ཚིག) གཅིན་པ་གཅི་བ་ལྟ་བུའི་བྱ་མིང་། |
| གཅིག |
1.(གྲངས་ཚིག) གྲངས་ཀྱི་གཅིག་གྲངས་ཀ་རིལ་པོའི་ཉུང་མཐའ། (དཔེར་ན།) ནད་བརྒྱ་སྨན་གཅིག ཚིག་བརྒྱ་དོན་གཅིག གཅིག་ལ་གཅིག་བརྟེན་ཞེས་པ་ལྟ་བུ། མིང་གི་རྣམ་གྲངས་ལ་ཟླ་བ་དང༌། གཟུགས། འོད་དཀར་ཅན། རི་བོང་ཅན། བསེ་རུ་བཅས་སོ། །2.ཡོངས་རྫོགས་དང་རིལ་པོའི་དོན་ཏེ། (དཔེར་ན།) མི་ཚེ་གཅིག བྱེད་ན་བྱེད་གཅིག རྒྱག་ན་རྒྱག་གཅིག བློ་གཅིག་སེམས་གཅིག མཐའ་གཅིག་ཏུ་ལེགས་པ། གཅིག་ཏུ་ཆ་མི་མཐུན་པ་ཞེས་པ་ལྟ་བུ།3.བྱ་ཚིག་གི་སྔོན་དུ་སྦྱར་ནས་དེའི་ལན་གཅིག་གམ་ཐེངས་གཅིག་གི་དོན་དུ་འཇུག་པའི་ཕྲད་ཅིག་སྟེ། (དཔེར་ན།) ཁྱོད་ཀྱིས་གཅིག་ཤོད་དང༌། ང་ལ་གཅིག་སྟོན་དང༌། ཁོ་ལ་གཅིག་བལྟས་ནས་ཕྱིན་སོང༌། རྒྱུག་པས་གཅིག་བརྒྱབ་ནས་བསད་པ། གཅིག་འགྲོ་རྩིས་ཡོད་ལྟ་བུ། |
| གཅིག་ཀ |
གཅིག་ནི་ཞེས་པའི་དོན་ཏེ། (དཔེར་ན།) མང་ཚོགས་གྲས་ཀྱི་མི་གཅིག་ཀ་ཞེས་པ་ལྟ་བུ། |
| གཅིག་གཅིག་གཉིས་གཉིས |
1.ཉུང་ཉུང་གི་དོན། 2.ལྷག་ཆད་ནོར་གསུམ་མེད་པར་གསལ་པོར་སྟོན་པའི་དོན་ཏེ། (དཔེར་ན།) གཞུང་ཁྲ་ནང་གསལ་ཚང་མ་གཅིག་གཅིག་གཉིས་གཉིས་སུ་རྩིས་སྤྲད་ཡོད། དེང་སང་གི་གཏམ་གསར་གཅིག་གཅིག་གཉིས་གཉིས་སུ་ཞུས་ལྟ་བུ། |
| གཅིག་གཉིས |
ཁ་ཤས་སམ་འགའ་ཞིག་གི་དོན་ཏེ། (དཔེར་ན།) མི་གཅིག་གཉིས། ཁང་པ་གཅིག་གཉིས་ཞེས་པ་ལྟ་བུ། |
| གཅིག་གནས |
བཅུ་ལོངས་གོང་དུ་སྒྲིལ་བའི་རྩིས་ལུགས་ཀྱི་གྲངས་གནས་དང་པོ། |
| གཅིག་གི་ལྡོག་པ་ཅན |
ལྡོག་པ་ཅན་གྱི་རྒྱན་གྱི་ནང་གསེས་ཤིག་དཔེ་དོན་གཉིས་ཀ་ལ་ཐུན་མོང་དུ་འཇུག་རུང་གི་ཡོན་ཏན་སྒོ་ནས་མཚུངས་ཀྱང༌། ཁྱད་ཆོས་གཅིག་གིས་འདྲ་བ་ལས་ལྡོག་སྟེ་མི་མཚུངས་པ་སྟོན་པའི་རྒྱན་ཞིག |
| གཅིག་གོ་གཉིས་ཆོད |
གཅིག་གིས་གཉིས་ཀྱི་གོ་ཆོད་པ། |
| གཅིག་གོ་བཅུ་ཆོད |
གཅིག་གིས་བཅུའི་གོ་ཆོད་པ། |
| གཅིག་གྱུར |
ཁག་ཁག་མ་ཡིན་པར་གྱུར་པའི་དོན་ཏེ། (དཔེར་ན།) གོང་བུ་གཅིག་གྱུར། བློ་རྩེ་གཅིག་གྱུར། ངོས་འཛིན་གཅིག་གྱུར་ཞེས་པ་ལྟ་བུ། |
| གཅིག་གྲོགས་གཅིག་བྱེད |
གཅིག་ལ་གཅིག་གིས་ཕན་པ། |
| གཅིག་ངར་གཅིག་སློང |
གཅིག་གིས་གཅིག་ལ་ངར་སློང་བའི་དོན་ཏེ། (དཔེར་ན།) ཕན་ཚུན་གཅིག་ངར་གཅིག་སློང་བྱས་པས་ལས་ཆོད་ཆེན་པོ་བྱུང་སོང༌ཞེས་པ་ལྟ་བུ། |
| གཅིག་ཅིག |
གཅིག་པུ་ཞིག་ཅེས་པའི་དོན་ཏེ། (དཔེར་ན།) ནགས་ཚལ་སྟུག་པོའི་ཁྲོད་དུ་མི་གཅིག་ཅིག་འགྲོ་བཞིན་འདུག་ཅེས་པ་ལྟ་བུ། |
| གཅིག་ཆོག |
སྣེ་གཅིག་གིས་གོ་མང་པོ་ཆོད་པའི་དོན་ཏེ། (དཔེར་ན།) རྒྱན་གོས་གཅིག་ཆོག གྱོན་པ་འདི་ཉིད་དྲོ་དང་མཛེས་པ་གཅིག་ཆོག་རེད་ཅེས་པ་ལྟ་བུ། |
| གཅིག་ཉིད |
གཅིག་པུའམ་དེ་ཁོ་ན་རང༌། |
| གཅིག་ཏུ་མཛེས་པ |
1.སྐྱོན་མེད་མཛེས་པ་ཤ་སྟག 2.བྱང་ཆུབ་སེམས་དཔའ་ཞིག་གི་མཚན། |
| གཅིག་ཐོག་གཉིས་བརྩེགས |
རྣམ་པ་རིམ་བརྩེགས་ཀྱི་དོན་ཏེ། (དཔེར་ན།) ལས་ཁུངས་མང་པོ་གཅིག་ཐོག་གཉིས་བརྩེགས་སུ་བཙུགས་པ། གནས་ཚུལ་བཟང་པོ་གཅིག་ཐོག་གཉིས་བརྩེགས་བྱུང༌ཞེས་པ་ལྟ་བུ། |
| གཅིག་དང་ཐ་དད་བྲལ་བའི་མཚན་ཉིད |
སྟོང་པ་ཉིད་ཀྱི་རང་བཞིན་ཏེ། སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་དེ་ཁོ་ན་ཉིད་ཀྱི་ནང་གསེས་ཤིག |
| གཅིག་དུ |
གཅིག་དང་དུ་མ་སྟེ། ངོ་བོ་གཅིག་དང་མང་པོ། (དཔེར་ན།) གཅིག་དུ་གཉིས་སུ་མེད་པ་ཞེས་པ་ལྟ་བུ། |
| གཅིག་དུ་བྲལ |
གཅིག་དང་དུ་མ་གང་རུང་དུ་མེད་པའི་དོན་ཏེ། ཆོས་ཐམས་ཅད་ཀྱི་གནས་ལུགས་གཏན་ལ་འབེབས་བྱེད་ཀྱི་རིགས་པ་ཞིག |
| གཅིག་དུ་བྲལ་གྱི་གཏན་ཚིགས |
གཏན་ཚིགས་ཆེན་པོ་ལྔའི་ནང་གསེས། ཆོས་རྣམས་ཀྱི་ངོ་བོ་ལ་དཔྱོད་པ། གཅིག་དང་དུ་མ་དང་བྲལ་བ་རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་སྟོན་པའི་གཏན་ཚིགས་ཏེ། མྱུ་གུ་ལྟ་བུའི་ཆོས་ཀུན་ཆོས་ཅན་བདེན་པར་མེད་དེ་བདེན་པའི་གཅིག་དང་དུ་མ་གང་རུང་དུ་མེད་པའི་ཕྱིར། ཞེས་པ་ཁྱབ་བྱེད་མ་དམིགས་པའི་གཏན་ཚིགས་སོ། ། |
| གཅིག་དུ་བྲལ་གྱི་དཔྱད་པ |
སྟོང་ཉིད་སྒྲུབ་བྱེད་ཀྱི་རིགས་པ་ཞིག |
| གཅིག་པ |
1.འདྲ་བ་དང་མཚུངས་པ་མཐུན་པ་སོགས་ཀྱི་དོན་ཏེ། (དཔེར་ན།) ཁྱི་དང་བྱི་ལ་ནི་སྲོག་ཆགས་རིགས་མི་གཅིག་པ་རེད། འབྲོང་དང་གཡག་ནི་རིགས་གཅིག་པ་རེད། ངེད་གཉིས་ཀྱི་དྲན་ཚུལ་གཅིག་པ་རེད་ལྟ་བུ། 2.ཡོངས་སུ་རྫོགས་པ་དང་ཚད་ལོངས་པའི་དོན་ཏེ། (དཔེར་ན།) སྐྱེ་བ་གཅིག ཚེ་གཅིག་ལུས་གཅིག་ཅེས་པ་ལྟ་བུ།3.བློ་ཐག་ཆོད་པོའི་དོན་ཏེ། (དཔེར་ན།) མགྲིན་གཅིག་དབྱངས་གཅིག བློ་གཅིག་སེམས་གཅིག སེམས་བསམ་པ་རྩེ་གཅིག་ཅེས་པ་ལྟ་བུ།4.ཁེར་རྐྱང་གི་དོན་ཏེ། (དཔེར་ན།) ཕ་གཅིག་བུ་གཅིག མི་གཅིག་སྲོག་གཅིག་ཅེས་པ་ལྟ་བུ། |
| གཅིག་པ་གཅིག་རྐྱང |
དབྱེར་མེད་པའི་དོན་ཏེ། (དཔེར་ན།) མཚེ་མ་དེ་གཉིས་ཀྱི་ངོ་རིས་གཅིག་པ་གཅིག་རྐྱང་རེད་ཅེས་པ་ལྟ་བུ། |
| གཅིག་པ་བཀག་པའི་ཐ་དད |
རྫས་རྒྱུན་གཅིག་ཡིན་ཀྱང་དུས་ལ་ལྟོས་པས་འདས་མ་འོངས་ཐ་དད་པས་གཅིག་ཡིན་ན་ཅིག་ཤོས་ཡིན་པ་འགལ་བ། (དཔེར་ན།) བུམ་པ་གཅིག་གི་སྐད་ཅིག་སྔ་ཕྱི་ཐ་དད་ལྟ་བུའོ། ། |
| གཅིག་པ་བཞི |
གཅིག་པ་ལ་དབྱེ་ན། རང་ལྡོག་གཅིག་པ་དང༌། ངོ་བོ་གཅིག་པ། རིགས་གཅིག་པ། རྫས་གཅིག་པ་སྟེ་བཞིའོ། ། |
| གཅིག་པུ |
ཁེར་རྐྱང་གི་དོན་ཏེ། (དཔེར་ན།) རང་གཅིག་པུ། ཁོ་གཅིག་པུས་དཔེ་ཆར་བལྟས་ལྟ་བུ། |
| གཅིག་པུ་མ |
ཁེར་རྐྱང་གི་མོ་རིགས། |
| གཅིག་པུར་གནས |
(མངོན་བརྗོད།) རི་དྭགས་བསེ་རུ། |
| གཅིག་པོ |
1. ཁེར་རྐྱང༌གི་དོན་ཏེ། (དཔེར་ན།) ཁོ་རང་གཅིག་པོར་ཡོང་བ་རེད་ཅེས་པ་ལྟ་བུ། 2.གཞན་པའམ་ཅིག་ཤོས་ཏེ། (དཔེར་ན།) མི་གཅིག་པོ་དེ་ཡོང་མི་འདུག དོན་གཅིག་པོ་དེ་བསྒྲུབ་དགོས་ཞེས་པ་ལྟ་བུ། |
| གཅིག་ཕན་གཅིག་གྲོགས |
གཅིག་གིས་གཅིག་ལ་ཕན་རོགས་བྱེད་པ་སྟེ། (དཔེར་ན།) གྲོང་པ་ཁྱིམ་མཚེས་ཆགས་སྡང་མེད་པར་གཅིག་ཕན་གཅིག་གྲོགས་བྱེད་ཅེས་པ་ལྟ་བུ། |
| གཅིག་བྱས་གཉིས་གྲུབ |
ལས་ཀ་གཅིག་བྱས་ནས་དོན་དག་གཉིས་འགྲུབ་པའི་དོན་ཏེ། (དཔེར་ན།) ཐབས་ཇུས་མཁས་པས་ལས་དོན་གཅིག་བྱས་གཉིས་གྲུབ་བྱུང་བ་རེད་ལྟ་བུ། |
| གཅིག་བྱས་ན |
མ་ངེས་པ་སྟོན་པའི་ཚིག་ཅིག་སྟེ། (དཔེར་ན།) གཅིག་བྱས་ན་ཁོང་སང་ཉིན་ཡོང་གི་ཡོད་འགྲོ། ཁྱོད་རང་གིས་ཚོད་ཅིག་ལྟོས་དང༌། གཅིག་བྱས་ན་འཁྱེར་ཐུབ་མདོག་ཁ་པོ་རེད་ཅེས་པ་ལྟ་བུ། |
| གཅིག་མཐུན |
རིགས་གཅིག་ཏུ་གཞི་མཐུན་པའི་དོན་ཏེ། (དཔེར་ན།) བསམ་པ་དང་གྲོས་མོལ་གཅིག་མཐུན་དུ་གྱུར་ཞེས་པ་ལྟ་བུ། |
| གཅིག་མཚུངས |
གཅིག་པ་ནང་བཞིན་ལྟར་ཏེ། (དཔེར་ན།) དམིགས་ཡུལ་གཅིག་མཚུངས། གོམ་སྟབས་གཅིག་མཚུངས་ཞེས་པ་ལྟ་བུ། |
| གཅིག་མིན་གཉིས་མིན |
ཡང་ཡང༌གི་དོན་ཏེ། (དཔེར་ན།) ཆགས་སྒོ་གཅིག་མིན་གཉིས་མིན་བྱུང་སོང༌ཞེས་པ་ལྟ་བུ། |
| གཅིག་ཚིག |
བོད་ཡིག་ལྟར་ན་རྣམ་དབྱེ་དང་པོ་དེ་ག་རང་གཅིག་ཚིག་ཡིན། |
| གཅིག་ཟླུམ |
ཟླ་སྒྲིལ་ཏེ་གོང་བུ་གཅིག་ཏུ་འདྲིལ་བ། |
| གཅིག་འཇགས་གཅིག་ལངས |
ས་གནས་གཅིག་ལ་ཞོད་འཇགས་དང་ས་གནས་གཞན་ཞིག་ལ་ཟིང་ཆ་ལངས་པ། |
| གཅིག་འཕར་གཅིག་ཆག |
གཅིག་ཡར་འཕར་ཞིང་གཅིག་མར་ཆག་པའི་དོན་ཏེ། (དཔེར་ན།) ཁྲོམ་ཐང་གཅིག་འཕར་གཅིག་ཆག་ཅི་རིགས་ཡོང༌ཞེས་པ་ལྟ་བུ། |
| གཅིག་འཕྲོར་གཅིག་མཐུད |
རྒྱུན་བར་མ་ཆད་དུ་མཐུད་པའི་དོན་ཏེ། (དཔེར་ན།) ལས་རྒྱུན་གཅིག་འཕྲོར་གཅིག་མཐུད་བྱེད་ཅེས་པ་ལྟ་བུ། |
| གཅིག་ཡིད་གཅིག་ཆེས |
ཕན་ཚུན་བློ་ཁེལ་བའི་དོན་ཏེ། (དཔེར་ན།) ཡུན་རིང་སོང་མཚམས་སུ་ཕན་ཚུན་གཅིག་ཡིད་གཅིག་ཆེས་བྱུང་སོང༌ལྟ་བུ། |
| གཅིག་རེ་གཉིས་རེ |
རེ་གཉིས་ཏེ་ཉུང་ངུའི་དོན། (དཔེར་ན།) མི་ངན་གཅིག་རེ་གཉིས་རེ། འགྲོ་ཐེངས་གཅིག་རེ་གཉིས་རེ་ལས་མེད་ཅེས་པ་ལྟ་བུ། |
| གཅིག་རྐྱང |
གཅིག་པུ་རྐྱང་རྐྱང་ངམ་ཟླ་མེད་ཆིག་རྐྱང༌གི་དོན་ཏེ། (དཔེར་ན།) མི་ཚང་གཅིག་རྐྱང༌། ཞིང་ལས་གཅིག་རྐྱང༌། རང་ཉིད་ཁོ་ན་བདེ་འདོད་ཀྱི་བསམ་བློ་གཅིག་རྐྱང་གཏོང་བ་ཞེས་པ་ལྟ་བུ། |
| གཅིག་རྐྱེན་གཅིག་བྱེད |
གཅིག་ལ་གཅིག་གིས་ཕན་གནོད་ཀྱི་རྐྱེན་བྱེད་པ། |
| གཅིག་རྗེས་གཉིས་མཐུད |
བར་མི་འཆད་པར་མཐུད་སྟངས་ཏེ། (དཔེར་ན།) གྲུབ་འབྲས་གཅིག་རྗེས་གཉིས་མཐུད་ཀྱིས་ཐོབ་པ། རྒྱལ་ཁ་གཅིག་རྗེས་གཉིས་མཐུད་ཀྱིས་བླངས་པ། ཕམ་ཉེས་གཅིག་རྗེས་གཉིས་མཐུད་དུ་བྱུང༌ཞེས་པ་ལྟ་བུ། |
| གཅིག་ལ་གཅིག་ལྟོས་ཀྱི་རབ་སྤེལ |
རབ་སྤེལ་གྱི་རྒྱན་གྱི་ནང་གསེས་ཤིག བརྗོད་འདོད་ཀྱི་དངོས་པོའི་སྐབས་ཐོབ་སྦྱར་ནས་བསྲེ་བྱ་སྲེ་བྱེད་དམ། སྤེལ་བྱ་སྤེལ་བྱེད་གཅིག་ལ་གཅིག་ལྟོས་ཀྱི་རྒྱན་ཞིག |
| གཅིག་ལན་གཉིས་འདེབས |
གཅིག་བཤད་གཅིག་གིས་མ་ཉན་པར་ལན་འདེབས་པ། |
| གཅིག་ལན་གཉིས་ལན |
ཚིག་རེ་ལ་ཚིག་རེས་ལན་སློག་པ་སྟེ། (དཔེར་ན།) སེམས་བཟང་གིས་བཤད་པའི་བསླབ་བྱར་མི་ཉན་པར་གཅིག་ལན་གཉིས་ལན་བསློགས་ཞེས་པ་ལྟ་བུ། |
| གཅིག་ལྕོགས |
བྱ་བ་མང་པོ་གཅིག་གིས་བྱེད་ནུས་པའི་དོན་ཏེ། (དཔེར་ན།) གཅིག་ལྕོགས་དགེ་རྒན། དོ་དམ་གཅིག་ལྕོགས། ལས་འགན་གཅིག་ལྕོགས་ཞེས་པ་ལྟ་བུ། |
| གཅིག་ཤེས་ཀུན་གྲོལ |
ཚིག་དོན་གཅིག་ཤེས་པས་གཞན་ཀུན་ཤུགས་ཀྱིས་གོ་བ། |
| གཅིག་སྐྱེས་དབང་ལག |
ཆིག་སྐྱེས་དབང་ལག་དང་འདྲ། |
| གཅིག་སྒྲིལ |
1.ཕྱོགས་གཅིག་ཏུ་སྒྲིལ་བའི་དོན་ཏེ། (དཔེར་ན།) རྡོག་རྩ་གཅིག་སྒྲིལ། སྟོབས་ཤུགས་མཐའ་དག་གཅིག་སྒྲིལ་བྱེད་ཅེས་པ་ལྟ་བུ། 2.མགོ་ལོག་ཤར་ལྷོའི་ངོས་སུ་ཡོད་པའི་རྫོང་ཞིག |
| གཅིག་སྙིང་གཅིག་གཏད |
ཕན་ཚུན་ཡིད་ཆེས་པའམ་བློ་གཏད་པ། |
| གཅིག་སྡུད |
ཁ་ཐོར་རྣམས་ཕྱོགས་གཅིག་ཏུ་ཚུར་སྡུད་པ་སྟེ། (དཔེར་ན།) ནུས་ཤུགས་གཅིག་སྡུད་ཅེས་པ་ལྟ་བུ། |
| གཅིག་སྡོམ |
ཁྱོན་གཅིག་ཏུ་སྒྲིལ་བ། |
| གཅིན་དྲེག |
དྲི་ཆུའི་དྲེག་པ་སྟེ། སྨན་པས་དེ་གཞིར་བཟུང་ནས་ནད་གཞི་བརྟག་དཔྱད་བྱེད་ས་ཞིག |
| གཅིན་པ |
དྲི་ཆུ་སྟེ། (དཔེར་ན།) གཅིན་པ་བྲོ་བ། གཅིན་དྲི་ཁ་བ། གཅིན་པ་གཏོང་དུས་གསང་སྤྱོད་དྲན་ཞེས་པ་ལྟ་བུ། མིང་གི་རྣམ་གྲངས་ལ་རྒྱུན་འབབ་དང༌། དྲི་ཆུ། མི་བསྐྱོད་པ། རབ་འཛག་བཅས་སོ། ། |
| གཅིན་ཕྱི་ས |
གཅིན་པ་དང་སྐྱག་པ། |
| གཅིན་བཟེད |
ཆབ་ཏོག་གམ་གཅིན་སྣོད། |
| གཅིན་འགག |
གཅིན་གཏོང་དཀའ་བའམ་གཏན་ནས་གཏོང་མི་ཐུབ་པའི་ནད་དྲག་པོ་ཞིག་གི་མིང་། |
| གཅིན་ལམ |
གཅིན་པ་འབབ་ལམ། |
| གཅིན་ཤ |
ཤ་མོའི་རིགས་ཤིག |
| གཅིན་ཤོར |
གཅིན་པ་དབང་མེད་དུ་འཆོར་བ། |
| གཅིན་སྙི |
རླན་ཅན་ཡུལ་དུ་རྒྱུན་རིང་སྡོད་པ་དང་བད་ཚིལ་འཕེལ་བ་སོགས་ཀྱིས་རྐྱེན་གྱིས་རྒྱུན་ལྡན་ལྟར་མ་ཡིན་པ་གཅིན་པ་གྲངས་མང་དུ་གཏོང་དགོས་པའམ་དབང་མེད་དུ་ཤོར་བའི་དོན། |
| གཅིན་སྟུག |
དྲི་ཆུ་དག་དྲི་ཆེན། |
| གཅིན་སྲི |
གཅིན་ཅུང་ཟད་ཙམ་རེ་མ་གཏོགས་གཏོང་མི་ཐུབ་པའི་ནད་ཅིག་གི་མིང་། |
| གཅིའུ |
གཅེའུ་ཡི་འབྲི་ཚུལ་གཞན། |
| གཅིའུ་རྨ་བཀྲུ |
བཤང་ལམ་ནང་རྨ་ཡོད་པ་འཁྲུད་བྱེད་ཀྱི་ཡོ་བྱད་ཆུ་མདའ། |
| གཅིར |
(བྱེད་འབྲེལ་ལས་ཚིག) བཅིར་གྱི་མ་འོངས་པ་དང་ད་ལྟ་བ། མནན་ནས་ལེབ་མོ་བྱས་པའི་དོན་ཏེ། (དཔེར་ན།) མཛུབ་གུ་རྡོ་བར་ལ་མ་གཅིར་ལྟ་བུ། འདས་པ་ལ་བཅིར་དང་སྐུལ་ཚིག་ལ་ཆིར་འབྲི། |
| གཅིར་བ |
(བྱེད་འབྲེལ་ལས་ཚིག) གཅིར་བའི་བྱ་མིང་། |
| གཅིལ |
(བྱེད་འབྲེལ་ལས་ཚིག) གྲིས་ཤ་སོགས་གཅོད་པའི་དོན་ཏེ། (དཔེར་ན།) གྲིས་ཤ་ལ་གཅིལ་ལྟ་བུ། |
| གཅིས |
(བྱེད་འབྲེལ་ལས་ཚིག) གཅི་བའི་འདས་པ་དང་སྐུལ་ཚིག་སྟེ། (དཔེར་ན།) གཅིན་གཅིས་རྗེས་ལག་པ་བཀྲུ་དགོས། གཅིན་གཅིས་ཤིག་ལྟ་བུ། |
| གཅིས་པ |
གཅི་བའི་འདས་པའི་བྱ་མིང་། |
| གཅུ |
(བྱེད་འབྲེལ་ལས་ཚིག) གཅུས་ཀྱི་མ་འོངས་པ་དང་ད་ལྟ་བ། དྲང་བོ་ལས་ལྡོག་ཏུ་འཇུག་པའི་དོན་ཏེ། (དཔེར་ན།) ལག་པ་གཅུ་རེ་བྱས། གཅུ་མཁན་ཞེས་པ་ལྟ་བུ། |
| གཅུ་གཟེར |
གཟེར་མགོའི་ཁག་ལ་དུང་འཁྱིལ་གྱི་རི་མོ་ཡོད་པའི་གཟེར་མའི་མིང་། |
| གཅུ་གལ |
དོ་གལ་ལམ་ཁག་འགན། |
| གཅུ་དུང |
1.གཅུ་གཟེར་གྱི་གཟེར་གདན་གྱི་མིང་། 2.གཅུ་བོ་ཡི་ཚིག་བསྡུས་པ། |
| གཅུ་པོ |
(རྒྱན་ཚིག) ཀྱོག་ཀྱོག་གམ་འཁྱོག་པོའི་དོན་ཏེ། (དཔེར་ན།) ཤིང་གཅུ་པོ། ལམ་གཅུ་པོ་ཞེས་པ་ལྟ་བུ། |
| གཅུ་བ |
(བྱེད་འབྲེལ་ལས་ཚིག) གཅུས་པའི་ད་ལྟ་བའི་བྱ་མིང་། |
| གཅུ་བོ |
(རྒྱན་ཚིག) དྲང་མིན་འཁྱོག་འཁྱོག་གི་དོན་ཏེ། (དཔེར་ན།) གཟུགས་པོ་གཅུ་བོ་ཞེས་པ་ལྟ་བུ། ཚིག་བསྡུས་ན་གཅུ་འབྲི། གཅུ་ཤིང་ཞེས་པ་ལྟ་བུ། |
| གཅུ་ཚེམ |
འཚེམ་པོ་རྒྱག་སྟངས་ཤིག |
| གཅུ་འཛེར |
གཅུས་ཏེ་སྐྱེས་པའི་ཤིང་གི་འཛེར་པ། |
| གཅུ་རུ་ཚ་པོ |
གྱོང་པོའམ་རང་ཤེད་ཚ་པོའི་དོན་ཏེ། (དཔེར་ན།) གཅུ་རུ་ཚ་པོའི་མི་ཞེས་པ་ལྟ་བུ། |
| གཅུགས |
(བྱེད་མེད་ལས་ཚིག) མཛའ་བའམ་མཐུན་པའི་དོན་ཏེ། (དཔེར་ན།) མཛའ་གཅུགས་ཀྱི་གྲོགས་པོ། ཡིད་གཅུགས་མཛའ་བོ་ཞེས་པ་ལྟ་བུ། (བྱེད་འབྲེལ་ལས་ཚིག) བྱམས་བརྩེ་བྱེད་པའི་དོན་ཏེ། (དཔེར་ན།) མ་ཡིས་བུ་ལ་གཅུགས་པ་ཇི་བཞིན་བརྩེ་ཞེས་པ་ལྟ་བུ། |
| གཅུགས་པ |
མཐུན་པའམ་མཛའ་བའི་དོན་ཏེ། (དཔེར་ན།) ཡིད་གཅུགས་པ། གཅུགས་མེད་བྱས་པ། ཕན་ཚུན་གཏིང་ནས་མཐུན་ཞིང་ཡིད་གཅུགས་པའི་གྲོགས་པོ་ཞེས་པ་ལྟ་བུ། |
| གཅུགས་པ་སྨྲ་བ |
ཡིད་མཐུན་གྱི་གཏམ་བཤད་པ། |
| གཅུགས་མཁན |
(མངོན་བརྗོད།) གཡོ་ཅན། |
| གཅུགས་ལྡན |
མཛའ་མཐུན་ཅན། |
| གཅུང |
ཕ་མ་གཅིག་ལས་སྐྱེས་པའི་སྤུན་གཞོན་པ་ཁག་གི་དོན་ཏེ། (དཔེར་ན།) བུ་དང་བུ་མོ་གཅེན་གཅུང་རྣམས་ཞེས་པ་ལྟ་བུ། |
| གཅུང་དགའ་བོ |
སྟོན་པ་སངས་རྒྱས་ཀྱི་གཅུང་པོ་དང་དངོས་སློབ་ཅིག |
| གཅུང་དོན་ཡོད་དོན་གྲུབ |
སྔར་རྒྱལ་པོ་ཞིག་གི་ཆེན་མ་འདས་འོག་ཏུ་སྲས་དོན་གྲུབ་ཟེར་བ་ལུས་པ་དེ་དང༌། ཆུན་མའི་སྲས་དོན་ཡོད་ཟེར་བ་གཉིས་མཛའ་མཐུན་ཆེན་པོ་ཡོད་ཀྱང༌། ཆུན་མས་དོན་ཡོད་ལ་རྒྱལ་པོའི་གོ་འཕང་འཐོབ་ཐབས་བྱེད་ཆེད་དོན་གྲུབ་རྒྱང་འབུད་གཏོང་དུས་གཅེན་གཅུང་གཉིས་འབྲལ་མ་ཕྱོད་པར་མཉམ་དུ་བྲོས་ཕྱིན་པའི་ལམ་བར་དཀའ་ཚེགས་སྣ་ཚོགས་བྱུང་ནས་ཕན་ཚུན་ཁ་འཐོར། ཕྱིས་དོན་གྲུབ་རྒྱལ་ཁབ་གཞན་ཞིག་གི་རྒྱལ་པོའི་མག་པར་ཕྱིན་ནས་རྒྱལ་པོ་བྱས་པ་དང༌། རང་གིས་གཅུང་པོ་དོན་ཡོད་བཙལ་ཏེ་རྙེད་ནས་ཕ་མེད་ཀྱི་རྒྱལ་ཁབ་ལ་བསྐྱལ་པས་ཡབ་རྒྱལ་ཤིན་ཏུ་མཉེས་བཞིན་པའི་ངང་དོན་ཡོད་ཀྱང་རང་རྒྱལ་གྱི་རྒྱལ་པོར་དབང་བསྐུར་བ་ཞེས་རོ་སྒྲུང་ལས་བྱུང་བའི་ལོ་རྒྱུས་འདི་དག་པཎ་ཆེན་བློ་བཟང་ཡེ་ཤེས་སོགས་མཁས་པ་རིམ་བྱོན་དང༌། མི་དམངས་ཚོས་རྣམ་ཐར་དང༌། ལྷ་མོའི་འཁྲབ་གཞུང་དུ་བསྒྲིགས་ཡོད། |
| གཅུང་པོ |
ཕ་མ་གཅིག་པའི་བུ་སྤུན་ཆུང་བ། |
| གཅུང་བོ |
ནུ་བོ། |
| གཅུང་མོ |
ཕ་མ་གཅིག་པའི་བུ་མོ་སྤུན་ཆུང་བ། |
| གཅུད |
(བྱེད་འབྲེལ་ལས་ཚིག) དངོས་པོ་ཐུམ་ནང་ལ་བཏུམས་པའི་དོན་ཏེ། (དཔེར་ན།) སྨན་སྣ་ཤོག་གུའི་ནང་ལ་གཅུད། རྨ་ཁ་རས་ཀྱིས་གཅུད་ལྟ་བུ། |
| གཅུད་དུ་བོར |
བདག་གཉེར་མི་བྱེད་པའི་དོན་ཏེ། (དཔེར་ན།) སྤྱི་རྫས་གཅུད་དུ་འབོར་མི་རུང་ཞེས་པ་ལྟ་བུ། |
| གཅུད་བོར |
(བརྡ་རྙིང་།) 1.དོ་གལ་ཆེན་པོའི་གནད་ལ་བཀར་ནས་ལས་འགན་སྒྲུབ་ཏུ་བཅུག་པའམ་དེའི་སྒོ་ནས་བཏུལ་བ། 2.གཏན་ལ་ཕབ་པ། 3.བདག་གཉེར་མི་བྱེད་པ། |
| གཅུན |
(བྱེད་འབྲེལ་ལས་ཚིག) བཅུན་པའི་མ་འོངས་པ། བཙན་ཐབས་ཀྱི་སྒོ་ནས་བཀོད་འདོམས་ལ་ཉན་དུ་བཅུག་པའི་དོན་ཏེ། (དཔེར་ན།) རྟ་རྒོད་སྲབ་ཀྱིས་གཅུན། དམུ་རྒོད་ཁྲིམས་ཀྱིས་གཅུན། གཅུན་བྱའི་རྟ་རྒོད་ཅེས་པ་ལྟ་བུ། |
| གཅུན་པ |
འཇུན་པའི་ད་ལྟ་བའི་འབྲི་སྲོལ་གཞན་ཞིག་དང་མ་འོངས་པ། |
| གཅུར |
(བྱེད་འབྲེལ་ལས་ཚིག) བཅུར་གྱི་མ་འོངས་པ། འཇུར་མིག་ལ་དྲངས་པའི་དོན་ཏེ། (དཔེར་ན།) འཇུར་མིག་ལ་གཅུར་བྱ། ལྕགས་སྐུད་འཇུར་མིག་ལ་གཅུར་དགོས་ལྟ་བུ།ཡུལ་སྐད་དུ་འཇུར་མིག་ལ་དྲངས་ཞེས་པ་དང་དོན་གཅིག |
| གཅུར་བ |
(བྱེད་འབྲེལ་ལས་ཚིག) གཅུར་བའི་བྱ་མིང་། |
| གཅུས |
གཅུ་བའི་སྐུལ་ཚིག |
| གཅུས |
(བྱེད་འབྲེལ་ལས་ཚིག) གཅུ་བའི་འདས་པ་དང་སྐུལ་ཚིག་སྟེ། (དཔེར་ན།) གཅུ་གཟེར་གཅུས་ནས་དམ་པོ་བྱས། གཅུ་གཟེར་དམ་པོར་གཅུས་ཤིག་ལྟ་བུ། |
| གཅུས་གདན |
མོ་གཅུས་ཀྱི་མིང༌། |
| གཅུས་གཟེར |
དུང་རེས་ལྡན་པའི་གཟེར་ཏེ་ཕོ་གཅུས་དང་མོ་གཅུས་ཀྱི་སྤྱི་མིང༌། |
| གཅུས་ཐིག |
པད་མའི་འདབ་མའི་མུ་ཁྱུད་ལྟ་བུའི་ཐིག |
| གཅུས་དུང |
གཅུས་གཟེར་གྱི་གཟེར་གདན། |
| གཅུས་པ |
གཅུ་བའི་འདས་པ། |
| གཅུས་ཕུར |
གཅུས་རིས་ཅན་གྱི་ཕུར་པའམ་ཕོ་གཅུས་ཀྱི་མིང༌། |
| གཅུས་བུ |
གཅུས་རིས་ཅན་གྱི་གཟེར་གྱི་དོན་ཏེ། (དཔེར་ན།) ཕོ་གཅུས། མོ་གཅུས་ཞེས་པ་ལྟ་བུ། |
| གཅུས་རིས |
1.གཅུས་གཟེར་ལྟར་གྱི་རི་མོ། 2.གྲིམ་རྒྱག་པའི་མིང༌སྟེ། (དཔེར་ན།) ལག་པ་གཅུས་རིས་བསྐོར་བ་ལྟ་བུ། |
| གཅེ |
བོད་ཀྱི་རུས་ཤིག |
| གཅེན |
ཕ་མ་གཅིག་ལས་སྐྱེས་པའི་སྤུན་རྒན་པ། |
| གཅེན་གཅུང |
སྤུན་མཆེད་རྒན་གཞོན། |
| གཅེན་གྱིས་ལོག་པ |
(བརྡ་རྙིང་།) རྩ་བ་ནས་རྒྱབ་འགལ་དུ་སོང་བ། |
| གཅེན་ཐོར |
ཁའི་ནང་འབྲུམ་ཐོར་མང་དུ་སྐྱེས་ནས་ཟུག་རྔུ་འབྱུང་བའི་ཁ་ནད་ཀྱི་རིགས་ཤིག |
| གཅེན་པོ |
ཕ་མ་གཅིག་ལས་སྐྱེས་པའི་བུ་སྤུན་རྒན་པ། |
| གཅེན་པོ |
ཕུ་བོ། |
| གཅེན་མོ |
ཕ་མ་གཅིག་ལས་སྐྱེས་པའི་བུ་མོ་སྤུན་རྒན་པ། |
| གཅེམ་པོ |
(ཡུལ་སྐད།) སྲབ་པོའམ་ཕྲ་པོའི་དོན་ཏེ། (དཔེར་ན།) ཕྱུ་པ་ཧ་ཅང་གཅེམ་པོ་ཞིག་གྱོན་འདུག ཁང་པ་འདིའི་ཤིང་ཆ་ཚང་མ་ཤིན་ཏུ་གཅེམ་པོ་ཞིག་འདུག་པས་ཕུགས་འཕེར་ཡོང་བ་མི་འདུག་ཅེས་པ་ལྟ་བུ། |
| གཅེའུ |
1.དུ་བ་རྔུབ་བྱེད་སྦུ་གུ་རིང་པོ་ཞིག 2.ལྕགས་ཟངས་སོགས་ལས་བཟོས་པའི་སྦུ་གུས་སྨན་བཤང་ལམ་ནས་ནང་དུ་འཕུལ་བར་བྱེད་པའི་ཡོ་བྱད་ཁ་ཡངས་ཤིང་རྩེ་མོ་དོག་པའི་སྦུབས་ཅན་ཞིག |
| གཅེར་གྲོལ |
གྲོལ་ལུགས་ཆེན་པོ་བཞིའི་ནང་གསེས། རང་བྱུང་གི་རིག་པ་ལ་ཚོགས་བརྒྱད་ཀྱི་ཤེས་པ་ཐམས་ཅད་ཀྱང་ཡུལ་ཡུལ་ཅན་གཉིས་སུ་མེད་པ་སྐད་ཅིག་ཉིད་ལ་ཐོག་བབ་ཆེན་པོར་རང་བཞིན་གྱིས་གྲོལ་བས་གཅེར་གྲོལ་ཞེས་བྱའོ། ། |
| གཅེར་བུ |
(རྒྱན་ཚིག) 1.ལུས་སྒྲིབ་བྱེད་མེད་པའི་དོན་ཏེ། (དཔེར་ན།) ལུས་གཅེར་བུ། གཅེར་བུར་ཁྲུས་བྱས་ལྟ་བུ། 2.དངོས་རྫས་སོགས་སྒྲིབ་བྱེད་དང་འགེབ་བྱེད་མེད་པའི་དོན་ཏེ། (དཔེར་ན།) ཉེས་སྐྱོན་གཅེར་བུར་བཏོན། རང་གཟུགས་གཅེར་བུར་མངོན་ལྟ་བུ། |
| གཅེར་བུ་གཉེན་གྱི་བུ |
སྔར་རྒྱ་གར་གྱི་གྲུབ་མཐའ་སྨྲ་བ་རྒྱལ་བ་པའི་སྟོན་པ་ཞིག |
| གཅེར་བུ་པ |
སྔར་རྒྱ་གར་གྱི་གྲུབ་མཐའ་ཞིག་གཅེར་བུ་ལ་ངོ་ཚར་མི་འཛིན་པས་འཛེམ་མེད་པ་དང་ཐལ་བ་པ། ཕྱོགས་སུ་ལྡོམ་བུ་བྱེད་པས་ཀུན་ཏུ་རྒྱུ་ཞེས་གྲགས་སོ། འདིས་འདོད་པའི་ཚིག་དོན་དགུ་ནི། སྲོག་ཟག་པ། སྡོམ་པ། ངེས་པར་རྒ་བ། འཆིང་བ། ལས། སྡིག་པ། བསོད་ནམས། ཐར་པ་རྣམས་སོ། ཡང་དུས་འཁོར་ལས། སྲོག་ལྡན་དང༌། སྲོག་ལྡན་མ་ཡིན་པ། ཟག་པ། སྡོམ་པ། སྤང་བ། བཅིངས་པ། འཕར་བ། འགྲོ་བ། འོང་བ་སྟེ་དགུར་འདོད་པར་བཤད་དོ། ། |
| གཅེར་བུ་པ་ལ་ཟས་སྦྱིན་པའི་ལྟུང་བྱེད |
ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས། དགོས་པ་ཁྱད་པར་ཅན་མེད་པར་ཕྱི་རོལ་པ་ལ་གཏོགས་པའི་ཕོ་མོ་ལ་ཟས་སྟེར་བ། |
| གཅེར་བུ་མ |
1.གོས་མེད་དམར་ཧྲེང་གི་མིང༌། 2.གྱོན་པ་མ་གྱོན་པའི་བུ་མོ། |
| གཅེར་བུའི་བརྟུལ་ཞུགས |
སྔར་རྒྱ་གར་གྱི་གྲུབ་མཐའ་སྨྲ་བ་ཞིག་གི་དཀའ་ཐུབ་སྤྱོད་ལུགས་ཤིག |
| གཅེར་མོ |
བུད་མེད་གཅེར་བུ། |
| གཅེར་འཛིན |
མངོན་སུམ་དུ་འཛིན་པ་དང༌། དམར་རྗེན་དུ་རྩི་བའི་དོན་ཏེ། (དཔེར་ན།) གཡོ་སྒྱུའི་གཏམ་དྲང་གཏམ་དུ་གཅེར་འཛིན་མ་བྱེད། གང་བཤད་གཅེར་འཛིན་བྱེད་ཅེས་པ་ལྟ་བུ། |
| གཅེར་སྐྱོབ |
(མངོན་བརྗོད།) གྱོན་པའམ་གོས། |
| གཅེར་སྒྲིབ |
(མངོན་བརྗོད།) གྱོན་པའམ་གོས། |
| གཅེས |
(བྱེད་འབྲེལ་ལས་ཚིག) ཤ་ཚ་སྙིང་ཉེ་བྱེད་པའི་དོན་ཏེ། (དཔེར་ན།) དམག་བཀུར་དམངས་གཅེས། མི་དམངས་ལ་གཅེས། དགེ་རྒན་གྱིས་སློབ་མ་ལ་གཅེས། སློབ་མ་གཅེས་པར་བསྐྱངས་ལྟ་བུ། |
| གཅེས་ནོར |
རྩ་ཆེན་དུ་རྩི་བའི་དངོས་རྫས་ཀྱི་དོན་ཏེ། (དཔེར་ན།) གཅེས་ནོར་བདག་ཉར་བྱེད་ཅེས་པ་ལྟ་བུ། |
| གཅེས་པ |
1.(བྱེད་འབྲེལ་ལས་ཚིག) བརྩི་མཐོང་ངམ་གཙིགས་ཆེན་པོ་བྱེད་པའི་དོན་ཏེ། (དཔེར་ན།) མི་དམངས་ཀྱི་རྒྱལ་ཁབ་ལ་མི་དམངས་རང་གིས་གཅེས་པ། སྤྱི་རྫས་ལ་གཅེས་པ། གཟུགས་པོའི་བདེ་ཐང་ལ་གཅེས་པ། དཀའ་སྡུག་མ་མྱངས་པའི་མི་བྱིས་པ་གཅེས་པས་དཀའ་སྡུག་ཐེག་དཀའ་ལྟ་བུ། 2.གལ་ཆེ་བའམ་མཁོ་ཆེ་བའི་དོན་ཏེ། (དཔེར་ན།) སྨན་གྱི་སྡེབ་ཁ་གཅེས་གཅེས་རྣམས་ཕྱོགས་གཅིག་ཏུ་བསྡུས་ལྟ་བུ། |
| གཅེས་པོ |
གལ་ཆེ་བའམ་གཙིགས་ཆེན་པོའི་དོན་ཏེ། (དཔེར་ན།) སྤྱི་རྫས་ལ་གཅེས་པོ་བྱེད་ཅེས་པ་ལྟ་བུ། |
| གཅེས་ཕྲུག |
བརྩེ་ཞེན་ཆེན་པོ་བྱེད་སའི་ཕྲུ་གུ། |
| གཅེས་ཕྲུག་མ |
ཕ་མས་གཅེས་སྐྱོང་ཚད་མེད་བྱེད་པའི་བུ་མོ། |
| གཅེས་བཏུས |
མཁོ་ཆེ་བའམ་ལེགས་ཤོས་སྙིང་པོ་རྣམས་བསྒྲུགས་པ་སྟེ། (དཔེར་ན།) དཔེ་ཆ་འདི་གཞུང་མང་པོ་ནས་གཅེས་བཏུས་བྱས་པ་ཡིན་ལྟ་བུ། |
| གཅེས་བསྡུས |
གཅེས་པའམ་སྙིང་པོ་རྣམས་ཕྱོགས་གཅིག་ཏུ་བསྒྲིལ་བ་སྟེ། (དཔེར་ན།) རྒྱས་པ་ཉུང་དུ་བསྡུས་པ། ལེགས་བཤད་གཅེས་བསྡུས་ལྟ་བུ། |
| གཅེས་མིང |
བརྩེ་དུང་གིས་འབོད་མིང་བླ་དྭགས། |
| གཅེས་འཛིན |
རྩ་བ་ཆེན་པོར་རྩེ་བའམ་གཙིགས་ཆེན་པོ་བྱེད་པའི་དོན་ཏེ། (དཔེར་ན།) རང་ཤེད་གཅེས་འཛིན་བྱེད་པ། མཁས་པས་མཁས་པ་གཅེས་པར་འཛིན། དཔའ་བོས་དཔའ་བོའི་ལར་རྒྱ་ཤེས་ཞེས་པ་ལྟ་བུ། |
| གཅེས་ལང |
གཅེས་དྲགས་ནས་ཆགས་པའི་ངན་གོམས་ཀྱི་དོན་ཏེ། (དཔེར་ན།) ཧ་ཅང་བྱམས་དྲགས་པས་གཅེས་ལང་ལ་ཤོར་བ། ཕྲུ་གུ་གཅེས་ལང་ལ་བཏང་ལྟ་བུ། |
| གཅེས་སྐྱོང |
བྱམས་སེམས་ཀྱིས་སྐྱོང་བའི་དོན་ཏེ། (དཔེར་ན།) གཅེས་སྐྱོང་གང་ལེགས་ཞེས་པ་ལྟ་བུ། |
| གཅེས་སྤྲས |
མཐོང་ཆེན་ནམ་ཅ་ག་དག་པོའི་དོན་ཏེ། (དཔེར་ན།) སྤྱི་རྫས་ལ་གཅེས་སྤྲས། མཛའ་བཤེས་ལ་གཅེས་སྤྲས་བྱེད་པ། ནོར་གྱི་སྙིང་པོར་བཟུང་ནས་གཅེས་སྤྲས་བྱེད་ཅེས་པ་ལྟ་བུ། |
| གཅེས་སྲུང |
གཅེས་སྤྲས་བྱས་ནས་སྲུང་བ། |
| གཅོ་བོ |
(བརྡ་རྙིང་།) ཀྱོག་པོ་དང་འཁྱོག་པོ། |
| གཅོག |
(བྱེད་འབྲེལ་ལས་ཚིག) བཅག་པའི་མ་འོངས་པ་དང་ད་ལྟ་བ། དངོས་པོ་སྲ་མོ་དུམ་བུ་མང་བོར་བཏང་བའི་དོན་ཏེ། (དཔེར་ན།) རྡོ་གཅོག་དགོས། ཤིང་གཅོག་མཁན། རྡོ་གཅོག་གིན་འདུག་ལྟ་བུ། |
| གཅོག་ཆ |
འབོར་ཐོག་ནས་འཕྲི་ཆ། |
| གཅོག་པ |
1. (བྱེད་འབྲེལ་ལས་ཚིག) 1>གཅོག་པའི་བྱ་མིང་། 2>མགོ་གནོན་པའི་དོན་ཏེ། (དཔེར་ན།) སྨན་ཆུ་བཏུངས་འཕྲལ་ན་ཚ་གཅོག་ཅེས་པ་ལྟ་བུ། 3>ཆུང་དུ་གཏོང་བའི་དོན་ཏེ། (དཔེར་ན།) ཚོང་ཟོག་གི་རིན་གོང་གཅོག་པ། སྒོ་ཕྱུགས་ལ་རྩྭ་བཅག་ཆུ་བཅག་བྱེད་མི་རུང༌། ཉིན་མོའི་ཟས་བཅག་མཚན་མོའི་གཉིད་བཅག གླ་ཕོགས་ཐོག་ནས་ཟས་རིན་བཅག་ཅེས་པ་ལྟ་བུ།4>འགལ་བ་བྱེད་པའི་དོན་ཏེ། (དཔེར་ན།) ཁས་ལེན་དམ་བཅའ་བཅག་པ། ཁས་བླངས་ཐེབས་གཅོག་བྱེད་པ་ཞེས་པ་ལྟ་བུ། |
| གཅོག་རྩིས |
1.འཕྲི་རྩིས། 2.ཟོག་གོང་མར་གཅོག་པའི་རྩིས། |
| གཅོང |
གཅོང་ནད་དེ། བོད་ཀྱི་གསོ་བ་རིག་པར་མ་ཞུ་བ། སྐྱ་རྦབ། འོར། དམུ་ཆུ། སྐྲན། གཅོང་ཆེན་ཟད་བྱེད་བཅས་ནད་རིགས་དྲུག་གི་སྤྱི་མིང་ལ་གཅོང་ནད་ཟེར། |
| གཅོང་གཡང |
བཙན་པོའམ་གཡང་གཟར་ཏེ། (དཔེར་ན།) རི་བོ་གཅོང་གཡང༌། བྲག་རོང་གཅོང་གཡང་ཅན་ཞེས་པ་ལྟ་བུ། |
| གཅོང་ཆེན |
ནད་རྙིང་ཆེན་པོ། |
| གཅོང་ཆེན་པོ |
1.ལུས་སེམས་ཀྱི་ནད་ཚབས་ཆེན་པོ། 2.གོག་ཧྲུལ་ཆེ་བ་སྟེ། (དཔེར་ན།) ཁང་པ་གོག་གཅོང་ཆེན་པོ་ཞེས་པ་ལྟ་བུ། |
| གཅོང་ཆེན་ཟད་བྱེད |
གཅོང་ཆེན་སྡེ་དྲུག་གི་ཡ་གྱལ་ཏེ་ཕོ་བའི་མེ་དྲོད་ཉམས་ནས་ཁ་ཟས་ཀྱི་དྭངས་མ་གནས་སུ་མ་སྨིན་པ་དྲི་མར་གྱུར་ནས་ལུས་ཟུངས་ཟད་པར་བྱེད་པའི་ནད་ཅིག |
| གཅོང་ཆེན་སྡེ་དྲུག |
མ་ཞུ་བའི་ནད་དང༌། སྐྲན། སྐྱ་རྦབ། འོར་ནད། དམུ་ཆུ། གཅོང་ཆེན་ཟད་བྱེད། |
| གཅོང་ནད |
ན་ཚ་རྙིང་པ། |
| གཅོང་པོ |
ལུས་ཟུངས་ཉམས་པའི་དོན་ཏེ། (དཔེར་ན།) ཡུན་རིང་པོ་ཟས་འཇུ་དཀའ་བ་བྱུང་བས་གཟུགས་བཞི་གཅོང་པོ་འདུག་ཅེས་པ་ལྟ་བུ། |
| གཅོང་ཟོམ |
ཁང་པ་སོགས་གོག་ཧྲུལ་གྱི་དོན་ཏེ། (དཔེར་ན།) ལྷ་ཁང་གཅོང་ཟོམ་ཞེས་པ་ལྟ་བུ། |
| གཅོང་རོང |
གཡང་སའམ་གྲོག་རོང༌གི་དོན་ཏེ། (དཔེར་ན།) གཅོང་རོང་དུ་ལྷུང་བ་ལྟ་བུ། |
| གཅོང་སྐད |
ལུས་སམ་སེམས་མི་བདེ་བའི་འོ་དོད་དམ་སྡུག་བསྔལ་གྱི་སྐད། སྟོན་དུས་ཐ་མར་ངང་པས་གཅོང་སྐད་འབྱིན། རེ་བ་ཆད་པས་གཅོང་སྐད་ཤོར་བ། མིང་གི་རྣམ་གྲངས་ལ་ཆོ་ངེ་མོ་དང༌། འཇིགས་སྐྱེས། སྡུག་སྐད། མྱ་ངན་སྐད། སྨྲེ་སྔགས་བཅས་སོ། ། |
| གཅོང་སྡེ་བཞིའི་ངོས་འཛིན་འཁྲུལ་མེད་ལུང་གི་འཁྲི་ཤིང |
རབ་བྱུང་བདུན་པའི་ནང་ཟུར་མཁར་མཉམ་ཉིད་རྡོ་རྗེས་མཛད་པའི་མ་ཞུ་བའི་རྒྱུ་ལས་བྱུང་བའི་གཅོང་སྡེ་བཞི་ཡི་ངོས་འཛིན་དང༌། བཅོས་ཐབས་གསལ་བར་སྟོན་པའི་སྨན་གྱི་དཔེ་ཚན་ཞིག |
| གཅོད |
1.(བྱེད་འབྲེལ་ལས་ཚིག) བཅད་ཀྱི་ད་ལྟ་བ། (དཔེར་ན།) ཤིང་གཅོད་མཁན། སྡོང་བོ་གཅོད་ཀྱིན་ཡོད་ལྟ་བུ།2.མེད་པར་བྱས་པའམ་བཏུལ་བའི་དོན་ཏེ། (དཔེར་ན།) ལོག་སྨྲ་ཚར་གཅོད་པ་ལྟ་བུ།3.ཕ་དམ་པ་སངས་རྒྱས་ནས་བརྒྱུད་པའི་ཆོས་བརྒྱུད་ཅིག།4.འབྱུངས་ཁུངས་དང་དོན་རྩ་འཚོལ་བ་དང་རྟོགས་པའི་དོན་ཏེ། (དཔེར་ན།) བདེན་དོན་གྱི་གནས་ལུགས་ལ་རྩད་གཅོད་ཞིབ་འཇུག་བྱེད་པ། རྐུན་མ་སུ་ཡིན་རྩད་གཅོད་བྱེད་དགོས་ལྟ་བུ། |
| གཅོད་ཀྱི་གདམས་པ |
མ་ཅིག་ལབ་སྒྲོན་ནས་བརྒྱུད་པའི་ཕུང་པོ་གཟན་བསྐྱུར་གྱི་གདམས་པ། |
| གཅོད་གཏུབ |
ཐད་ཀར་གཅོད་ཅིང་དུམ་བུར་འབྲེག་པའི་དོན་ཏེ། (དཔེར་ན།) འཕྲུལ་འཁོར་ལ་བརྟེན་ནས་ངར་ལྕགས་རྒྱུ་ཆས་གཅོད་གཏུབ་བྱེད་ཅེས་པ་ལྟ་བུ། |
| གཅོད་གཟོང |
ལྕགས་གྲང་མོ་གཏུབ་བྱེད་ཀྱི་གཟོང༌། |
| གཅོད་གུར |
གུར་ཆུང་ཆུང་ཞིག་སྟེ། གཅོད་གཏོང་མཁན་སྡོད་ས། |
| གཅོད་ཐབས |
1.ཤིང་སོགས་གཅོད་པའི་ཐབས། 2.ལས་དོན་ཐག་གཅོད་བྱེད་ཐབས། |
| གཅོད་པ |
1.(བྱེད་འབྲེལ་ལས་ཚིག) བཅད་པའི་ད་ལྟ་བའི་བྱ་མིང་། གཏུབ་པའམ་འབྲེག་པའི་དོན་ཏེ། (དཔེར་ན།) ཤིང་གཅོད་པ། བྱ་གཅོད་པ་ལྟ་བུ།2.གསོད་པའི་དོན་ཏེ། (དཔེར་ན།) སྐེ་གཅོད་པ། སྲོག་གཅོད་པ་ལྟ་བུ།3.བར་མཚམས་འཇོག་པའི་དོན་ཏེ། (དཔེར་ན།) བར་དུ་གཅོད་པ། དུས་མཚམས་གཅོད་པ། འཁྲུ་བ་གཅོད་པ་ལྟ་བུ།4 སྤོང་བའམ་མེད་པ་བཟོ་བའི་དོན་ཏེ། (དཔེར་ན།) ཐ་མག་གཅོད་པ། འབྲེལ་བ་གཅོད་པ། དགྲ་ངན་ཚར་གཅོད་པ་ཞེས་པ་ལྟ་བུ། 5.འགོག་པའམ་རྫོང་བའི་དོན་ཏེ། (དཔེར་ན།) ་ཆུ་རྒྱུན་གཅོད་པ་ཞེས་པ་ལྟ་བུ།6.གཏན་ལ་འབེབས་པ་དང༌། གཏན་དུ་ཁེལ་བའི་དོན་ཏེ། (དཔེར་ན།) བློ་ཐག་གཅོད་པ། ཚིག་ཐག་གཅོད་པ། བརྒྱ་ཁ་གཅིག་གིས་གཅོད་མི་ཉན་ཞེས་པ་ལྟ་བུ།7.ལག་ལེན་བྱེད་པའི་དོན་ཏེ། (དཔེར་ན།) དོན་གཅོད་པ། ཉེས་ཆད་གཅོད་པ། ཁྲིམས་གཅོད་པ་ཞེས་པ་ལྟ་བུ།8.འཚོལ་བ་དང༌སྙེག་པའི་དོན་ཏེ། (དཔེར་ན།) རྩད་གཅོད་པ། རྗེས་གཅོད་པ་ལྟ་བུ། 9.དབྱེ་འབྱེད་དང༌བརྟག་དཔྱད་བྱེད་པའི་དོན་ཏེ། (དཔེར་ན།) བྱེ་བྲག་ཏུ་གཅོད་པ། བྱེ་བྲག་ཏུ་མི་གཅོད་པ། དོན་དམ་བདེན་པའི་མཐའ་གཅོད་པ་ལྟ་བུ། 10.འགྲོ་སྐྱོད་བྱས་ནས་སླེབ་པའི་དོན་ཏེ། (དཔེར་ན།) རྒྱང་ལམ་རྟས་གཅོད་པ། རི་ཀླུང་གཅོད་པ། བྱ་ཁྱུང་གཤོག་རྡེབ་བྱེད་བཞིན་ནམ་འཕང་གཅོད་པ་ལྟ་བུ།11.གྲུབ་མཐའ་རིས་མེད་ལ་དར་བའི་མ་ཅིག་ལབ་སྒྲོན་གྱི་ཆོས་ལུགས་སྤྱོད་མཁན། |
| གཅོད་པིར |
(རྒྱ་སྐད།) རི་མོར་བཅད་རྒྱག་བྱེད་ཀྱི་པིར་ཕྲ་མོ་ཞིག |
| གཅོད་བྱེད |
(མངོན་བརྗོད།) 1 >བྱ་མཆུ། 2> ལག་པ། 3 >སོ། |
| གཅོད་མཚམས |
བཅད་མཚམས་དང་འདྲ། |
| གཅོད་འཐོག |
ཤིང་སོགས་གཅོད་པ་དང་འབྲས་བུ་འཐོག་པའི་དོན་ཏེ། (དཔེར་ན།) ཤིང་དང་འབྲས་བུ་གང་བྱུང་དུ་གཅོད་འཐོག་མ་བྱེད་ཅེས་པ་ལྟ་བུ། |
| གཅོད་འབྲེག |
དུམ་བུར་གཅོད་ཅིང་འབྲེག་པ། |
| གཅོད་འབྲེག་གི་ཁྲིམས |
ཉེས་ཅན་གྱི་རྐང་ལག་དང་དབང་པོ་གཅོད་འབྲེག་བྱེད་པའི་ཁྲིམས། |
| གཅོད་རྒྱ |
1.ཁ་མཆུ་ཐག་གཅོད་བྱེད་པའི་དཔྱད་མཚམས་ཡི་གེ། 2.རྒྱུ་ནོར་ལ་རིན་ཐང་བརྩི་སྟངས་ཤིག་སྟེ། (དཔེར་ན།) ཉེས་ཅན་གྱི་ཁྲིམས་ཆད་ལ་དངོས་པོ་འཇལ་བར་གཅོད་རྒྱ་བྱེད་པ། འབྲུ་དངུལ་བུན་ཆད་ཀྱི་ཚབ་ཏུ་རྒྱུ་ནོར་ལ་རིན་ཐང་བརྩིས་ཏེ་སྤྲོད་ལེན་གྱི་གཅོད་རྒྱ་བྱེད་པ་ཞེས་པ་ལྟ་བུ།3.བཅད་རྒྱ་དང་འདྲ། |
| གཅོད་རྟོགས |
གྲངས་གནས་ཤིག |
| གཅོད་ལུགས |
1.ཤིང་སོགས་གཅོད་སྟངས། 2.ཁ་མཆུ་སོགས་ཐག་གཅོད་ཚུལ། 3.མ་ཅིག་ལབ་སྒྲོན་གྱི་ཆོས་སྲོལ། |
| གཅོམ |
(བརྡ་རྙིང་།) 1.ཁེངས་དྲེགས་ཏེ། (དཔེར་ན།) ང་རྒྱལ་གཅོམ་བསྐྱུངས་ཞེས་པ་ལྟ་བུ།2.ལུས་སྟོབས་ཀྱི་དོན་ཏེ། (དཔེར་ན།) ལུས་གཅོམ་གསོ་བ་ལྟ་བུ། |
| གཅོམ་པ |
(བྱེད་འབྲེལ་ལས་ཚིག) བཅམས་པའི་ད་ལྟ་བའི་བྱ་མིང་། ད་ལྟ་བར་གཅོམ་དང་། མ་འོངས་པར་བཅམ། འདས་པར་བཅམས། སྐུལ་ཚིག་ལ་གཅོམས་འབྲི། ཁ་ཆད་བཟོ་བའམ་བྱེད་པ་ཁ་དན་གཅོམ་པའི་དོན་ཏེ། (དཔེར་ན།) ཚིག་དན་བཅམས་པ། རྗེས་སུ་གང་བྱེད་ཀྱི་གྲོས་གཅོམ་པ་ཞེས་པ་ལྟ་བུ། |
| གཅོམ་བསྐྱུངས |
1.སྐད་ཆུང་ངུར་སྨྲ་བ། 2.ཁེངས་དྲེགས་སྤངས་པ། |
| གཅོར |
1.གམ་དུ་བཅར་བའི་གཅར་གྱི་སྐུལ་ཚིག 2.རྡུང་རྡེག་གི་གཅར་གྱི་ད་ལྟ་བ་སྟེ། (དཔེར་ན།) སྲིན་བུ་གཅོར་མཁན་ཞེས་པ་ལྟ་བུ། |
| གཅོར་བ |
(བྱེད་འབྲེལ་ལས་ཚིག) 1.འགྲམ་དུ་གཏུག་པའམ་འཁྲིས་ལ་འགྲོ་བའི་དོན་ཏེ། (དཔེར་ན།) དེ་རིང་ཁོང་གི་སྐུ་དྲུང་དུ་མི་རྣམས་གཅོར་གྱིན་འདུག་ང་ཡང་མཉམ་དུ་བཅར་བ་ཡིན་ཞེས་པ་ལྟ་བུ། 2.འཚིར་བ་དང་བརྡུངས་ཏེ་འཇོམས་པར་བྱས་པའི་དོན་ཏེ། (དཔེར་ན།) ་སྒོ་ང་བཅར་ཏེ་བཅག་པ། རྣག་བཅར་ཏེ་བཏོན་པ་ཞེས་པ་ལྟ་བུ། |
| གཅོལ་བ |
(བྱེད་འབྲེལ་ལས་ཚིག) གཏོར་བའམ་འཆོལ་དུ་འཇུག་པའི་དོན་ཏེ། (དཔེར་ན།) ཁ་ཅོལ་ཆུང་ངུས་མི་གཅོལ་བར། རྒྱ་མཚོ་བཞིན་དུ་བརླིང་བར་བྱ་ཞེས་པ་ལྟ་བུ། |
| གཉག |
(བྱེད་འབྲེལ་ལས་ཚིག) གཉོག་གི་མ་འོངས་པ། ཟས་སོས་བལྡད་ནས་ཞིབ་མོར་བྱས་པ་སྟེ། (དཔེར་ན།) གཉག་བྱའི་ཟས་ཟས་གཉག་པར་བྱ་ལྟ་བུ། ད་ལྟ་བར་གཉོག་དང་། འདས་པ་ལ་གཉགས། སྐུལ་ཚིག་ལ་གཉོགས་འབྲི། |
| གཉག་པ |
གཉོག་པའི་མ་འོངས་པ། |
| གཉགས |
བོད་ཀྱི་ཡབ་འབངས་རུས་དྲུག་གི་ཡ་གྱལ་ཞིག |
| གཉགས |
བོད་ཀྱི་རུས་ཤིག གཉག་ལ་ལྟོས། |
| གཉགས་ཁྲི་བཟང་ཡང་སྟོན |
བཟང་ཡང་སྟོན་སྙགས་ཀྱི་མིང་གཞན་ཞིག |
| གཉགས་པ |
གཉོག་པའི་འདས་པ། |
| གཉང་བ |
སྐྱག་པ་དང་བྲུན་གྱི་མིང་གཞན། |
| གཉང་མ |
རྙང་མའི་འབྲི་སྲོལ་གཞན། |
| གཉན |
རི་དྭགས་གཉན་ཏེ་གཟུགས་དབྱིབས་ལུག་དང་ཆ་མཚུངས་ཤིང་རྭ་ཆེན་པོ་དུང་འཁྱིལ་ལྟར་སྐྱེས་པ། སྤུ་ཁ་སྐྱ་བོ་ཡིན་ཞིང་། ཤ་ཟོས་ཆོག གག་ནད་དང་ལྷོག་པ་ལ་སོགས་པའི་འགོས་ནད་བསྐྱེད་པའི་རྒྱུ་རྐྱེན་ཁྱད་པར་བ་ཞིག་གི་མིང་། |
| གཉན་ཁ |
རྨ་ཁའི་ཚ་ངད་འབར་ཤུགས། |
| གཉན་ཁ་མེད |
གཉན་རིགས་བཅོ་བརྒྱད་ཀྱི་ནང་ཚན་ཞིག་མཁལ་མ་ལ་བབ་པའི་གཉན་ནད་ཅིག |
| གཉན་གསོད |
རྨ་ནད་སེལ་བྱེད་ཀྱི་སྨན་རིགས། |
| གཉན་གླང |
ཕོ་བ་དང་རྒྱུ་མ་སོགས་ལ་བབ་པའི་གཉན་ནད་དང་འདོམས་པའི་གླང་ཐབས་ཤིག |
| གཉན་ཆེན་ཐང་ལྷ |
1.རི་བོ་ཞིག་བོད་བྱང་ཐང་གི་གནམ་མཚོའི་ལྷོ་ངོས་སུ་ཡོད། དེའི་མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་7111 ཡོད། 2.རི་རྒྱུད་ཅིག་སྟེ། བོད་ཀྱི་འདམ་གཞུང་རྫོང་གི་ནུབ་རྒྱུད་ནས་ཆབ་མདོ་ས་ཁུལ་གྱི་དཔའ་ཤོད་རྫོང་བར་དཀྱུས་སུ་བརྒྱུགས་ནས་ཡོད། |
| གཉན་ཐུབ་པ |
སྔོ་སྨན་གྱི་རིགས་ཤིག་རོ་བསྐ། ཞུ་རྗེས་བསིལ། ནུས་པས་པགས་ནད་དང༌། མཛེར་པ་སྐྱེས་པ་ལ་ཕན། |
| གཉན་དུག |
1.ལྷོག་པའི་ནད། 2.དུག་དྲག་པོ་ཡོད་པའི་རྩི་ཤིང་རིགས་ཤིག 3.བོད་ཀྱིས་རུས་ཤིག |
| གཉན་ནད |
ཕྱི་རོལ་གྱི་དུག་ཅན་སྲིན་བུ་པརྤ་ཏ་དང༌། ནང་གི་ལྷན་སྐྱེས་ཀྱི་ཁྲག་སྲིན་གཉིས་འདོམས་པའི་ནད་ཤིན་ཏུ་གཉན་པ་ཞིག་ནང་གསེས་སུ་ཀླད་གཟེར་སོགས་རིགས་བཅོ་བརྒྱད་ཙམ་མཆིས། |
| གཉན་ནད་འཁྱམ་པོ |
སྐེ་དང༌། ལྐོག་མ། མཇིང་པའི་ལྡེབས་སོགས་སུ་སྐྲངས་འབུར་འབྱུང་བའི་གཉན་ནད་ཅིག |
| གཉན་པ |
གཉན་པོ་དང་འདྲ། |
| གཉན་པའི་གནད |
ཤིན་ཏུ་ཉེན་ཆེ་བའི་གནས་ཏེ། (དཔེར་ན།) མགོ་བོའི་ཀླད་པ་དང༌། བྱང་ཁོག་གི་སྙིང་ལྟ་བུའོ། ། |
| གཉན་པོ |
བཙན་ཤེད་ཆེན་པོའམ་ཁྲོ་བའི་དོན་ཏེ། (དཔེར་ན།) ས་ཆ་གཉན་པོ། ལྷ་གཉན་པོ། ཁྲིམས་གཉན་པོ། དམ་ཚིག་གཉན་པོ། བཀའ་གཉན་པོ། |
| གཉན་པོ་གསང་བ |
བོད་རྒྱལ་ཉེར་བདུན་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་ནམ་མཁའ་ནས་ཟ་མ་ཏོག་ཅིག་བབ་པ་ཁ་ཕྱེ་བའི་ནང༌། མདོ་ཟ་མ་ཏོག་སྙིང་པོ་ཡི་གེ་དྲུག་མ་དང༌། སྤང་སྐོང་ཕྱག་བརྒྱ་མ། གསེར་གྱི་མཆོད་རྟེན་ཞིག་བཅས་བྱུང་བའི་མིང་དུ་བཤད་ལ། དེ་ནས་བཟུང་དམ་པའི་ཆོས་ཀྱི་དབུ་བརྙེས་པ་ཡིན་པར་བཤད། |
| གཉན་ཕོ |
རི་དྭགས་གཉན་གྱི་ཕོ། |
| གཉན་ཕྲན |
མི་མིན་གཉན་རིགས་ཕྲ་མོ། |
| གཉན་བུ |
རྨ་ནད་ཀྱི་བྱེ་བྲག་ཅིག |
| གཉན་ཚད |
གཉན་ནད་དང་ཚད་པ་གཉིས་འདོམས་པའི་ནད་དེ་གཉན་ཚད་གཟེར་ཐུང་ལྟ་བུའོ། ། |
| གཉན་ཚད་རྒྱས་པ |
རྨ་ཁར་ཚ་ངད་ལངས་པ། |
| གཉན་ཞང་ཞུང |
སྟོད་ཡུལ་ཞང་ཞུང་སྟེ་བོད་མངའ་རིས་ཁུལ་ལ་དྭགས་ཀྱི་མིང་རྙིང་པ། |
| གཉན་ཞན |
གྲལ་རིམ་མཐོ་དམའ་དང༌། དྲག་ཞན། |
| གཉན་འབུར |
གཉན་ནད་འབར་འབུར་ལྟ་བུ་ལུས་ཀྱི་གནས་གང་དུ་སྐྲངས་པ་འབར་འབུར་འབྱུང་བ་ཞིག |
| གཉན་འབྲས |
ངན་ཁྲག་རླུང་གིས་བསྒྲིལ་བ་ལ་ལྷན་སྐྱེས་ཀྱི་སྲིན་དང་བསྡོངས་ནས་ཤ་རུས་རྩ་ལ་ཞེན་པར་གྱུར་པའི་འབྲས་ནད་ཅིག |
| གཉན་རིགས་བཅོ་བརྒྱད |
གཉན་ནད་བབ་སའི་དབང་གིས་རིགས་མི་འདྲ་བ་བཅོ་བརྒྱད་ཀྱི་བསྡུས་མིང་གཉན་ནད་ཀླད་གཟེར་དང༌། གག་པ། གཟེར་ཐུང༌། གཉན་གླང༌། རྒྱུ་གཟེར། མེ་དབལ། གཉན་རྨེན་བུ། ཉྭ་ལོག་ལྷོག་པ། གཉན་འབྲས། འཛུམ་ལྟག་དགྱེ། མཁྲིས་པ་རྩར་རྒྱུག་ནང་ལྷོག་གཉན་ཁ་མེད། འཁྱམ་པོ། གཉན་འབུར། རྣ་རྩ་ཕུས་འདེབས། ངམ་རུ་བཅས་སོ། ། |
| གཉན་རིམས |
འཁྱམ་པོ་དང་འབའ་འབུར་ལྟ་བུ་གཞན་ལ་འགོ་བའི་གཉན་རིམས་སྤྱི། |
| གཉན་རྭ |
སྲོག་ཆགས་ཀྱི་སྨན་གྱི་ནང་ཚན་རི་དྭགས་གཉན་གྱི་རྭ། ནུས་པས་གཞན་ལ་འགོ་བའི་རིམས་ནད་སྲུང་ཞིང་ཞི་བར་བྱེད། |
| གཉན་ས |
1.ས་ཆ་བཙན་པོ། 2.བཀའ་ཡུལ་གཉན་པའི་ས་ཆ་མི་མིན་གདུག་ཅན་གནས་ས། |
| གཉན་སྲིན |
1.གཉན་ནད་པརྤ་ཏ་དང༌། ཁྲག་སྲིན་གཉིས་འདོམས་པའི་ནད། 2.གཉན་ཁ་ཡོད་པའི་སོ་སྲིན་གྱི་ནད་ཟུག་རྔུ་དྲག་པོ་འབྱུང་བ་ཞིག 3.རྨའི་ནང་དུག་ཅན་སྲིན་བུ་ཞུགས་ཏེ་སྐྲངས་ཤིང་ཁྲག་ནག་པོ་འཛག་པ་དང༌། ཟུག་རྔུ་དྲག་པོ་འབྱུང་བ་ཞིག |
| གཉའ |
སྐེའི་རྒྱབ་ངོས་ཏེ། (དཔེར་ན།) ཨ་མས་བུ་ཆུང་གཉའ་ལ་ཁུར། གླང་རྫི་གླང་བོའི་གཉའ་ལ་ཞོན་ལྟ་བུ། |
| གཉའ་ཁྲི་བཙན་པོ |
དེབ་སྔོན་དུ་ཁྲི་བཙན་པོ་འོད་ལྡེ་ཞེས་པ་དང་དོན་གཅིག་བོད་རྒྱལ་རབས་ཀྱི་ཐོག་མ་དེ་གང་ནས་བྱོན་པ་ལ། གཟུགས་ཁམས་འོད་གསལ་ལྷ་ལས་བབས་པ་དང༌། ཤཱཀྱའི་རྒྱལ་རྒྱུད་ཡིན་པ་སོགས་གཏམ་རྒྱུད་འདྲ་མིན་ཡོད་ཅིང༌། གང་ལྟར་ཡུལ་གང་ཞིག་ནས་བོད་ཡུལ་བཙན་ཐང་སྒོ་བཞིར་སླེབས་པའི་ཚེ་བོད་མི་རྣམས་ཀྱིས་མཐོང་སྟེ་མི་ལས་འདས་པའི་མཚན་དང་ལྡན་པས་ཡ་མཚན་སྐྱེས་ཏེ་གང་ནས་བྱོན་དྲིས་པར། སྐད་བརྡ་མ་འཕྲོད་པར་གནམ་ལ་མཛུབ་མོ་ཀེར་བས་ལྷ་ལས་ཆད་པར་གོ་ནས། བོད་ཁམས་ཀྱི་རྒྱལ་པོར་འོས་སོ་ཞེས་གཉའ་བར་བཏེགས་ནས་འོང་བས་གཉའ་ཁྲི་བཙན་པོ་ཞེས་གྲགས་ལ། དེ་དུས་བོད་ལ་ཡུལ་རྗེ་བཅུ་གཉིས་ཡོད་པའི་སྤྱིའི་དབང་པོར་གྱུར་པས་བོད་སྤྱིའི་རྒྱལ་པོའི་ཐོག་མ་ཡིན་ལ། གནམ་གྱི་ཁྲི་བདུན་དུ་གྲགས་པའི་དང་པོ་ཡང་ཡིན། |
| གཉའ་གདན |
རྟ་དྲེལ་སོགས་ཀྱི་གཉའ་ལྟག་སྐྱོབ་བྱེད་ཀྱི་སྣམ་བུ་དང་ཕྱིང་པ་སོགས། |
| གཉའ་གནོན |
གཉའ་འམ་ལྟག་པ་ནས་གནོན་པའི་དོན་ཏེ། (དཔེར་ན།) བཙན་ཤེད་གཉའ་གནོན་འོག་ཏུ་སྡོད་མི་དགོས་པ་བྱུང༌ཞེས་པ་ལྟ་བུ། |
| གཉའ་གནོན |
1.དབང་ཤུགས་ཀྱིས་གཞན་བཙན་བཀོལ་བྱེད་པའི་བྱ་སྤྱོད་ཀྱི་མིང་སྟེ། (དཔེར་ན།) སྔོན་ཆད་དབུལ་བོས་གཉའ་གནོན་མྱངས་ལྟ་བུ། 2.གཉའ་བ་ནས་མར་གནོན་པའི་དོན་ཏེ། (དཔེར་ན།) གཉའ་མནན། གཉའ་ནོན་ཅིག་ལྟ་བུ། |
| གཉའ་གནོན་སྨ་འབེབས |
བཙན་གནོན་གྱིས་ངོ་སྨད་དུ་འཇུག་པ། |
| གཉའ་གོང |
མི་ཕྱུགས་སོགས་ཀྱི་གཉའ་ལྟག་སྟེ། (དཔེར་ན།) ལག་གཉིས་གཉའ་གོང་དུ་བསྣོལ་བ་ཞེས་པ་ལྟ་བུ། |
| གཉའ་ཆག་པ |
དཔའ་ཞུམ་པའམ་བག་འཁུམས་པའི་དོན་ཏེ། (དཔེར་ན།) ཕ་རོལ་གྱི་རྒོལ་བ་ཚང་མ་གཉའ་ཆག་འདུག ངར་ངར་ཤོར་ཤོར་ཇི་ཙམ་བྱས་ཀྱང་གཉའ་མི་ཆག་ཅེས་པ་ལྟ་བུ། |
| གཉའ་དམས |
ང་རྒྱལ་ཆག་པའམ། སྟོབས་ཉམས་པ། |
| གཉའ་དྲག |
(བརྡ་རྙིང་།) རྩུབ་འགྱུར། |
| གཉའ་ནང |
རྫོང་ཞིག་སྟེ། བོད་ཀྱི་ལྷོ་ནུབ་རྒྱུད་དུ་ཡོད། འདིའི་ལྷོ་ངོས་བལ་པོ་དང་ས་འབྲེལ་ཡིན། |
| གཉའ་ནང་ཤོག་བུ |
གཉའ་ནང་ནས་ཐོན་པའི་ཤོག་བུ། |
| གཉའ་བ |
མཇིང་པའམ་སྐེའི་རྒྱབ་སྟེ། (དཔེར་ན།) ཨ་མས་བུ་ཆུང་གཉའ་བར་ཁུར། གླང་རྫི་གླང་པོའི་གཉའ་བར་ཞོན་ཞེས་པ་ལྟ་བུ། མིང་གི་རྣམ་གྲངས་ལ་མཇིང་པ་དང༌། གཉའ་ལྟག་ལྟག་པ་བཅས་སོ། ། |
| གཉའ་བ་ཧྲངས་པ |
ངན་པ་གཉའ་རེངས་ཏེ། (དཔེར་ན།) ཕྲུ་གུ་གཅུན་མཁན་མེད་པས་ལང་ལ་ཤོར་ནས་གཉའ་བ་ཧྲངས་ཞེས་པ་ལྟ་བུ། |
| གཉའ་བཅག་པ |
ང་རྒྱལ་དང་སྤོབས་པ་བཅོམ་པའི་དོན་ཏེ། (དཔེར་ན།) སྟོབས་ཤུགས་ཆེན་པོས་དགྲ་བོའི་གཉའ་བཅག་པ་ཞེས་པ་ལྟ་བུ། |
| གཉའ་བོ |
1.དཔང་པོའམ་ཁག་ཐེག 2.(ཡུལ་སྐད།) མག་པ་དང་མནའ་མ་སྐྱེལ་བསུ་བྱེད་མཁན། |
| གཉའ་བོ |
དཔང་བོའམ་བར་མའི་བརྡ་རྙིང་། |
| གཉའ་མ |
(ཡུལ་སྐད།) མོ་མཚན། |
| གཉའ་ཙོག |
རྨོན་མཛོའི་གཉའ་ལྟག་སྟེང་གི་རྒྱན་དར་ཞིག |
| གཉའ་ཚིགས |
གཉའ་རུས་ཀྱི་ཚིགས། |
| གཉའ་ཟུངས་རྒྱུད་མོ |
(བརྡ་རྙིང་།) ལྕགས་ཐག |
| གཉའ་རངས་པ |
གཉའ་རེངས་པ་དང་འདྲ། |
| གཉའ་རུས |
མཇིང་པའི་རུས་པ་སྟེ། (དཔེར་ན།) གཉའ་རུས་ཆག་པ། གཉའ་རུས་མི་ཆག་པ་ཞེས་པ་ལྟ་བུ། |
| གཉའ་རེངས |
1.གྱོང་བོའམ་བཙན་པོ་མགོ་མི་སྒུར་བ་སྟེ། (དཔེར་ན།) མི་ངན་གཉའ་རེངས་པ་ཞེས་པ་ལྟ་བུ། 2.རྒྱབ་ཕྱོགས་ཀྱི་མིང་སྟེ། (དཔེར་ན།) ཁང་བའི་གཉའ། སྡེ་བའི་གཉའ་ཞེས་པ་ལྟ་བུ། |
| གཉའ་རེངས་པ |
ངན་ལང་དུ་ཤོར་ཏེ་དྲེད་པའམ་གྱོང་བའི་དོན་ཏེ། (དཔེར་ན།) མི་གཉའ་རེངས་ཞི་བས་འདུལ་དཀའ། མི་འདི་གཉའ་རེངས་འདུག་ཅེས་པ་ལྟ་བུ། |
| གཉའ་རྒན་ཆགས་པ |
(ཡུལ་སྐད།) རྒྱུ་ནོར་ལོངས་སྤྱོད་གློ་བུར་དུ་ཕུན་སུམ་ཚོགས་པར་གྱུར་པའི་དོན་ཏེ། (དཔེར་ན།) ལོ་ཤས་རིང་དུ་མི་ཚང་དེ་དག་ཚང་མ་གཉའ་རྒན་ཆགས་ཞེས་པ་ལྟ་བུ |
| གཉའ་ལག་བཀུག་པ |
དུད་འགྲོའི་མགོ་དང་ལག་པ་གཉིས་ཐག་པས་མཉམ་དུ་བསྡམས་པ་སྟེ་ཕྱུགས་སྡེབ་སྦྱོར་བྱེད་ཐབས་ཤིག |
| གཉའ་ལྕིབས |
གཉའ་ལྤགས་ཏེ་གཉའ་ཤིང་ལ་དཀྲི་རྒྱུའི་སྣམ་བུའམ་ཕྱིང་པ། |
| གཉའ་ལྟག |
མཇིང་པའམ་སྐེའི་རྒྱབ། |
| གཉའ་ཤ |
མཇིང་པའི་ཤ། |
| གཉའ་ཤིང |
རྨོན་མཛོའི་གཉའ་གཉིས་སྦྲེལ་བྱེད་སོ་ནམ་པའི་ཡོ་བྱད་ཅིག མིང་གི་རྣམ་གྲངས་ལ་གཉའ་ཕུར་དང་གཤོལ་མདའ་འདྲེན་ནོ། ། |
| གཉའ་ཤིང |
རྨོད་ནོར་གཉིས་ཀྱི་སྐེ་སྦྲེལ་ནས་གཤོལ་འཐེན་བྱེད་ཀྱི་ཤིང་གི་ཡོ་བྱད་ཀྱི་མིང་། |
| གཉའ་ཤིང་འཛིན |
1.གསེར་གྱི་རི་བདུན་གྱི་ནང་གསེས་ཤིག་ཉི་ཟླ་འཆར་སའི་རྩེ་མོ་ན་བྲག་ཤིང་རྟའི་གཉའ་ཤིང་ལྟ་བུ་ཡོད་ལ། ངོས་སུ་དཔག་ཚད་སུམ་འབུམ་ཉི་ཁྲི་དང༌། མཐའ་སྐོར་དུ་ས་ཡ་གཅིག་དང་ཉིས་འབུམ་དང་བརྒྱད་ཁྲི་ཡོད། 2.(མངོན་བརྗོད།) ཤིང་རྟ། |
| གཉའ་སྒ |
རྨོན་མཛོའི་གཉའ་ཤིང༌། |
| གཉལ |
1.བོད་ཡིག་ཐོག་མར་སྲོལ་གཏོད་མཁན་ཐུ་མི་སཾ་བྷོ་ཊའི་འཁྲུངས་ཡུལ་ལྷོ་ཁ་ཁུལ་གྱི་ས་ཆ་ཞིག 2.སྔར་བོད་ཀྱི་རིགས་རུས་ཤིག |
| གཉལ་པ་གྲྭ་ཚང |
ལྷོ་རྒྱུད་གཉལ་དྲེའུ་ལྷས་དགོན་པ། |
| གཉལ་ལོ་རོ |
ལྷོ་བྲག་རྫོང་གི་ས་ཆ་ཞིག་སྔར་འདི་གའི་ཡུལ་མི་རྣམས་ཀྱི་ནང་ནས་ཚོང་ལས་སམ་ཚོང་པ་ཉི་ཚེ་བ་བྱེད་མཁན་མང་བ་དང་ས་ཐག་རིང་ཐུང་གང་སར་ཁྱབ་ཆེ་བས་གྲགས་པ་ཆེ་བའི་ཡུལ་ཞིག་ཏུ་གྱུར། |
| གཉི |
གཉིས་ཀྱི་འབྲི་ཚུལ་གཞན་ཏེ། (དཔེར་ན།) ངེད་གཉིས་ཀ—ངེད་གཉི་ག་ཞེས་པ་ལྟ་བུ། |
| གཉི་ག |
(བརྡ་རྙིང་།) གཉིས་ཀའི་དོན་ཏེ། (དཔེར་ན།) འགྲོ་ས་དེ་གཉི་ག་མིན་པའི་ཕུང་གསུམ་པ་མེད། རང་གཞན་གཉི་གར་བདེ་བ་ཐོབ་ཅེས་པ་ལྟ་བུ། འདི་ལ་གཉི་ཀ་འབྲི་བའང་ཡོད། |
| གཉི་གཟེར |
(བརྡ་རྙིང་།) ཉི་ཟེར། |
| གཉི་མ |
(བརྡ་རྙིང་།) ཉི་མ། |
| གཉིག |
(བརྡ་རྙིང་།) གཅིག |
| གཉིད |
གཞན་འགྱུར་བཞིའི་ནང་གསེས། ལུས་ཉམས་ཆུང་ཞིང་དུབ་པ་དང་མུན་པ་ཡིད་ལ་བྱེད་དེ། རྨུགས་རྨུགས་པོར་འདུག་པའི་དབང་གིས་རྣམ་པར་ཤེས་པ་ཡུལ་ལ་འཇུག་མི་ནུས་ཤིང༌། ལུས་ཀྱང་འཛིན་མི་ནུས་པར་ནང་དུ་འདུས་ནས་བྱ་བ་ཀུན་ཤོར་བའི་མཚན་ཉིད་ཅན། (དཔེར་ན།) མདང་དགོང་ང་ཚོ་ཚང་མ་གཉིད་སྐྱིད་པོ་ཁུག་བྱུང༌། ཚད་ནད་ཕོག་ནས་གཉིད་ཀྱིས་འཐུམས་ཏེ་བསྡད་འདུག མིང་གི་རྣམ་གྲངས་ལ་མནལ་དང༌། མིག་འཛུམ་པ། རྨོངས་པའི་གྲོགས་པོ། གཟིམས་བཅས་སོ། ། |
| གཉིད་ཀྱི་སྙོམ་པ |
(བརྡ་རྙིང་།) གཉིད་ལ་ཆགས་པའི་ལེ་ལོའམ་གཉིད་ལ་དགའ་བའི་སྒྱིད་ལུག |
| གཉིད་ཁུག་པ |
གཉིད་ལ་སོང་བའི་དོན་ཏེ། (དཔེར་ན།) འགྲངས་པ་གཉིད་ཁུག་ཀྱང༌། ལྟོགས་པ་གཉིད་མི་ཁུག་ཅེས་པ་ལྟ་བུ། |
| གཉིད་གཏམ |
གཉིད་ཁུག་ནས་བཤད་པའི་སྐད་ཆ་སྟེ། (དཔེར་ན།) མི་ལ་ལས་རྟག་པར་གཉིད་གཏམ་བཤད་ཅེས་པ་ལྟ་བུ། |
| གཉིད་གསོད་པ |
གཉིད་ལས་སློང་བའི་དོན་ཏེ། (དཔེར་ན།) སྐད་བཏང་ནས་གཉིད་གསོད་དགོས་ཞེས་པ་ལྟ་བུ། |
| གཉིད་ཆག་པ |
གཉིད་ཁུག་མ་ཐུབ་པའི་དོན་ཏེ། (དཔེར་ན།) ལས་ཀ་མ་ཚར་བའི་དངངས་སྐྲག་གིས་དགོང་མོ་གཉིད་ཆག་བྱུང༌ལྟ་བུ། |
| གཉིད་ཆེ་བ |
སད་དཀའ་བའི་གཉིད་དེ། (དཔེར་ན།) སེམས་ཁུར་མེད་ན་གཉིད་ཆེ་བ་ཡོང༌ཞེས་པ་ལྟ་བུ། |
| གཉིད་ཉལ་བ |
གཉིད་ཁུག་པའི་དོན་ཏེ། (དཔེར་ན།) ནམ་དཀར་ལ་གཉིད་ཉལ། ཟླ་དཀར་ལ་ཤིག་བཏུས་ཞེས་པ་ལྟ་བུ། |
| གཉིད་ཐིབས་ཐིབས |
གཉིད་བྲོ་ཉམས་སམ་གཉིད་ཁུག་ལ་ཉེ་བའི་དོན་ཏེ། (དཔེར་ན།) མི་གཅིག་པུར་སྡོད་ཡུན་རིང་བས་གཉིད་ཐིབས་ཐིབས་བྱས་བྱུང༌ཞེས་པ་ལྟ་བུ། |
| གཉིད་ཐུན |
གཉིད་ཁུག་ཐེངས་ཏེ། (དཔེར་ན།) གཉིད་ཐུན་གཅིག་ཅེས་པ་ལྟ་བུ། |
| གཉིད་ཐེབས |
གཉིད་ཉལ་བའི་དུས་སྐབས་ཏེ། (དཔེར་ན།) མདང་དགོང་ཕར་འགྲོ་ཚུར་ཡོང་གི་བྲེལ་ཟིང་གིས་གཉིད་ཐེབས་ཆག་ཅེས་པ་ལྟ་བུ། |
| གཉིད་དཀྲོག |
གཉིད་ལས་སློང་བའི་དོན་ཏེ། (དཔེར་ན།) མགོ་ལ་ཐུག་ཐུག་བཏང་ནས་གཉིད་དཀྲོག་ཅེས་པ་ལྟ་བུ། |
| གཉིད་དུས |
1.ཚན་མོའི་མིང༌། 2.གཉིད་ཉལ་བའི་སྐབས། |
| གཉིད་དུས་ཀྱི་འོད་གསལ |
རྫོགས་རིམ་གྱི་ཆོས་ཤིག་གཉིད་ཀྱི་ཤེས་པ་སྔ་མ་རྣམ་པར་དག་ཅིང་སླར་རྨི་ལམ་གྱི་རྟོག་པ་དང་རླུང་སྦྱོང་བྱེད་ཀྱི་གཉིད་སྔ་མའི་རིགས་འདྲ་མ་སྐྱེས་པའི་བར་དེར་རྟོག་པ་དང་བྲལ་བའི་ཆོས་ཀྱི་སྐུ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་དག་ཅིང་འོད་གསལ་བ་སྟོན་གནམ་དྭངས་པ་ལྟ་བུ་ཞིག་འཆར་བ། |
| གཉིད་པ |
(བྱེད་འབྲེལ་ལས་ཚིག) གཉིད་པའི་བྱ་མིང་། (དཔེར་ན།) གཉིད་ཁུག་པ། ཕྲུ་གུ་གཉིད་གཉིད་པ་རེད་ཅེས་པ་ལྟ་བུ། |
| གཉིད་བྲོ་བ |
གཉིད་ཁུག་གྲབས། |
| གཉིད་མི་སད |
(མངོན་བརྗོད།) སྦྲུལ། |
| གཉིད་འཐིབས |
གཉིད་ཀྱིས་ནོན་པའི་དོན་ཏེ། (དཔེར་ན།) གཟུགས་པོ་ཐང་པོ་མེད་པས་ཉིན་མོའང་གཉིད་འཐིབས་ཡོང་གི་འདུག་ཅེས་པ་ལྟ་བུ། |
| གཉིད་འཐུག་པོ |
སད་དཀའ་བའི་གཉིད། |
| གཉིད་འདོར་ཟས་བརྗེད |
གཉིད་མེད་ཅིང་ཟས་ཀྱང་མི་དྲན་པའི་དོན་ཏེ། (དཔེར་ན།) རྒྱལ་ཁབ་འཛུགས་སྐྲུན་གྱི་དོན་དུ་གཉིད་འདོར་ཟས་བརྗེད་ཀྱི་ངང་ནས་འབད་བརྩོན་ཤུགས་དྲག་བྱེད་ཅེས་པ་ལྟ་བུ། |
| གཉིད་འདྲོགས |
གཉིད་ཧར་སད་བརྒྱབ་པའི་དོན་ཏེ། (དཔེར་ན།) གློ་བུར་འུར་སྒྲ་དྲག་པོ་ཐོས་པས་གཉིད་འདྲོགས་སོང༌ཞེས་པ་ལྟ་བུ། |
| གཉིད་ཡར |
གཉིད་མི་ཁུག་པའི་དོན་ཏེ། (དཔེར་ན།) ན་ཟུག་ལངས་ནས་གཉིད་ཡར་རྒྱག་ཅེས་པ་ལྟ་བུ། |
| གཉིད་ཡུར |
གཉིད་ལ་སོང་བའི་དོན་ཏེ། (དཔེར་ན།) མཚན་མོ་ཉལ་མ་ཐག་ཏུ་གཉིད་ལ་ཡུར་ཞེས་པ་ལྟ་བུ། |
| གཉིད་རྨུགས |
རིག་པ་མི་གསལ་བ། |
| གཉིད་ལ་ཤོར་བ |
གཉིད་ལ་སོང་བའི་དོན་ཏེ། (དཔེར་ན།) ཞུམ་བུ་གཉིད་ལ་ཤོར་ཀྱང་བསམ་རྒྱུ་བྱེའུ་ཞེས་པ་ལྟ་བུ། |
| གཉིད་ལབ |
ལབ་འཆོལ་ཏེ། (དཔེར་ན།) གཉིད་ཁུག་ནས་བཤད་པའི་གཏམ། |
| གཉིད་ལམ |
རྨི་ལམ་གྱི་དོན་ཏེ། (དཔེར་ན།) གཉིད་ལམ་སྐྱིད་པོ་གཏོང་བ་ཞེས་པ་ལྟ་བུ། |
| གཉིད་ལོག |
གཉིད་ཉལ་བའི་དོན་ཏེ། (དཔེར་ན།) རྫི་བོ་གཉིད་ལོག་ན་ལུག་སྤྱང་ཀིས་ཟ་ཉེན་ཡོད་ཅེས་པ་ལྟ་བུ། |
| གཉིད་ལྕི་པོ |
སད་དཀའ་བའི་གཉིད་དེ། (དཔེར་ན།) གྲོད་པ་རྒྱགས་པས་གཉིད་ལྕི་པོ་ཁུག་པ་རེད་ཅེས་པ་ལྟ་བུ། |
| གཉིད་ལྗི་པོ |
གཉིད་ལྕི་པོ་དང་འདྲ། |
| གཉིད་སངས |
གཉིད་དྭངས་པ་སྟེ། (དཔེར་ན།) བྱིའུའི་སྐད་སྙན་ཐོས་ནས་གཉིད་སངས་སོང༌ཞེས་པ་ལྟ་བུ། |
| གཉིད་སད་པ |
གཉིད་དྭངས་པ་སྟེ། (དཔེར་ན།) སྐད་སྒྲ་བརྒྱབ་ནས་ཕྲུ་གུ་གཉིད་སད་པ་ཞེས་པ་ལྟ་བུ། |
| གཉིད་སྒྲ |
གཉིད་དུས་ཀྱི་སྔུར་པ། |
| གཉིད་སྔུར |
གཉིད་ཁུག་དུས་གཏོང་བའི་དབུགས་སྒྲ། |
| གཉིད་སྟུག་པོ |
སད་དཀའ་བའི་གཉིད་དེ། (དཔེར་ན།) གཞན་གྱིས་སུག་སུག་བཏང་ཡང་མི་སད་པའི་གཉིད་སྟུག་པོ་ཡུན་རིང་ཁུག་ཅེས་པ་ལྟ་བུ། མིང་གི་རྣམ་གྲངས་ལ་གཉིད་ཀྱིས་རོ་བ་དང༌། གཉིད་ལོག་ཉལ་བ། གཉིད་སོང༌། རྨི་ལམ། ལེགས་ཕབ། སེམས་མྱོས་པ་བཅས་སོ། ། |
| གཉིད་སྲབ |
གཉིད་མཐུག་པོ་མིན་པ། |
| གཉིད་སྲུང |
གཉིད་མི་ཁུག་པའི་ཐབས་བྱེད་པ་སྟེ། (དཔེར་ན།) ནད་པའི་གཞོགས་ལ་བསྡད་ནས་གཉིད་སྲུང་བ་ཞེས་པ་ལྟ་བུ། |
| གཉིད་སྲེད |
གཉིད་ལ་ཞེན་པ། |
| གཉིད་སླེབས |
གཉིད་ཁུག་ལ་ཉེ་བའི་དོན་ཏེ། (དཔེར་ན།) ཁམས་ཉོག་སྟེ་གཉིད་སླེབས་པ་ལྟ་བུ། |
| གཉིད་ཧབ་སད་རྒྱག་པ |
(ཡུལ་སྐད།) གཉིད་འདྲོགས་ནས་སད་ཡོང་བའི་དོན་ཏེ། (དཔེར་ན།) ཕྲུ་གུ་གཉིད་ཧབ་སད་བརྒྱབ་པས་ངུས་སོང་ཞེས་པ་ལྟ་བུ། |
| གཉིལ |
(བྱེད་མེད་ལས་ཚིག) རྣོ་ངར་ཉམས་པར་བྱས་པའི་དོན་ཏེ། (དཔེར་ན།) རྡོ་ལ་གྲིས་བརྒྱབ་ན་གྲི་ཁ་གཉིལ། མདུང་རྩེ་གཉིལ་ལྟ་བུ། |
| གཉིས |
གྲངས་ཀའི་གཉིས་ཏེ། (དཔེར་ན།) ང་གཉིས། བཟའ་ཚང་གཉིས། ཕྱི་ནང་གཉིས། མཆན་ཁུང་གཉིས་ལྟ་བུ། མིང་གི་རྣམ་གྲངས་ལ་འཁྲིག་པ་དང༌། བགྲོད་པ། ཐབས་ཤེས། མིག་མཚེ་མ། ཟུང༌། ལག་པ་བཅས་སོ། ། |
| གཉིས་ཀ |
གཉིས་ཡོད་པའི་དོན་ཏེ། (དཔེར་ན།) ཕན་ཚུན་གཉིས། ཕ་མ་གཉིས་ཀ་ཞེས་པ་ལྟ་བུ། |
| གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ |
དགྲ་བཅོམ་པ་གང་ཉོན་སྒྲིབ་དང་སྙོམས་འཇུག་གི་སྒྲིབ་པ་གཉིས་ལས་གྲོལ་ཏེ་རྣམ་པར་ཐར་པ་བརྒྱད་ལ་སྙོམས་པར་འཇུག་ནུས་པའོ། ། |
| གཉིས་ཀྱི་གཉིས་སྤྲད་པ |
འཁྲིག་སྤྱོད། |
| གཉིས་ཀྱིས་ལྡོག་པ་ཅན |
ལྡོག་པ་ཅན་གྱི་རྒྱན་གྱི་ནང་གསེས་ཤིག་དཔེ་དོན་གཉིས་ཁྱད་ཆོས་འགའ་ཞིག་གི་སྒོ་ནས་རྣམ་པ་མཚུངས་ཀྱང༌། ཐུན་མོང་མིན་པའི་ཁྱད་ཆོས་རེ་རེའི་སྒོ་ནས་མཚུངས་པ་ལས་ལྡོག་སྟེ་མི་མཚུངས་པར་སྟོན་པའི་རྒྱན་ཞིག |
| གཉིས་གཉིས་འཁྱུད་པ |
ཕོ་མོ་གཉིས་གཉིས་འཁྱུད་སྦྱོར། |
| གཉིས་གཉིས་སྤྱོད |
(མངོན་བརྗོད།) ངུར་པ། |
| གཉིས་དགའི་ཁྱིམ |
(མངོན་བརྗོད།) མོ་མཚན། |
| གཉིས་པ |
1.གྲངས་རིམ་ཞིག 2.རིམ་པ་གཉིས་པ་སྟེ། (དཔེར་ན།) དེབ་གཉིས་པ། ཐེངས་གཉིས་པ། བུ་གཉིས་པ་ཞེས་པ་ལྟ་བུ། 3.གཙོ་ཕལ་གཉིས་ཀྱི་ནང་གི་ཕལ་བའི་དོན་ཏེ། (དཔེར་ན།) དཔོན་པོ་གཉིས་པ། ཕ་མ་གཉིས་པ་ཞེས་པ་ལྟ་བུ།4.(མངོན་བརྗོད།) ཁྱིམ་བདག་མོ། |
| གཉིས་པོ |
1.གཉིས་ཙམ་དུ་ཚད་བཟུང་བར་འཇུག་པ་སྟེ། (དཔེར་ན།) ལག་པ་འདི་གཉིས་པོར་བརྟེན་ནས་རང་ཁ་གསོས་ལྟ་བུ། 2.ཕན་ཚུན་གཉིས། |
| གཉིས་ཕན |
རང་གཞན་གཉིས་ཀར་ཕན་པ། |
| གཉིས་ཕྱོགས |
ཕན་ཚུན་གཉིས་ཀའི་ཕྱོགས་ཏེ། (དཔེར་ན།) གཉིས་ཕྱོགས་ཆིངས་ཡིག་ཅེས་པ་ལྟ་བུ། |
| གཉིས་མཇུག་གསུམ་མཐུད |
གཉིས་པའི་རྗེས་སུ་གསུམ་པ་མཐུད་པ་སྟེ་རྒྱུན་མི་འཆད་པའི་དཔེ། |
| གཉིས་མཉམ་དགུ་མཉམ་གྱི་རྟ་བབས |
གཞལ་ཡས་ཁང་གི་སྒོ་བཞིའི་རྟ་བབས་ཀྱི་བཟོ་དབྱིབས་ཤིག |
| གཉིས་མེད་གསུང་བ |
(མངོན་བརྗོད།) སངས་རྒྱས། |
| གཉིས་མེད་རྒྱུད |
བསྐྱེད་རྫོགས་ཟུང་འཇུག་འོད་གསལ་གྱི་རིམ་པ་གཙོ་བོར་སྟོན་པས་གཉིས་སུ་མེད་པའི་རྒྱུད་དོ། ། |
| གཉིས་ཚིག |
རྣམ་དབྱེ་དང་པོའི་ཡན་ལག་མིང་མཐའི་སྒྲ་ཞིག་སྟེ་"དག"་གི་མིང༌། |
| གཉིས་འཐུང |
(མངོན་བརྗོད།) གླང་པོ་སྤྱི། |
| གཉིས་འཐུང་དབང་པོ |
(མངོན་བརྗོད།) གླང་པོ་མཆོག |
| གཉིས་འཛིན |
1.རྟག་ཆད་ཀྱི་མཐའ་གཉིས་སུ་འཛིན་པ། 2.ཡུལ་ཡུལ་ཅན་ཐ་དད་དུ་འཛིན་པ། |
| གཉིས་ལོ་དྲང་གཞག |
ཕྱོགས་ལྷུང་མེད་པའི་དོན་ཏེ། (དཔེར་ན།) བར་དཔང་བྱེད་དུས་གཉིས་ལོ་དྲང་གཞག་གི་སྐད་ཆ་བཤད་དགོས་ཞེས་པ་ལྟ་བུ། |
| གཉིས་ལྡན་དུས |
སྐལ་བཟང་རྣམ་འདྲེན་གསུམ་པ་འོད་སྲུང་བྱོན་པའི་སྐབས་འཛམ་གླིང་མི་རྣམས་ཀྱིས་ཆོས་དང༌། ནོར། འདོད་པ། བདེ་བ་བཞི་ལས་ཆ་གཉིས་ཉམས་ནས་ཆ་གཉིས་ལ་ལོངས་སུ་སྤྱོད་པའི་དུས་ཏེ་དེའི་ཡུན་ཚད་ལ་ལོ་གྲངས་བརྒྱད་འབུམ་དྲུག་ཁྲི་བཞི་སྟོང་ཡོད་པར་བཤད། |
| གཉིས་སུ་བྱར་མེད་པ |
ལོགས་སུ་དབྱེ་རྒྱུ་མེད་པའི་དོན་ཏེ། (དཔེར་ན།) མི་རིགས་གོང་བུ་གཅིག་གྱུར་ནི་གཉིས་སུ་བྱར་མེད་པ་ཞིག་རེད་ཅེས་པ་ལྟ་བུ། |
| གཉིས་སུ་མེད |
(མངོན་བརྗོད།) དུས་འཁོར། |
| གཉིས་སུ་མེད་པ |
དབྱེ་བ་མེད་པའམ་གཅིག་པ་ཡིན་པའི་དོན་ཏེ། (དཔེར་ན།) ཆུ་ཡི་ནང་དུ་འོ་མ་བླུགས་ཏེ་གཉིས་སུ་མེད་པར་གྱུར་ཞེས་པ་ལྟ་བུ། |
| གཉིས་སུ་མེད་པའི་ཤེས་པ |
རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་བློ། |
| གཉིས་སུ་མེད་པའི་སྐད་ཅིག་མའི་སྦྱོར་བ |
ཤེར་ཕྱིན་དོན་བདུན་ཅུའི་ནང་གསེས། ཆོས་ཐམས་ཅད་གཟུང་འཛིན་རྫས་ཐ་དད་དུ་མ་གྲུབ་པར་སྐད་ཅིག་མ་གཅིག་ལ་མངོན་སུམ་དུ་རྟོགས་ནུས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག |
| གཉིས་སྐྱེས |
(མངོན་བརྗོད།) 1> བྱ། 2> བྲམ་ཟེ། 3> སོའི་མིང་གི་རྣམ་གྲངས་ཡིན་པས་གྲངས་སུམ་ཅུ་སོ་གཉིས་མཚོན། |
| གཉིས་སྐྱེས་དབང་པོ |
(མངོན་བརྗོད།) 1> མཁའ་ལྡིང༌། 2 >ཚངས་པ། 3> ཟླ་བ། |
| གཉིས་སྐྱེས་རྒྱལ་པོ |
(མངོན་བརྗོད།) ཟླ་བ། |
| གཉིས་སྣང |
1.ཕྱི་གཟུང་བ་དང༌། ནང་འཛིན་པ་གཉིས་སུ་སྣང་བ། 2.ཉི་ཟླ་དང་སྐྲ་ཤད་སོགས་མང་པོར་སྣང་བ་རབ་རིབ་ཅན་གྱི་གཉིས་སྣང༌། |
| གཉུག་དམག |
གནས་གཅིག་ལ་རྒྱུན་དུ་སྡོད་པའི་དམག |
| གཉུག་མ |
1.(རྒྱན་ཚིག) གློ་བུར་གྱི་ལྡོག་ཟླ་སྟེ། (དཔེར་ན།) གཉུག་མར་གནས་པའི་སྲོག་ཆགས(སྔོན་ནས་གནས་པའི་སྲོག་ཆགས)ཞེས་པ་ལྟ་བུ། 2.བཅོས་མ་མིན་པའི་དོན་ཏེ། (དཔེར་ན།) གཉུག་མའི་སེམས། གཉུག་མའི་དོན་མ་བཅོས། གཉུག་མའི་ངང་དུ་བཞག་ལྟ་བུ། |
| གཉུག་མའི་དགེ་འདུན |
སྔར་ནས་དེར་ཡོད་པའི་དགེ་འདུན་ཏེ། (དཔེར་ན།) རྒྱལ་པོས་ཀྱང་གཉུག་མའི་དགེ་འདུན་དང་གཞན་གྱི་ཡུལ་ནས་དགེ་འདུན་སྤྱན་འདྲེན་པ་ཞེས་པ་ལྟ་བུ། |
| གཉུག་མའི་ཡེ་ཤེས |
རང་བཞིན་དུ་གནས་པའམ་ཡེ་ནས་ཡོད་པའི་རིག་པ་སྟེ། གདོད་ནས་དག་པའི་རང་བྱུང་གི་ཡེ་ཤེས་སམ་གཞིའི་ཡེ་ཤེས། |
| གཉུག་མའི་ལུས |
སྲོག་འཛིན་གྱི་རླུང་ཕྲ་མོའམ་རླུང་སེམས་དབྱེར་མེད་ཀྱི་དྭངས་མའི་ལུས་ཏེ། དེ་ནི་འཁོར་བ་ཐོག་མེད་ནས་སངས་མ་རྒྱས་ཀྱི་བར་དུ་རྒྱུན་མི་འཆད་པ། |
| གཉུག་མའི་ས |
(བརྡ་རྙིང་།) དུར་གྱི་ས། |
| གཉུག་མའི་སེམས |
རྒྱུན་དུ་གནས་པའི་སེམས་སམ་གཞིའི་སེམས། |
| གཉུག་མར་གནས་པ |
རྒྱུན་དུ་སྡོད་པའམ་གཏན་དུ་གནས་པའི་དོན་ཏེ། (དཔེར་ན།) གཉུག་མར་གནས་པའི་མི་ཞེས་པ་ལྟ་བུ། |
| གཉུལ |
(བྱེད་འབྲེལ་ལས་ཚིག) སྐོར་གཡེང་བྱེད་པའམ་འགྲོ་འོང་བྱེད་པ་སྟེ། (དཔེར་ན།) རྩྭ་སྨན་བཏུ་ཆེད་ནགས་སུ་གཉུལ། རི་སུལ་གཉུལ་ནས་རི་དྭགས་རྔོན་ལྟ་བུ། |
| གཉུལ་བ |
(བྱེད་འབྲེལ་ལས་ཚིག) སོ་ལྟ་བའམ་འཚོལ་བའི་དོན་ཏེ། (དཔེར་ན།) ཕྱོགས་ཀུན་གཉུལ་བ། གནས་ཚུལ་ལེགས་པར་གཉུལ་ཏེ་ཕྱིར་ལོག་ཕེབས་ཤིག་ཅེས་པ་ལྟ་བུ། |
| གཉེ་བོ |
(བརྡ་རྙིང་།) ཕོ་ཉ། |
| གཉེ་མ |
ལོང་གའི་གཞུག་དང་གཞང་གི་མགོ་གཉིས་བར་གྱི་ཆ་ཤས། མར་སྣེ་གཞང་བ་དང་འབྲེལ་ཞིང་ཡར་སྣེ་ལོང་ག་དང་འབྲེལ་བའི་རྒྱུ་མ་སྟེ། རྒྱུ་དཀར་ཡང་ཟེར། |
| གཉེན |
ཉེ་དུ་རྩ་ལག་སྟེ། (དཔེར་ན།) ཕ་གཉེན། བཤེས་གཉེན། མ་གཉེན་ཞེས་པ་ལྟ་བུ། མིང་གི་རྣམ་གྲངས་ལ་ཆོ་འབྲང་དང༌། ཉེ་དུ། ཉེ་འབྲེལ། གཉེན་འདབ། གཉེན་གཤིན། སྣག་གི་གཉེན། འབྲེལ་བ། རྩ་ལག་མཛའ་བཤེས། རིགས་མཚུངས། རིགས་རུས་བཅས་སོ། ། |
| གཉེན་ཀ |
གཉེན་ཁ་དང་འདྲ། |
| གཉེན་ཁ |
བཟའ་ཚང་ངམ་ཁྱིམ་ཐབ། |
| གཉེན་ཁ་བྲལ་བ |
1.ཁྱོ་ཤུག་བྲལ་བ། 2.མཐུན་གྲོགས་རྒྱབ་འགལ་དུ་སོང་བ། |
| གཉེན་ཁར་སླེབས་པ |
བག་མར་སླེབས་པ་དང་མག་པར་སླེབས་པ། |
| གཉེན་གན |
སློང་ཆང་གཏོང་ཉིན་བུ་མནའི་ཁྱིམ་ཕྱོགས་གཉིས་ནས་བཞག་པའི་གན་རྒྱ། |
| གཉེན་གཤིན |
ཉེ་དུ་མཛའ་མཐུན་ཏེ། (དཔེར་ན།) ཕྱོགས་གཉིས་དབར་དུ་གཉེན་གཤིན་གྱི་འབྲེལ་ལམ་དམ་ཟབ་ཅིག་ཡོད་ཅེས་པ་ལྟ་བུ། |
| གཉེན་གྲོགས |
གཉེན་ཉེ་དང་གྲོགས་པོ། |
| གཉེན་ཉེ་དུ |
སྤུན་དང༌། མཛའ་གྲོགས། |
| གཉེན་ཉེ་བ |
ཉེ་དུ་རྩ་ལག་ཀུན། |
| གཉེན་ཉེ་བློ་ཕམ |
སྤུན་དང་མཛའ་གྲོགས་སེམས་ཕམ་པའི་དོན་ཏེ། (དཔེར་ན།) ཤ་ཚ་ཅན་གྱི་གཉེན་ཉེ་བློ་ཕམ་ཡོང་བ་དང༌། ཕྲག་དོག་ཅན་གྱི་དགྲ་བོ་དགའ་སྤྲོ་ཡོང་བའི་ལས་ཀ་མ་བྱེད་ཅེས་པ་ལྟ་བུ། |
| གཉེན་ཉེ་འབྲེལ |
ཉེ་དུ་རྩ་ལག་ཀུན། |
| གཉེན་ཏེ |
(བརྡ་རྙིང་།) བོས་ཏེ། |
| གཉེན་དཔང |
གཉེན་སྒྲིག་སྐབས་ཕན་ཚུན་གཉིས་ཕྱོགས་བར་གྱི་དཔང་པོ། |
| གཉེན་པོ |
མགོ་གནོན་ནམ། འདུལ་བྱེད་དང༌། སྤོང་བྱེད། ཞི་བར་བྱེད་པའི་སྟོབས་ཏེ་ལོག་ཕྱོགས་འཇོམས་པའི་ཐབས་ཏེ། (དཔེར་ན།) ནད་གསོ་བར་བྱེད་པའི་གཉེན་པོ་སྨན། དགྲ་འདུལ་བའི་གཉེན་པོ་ཞི་དྲག་གི་སྟོབས་ཤུགས་གཉིས་ཞེས་པ་ལྟ་བུ། |
| གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས |
སྡིག་པ་འཆགས་བྱེད་ཀྱི་གཉེན་པོ་སྟོབས་བཞིའི་ནང་གསེས། ཕྱག་འཚལ་བ་དང་ཡིག་བརྒྱ་བཟླ་བ་སོགས་མཐོལ་བཤགས་ཀྱི་ལས་བྱེད་པ། |
| གཉེན་པོ་ཕྱོགས་ཀྱི་ཤེས་རྣམ |
རང་གི་མི་མཐུན་ཕྱོགས་འཇོམས་ནུས་ཀྱི་མཁྱེན་པའོ། །ཤེར་ཕྱིན་དོན་བདུན་ཅུའི་ནང་གསེས། |
| གཉེན་པོ་བཞི |
སྤོང་བའི་གཉེན་པོ་དང༌། གཞིའི་གཉེན་པོ། ཐག་སྲིང་བའི་གཉེན་པོ། རྣམ་པར་སུན་འབྱིན་པའི་གཉེན་པོ། |
| གཉེན་པོ་ལྡེམ་དགོངས |
དམ་པའི་ཆོས་ལ་བརྙས་པ་ལ་སོགས་པའི་ཉེས་པ་བརྒྱད་འདུལ་བའི་ཕྱིར་དུ་ཐེག་ཆེན་གསུངས་པ་ལྟ་བུ། |
| གཉེན་པོའི་དགེ་བ |
ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དེ་དག་རྣམ་པར་སུན་འབྱིན་པ་དང་ཐག་བསྲིང་བ་དང་སྤང་བ་དང་འབྲལ་བར་བྱེད་པའི་ལམ་ལ་བརྩོན་པ། |
| གཉེན་པོའི་ཕྱོགས་ཀྱི་གཞི་ཤེས |
ཤེར་ཕྱིན་དོན་བདུན་ཅུའི་ནང་གསེས། གཞི་ཤེས་གང་ཞིག་ཐབས་སྙིང་རྗེ་ཆེན་པོ་དང་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་མཚན་འཛིན་གྱི་གཉེན་པོ་བྱེད་ནུས་པ་ཐེག་ཆེན་འཕགས་རྒྱུད་ཀྱི་མཁྱེན་པའོ། ། |
| གཉེན་པོའི་ཡན་ལག |
བསམ་གཏན་བཞིའི་ཡན་ལག་ཅིག་བསམ་གཏན་བཞིའི་རང་སའི་སྤང་བྱ་སྤོང་བའི་གཉེན་པོ་དང༌། གཉེན་པོ་དེས་ཐོབ་པའི་གོང་མའི་ཡོན་ཏན། |
| གཉེན་པོའི་ལམ |
སྒྲིབ་པ་སྤོང་བྱེད་ཀྱི་དངོས་གཉེན་དུ་གྱུར་པའི་ལམ་མཐོང་སྒོམ་གྱི་བར་ཆད་མེད་ལམ་ལྟ་བུ། |
| གཉེན་པོའི་སྟོབས |
སྒྲིབ་པ་སྤོང་བྱེད་ཀྱི་གཉེན་པོའི་སྟོབས། |
| གཉེན་པོའི་སྟོབས་བཞི |
རྟེན་གྱི་སྟོབས། རྣམ་པར་སུན་འབྱིན་པའི་སྟོབས། ཉེས་པ་ལས་སླར་ལྡོག་པའི་སྟོབས། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་བཅས་བཞི། |
| གཉེན་ཕྱོགས |
ཉེ་དུ་རྩ་ལག་ཀུན། མིང་གི་རྣམ་གྲངས་ལ་འཁོན་མེད་དང༌། གྲོགས་པོ། གཉེན་བཤེས། མཐུན་ཕྱོགས། བློ་ཉེ། མཛའ་གཅུགས། མཛའ་བས་བཅིངས། མཛའ་བཤེས། ཟུན། ཡིད་གཅུགས། ཡིད་མཐུན་པ། རང་ཕྱོགས་བཅས་སོ། ། |
| གཉེན་བཤེས |
ཉེ་དུ་མཛའ་གྲོགས་ཏེ། (དཔེར་ན།) ཁྱོད་ལ་གཉེན་བཤེས་གཅིག་ཀྱང་མེད། གཉེན་བཤེས་དགྲར་ལངས་ཞེས་པ་ལྟ་བུ། |
| གཉེན་བྱེད་པ |
གཉེན་སྒྲིག་བྱེད་པ། |
| གཉེན་མཐུན་གྱི་ལས་འབྲེལ |
བཟའ་ཚང་དགའ་མཐུན་གྱི་ལས་འབྲེལ། |
| གཉེན་ཚན |
སྤུན་ཉེའི་སྡེ་ཚན་ཏེ། (དཔེར་ན།) གཉེན་ཚན་མདའ་སྨྱུག་སྐྱེ་སྐྱེ་ཡོད་ཅེས་པ་ལྟ་བུ། |
| གཉེན་ཟླ |
གཉེན་ཡའམ་གཉེན་ཕྱོགས་གྲོགས་པོ། |
| གཉེན་འཁོར |
གཉེན་ཉེ་འཁོར་བཅས། |
| གཉེན་འགྲིག་པ |
1.མཛའ་མཐུན་བྱུང་བ། 2.ཁྱོ་ཤུག་འབྲེལ་བ། |
| གཉེན་འཐམས་པ |
(བརྡ་རྙིང་།) ཕན་ཚུན་གཉེན་ཚན་དུ་སྒྲིག་པ། |
| གཉེན་འདབ |
སྤུན་ཉེ་དུའམ་གཉེན་བཤེས། |
| གཉེན་འདུན |
ཤ་རུས་གང་རུང་གིས་མི་རབས་བདུན་བརྒྱུད་ཚུན་ཆད་དུ་འབྲེལ་བའི་གཉེན་ཏེ་ཉེ་དུ་དང་དོན་གཅིག (དཔེར་ན།) གློ་བུར་གཉེན་འདུན་ལོངས་སྤྱོད་ཀུན་དང་བྲལ་ཞེས་པ་ལྟ་བུ། |
| གཉེན་འཕྲད |
ཕ་མ་སོགས་གཉེན་ཉེ་འཕྲད་པ། |
| གཉེན་འབྲེལ |
1.མཛའ་མཐུན། 2.ཁྱོ་ཤུག་གི་འབྲེལ་བ། |
| གཉེན་ཡ |
གཉེན་བསྒྲིག་སའི་ཡུལ་ཏེ། (དཔེར་ན།) གཉེན་ཡ་མ་དམའ། དགྲ་ཡ་མ་མཐོ་ཞེས་པ་ལྟ་བུ། |
| གཉེན་ཡིག |
བག་མ་གཏོང་ལེན་གྱི་གན་ཡིག |
| གཉེན་ལོག |
བག་མར་ཕྱིན་རྗེས་དུས་མཚམས་གང་རུང་ཞིག་ཏུ་བུ་བུ་མོ་ནང་མི་དང་བཅས་པ་ཕ་མའི་ཁྱིམ་དུ་ཐེངས་དང་པོ་འགྲོ་བ། |
| གཉེན་སྐོར |
གཉེན་ཉེ་འཁོར། |
| གཉེན་སྒྲིག |
ཁྱོ་ཤུག་གམ་བཟའ་ཚང་བྱེད་པ་སྟེ། (དཔེར་ན།) ན་ཚོད་དར་ལ་བབ་པའི་ཕོ་མོ་ཕན་ཚུན་བློ་མོས་ལྟར་གཉེན་སྒྲིག་བྱེད་པ། གཉེན་སྒྲིག་སྟོན་འབྲེལ། གཉེན་སྒྲིག་སྟོན་མོ་ཞེས་པ་ལྟ་བུ། |
| གཉེན་སྟོན |
གཉེན་སྒྲིག་བྱེད་སྐབས་ཀྱི་སྟོན་མོ། |
| གཉེན་སྡེ |
གཉེན་ཕྱོགས། |
| གཉེན་སྡེབ |
1.བཟའ་ཚང་མཐུན་སྡེབ། 2.གཉེན་ཉེ་སྒབ་མཐུན་བྱེད་པ་སྟེ། སྔར་ཕ་ཚན་མི་རབས་བདུན་བརྒྱུད་དང་མ་ཚན་མི་རབས་ལྔ་བརྒྱུད་ཚུན་ཆད་ལ་ཉེ་དུའམ་གཉེན་འདུན་ཟེར། |
| གཉེན་སྲེད |
གཉེན་ལ་ཞེན་ཆགས། |
| གཉེར |
(བྱེད་འབྲེལ་ལས་ཚིག) ཡོན་ཏན་སོགས་ཐོབ་ཆེད་འབད་པ་བྱས་པའི་དོན་ཏེ། (དཔེར་ན།) དོན་དུ་གཉེར། ཡོན་ཏན་དོན་དུ་གཉེར། སྐོམ་པས་ཆུ་དོན་དུ་གཉེར་ལྟ་བུ། |
| གཉེར་ཁ |
བདག་གཉེར་རམ་དོ་དམ་གྱི་དོན་ཏེ། (དཔེར་ན།) དངོས་པོ་རྣམས་ཁ་འཐོར་དུ་མི་འགྲོ་བའི་གཉེར་ཁ་བྱེད་པ་ལྟ་བུ། |
| གཉེར་གཉེར |
1.ཁྲོ་བའི་ངོ་འཛུམ་ནག་པོ་གཉེར་གཉེར་སྟོན་པ། 2.མཆེ་བ་རིང་པོ་གཉེར་གཉེར་བྱེད་པ། 3.དོན་གཉེར། |
| གཉེར་གདམས |
བཅོལ་མངག་གཉེར་གཏད་དེ། (དཔེར་ན།) འཕྲལ་ཕུགས་ཀྱི་བྱེད་སྒོའི་རྣམ་གཞག་གཉེར་གདམས་བྱེད་པ་ཞེས་པ་ལྟ་བུ། |
| གཉེར་དུ་གཏད་པ |
སྲུང་མཁན་དུ་བསྐོས་པའི་དོན་ཏེ། (དཔེར་ན།) གཉེར་དུ་གཏད་པའི་སྤྱི་རྫས་ཚང་མ་བོར་བརླག་འཐོར་རྐྱེན་དུ་མི་འགྲོ་བ་བྱེད་དགོས་ཞེས་པ་ལྟ་བུ། |
| གཉེར་པ |
དོ་དམ་བྱེད་མཁན་ཏེ། (དཔེར་ན།) དཀོན་གཉེར། སྐུ་གཉེར། ཁང་གཉེར། གཞིས་གཉེར། མགྲོན་གཉེར། ཡིག་ཚང་གཉེར་པ། མིང་གི་རྣམ་གྲང་ལ་ལྡེ་མིག་པ་དང༌། ནང་གི་གྲུ་འཛིན། ནོར་སྐྱོང༌། ནོར་གྱི་སྲུང་མ། མིག་གི་ཆོས་ཅན། མཛོད་པ་བཅས་སོ། ། |
| གཉེར་པ |
རྒྱུ་རྫས་ལ་དོ་དམ་བྱེད་མཁན། |
| གཉེར་མ |
སུལ་མ་སྟེ་འདུས་པའམ། འཁུམས་པའམ། བརྩེགས་པའི་རི་མོ་སྟེ། (དཔེར་ན།) ཁྲོ་བའི་གཉེར་མ། རྒས་པའི་གཉེར་མ། ཆུའི་གཉེར་མ། གཉེར་མས་གང་བ། ཁྲོ་གཉེར་བསྡུས་པ། ལོ་ན་མཐོན་པོར་སླེབས་ན་གདོང་དང་གཟུགས་པོའི་པགས་པ་གཉེར་མ་འཁུམ་ཡོང༌ཞེས་པ་ལྟ་བུ། |
| གཉེར་མའི་གདོང |
(མངོན་བརྗོད།) སྤྲེའུ། |
| གཉེར་ཚང |
བཟའ་བཅའི་རིགས་སོགས་འཇོག་སའི་ཁང་པ། |
| གཉེར་འཛིན |
དོ་དམ་བྱེད་མཁན། |
| གཉེལ |
མཉེལ་གྱི་འབྲི་ཚུལ་གཞན། |
| གཉོག |
(བྱེད་འབྲེལ་ལས་ཚིག) རྡུང་རྡེག་བྱས་པའི་དོན་ཏེ། (དཔེར་ན།) ལྕག་གིས་རྟ་ལ་གཉོག བྱིས་པ་ལ་མ་གཉོག་ལྟ་བུ། གཉག་ལ་ལྟོས། |
| གཉོག་པ |
(བྱེད་འབྲེལ་ལས་ཚིག) རྡུང་རྡེག་གི་གཉོག་པའི་བྱ་མིང་། (དཔེར་ན།) རྡུང་རྡེག་བྱེད་པ། ལྕག་གིས་རྟ་ལ་གཉོག བྱིས་པ་མ་གཉོག ཁང་པའི་མཐིལ་ཞལ་གཉོག་པ་ཞེས་པ་ལྟ་བུ། |
| གཉོགས |
གཉོག་པའི་སྐུལ་ཚིག |
| གཉོང་ཆུང |
(བརྡ་རྙིང་།) ཉམ་ཆུང༌། |
| གཉོད |
(བརྡ་རྙིང་།) རིན་ཐང་དང༌། བུད་མེད་ཀྱི་རིན། |
| གཉོད་ཀ |
1.རིན་ཐང་གི་བརྡ་རྙིང་། འདི་ལ་གཉོད་ཁ་འབྲི་བའང་ཡོད། 2.ཟས་བཅུད་ཀྱི་སྙིང་བོའི་བརྡ་རྙིང་། |
| གཉོད་ཁ་ཆུང་བ |
(བརྡ་རྙིང་།) 1>འཁོས་ཀ་ཆུང་བའམ། སྟོབས་ཆུང་བ། 2>གཏོང་ཕོད་ཆུང་བ། 3> བསྲན་ཆུང་བ། |
| གཉོད་མེད་པ |
(བརྡ་རྙིང་།) བཟོད་བསྲན་མེད་པ། |
| གཉོམ |
(རྒྱན་ཚིག) ཞན་ཞིང་སྙི་བའི་དོན་ཏེ། (དཔེར་ན།) དགྲ་ལ་གཉོམ་མ་ཁུར་ལྟ་བུ། |
| གཉོམ་ཆུང |
སྟོབས་ཞན་པའམ་སེམས་ཆུང་བྱས་ནས་སྡོད་མཁན་ཏེ། (དཔེར་ན།) གཉོམ་ཆུང་སྡོད་ལུགས་མཁས་པས་ན། བཙན་པོས་བྱ་ཐབས་རྙེད་པར་དཀའ་ཞེས་པ་ལྟ་བུ། |
| གཉོས |
སྔར་བོད་ཀྱི་རུས་ཤིག |
| གཉྫིར |
(ལེགས་སྦྱར།) གན་ཇི་ར་སྟེ་གཙུག་ལག་ཁང་དང་དགོན་པ་སོགས་ཀྱི་ཁང་པའི་མཛེས་རྒྱན་ཟངས་སོགས་ལས་གྲུབ་པ་ཞིག |
| གཎ་གཡོག |
གན་གཡོག་དང་འདྲ། |
| གཎྜི |
དགེ་འདུན་བསྡུ་བའི་བརྡ་སྤྲོད་བྱེད་ཀྱི་ཡོ་བྱད་ཅིག་འདུལ་བ་ལས་བཤད་པའི་ཚད་ལྡན་གྱི་གཎྜི་ནི། རྒྱུ་ཙན་དན་དང༌། བིལ་བ་དང༌། པ་ལཱ་ཤ་དང༌། ཙན་དན་དམར་པོ་དང༌། སྟར་བུ་དང༌། འོ་སེ་ལ་སོགས་པས། ཚད་དབྱིབས་སྲིད་དུ་སོར་བརྒྱད་ཅུ་རྩ་བཞི། ཞེང་དུ་སོར་དྲུག་དཔངས་སུ་སོར་གཉིས། ཟུར་བཞིར་བརྒྱད་བཞོགས་སོར་གཉིས་གཉིས་དང་ལྡན་པ། རྩེ་མོ་གཉིས་སྦལ་བའི་མགོ་འདྲ་བའོ། ། |
| གཎྜི་ཐེའུ |
གན་གཡོག |
| གཏག |
(བྱེད་འབྲེལ་ལས་ཚིག) གཏགས་ཀྱི་ད་ལྟ་བ་དང་སྐུལ་ཚིག དབྱུག་པས་རྡེག་པ་སྟེ། (དཔེར་ན།) གདབ་བུས་སློག་པ་གཏག་གིན་འདུག གདན་གཏག་བྱེད་ཀྱི་དབྱུགས་པས་སློག་པ་གཏག་ཅིག་ཅེས་པ་ལྟ་བུ། |
| གཏག་པ |
(བརྡ་རྙིང་།) གཞན་ལ་རྡུང་རྡེག་གཏོང་བའམ་འཚོག་པ། |
| གཏག་མ |
1.སྣམ་བུ་སོགས་ཐགས་འཐག་མཁན་གྱི་ཡོ་བྱད་ཅིག་སྟེ། སྤུན་སྐུད་གཏག་བྱེད་ཡིན། 2.ཚིག་གྲོགས་ཁ་ཡིག་སྦྱར་ན་ཡུལ་སྐད་ལ་ལར་འཆལ་གཏམ་བཤད་པའི་དོན་ཏེ། (དཔེར་ན།) ཁ་གཏག་དོན་མེད། ཁ་མ་གཏག་ལྟ་བུ། |
| གཏགས |
(བྱེད་འབྲེལ་ལས་ཚིག) མ་འོངས་པ་དང་འདས་པ། (དཔེར་ན།) གཏགས་བྱའི་སློག་པ། གདབ་བུས་བལ་བཏགས་ནས་བསེད། གཏགས་པའི་བལ། བལ་གཏགས་མ་ཞེས་པ་ལྟ་བུ། |
| གཏང |
གཏོང་གི་མ་འོངས་པ། (དཔེར་ན།) གཏང་བྱའི་རྟ་ནོར་ཞེས་པ་ལྟ་བུ། |
| གཏང་ཡས |
གྲངས་གནས་ཤིག |
| གཏང་ཡིག |
འཕྲིན་གཏམ་བསྐུར་ཡིག་སྟེ། (དཔེར་ན།) གཏང་ཡིག་གཏོང་བ་ཞེས་པ་ལྟ་བུ། |
| གཏང་རག |
གཞན་ལ་ལས་བཅོལ་བྱས་པའི་བྱ་བ་ལེགས་པར་གྲུབ་པའི་དྲིན་གཟོ་བའི་བྱ་སྤྱོད་ཀྱི་མིང་སྟེ། (དཔེར་ན།) སློབ་ཁང་གྲུབ་པའི་གཏང་རག་ཏུ་ཆང་མགྲོན་བྱས་ལྟ་བུ། |
| གཏད |
(བྱེད་འབྲེལ་ལས་ཚིག) གཏོད་པའི་འདས་པ 1.རྫས་སྔགས་ཀྱི་སྒོ་ནས་གཞན་གནོད་ཀྱི་མཐུ་གཏད་པ་སྟེ། (དཔེར་ན།) མནན་གཏད་རྒྱག་པ། 2.ཡིད་ཆེས་པ་སྟེ། (དཔེར་ན།) མི་དམངས་ལ་བློ་གཏད་བློ་རྩེ་གཏད་ལྟ་བུ། |
| གཏད་གཉེར |
གཉེར་གཏད་དམ་ལས་བཅོལ། |
| གཏད་དཀར་འགྲོ་བཟང་མ |
ལྷ་མོ་ཚེ་རིང་མཆེད་ལྔའི་ཡ་གྱལ་ཞིག |
| གཏད་པ |
སྦྱིན་པའམ་སྤྲོད་པའི་དོན་དུ་གོ་བའི་གཏོད་པའི་འདས་པ་དང་མ་འོངས་པ། |
| གཏད་པ་ལས་བྱུང་བའི་སྤང་བ |
སྤང་ལྟུང་སུམ་ཅུའི་ནང་གསེས། སྦྱིན་བདག་གིས་གཏད་པའི་དབྱར་གྱི་རྙེད་པ་དབྱར་མཚམས་ཀྱི་ནང་དུ་ལོངས་སྤྱོད་པའོ། ། |
| གཏད་མེད |
འདི་ཡིན་འདི་མིན་གྱི་གཏད་སོ་མེད་པའམ། ཆ་འཇོག་བྱེད་མི་རུང་བའི་དོན་ཏེ། (དཔེར་ན།) ལས་ཀ་གཏད་མེད་ཆོ་མེད་ཅིག་མ་བྱེད་ཅེས་པ་ལྟ་བུ། |
| གཏད་རབས |
1.གཅིག་ནས་གཅིག་ཏུ་རིམ་གྱིས་སྤྲད་པའི་རྒྱུན། 2.སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པ་གཏད་སའི་བརྒྱུད་འཛིན་གྱི་རབས། |
| གཏད་རབས་བདུན |
སྔར་རྒྱལ་བསྟན་དགྲ་བཅོམ་པ་གཅིག་ནས་གཅིག་ཏུ་སྤྲད་པའི་བྱུང་རིམ་འོད་སྲུང་དང༌། ཀུན་དགའ་བོ། ཤ་ནའི་གོས་ཅན། ཉེ་སྦས། དྷཱི་ཏི་ཀ། ནག་པོ། ལེགས་མཐོང་ཆེན་པོ་སྟེ་བདུན། |
| གཏད་རྒྱ |
གཏེར་སྲུང་ལ་གཉེར་དུ་གཏད་པ། |
| གཏད་ལེན |
སྤྲོད་ལེན། ལས་བྱེད་གསར་རྙིང་ཕན་ཚུན་སྤྱི་དངོས་གཏད་ལེན་བྱེད། |
| གཏད་ས |
1.བློ་གཏད་ས། 2.དངོས་པོ་སྤྲོད་ས། 3.མདའ་དང་མེ་མདའ་སོགས་ཁ་གཏད་ས། |
| གཏད་ས་བཞི |
བཀའ་གདམས་པ་གོང་མའི་ཐུགས་བཅུད་ཕུགས་ནོར་བཅུའི་ནང་གསེས་ཤིག་བློ་ཕུགས་ཆོས་ལ་གཏད། ཆོས་ཕུགས་སྤྲང་ལ་གཏད། སྤྲང་ཕུགས་ཤི་ལ་གཏད། ཤི་ཕུགས་གྲོག་པོ་སྐམ་པོ་ལ་གཏད་ཅེས་པའི་གཏད་ས་བཞིའོ། ། |
| གཏད་སོ |
བློ་རྩེ་གཏད་ཡུལ་དང་ཆ་འཇོག་ས་སྟེ། (དཔེར་ན།) གཏད་སོ་མེད་པའི་མི། དམིགས་པ་གཏད་སོ་ཞེས་པ་ལྟ་བུ། |
| གཏན |
1.དུས་གནས་སྐབས་ཙམ་མིན་པ་སྟེ། (དཔེར་ན།) ནམ་ཞག་གཏན་དུ་མིག་ལྟོས་ཡར་ལྟ་བྱེད། གཏན་དུ་འཚོ་ཞིང་གཞེས། གཏན་དུ་བདེ་བ་ཐོབ་ལྟ་བུ།2.རྩ་བའམ་ནམ་ཡང༌ཞེས་པའི་དོན་ཏེ། (དཔེར་ན།) གཏན་ནས་མེད། འགོག་ཐབས་གཏན་ནས་མེད་པ། མཐུན་ཐབས་གཏན་ནས་མི་བྱེད་པ། སྔ་མ་དང་གཏན་ནས་མི་འདྲ་ཞེས་པ་ལྟ་བུ། 3.ཡུན་རིང་བའམ་ཕུགས་ཀྱི་དོན་ཏེ། (དཔེར་ན།) གཏན་གྱི་གྲོགས་པོ། གཏན་གྲོགས། གཏན་གྱི་འདུན་མ། གཏན་འདུན། གོར་ནད་གཏན་མེད་དུ་བཏང་ལྟ་བུ། ལག་ལེན་གྱི་ཉམས་མྱོང་རྣམས་གཏན་ནས་མ་བརྗེད་ལྟ་བུ། 3.(བྱེད་འབྲེལ་ལས་ཚིག) སྒོ་དམ་པོ་བྱས་པའི་དོན་ཏེ། (དཔེར་ན།) སྒོ་གཏན་ཞེས་པ་ལྟ་བུ། |
| གཏན་ཁེལ |
ཐག་བཅད་པའམ་ངེས་ཅན་བྱེད་པའི་བྱ་སྤྱོད་ཀྱི་མིང་སྟེ། (དཔེར་ན།) སློབ་སྦྱོང་གི་དུས་གཏན་ཁེལ་བྱས་ལྟ་བུ། |
| གཏན་ཁེལ |
ཐག་ཆོད་པའི་དོན། (དཔེར་ན།) བྱེད་ཕྱོགས་གཏན་ཁེལ་བ། འགྲོ་ལམ་གཏན་ཁེལ། དུས་ཚོད་གཏན་ཁེལ་ཞེས་པ་ལྟ་བུ། |
| གཏན་ཁྲ |
བཀའ་ཤོག་གཏན་ཚིགས་དང་ཁྲ་མའི་བསྡུས་ཚིག་སྟེ། (དཔེར་ན།) སྲིད་གཞུང་གི་གཏན་ཁྲ་ཡིག་རིགས་ཞེས་པ་ལྟ་བུ། |
| གཏན་ཁྲིམས |
དགེ་བསྙེན་དང་དགེ་ཚུལ་སོགས་རང་རང་གི་ཆོ་ག་ལ་བརྟེན་ནས་སྡོམ་པ་བླངས་ཏེ། དེ་དག་གི་སྡོམ་ཁྲིམས་ཇི་སྲིད་འཚོའི་བར་གཏན་དུ་སྲུང་བའི་ཁྲིམས། |
| གཏན་གཏན |
བརྟན་བརྟན་དང་འདྲ། |
| གཏན་གནས་མི་ནུབ |
དུས་ཡུན་དུ་གནས་ཤིང་མི་ཡལ་བའི་དོན་ཏེ། (དཔེར་ན།) མི་དམངས་ཀྱི་དཔའ་བོའི་སྙན་གྲགས་གཏན་གནས་མི་ནུབ་ཅེས་པ་ལྟ་བུ། |
| གཏན་གཡོག |
ཚེ་གང་སྡོད་དགོས་པའི་གཡོག་པོ། |
| གཏན་གྱི་དོན |
ཕུགས་ཀྱི་དོན་ཏེ། (དཔེར་ན།) ལས་དོན་གང་ཞིག་སྒྲུབ་ཀྱང་གཏན་གྱི་དོན་ལ་བསམ་བློ་གཏོང་དགོས་ལྟ་བུ། |
| གཏན་གྱི་བསམ་བློ |
ཕུགས་དོན་གྱི་བསམ་བློ་སྟེ། (དཔེར་ན།) མི་སོ་སོའི་གཏན་གྱི་བསམ་བློ་གཏོང་སྟངས་མི་འདྲ་བ་རེད་ཅེད་ལྟ་བུ། |
| གཏན་གྱི་འདུན་མ |
ཕུགས་ཀྱི་བྱུས་སམ་རེ་འདུན་ཏེ། (དཔེར་ན།) གཏན་གྱི་འདུན་མ་སྒྲུབས་ཤིག་ཅེས་པ་ལྟ་བུ། |
| གཏན་གྲོགས |
ཚེ་གང་གི་མཛའ་གྲོགས་སམ་བཟའ་ཟླ། |
| གཏན་ཆགས |
གཏན་ཕེབས་སམ། རྒྱུན་དུ་གནས་པའི་དོན་ཏེ། (དཔེར་ན།) ཁུག་ཀྱོག་གི་ཡུལ་གྲུ་སོ་སོར་གཏན་ཆགས་སྡོད་པའི་མི། གནས་ཡུལ་གཏན་ཆགས་ཞེས་པ་ལྟ་བུ། |
| གཏན་དུ་བ |
རྟག་པ་དང་བརྟན་པ། འགྱུར་མེད་གཏན་དུ་བ། |
| གཏན་པ |
1.སྒོའི་ནང་ངོས་ནས་གནོན་བྱེད་ཨ་ཤིང༌གི་མིང་སྟེ། (དཔེར་ན།) སྒོའི་གཏན་པ་རྒྱོབ་ཅེས་པ་ལྟ་བུ།2.སྔར་གྱི་ཁྲིམས་ཆས་ཤིག |
| གཏན་པ་མེད་པའི་མཆོད་སྦྱིན |
རྒྱུན་ཆད་མེད་པའི་མཆོད་སྦྱིན་རྒྱ་ཆེན་པོ། |
| གཏན་པ་མེད་པའི་སྦྱིན་པ |
སློང་བ་པ་ལ་རྒྱུན་མ་ཆད་པར་ཕངས་པ་མེད་པར་སྦྱིན་པ་སྒོ་ལ་གཏན་པ་མེད་པར་གཏོང་བ་རྒྱ་ཆེན་པོའི་སྒོ་འཕར་ཕྱེ་བའོ། ། |
| གཏན་པ་སྲེ་བ་མེད་པའི་མཆོད་སྦྱིན |
དྲིན་གསོབ་ཡོང་སྙམ་པའི་བསམ་བློ་མེད་པའི་མཆོད་སྦྱིན། |
| གཏན་ཕེབས |
གཏན་ལ་ཕེབས་པ་དང་དོན་གཅིག |
| གཏན་བུ |
སྒོ་གནོན་ཏེ་སྒོ་འཕུལ་མི་ཐུབ་པ་བྱེད་པའི་ཡོ་བྱད། |
| གཏན་བོགས |
ལོ་ལྟར་གཏན་འཇགས་སུ་སྤྲོད་ལེན་བྱེད་པའི་བོགས་མ། |
| གཏན་མ |
ཕུགས་སམ། ཡུན་རིང༌གི་དོན་ཏེ། (དཔེར་ན།) ནམ་ཕུགས་གཏན་མའི་འཚོ་ཐབས་ཞེས་པ་ལྟ་བུ། |
| གཏན་མེད |
རྩ་བ་ནས་མེད་པའི་དོན་ཏེ། (དཔེར་ན།) གཉའ་གནོན་བཤུ་གཞོག་གི་ལམ་ལུགས་གཏན་མེད་བཟོས་པ། དགྲ་བོ་གཏན་མེད་དུ་བཏང་བ་ལྟ་བུ། |
| གཏན་མེད་དུ་འཇུག་པ |
རྟགས་ཏེ་གསལ་བ་ལ་མི་འཇུག་པ་གསལ་བ་དེའི་མཐུན་ཕྱོགས་སམ་མི་མཐུན་ཕྱོགས་གང་རུང་དང༌། གཉིས་ཀ་ལ་གཏན་ནས་མེད་པའོ། ། |
| གཏན་ཚིག |
1.གཏན་ལ་འབེབས་བྱེད་ཀྱི་ཚིག2.རྒྱུ་མཚན་སྟོན་པའི་ངག་གཏན་ཚིགས་ཀྱི་འབྲི་ཚུལ་གཞན་ཞིག |
| གཏན་ཚིགས |
1.དོན་གཏན་ལ་འབེབས་བྱེད་ཀྱི་ཚིག་ཕྲེང་གི་ཚིགས་སམ་དུམ་བུ་སྒྲུབ་བྱེད་དང༌། རྒྱུ་མཚན་ནོ། 2.གཞུང་དམ་འཁོད་པའི་བཀའ་ཤོག་གི་ཡི་གེ་ཁུངས་བཙན། |
| གཏན་ཚིགས་ཀྱི་ལྡོག་པ་ཅན |
ལྡོག་པ་ཅན་གྱི་རྒྱན་གྱི་ནང་གསེས་ཤིག་དཔེ་དང་དོན་གཉིས་བྱེད་ལས་ཀྱི་སྒོ་ནས་ཕན་ཚུན་ཧ་ལམ་མཚུངས་ཀྱང༌། མི་འདྲ་བའི་གཏན་ཚིགས་སམ། རྒྱུ་མཚན་གཅིག་གི་སྒོ་ནས་སོ་སོར་ལྡོག་པའི་རྒྱན། |
| གཏན་ཚིགས་གསུམ |
འབྲས་བུའི་རྟགས་དང༌། རང་བཞིན་གྱི་རྟགས་དང༌། མ་དམིགས་པའི་རྟགས་ཏེ་གསུམ་མོ། ། |
| གཏན་ཚིགས་ཆེན་པོ་ལྔ |
དབུ་མའི་ལྟ་བ་གཏན་ལ་འབེབས་བྱེད་ཀྱི་རྟགས་སམ་རྒྱུ་མཚན་ཆེན་པོ་ལྔ་གཅིག་དུ་བྲལ་གྱི་གཏན་ཚིགས་དང༌། རྡོ་རྗེ་གཟེགས་མའི་གཏན་ཚིགས་དང༌། ཡོད་མེད་སྐྱེ་འགོག་གི་གཏན་ཚིགས་དང༌། མུ་བཞི་སྐྱེ་འགོག་གི་གཏན་ཚིགས་དང༌། རྟེན་འབྲེལ་གྱི་གཏན་ཚིགས་བཅས་ལྔའོ། ། |
| གཏན་ཚིགས་ཐིགས་པ |
གཏན་ཚིགས་ཀྱི་ཐིགས་པའི་རབ་ཏུ་བྱེད་པ་ཞེས་པ། ཕྱོགས་ཆོས་དང་ཁྱབ་པ་སྤྱིར་གཏན་ལ་འབེབས་པའི་གཞུང༌། སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་སྡེ་བདུན་ལས་འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞིའི་གྲས་ཤིག |
| གཏན་ཚིགས་མཁར་རུ |
དུས་རབས་བཅུ་བདུན་པའི་འགོར་བོད་སྲིད་སྐྱོང་ཀརྨ་བསྟན་སྐྱོང་དབང་པོས་འདེགས་གཤོར་གྱི་དངོས་པོ་འཇལ་བྱེད་ཚད་གཞི་གཏན་འབེབས་བཟོས་པའི་འབོ་དང་རྒྱ་མ་རྣམས་ཀྱི་མིང༌། |
| གཏན་ཚིགས་འདྲེན་པ |
དམ་བཅས་པའི་ཚིག་སྔ་མར་རྒྱུ་མཚན་འདྲེན་པའི་ལྷག་བཅས་ཀྱི་སྒྲ་ཞིག་སྟེ། (དཔེར་ན།) མེ་ཡོད་དེ་དུ་བ་ཡོད་པའི་ཕྱིར་ཞེས་པ་ལྟ་བུ། |
| གཏན་ཚིགས་ཡང་དག |
སྒྲུབ་བྱེད་ཀྱི་རྟགས་ཡང་དག |
| གཏན་ཚིགས་རིག་པ |
རིག་པའི་གནས་ལྔའི་ཡ་གྱལ། དོན་གྱི་འཁྲུལ་བ་ཚར་གཅོད་པར་བྱེད་པ་ཚད་མ་རིག་པའོ། ། |
| གཏན་ཚིགས་རིགས་པ |
ཡུལ་ལྐོག་གྱུར་འཇལ་བྱེད་རྗེས་དཔག་གི་གཞིའམ་རྟེན་དུ་གྱུར་པའི་རྟགས་ཀྱི་རིགས་པའོ། ། |
| གཏན་ཚིགས་ལྟར་སྣང |
ཚུལ་གསུམ་མ་ཚང་བ་འགལ་མ་ངེས་མ་གྲུབ་གསུམ་གང་རུང་གི་སྐྱོན་དང་ལྡན་པའི་རྟགས། (དཔེར་ན།) བྱས་རྟགས་ཀྱིས་སྒྲ་རྟག་པར་བསྒྲུབ་པ་ལྟ་བུའོ། ། |
| གཏན་ཚིགས་ལྟར་སྣང་གསུམ |
འགལ་བའི་གཏན་ཚིགས་དང༌། མ་ངེས་པའི་གཏན་ཚིགས་དང༌། མ་གྲུབ་པའི་གཏན་ཚིགས་ཏེ་གསུམ་མོ། ། |
| གཏན་ཚིགས་ས་བོན |
བཀའ་ཤོག་གི་འཆར་གཞིའམ་ཟིན་བྲིས། |
| གཏན་འཁྱོལ |
ཕུགས་འཁྱོལ་བའི་དོན་ཏེ། (དཔེར་ན།) ལས་ཀ་འགོ་བརྩམས་ནས་མཇུག་མ་ཚར་བར་འབད་བརྩོན་གཏན་འཁྱོལ་སྙུག་བསྲིང་བྱེད་དགོས་ཞེས་པ་ལྟ་བུ། |
| གཏན་འཇགས |
རྒྱུན་དུ་གནས་པའི་དོན་ཏེ། (དཔེར་ན།) སྔར་བཞིན་གཏན་འཇགས་སུ་གནས་ཡོད་ཅེས་པ་ལྟ་བུ། |
| གཏན་འཇགས་གླ་པ |
དུས་རྒྱུན་དུ་མི་ཚང་ངེས་ཅན་ཞིག་ནས་ལས་གླ་བླངས་ཏེ་གཡོག་རྒྱུག་དགོས་མཁན། |
| གཏན་འཇགས་ལམ་ཡིག |
སྔར་བོད་ཀྱི་སྲིད་གཞུང་གིས། གཞུང་སྒེར་གྱི་དངོས་ཟོག་སྐྱེལ་འདྲེན་ནམ་དགོས་དུས་དེ་འཕྲལ་རྟ་ཁལ་སྐུལ་འདེད་ཆོག་པའི་རྒྱུན་གཏན་ལག་འཁྱེར་བཀའ་ཤོག |
| གཏན་འབེབས |
ཕུགས་འཕེར་ཐག་གཅོད་ཀྱི་དོན་ཏེ། (དཔེར་ན།) གསར་དུ་གཏན་འབེབས་བྱས་པ། འཆར་གཞི་འདི་ད་རེས་ཚོགས་ཆེན་ཐོག་གཏན་འབེབས་བྱུང་བ་ཞིག་རེད་ཅེས་པ་ལྟ་བུ། |
| གཏན་རྒྱུག་འུ་ལག |
དུས་རྟག་པར་ལས་ལ་བཀོལ་བའི་འུ་ལག |
| གཏན་ལ་དབབ་པ་བསྡུ་བ |
འཕགས་པ་ཐོགས་མེད་ཀྱིས་མཛད་པའི་སེམས་ཙམ་པའི་གཞུང་ས་སྡེ་ལྔའམ་རྣལ་འབྱོར་སྤྱོད་པའི་སའི་ཡ་གྱལ་ཞིག |
| གཏན་ལ་ཕབ་པའི་སྡེ |
གསུང་རབ་ཡན་ལག་བཅུ་གཉིས་ཀྱི་བཅུ་གཉིས་པ་ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་རྒྱས་པར་སྟོན་པ། (དཔེར་ན།) ཆོས་མངོན་པའི་སྡེ་སྣོད་ལྟ་བུ། |
| གཏན་ལ་ཕབ་པར་བསྟན་པའི་སྡེ |
གཏན་ལ་ཕབ་པའི་སྡེ་དང་དོན་གཅིག |
| གཏན་ལ་ཕེབས་པ |
ཐག་བཅད་དེ་ཆོད་པའི་དོན་ཏེ། (དཔེར་ན།) ཚོང་ཁྲོམ་གྱི་ཉོ་ཐང་ཚང་མ་ཉག་སྲང་ཚད་མས་གཏན་ལ་ཕེབས་པ་ལྟ་བུ། |
| གཏན་ལ་འབེབ |
དཔྱད་པ་བཏང་བའམ་གྲོས་བྱས་ནས་ཐག་གཅོད་པའི་དོན། (དཔེར་ན།) བཟང་ངན་གཏན་ལ་འབེབ་པ། སྒྲིག་ལམ་གཏན་ལ་ཕབ། གཏན་ལ་དབབ་དགོས། གཏན་ལ་ཕོབས་ཤིག་ལྟ་བུ། |
| གཏན་ལ་འབེབས་པ |
ཐག་གཅོད་པའི་དོན་ཏེ། (དཔེར་ན།) དཔྱད་བདར་གྱིས་གཏན་ལ་འབེབས་པ་ཞེས་པ་ལྟ་བུ། |
| གཏན་ལ་འབེབས་པའི་དཔེ |
དཔེའི་རྒྱན་གྱི་ནང་གསེས་ཤིག་དཔེ་དོན་གང་ཡིན་ཁྱད་པར་འབྱེད་དཀའ་ཡང༌། རྒྱུ་མཚན་གྱི་ངེས་ཚིག་ཡང་དག་སྒོ་ནས་མ་ནོར་བར་སོ་སོར་ངེས་པ་རྙེད་པའི་རྒྱན་ཞིག |
| གཏན་ལེགས |
དུས་ནམ་ཡང་ཡག་པོའི་དོན་ཏེ། (དཔེར་ན།) གཏན་ལེགས་ཀྱི་བྱ་བ་ཞེས་པ་ལྟ་བུ། |
| གཏན་ཤིང |
སྒོ་གཏན་བྱེད་ཀྱི་དབྱུག་པའི་མིང་། |
| གཏན་སྡོད |
རྒྱུན་དུའམ་རྟག་ཏུ་སྡོད་པའི་དོན་ཏེ། (དཔེར་ན།) གྲོང་ཁྱེར་ནང་དུ་གཏན་སྡོད་ཀྱི་མི་འབོར་ཅི་ཙམ་ཡོད་ཅེས་པ་ལྟ་བུ། |
| གཏམ |
1.བརྗོད་པའམ་སྐད་ཆ་སྟེ། (དཔེར་ན།) སྙིང་གཏམ། གསང་གཏམ། བླུན་གཏམ། ཚོགས་གཏམ། དཔྱད་གཏམ། གཏམ་སྔོག་པ། གཞན་གྱི་གཏམ་ལ་རྣ་བ་གཏད་དེ་ཉོན། བུ་སྐྱེས་པ་ལ་མིང༌། ཆང་དྲངས་པ་ལ་གཏམ། མི་རྣམས་ཐམས་ཅད་ཕྱུག་པོའི་བུ་ལ་དགའ། གཏམ་རྣམས་ཐམས་ཅད་འདོད་པའི་ཕྱོགས་སུ་འགྲོ། ཕོ་རོག་ཤ་ཁྱེར་ལུང་པའི་ཕུ་དང༌། སྤྲང་པོ་གཏམ་ཁྱེར་ལུང་པའི་མདའ། མི་ཁོམ་པ་བརྒྱད་ཀྱི་གཏམ་ཞེས་པ་ལྟ་བུ། 2.མིང་གྲགས་ཀྱི་དོན་ཏེ། (དཔེར་ན།) རོ་ས་འོག་ཏུ་སོང་ཡང༌། གཏམ་ས་སྟེང་དུ་སྡོད་ཅེས་པ་ལྟ་བུ།3.(བྱེད་འབྲེལ་ལས་ཚིག) མ་འོངས་པ་དང་ད་ལྟ་བ། བཅོལ་བ་དང་གདམས་པའི་ད་ལྟའི་འབྲི་སྲོལ་གཞན་ཏེ། (དཔེར་ན།) གྲོགས་སུ་གཏམ་དགོས། ལས་ཀ་ལས་རོགས་གཏམ་དགོས་ལྟ་བུ། |
| གཏམ་ཁུངས་མ |
སྐད་ཆ་ཁུངས་བཙུན། |
| གཏམ་གཞན་འཕྲོ་བ |
སྐད་ཆའི་རྩ་བ་ལས་ཡན་ལག་མཆེད་པ་སྟེ། (དཔེར་ན།) ཞིང་ལས་ཐོན་སྐྱེད་ཀྱི་གྲོས་བསྡུར་བྱེད་བཞིན་དུ་བཟོ་ལས་རྒྱ་སྐྱེད་གཏོང་རྒྱུའི་གཏམ་གཞན་འཕྲོ་བ་ལྟ་བུ། |
| གཏམ་གཞི |
སྐད་ཆའི་རྩ་བ། |
| གཏམ་གྱི་གླེང་གཞི |
སྐད་ཆའི་འབྱུང་གཞི། |
| གཏམ་གྱི་ཉེས་པ |
གཏམ་ནོར་བའམ་ཚིག་སྐྱོན། |
| གཏམ་གྱི་དངོས་པོ |
གཏམ་གྱི་དོན་ཏེ། (དཔེར་ན།) གཏམ་གྱི་དངོས་པོ་ལས་དོན་བྱུང་བ་ལྟ་བུ། |
| གཏམ་གྱི་བདུད་རྩི |
གཏམ་རྣ་བར་འཇེབས་ལ་དོན་དང་ལྡན་པ་བདུད་རྩི་འདྲ་བ། |
| གཏམ་གྱི་འབྱུང་གནས |
(མངོན་བརྗོད།) ཁ། |
| གཏམ་གྱོང་པོ |
1.ཁེངས་དྲེགས་ཀྱི་སྐད་ཆ་རྩིང་པོའི་དོན་ཏེ། (དཔེར་ན།) ང་རྒྱལ་གྱིས་རྒྱུད་བརླམས་ཏེ་གཏམ་གྱོང་པོ་ཤ་སྟག་བཤད་ཅེས་པ་ལྟ་བུ།2.གཉའ་མི་ཆག་པའི་སྐད་ཆ་སྟེ། (དཔེར་ན།) ཁོ་ལ་སྡིགས་སྟངས་ཇི་ལྟར་བྱས་ཀྱང་ད་དུང་གཏམ་གྱོང་པོ་ཁོ་ན་བཤད་ཀྱི་འདུག་ལྟ་བུ། |
| གཏམ་གླེང |
འཕྲོས་མོལ་ཏེ། (དཔེར་ན།) དགའ་སྤྲོའི་གཏམ་གླེང་བྱུང་ཞེས་པ་ལྟ་བུ། |
| གཏམ་ངན |
1.སྐད་ཆ་ངན་པའི་དོན་ཏེ། (དཔེར་ན།) མི་ངན་ཁ་ནས་གཏམ་ངན་འབྱུང༌ཞེས་པ་ལྟ་བུ། 3.མིང་ངན་པ་སྟེ། (དཔེར་ན།) སྒེར་སེམས་ཅན་ལ་གཏམ་ངན་འཁོར་ཞེས་པ་ལྟ་བུ། |
| གཏམ་ངན་མི་ཁ |
ཊམིང་ངན་ཆགས་པའམ་འཁོར་བ་སྟེ། (དཔེར་ན།) ཚུལ་མིན་བྱ་སྤྱོད་བྱས་ན་གཞན་གྱི་གཏམ་ངན་མི་ཁ་ཟུག་ཡོང༌ཞེས་པ་ལྟ་བུ། |
| གཏམ་ངོ་ལྐོག་ཅན |
མདུན་རྒྱབ་མི་མཐུན་པའི་སྐད་ཆ། |
| གཏམ་ཅི་གྲག |
1.སྐད་ཆ་ག་རེ་ཐོས། 2.སྐད་ཆ་ཐོས་ཚད། |
| གཏམ་ཅོལ |
དོན་མེད་གང་བྱུང་གི་གཏམ། |
| གཏམ་ཆད |
1.སྐད་ཆའི་འཕྲོ་སྐྱོང་མ་ཐུབ་པར་ཆད་པ་སྟེ། (དཔེར་ན།) ཐོག་མར་སྐད་ཆ་མང་པོ་བཤད་ནས་མཇུག་ཏུ་གཏམ་ཆད་པ་རེད་ཅེས་པ་ལྟ་བུ།2.རྗེས་ཀྱི་བྱེད་སྟངས་ལ་ཁ་དན་བཞག་པ་སྟེ། (དཔེར་ན།) ཕན་ཚུན་རོགས་རེས་བྱ་རྒྱུའི་གཏམ་ཆད་བྱེད་ཅེས་པ་ལྟ་བུ། |
| གཏམ་ཉོག |
དོན་མེད་པའི་སྐད་ཆ་སྟེ། (དཔེར་ན།) བརྗོད་བྱའི་དོན་དང་མི་ལྡན་པའི་གཏམ་ཉོག་ཁོ་ན་བཤད་ཅེས་པ་ལྟ་བུ། |
| གཏམ་ཐོན་པ |
སྐད་ཆ་ཤོར་བའི་དོན་ཏེ། (དཔེར་ན།) ཅི་འཕྲོས་མོལ་འཕྲོས་ཀྱི་ཞོར་ལ་དོན་གནད་ཆེ་རིགས་ཀྱི་གཏམ་ཐོན་པ་ཞེས་པ་ལྟ་བུ། |
| གཏམ་ཐོས་པ |
སྐད་ཆ་ཐོས་པའི་དོན་ཏེ། (དཔེར་ན།) བློ་ལ་མི་འབབ་པའི་གཏམ་ཐོས་པ་ཙམ་གྱིས་ཞེ་འགྲས་པ། ལས་དོན་འགྲུབ་ཚུལ་གྱི་གཏམ་ཐོས་པ་ཞེས་པ་ལྟ་བུ། |
| གཏམ་དཔེ |
དཔེ་ལ་སྦྱར་ནས་དོན་སྟོན་པའི་ཚིག་སྦྱོར་གྱི་རྣམ་པ་ཞིག་གི་མིང་། |
| གཏམ་དོན་འདྲིལ་བ |
གཏམ་དང་དོན་གནད་གཅིག་ཏུ་འདྲིལ་བའི་དོན་ཏེ། (དཔེར་ན།) གྲོས་བསྡུར་བྱས་པའི་སྙིང་པོ་གཏམ་དོན་འདྲིལ་བ་གལ་ཆེ་ཞེས་པ་ལྟ་བུ། |
| གཏམ་པ |
(བྱེད་འབྲེལ་ལས་ཚིག) 1.བརྗོད་པའི་དོན་དུ་གོ་བའི་གཏམ་པའི་ད་ལྟ་བའི་བྱ་མིང་།2.གཞན་དུ་འཆོལ་བའི་དོན་དུ་གོ་བའི་འདམ་པའི་མ་འོངས་པ། |
| གཏམ་པད་མའི་ཚལ་གྱི་ཟློས་གར |
རབ་བྱུང་བཅུ་བཞི་པས་རྫོགས་ཆེན་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོས་མཛད་པའི་སྙན་ངག་གི་གཏམ་ཞིག་ལྷ་ཆོས་དང་མཐུན་པའི་གཏམ་པད་མའི་ཚལ་གྱི་ཟློས་གར་ཞེས་བྱ་བ་བརྗོད་བྱ་སྔོན་འགྲོའི་ཉམས་ལེན་གྱི་རིམ་པ་དང༌། ཆོས་དང་ཆོས་མིན་གྱི་དབྱེ་བ་སོགས་རྗོད་བྱེད་ཚིག་བཅད་ལྷུག་སྤེལ་མའི་སྙན་ངག་གི་གཏམ་ཕལ་སྐད་གོ་བདེ་བའི་ཚིག་ཏུ་བསྡེབས་ནས་བརྩམས་པའི་གཞུང་ཞིག་ཉེ་ཆར་ལོ་ཙཱ་བ་ཀྲུའུ་ཝེ་ཧན་མཆོག་གིས་རྒྱ་ཡིག་ཏུ་བསྒྱུར་པའོ། ། |
| གཏམ་བཟང |
འཕྲིན་ནམ་སྐད་ཆ་ཡག་པོ་སྟེ། (དཔེར་ན།) ཚང་མ་ནང་གཤིན་བདེ་ཐང་ཡིན་ལུགས་ཀྱི་གཏམ་བཟང་ཐོས་ཞེས་པ་ལྟ་བུ། |
| གཏམ་བཤེར |
1.སྐད་ཆར་བརྟག་ཞིབ་བྱེད་པའི་དོན་ཏེ། (དཔེར་ན།) གཏམ་བཤེར་བྱས་ནས་བདེན་རྫུན་ཤེས་ཞེས་པ་ལྟ་བུ།2.གཏམ་འགྲན་སྡུར་བྱེད་པ། |
| གཏམ་བསྒྲགས |
སྐད་ཆ་བཤད་པ་དང༌། ཡིག་རིགས་བཀླགས་པའི་དོན་ཏེ། (དཔེར་ན།) གསར་འགྱུར་ནང་དུ་གཏམ་བསྒྲགས་པ་ལྟ་བུ། |
| གཏམ་མ |
གྲངས་གནས་ཤིག |
| གཏམ་མགྱོགས་པོ |
སྨྲ་ལྕེ་བདེ་པོ་སྟེ། (དཔེར་ན།) ཕྲུ་གུ་དེ་གཏམ་མགྱོགས་པོར་བཤད་ཐུབ་མཁན་ཞིག་རེད་ཅེས་པ་ལྟ་བུ། |
| གཏམ་མཇུག་བཅད་པ |
1.སྐད་ཆའི་མཇུག་མ་བཤད་པར་རང་གིས་མཚམས་བཅད་པ། 2.གཞན་གྱིས་གཏམ་མཇུག་ཤོད་དུ་མ་བཅུག་པར་མཚམས་བཅད་པ། |
| གཏམ་མྱུར་བ |
སྨྲ་ལྕེ་བདེ་པོའི་དོན་ཏེ། (དཔེར་ན།) སྨྲ་ལྕེ་བདེ་པོས་བཤད་པའི་གཏམ་མྱུར་དྲགས་པས་ཚིག་དོན་ཧ་ཅང་གསལ་པོ་རང་གོ་ཐུབ་ཀྱི་མི་འདུག་ཅེས་པ་ལྟ་བུ། |
| གཏམ་ཚོགས |
རྒྱལ་བློན་དང༌། བླ་གྲྭ། འབངས་འཁོར་སོགས་ཡུལ་མཆོག་དམན་བར་གསུམ་ལ་རང་རང་གི་ངོ་སྐལ་དང་འཚམ་པར་སྤང་བླང་གི་བསླབ་བྱ་རྣམས་ཚིག་བཅད་ལྷུག་ཅི་རིགས་ཀྱིས་གཏམ་དུ་བྱས་པའི་གསུང་སྐོར་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་ཞིག |
| གཏམ་འཁྱམས |
སྐད་ཆ་ཁུངས་མེད་དེ། (དཔེར་ན།) རྒྱུ་མཚན་འདི་ཡིན་ཤོད་རྒྱུ་མེད་པའི་གཏམ་འཁྱམས་ལ་ཡིད་ཆེས་མི་རུང༌ཞེས་པ་ལྟ་བུ། |
| གཏམ་འཁྱར |
གཅིག་ནས་གཅིག་ཏུ་མཆེད་པའི་སྐད་ཆའམ། ཁུངས་མེད་ཀྱི་གཏམ། |
| གཏམ་འགོ་ལས་མཇུག |
མཐའ་སྐྱེལ་དགོས་པའི་གཏམ་དཔེ་སྟེ། (དཔེར་ན།) ལས་དོན་བྱེད་སྒོ་གང་ཡོད་གཏམ་འགོ་ལས་མཇུག་མཐའ་འཁྱོངས་བྱེད་དགོས་ཞེས་པ་ལྟ་བུ། |
| གཏམ་འགྲིག་པ |
ཕན་ཚུན་གླེང་གཏམ་འདུམ་པའི་དོན་ཏེ། (དཔེར་ན།) ཕན་ཚུན་རྩོད་གླེང་གི་གཏམ་འགྲིག་པའི་ཆོད་དོན་བཞག་སོང༌ཞེས་པ་ལྟ་བུ། |
| གཏམ་འཆལ |
ཁུངས་མེད་ཀྱི་གཏམ་སྟེ། (དཔེར་ན།) གཏམ་འཆལ་བཤད་ན་ཁུངས་མི་འཁྱོལ་ཞེས་པ་ལྟ་བུ། |
| གཏམ་འདོད |
རང་ལ་གཏམ་སྙན་ཡོང་འདོད་དེ། (དཔེར་ན།) མི་དེ་གཏམ་འདོད་ཆེན་པོ་ཞིག་ཡིན་པས་ངོ་བསྟོད་ལ་ཧ་ཅང་དགའ་པོ་འདུག ཡིན་ལུགས་དངོས་དང་མ་འབྲེལ་བའི་གཏམ་འདོད་བཤད་པ་ཞེས་པ་ལྟ་བུ། |
| གཏམ་འདྲི |
སྐད་ཆ་འདྲི་བ་སྟེ། (དཔེར་ན།) བདེ་འཚམས་ཀྱི་གནས་ཚུལ་གཏམ་འདྲི་བྱེད་པ་ཞེས་པ་ལྟ་བུ། |
| གཏམ་འདྲེས |
1.སྐད་ཆའི་དོན་དག་དབྱེ་བ་མ་ཆོད་པ། 2.(བརྡ་རྙིང་།) མཐུན་པའི་ཚིག་གིས་ཕན་ཚུན་སྨྲ་རེས་བྱུང་བ། |
| གཏམ་འཕྱར་རྒྱག་གདེང་གསུམ |
དགོས་པ་དང་བསྟུན་པའི་བཤད་ཚུལ་འཇམ་རྩུབ་སོགས་ཀྱི་དཔེ། |
| གཏམ་འབྲེལ་ཆགས་པ |
སྐད་ཆ་སྔ་ཕྱི་ནང་འགལ་མེད་པ་སྟེ། (དཔེར་ན།) བསམ་འཆར་གྱི་གཏམ་འབྲེལ་ཆགས་པ་ཞིག་བཤད། ཚིག་འཇམ་པོའི་སྒོ་ནས་གཏམ་འབྲེལ་ཆགས་པ་ཞིག་བཤད་ཅེས་པ་ལྟ་བུ། |
| གཏམ་རྒྱལ་བ |
རྩོད་གླེང་བརྒྱབ་ནས་རྒྱལ་ཁ་ཐོབ་པ་ཁྲིམས་སར་ཁ་མཆུ་རྩོད་རེས་བྱས་ནས་གཏམ་རྒྱལ་བ། མིང་གི་རྣམ་གྲངས་ལ་ཁ་རྒྱལ་བ་དང༌། རྩོད་པ་ཐོབ་པ། ཤགས་རྒྱལ་བ་བཅས་སོ། ། |
| གཏམ་རྒྱུད |
སྔོན་བྱུང་གི་ལོ་རྒྱུས་བཤད་རྒྱུན་ཏེ། (དཔེར་ན།) དམངས་ཁྲོད་ཀྱི་གཏམ་རྒྱུད། རྒྱ་མཚོའི་གཏམ་རྒྱུད། བྱ་སྤྲེལ་གཏམ་རྒྱུད་ཅེས་པ་ལྟ་བུ། |
| གཏམ་རྒྱུད |
དམངས་ཁྲོད་ཀྱི་ངག་རྒྱུན་ལ་གྲགས་པའི་ལོ་རྒྱུས་དང་སྒྲུང་སོགས་ཀྱི་སྤྱི་མིང་། |
| གཏམ་རྒྱུན |
1.སྔར་གྱི་བཤད་རྒྱུན།2.སྐད་ཆའམ་ངག་གི་རྒྱུན། |
| གཏམ་རྡུགས་པ |
སྐད་ཆ་ཟད་པའི་དོན་ཏེ། (དཔེར་ན།) སེམས་ལ་སྔངས་སྐྲག་སྐྱེས་ཏེ་ཁ་ནས་གཏམ་རྡུགས་པ་ཞེས་པ་ལྟ་བུ། |
| གཏམ་རླུང་ལ་སྐུར་བ |
གཞན་ཞིག་བརྒྱུད་ནས་སྐད་ཆ་གོ་བར་བྱེད་པ་སྟེ། (དཔེར་ན།) གཅིག་ནས་གཅིག་ཏུ་བརྒྱུད་དེ་གཏམ་རླུང་ལ་སྐུར་བ། གང་བྱུང་གིས་གཏམ་རླུང་ལ་བསྐུར་བ་ལས་དངོས་སུ་བཤད་པ་ལེགས་ཞེས་པ་ལྟ་བུ། |
| གཏམ་ལན |
སྐད་ཆའི་ལན་པོ་སྟེ། (དཔེར་ན།) གཏམ་ལ་གཏམ་ལན་མེད་ན་ལྐུགས་པ། ཟས་ལ་ཟས་ལན་མེད་ན་སྤྲང་པོ་ཞེས་པ་ལྟ་བུ། |
| གཏམ་ལྕེབས |
གཞན་གྱི་སྐད་ཆའི་བཤད་འཕྲོ་ཕྲོགས་ཏེ་རང་གིས་བཤད་པ་སྟེ། (དཔེར་ན།) གཞན་གྱིས་སྐད་ཆ་བཤད་པའི་སྒང་ལ་གཏམ་ལྕེབས་བྱས་ནས་གྲོས་དོན་འཐོར་རྐྱེན་བྱས་ཞེས་པ་ལྟ་བུ། |
| གཏམ་ལྡིབ |
སྐད་ཆའི་ཚིག་མི་གསལ་བ་སྟེ། (དཔེར་ན།) མི་ལྕེ་དིག་གིས་བཤད་པའི་གཏམ་ལྡིབ་ཀྱིས་བརྡ་དོན་མི་འཕྲོད་ཅེས་པ་ལྟ་བུ། |
| གཏམ་ལྷུ་འགྲིག་པོ |
གཏམ་སྔ་ཕྱི་འབྲེལ་ཆགས་པོ་སྟེ། (དཔེར་ན།) ཐོག་མཐའ་བར་གསུམ་གྱི་བརྗོད་གཏམ་ལྷུ་འགྲིག་པོ་བྱུང་སོང༌ཞེས་པ་ལྟ་བུ། |
| གཏམ་སྐྱེལ་བ |
1.བང་ཆེན་ནམ་ཕོ་ཉ། 2.ནང་གཏམ་ཕྱི་ལ་ཤོད་པ།3.ངག་སྐྱེལ་བའི་བྱ་མིང་། |
| གཏམ་སྙན |
རྣ་བར་འགྲོ་བའི་ཚིག་གམ་བཀྲ་ཤིས་པའི་སྐད་ཆ་སྟེ། (དཔེར་ན།) ཤ་ཚའི་ཁ་ནས་གཏམ་སྙན་མི་ཐོན། གཏམ་སྙན་ཐོས་ན་དགའ་ཞིང་སྤྲོ་བ་འཕེལ་ཞེས་པ་ལྟ་བུ། |
| གཏམ་སྟོང |
སྙིང་པོ་མེད་པའི་གཏམ། |
| གཏམས |
གྲངས་གནས་ཤིག |
| གཏམས |
(བྱེད་འབྲེལ་ལས་ཚིག) 1.གཏམ་གྱི་འདས་པ། (དཔེར་ན།) ལས་རོགས་གཏམས་ནས་རྩིག་པ་བརྒྱབ་ལྟ་བུ། སྐུལ་ཚིག་ལ་ཐོམས་འབྲི་བའང་ཡོད། 2. མར་འབེབས་པའམ་གཅོག་འཕྲི་བྱས་པའི་དོན་ཏེ། (དཔེར་ན།) ཚོང་ཟོང་གི་རིན་གོང་གཏམས་ནས་ཉོས་ལྟ་བུ། སྐུལ་ཚིག་ལ་གཏོམས་ཟེར་བའང་ཡོད། |
| གཏམས་པ |
(བྱེད་མེད་ལས་ཚིག) 1.འགེངས་པའི་དོན་ཏེ། (དཔེར་ན།) བང་མཛོད་ནོར་གྱིས་གཏམས་ལྟ་བུ། 2.གཏོད་པའི་དོན་དུ་གོ་བའི་གཏམ་པའི་འདས་པ།3.གཅོག་འཕྲིའི་དོན་དུ་གོ་བའི་གཏམས་པའི་བྱ་མིང་། |
| གཏའ |
1.(བརྡ་རྙིང་།) བརྒྱབ་པའམ། བརྡེགས་པའམ་བརྡུངས་པ།2.ཁག་ཐེག་གམ་དཔང་པོར་བཞག་པའི་དོན་ཏེ། (དཔེར་ན།) ཅ་ལག་གཏའ་མར་བླངས་ནས་དངུལ་བུན་བཏང་ལྟ་བུ། |
| གཏའ་གཏོར |
ལྷ་ལ་འབུལ་བའི་མཆོད་གཏོར་གྱི་བྱེ་བྲག་ཅིག |
| གཏའ་གམ་པ |
1.(བརྡ་རྙིང་།) ཆུང་ངུའི་དུས་ནས་ལང་ཚོ་ཉམས་ཏེ་སྟོབས་ཤུགས་མེད་པའི་མི། 2.བུ་ལོན་ཡོད་པའི་མི། |
| གཏའ་ཉིས་རི་བ |
བུ་ལོན་གྱི་དམིགས་རྟེན་རིན་ཐང་ལྡབ་རི་བ། |
| གཏའ་བཅོས |
རྩིས་ཀྱི་རིམ་གྲོའི་འཆོས་ཐབས་ཤིག |
| གཏའ་མ |
བུ་ལོན་འཇལ་རྒྱུའི་དམིགས་རྟེན་ཏེ། (དཔེར་ན།) དངོས་པོ་རྒྱན་ཆ་གཏའ་མར་འཇོག་པ། མི་གཏའ་མར་འཇོག་པ་ཞེས་པ་ལྟ་བུ། |
| གཏའ་མ་བླུ་བ |
བུ་ལོན་གཡར་སྐབས་བཞག་པའི་དངོས་པོ་དངུལ་སྤྲད་ནས་ཚུར་ལེན་པ། |
| གཏའ་མ་འདས་པ |
བུ་ལོན་གྱི་གཏའ་མ་ཁ་ཆད་ཀྱི་དུས་ལས་བརྒལ་ཏེ་བུན་བདག་གིས་ཟ་བ། |
| གཏར |
(བྱེད་འབྲེལ་ལས་ཚིག) མ་འོངས་པ་དང་ད་ལྟ་བདང་འདས་པ། ནད་པའི་ལུས་ནས་ཁྲག་རྣག་ལེན་པའི་དོན་ཏེ། (དཔེར་ན།) སྐྲངས་པ་གཏར་བར་བྱ། གཏར་གྱིན་ཡོད། སྐྲངས་པ་གཏར་ནས་རྣག་ཐོན་ལྟ་བུ། |
| གཏར་ཀ |
གཏར་ཁ་དང་འདྲ། |
| གཏར་ཁ |
ཁྲག་རྩའི་གཏར་དམིགས་ཐོག་ཏུ་གཙག་བུ་བརྡེགས་ནས་ནད་ཁྲག་ཕྱིར་དབྱུང་བའི་ཐབས་ཤིག (དཔེར་ན།) ནད་པའི་ལག་སོར་ལ་གཏར་ཁ་རྒྱག གཏར་ག་འདེབས་ཞེས་པ་ལྟ་བུ། |
| གཏར་ཁྲག |
གཏར་དམིགས་ནས་ཕྱིར་དབྱུང་བའི་ཁྲག |
| གཏར་ག |
གཏར་ཁ་དང་འདྲ། |
| གཏར་དམིགས |
ཁྲག་གཏར་སའི་རྩ་དམིགས་ཏེ། (དཔེར་ན།) སྐྲ་མཚམས་ནས་སོར་བཞི་གཞལ་བས་ན་མཚོག་གསང་དང༌། གྲུ་མོ་ནས་སོར་བཞི་གཞལ་བས་ན་རུ་ཐུང་ལྟ་བུའོ། ། |
| གཏར་བ |
(བྱེད་འབྲེལ་ལས་ཚིག) ཁྲག་གཙགས་ནས་འདོན་པ་སྟེ། (དཔེར་ན།) ཁྲག་གཏར་མཁན་སྨན་པ་ཞིག་གིས་ནད་པའི་མགོ་ལ་ཁྲག་གཏར་སོང༌ཞེས་པ་ལྟ་བུ། |
| གཏར་བསྲེག |
ཁྲག་རྩའི་གཏར་དམིགས་སྟེང་གཏར་བ་དང༌། མེ་བཙའི་གསང་དམིགས་སྟེང་བསྲེག་པ། |
| གཏར་རྩ |
གཙག་བུ་བརྡེགས་ནས་ཁྲག་གཏར་དུ་རུང་བའི་རྩ་ནང་གསེས་སུ་དབྱེ་ན་རྩེ་ཆུང་དང༌། སྣོད་ཁ། རྩ་བོ་ཆེ་ལྟ་བུ་བདུན་ཅུ་རྩ་བདུན་མཆིས་སོ། ། |
| གཏལ་པོ |
(ཡུལ་སྐད།) བ་ལང་གི་ལྕི་བ་བརྫིས་ནས་རྩིག་ལྡེབས་དང་བྲག་རྡོ་སོགས་ཀྱི་ཐོག་ལེབ་མོར་སྦྱར་ཏེ་བསྐམས་ནས་མེ་ཤིང་བྱེད་པ། |
| གཏི |
བཤད་པའམ་སྨྲ་བའི་བརྡ་རྙིང་ངམ་ཡུལ་སྐད་དེ། (དཔེར་ན།) ཡང་ཡང་བཤད་པ་ལ་ཡང་ཡང་གཏི་ཞེས་པ་ལྟ་བུ། |
| གཏི་ཁེ |
ལུག་གི་ལུས་ན་ཡོད་པའི་སྲིན་བུ་གནོད་པ་ཅན་ཞིག་གི་མིང་། འདི་ལ་གཏི་གེ་ཡང་ཟེར། |
| གཏི་ཐུག |
(རྒྱན་ཚིག) ཐབས་ཤེས་མེད་པ་སྟེ། (དཔེར་ན།) མི་གཏི་ཐུག་ཅེས་པ་ལྟ་བུ། ཡུལ་སྐད་དུ་སེར་སྣ་ཅན་ལ་གཏི་ཐུག་ཟེར། |
| གཏི་བ |
(བརྡ་རྙིང་།) སྨྲ་བ། |
| གཏི་མུག |
1.གཉིད་ཀྱི་མིང་གཞན། 2.(རྒྱན་ཚིག) རིག་པ་མི་གསལ་བ་སྟེ། (དཔེར་ན།) མི་གཏི་མུག་ཅན་ཞེས་པ་ལྟ་བུ། |
| གཏི་མུག་གི་དུར་ཕག་ནག་པོ |
མ་རིག་པའི་གཏི་མུག་དེ་ཕག་པ་ནག་པོའི་གཟུགས་སུ་བཀོད་པ། |
| གཏི་མུག་མེད་པ |
སོ་སོར་བརྟགས་པའི་སྒོ་ནས་དོན་ལ་མ་རྨོངས་པ་དང་ཉེས་པ་ལ་མི་འཇུག་པར་བྱེད་པ། དགེ་བའི་སེམས་བྱུང་བཅུ་གཅིག་གི་ཡ་གྱལ་ཞིག |
| གཏི་མུག་མེད་པའི་དགེ་བའི་རྩ་བ |
དམིགས་མེད་ཡེ་ཤེས་ཀྱི་རྩིས་ཟིན་པའི་དགེ་རྩ། |
| གཏི་མུག་ཟླ་བ |
མཆུ་ཟླ་སྟེ་ཧོར་ཟླ་དང་པོ་ལ། རྡོ་རྗེ་མཁའ་འགྲོའི་རྒྱུད་སོགས་ལས་གཏི་མུག་ཟླ་བ་ཟེར། |
| གཏི་མུག་འཁོར་ལོ |
1.ཕག་གི་སྣའི་གབ་མིང་སྟེ། ནུས་པས་གཉན་ནད་དང་ལྷོག་པའི་ནད་ལ་ཕན། 2.(མངོན་བརྗོད།) ཕག་པ། |
| གཏི་མུག་རོ་ཉལ |
ཧ་ཅང་གླེན་ཞིང་ལྐུགས་པ་སྟེ། (དཔེར་ན།) ཅི་ཡང་མི་ཤེས་པའི་གཏི་མུག་རོ་ཉལ་ཞིག་ཅེས་པ་ལྟ་བུ། |
| གཏི་ལུམ |
(རྒྱན་ཚིག) གཏུ་ལུམ་གྱི་འབྲི་སྲོལ་གཞན། |
| གཏི་ལུམ་པ |
འདོད་པས་སེམས་མྱོས་པའི་མི་སྟེ། (དཔེར་ན།) འདོད་ཡོན་ལ་ཧ་ཅང་གཏི་ལུམ་པས་ངོམས་དུས་མེད་ཅེས་པ་ལྟ་བུ། |
| གཏིག |
(བྱེད་འབྲེལ་ལས་ཚིག) བཏིགས་ཀྱི་ད་ལྟ་བ། ཆུ་སོགས་གཤེར་བའི་རིགས་ཐིགས་པ་རེ་རེ་བཞིན་མར་འབབ་ཏུ་འཇུག་པ་སྟེ། (དཔེར་ན།) སྨན་ཆུ་རྣ་བར་གཏིག་པར་བྱེད། སྨན་ཆུ་མིག་ལ་གཏིག་མཁན། སྨན་ཆུ་གཏིག་བྱེད་ཀྱི་དཔྱད་ཆས་ཞེས་པ་ལྟ་བུ། |
| གཏིག་པ |
(བྱེད་འབྲེལ་ལས་ཚིག) ཆུ་སོགས་གཏིག་པའི་ད་ལྟ་བའི་བྱ་མིང་། |
| གཏིགས |
(བྱེད་འབྲེལ་ལས་ཚིག) གཏིག་གི་སྐུལ་ཚིག་སྟེ། (དཔེར་ན།) སྨན་ཆུ་གཏིགས་ཤིག་ལྟ་བུ། |
| གཏིགས་པ |
གཏིག་པའི་མ་འོངས་པའི་འབྲི་ཚུལ་གཞན་ཞིག |
| གཏིང |
ཞབས་དང་མཐིལ་ཏེ། (དཔེར་ན།) རྒྱ་མཚོ་གཏིང་རིང༌། མི་གཏིང་ཆེ་བ། ཁ་དཀར་གཏིང་ནག གཏིང་དཔག་དཀའ་བ། རི་རབ་རྩེ་ཡི་ཉི་ཟླ། རྒྱ་མཚོའི་གཏིང་གི་ནོར་བུ་ཞེས་པ་ལྟ་བུ། |
| གཏིང་ཀློ |
ཀློ་ཡུལ་དབུས་སམ། མཐིལ་དུ་གནས་པའི་ཀློ་པ། |
| གཏིང་གནག་ཁ་ཚ |
སེམས་ངན་ལ་ཁ་རྩུབ་པའི་དོན་ཏེ། (དཔེར་ན།) མི་གཏིང་གནག་ཁ་ཚ་ཕན་ཚུན་བར་ལ་མཐུན་སྒྲིལ་ག་ནས་ཡོང་སྲིད་ཅེས་པ་ལྟ་བུ། |
| གཏིང་གནག་པོ |
སེམས་ངན་པོ། |
| གཏིང་གཞལ |
གཏིང་དཔག་པའམ་གཏིང་ཚོད་ལེན་པ། |
| གཏིང་གྱོང་ཁ་འཇམ |
བློ་རྒོད་ཚིག་འཇམ་གྱི་མི་སྟེ། (དཔེར་ན།) མི་གཏིང་གྱོང་ཁ་འཇམ་ལ་དོགས་ཟོན་བྱེད་དགོས་ཞེས་པ་ལྟ་བུ། |
| གཏིང་ཅན |
1.མི་བློ་སྒམ་པ། 2.ཆུ་གཏིང་ཟབ་པ། |
| གཏིང་ཉེ་བ |
1.གཏིང་ཐུང་བ། 2.བློ་སེམས་མཐུན་པ། |
| གཏིང་དཔག |
གཏིང་དཔོག་དང་འདྲ། |
| གཏིང་དཔོག |
ཚོད་ལེན་པའི་དོན་ཏེ། (དཔེར་ན།) གཏིང་དཔག་དཀའ་བའི་དོན་བློས་དཔོག་པར་མི་ནུས་ཞེས་པ་ལྟ་བུ། |
| གཏིང་དུག་ཁ་འཚེར |
བསམ་ངན་ཁ་འཛུམ། |
| གཏིང་དོན་ལེན་པ |
དོན་གནད་ཀྱི་ཚོད་ལེན་པ་སྟེ། (དཔེར་ན།) ཕྱོགས་སོ་སོའི་བསམ་ཚུལ་གྱི་གཏིང་དོན་ལེན་ཤེས་བྱེད་ཞེས་པ་ལྟ་བུ། |
| གཏིང་ནད |
འཁོན་འཛིན། |
| གཏིང་ཕིགས |
གོ་དོན་གྱི་གནད་རྟོགས་པ་སྟེ། (དཔེར་ན།) གྲོས་བསྡུར་བྱ་རྒྱུའི་དོན་གནད་ཀྱི་གཏིང་ཕིགས་སོང༌ཞེས་པ་ལྟ་བུ། |
| གཏིང་ཕུག་རིང་པོ |
1.ཟབ་པའམ་སྦུག་ཐག་རིང་པོའི་དོན་ཏེ། (དཔེར་ན།) རིའི་ཁོག་པ་བྲུས་པའི་ས་སྦུབས་གཏིང་ཕུག་རིང་པོ་ལྟ་བུ།2.རྟོགས་དཀའ་བའི་དོན་ཏེ། (དཔེར་ན།) དཔེ་ཆའི་ཚིག་དོན་གཏིང་ཕུག་རིང་པོ་ཞེས་པ་ལྟ་བུ། |
| གཏིང་ཕྱིན་པ |
དོན་གནད་མཐར་ཕྱིན་པའི་དོན་ཏེ། (དཔེར་ན།) གྲོས་བསྡུར་གཏིང་ཕྱིན་པ་ཞིག་བྱས་པ་ལྟ་བུ། |
| གཏིང་བྱིང |
གཏིང་དུ་ནུབ་པའི་དོན་ཏེ། (དཔེར་ན།) ཀོ་གྲུ་ཧ་ཅང་ལྗིད་ཆེ་ན་གཏིང་བྱིང་གི་ཉེན་ཁ་ཡོད་ཅེས་པ་ལྟ་བུ། |
| གཏིང་མ་ཆོད |
ཚོད་མ་ཐིག་པའི་དོན་ཏེ། (དཔེར་ན།) གནས་ལུགས་ངོ་མ་གང་ཡིན་གཏིང་མ་ཆོད་ན་གྲོས་ཐག་གཅོད་ཐལ་བྱེད་མི་རུང༌ཞེས་པ་ལྟ་བུ། |
| གཏིང་མཐའ |
ཟབ་པའི་ཚད་དང་རྒྱ་ཁྱོན་གྱི་ཚད་དེ། (དཔེར་ན།) རྒྱ་མཚོའི་གཏིང་མཐའ་དཔག་དཀའ་བ། ཤེས་བྱ་གཏིང་མཐའ་ཚད་ལས་འདས། གྲངས་ཚད་ཀྱི་གཏིང་མཐའ་མཐའ་ཡས་པ། འཁོར་བའི་གཏིང་མཐའ་ཤེས་དཀའ་བ། བྱ་ལས་ཀྱི་གཏིང་མཐའ་མི་མངོན་པ་ཞེས་པ་ལྟ་བུ། |
| གཏིང་མེད |
1.གཏིང་ཤིན་ཏུ་ཟབ་པའམ། གཏིང་མི་མངོན་པའི་དོན་ཏེ། (དཔེར་ན།) རྒྱ་མཚོའི་ཀློང་བཞིན་བློ་གྲོས་ཤིན་ཏུ་ཟབ་ཡངས་གཏིང་མེད་པ་ཞེས་པ་ལྟ་བུ།2.གཏིང་ཧ་ཅང་ཐུང་བའི་དོན་ཏེ། (དཔེར་ན།) རྫིང་ཆུང་གཏིང་མེད་ལ་རྐྱལ་རྒྱག་མི་ཐུབ་ཅེས་པ་ལྟ་བུ། |
| གཏིང་ཚད |
ཟབ་ཚད། |
| གཏིང་ཚུགས་པ |
1.རྩ་བ་ཚུགས་པའི་དོན་ཏེ། (དཔེར་ན།) ལས་དོན་རྨང་གཞི་གཏིང་ཚུགས་པ་ཞིག་བྱེད་ཅེས་པ་ལྟ་བུ།2.མཐིལ་ཕྱིན་པའི་དོན་ཏ། (དཔེར་ན།) གོ་བ་གཏིང་ཚུགས་པ་ཞིག་རྙེད་ཐབས་བྱེད་ཅེས་པ་ལྟ་བུ། |
| གཏིང་ཟབ |
གཏིང་རིང་པོའི་དོན་ཏེ། (དཔེར་ན།) རྒྱ་མཚོ་གཏིང་ཟབ། ཚིག་དོན་རྒྱ་ཆེ་གཏིང་ཟབ་ཅེས་པ་ལྟ་བུ། |
| གཏིང་འཚོལ |
ཚོད་ལེན་པ། |
| གཏིང་རིང |
ཕུགས་སམ་ཚད་དཔོག་དཀའ་བའི་དོན་ཏེ། (དཔེར་ན།) འཕྲལ་དུ་ཐག་གཅོད་དཀའ་བའི་རྩོད་གཞི་མགོ་རྙོག་ལ་གཏིང་རིང་བ་ཞིག་འདུག་ཅེས་པ་ལྟ་བུ། |
| གཏིང་རྟོགས |
དོན་གནད་ཀྱི་མཐིལ་ལོན་པའི་དོན་ཏེ། (དཔེར་ན།) དངོས་ཡོད་ཀྱི་གནས་ལུགས་གང་ཡིན་གཏིང་རྟོགས་ངེས་ཤེས་རྙེད་ཅེས་པ་ལྟ་བུ། |
| གཏིང་རྡིབ |
འོག་ཁུང་དུ་རྡིབ་པ་སྟེ། (དཔེར་ན།) མིག་གཏིང་ལ་རྡིབ་ཅེས་པ་ལྟ་བུ། |
| གཏིང་རྡོ |
1.རླུང་དང་རྦ་རླབས་ཀྱིས་མི་གཡོ་བའི་ཆེད་དུ་གྲུ་གཟིངས་ཀྱི་འོག་ཏུ་བཏགས་ནས་ཐུར་དུ་འཐེན་པར་བྱེད་པའི་རྡོ་སྟེ། (དཔེར་ན།) ལེགས་ན་ཐར་བའི་གྲུ་གཟིངས་ལུས་འདི་ཡིན། ཉེས་ན་འཁོར་བའི་གཏིང་རྡོ་ལུས་འདི་ཡིན། 2.ཉ་འཛིན་དྲ་བའི་མས་ཀྱི་རྡོ། |
| གཏིང་རྩ |
གཞིའམ་ཕུགས་ཀྱི་དོན་ཏེ། (དཔེར་ན།) ཕ་རོལ་པོའི་བྱ་སྤྱོད་བཟང་ངན་གྱི་གཏིང་རྩ་རྟོགས་ཐུབ་ཀྱི་རེད། |
| གཏིང་སྐྱེས |
བོད་སྟོད་རྒྱུད་ཀྱི་རྫོང་ཞིག་ཡིན། རྫོང་དེའི་ལྷོ་ངོས་བལ་པོ་དང་ས་འབྲེལ་དང་ཤར་ལྷོ་འབྲས་ལྗོངས་དང་ས་འབྲེལ་ཡིན། |
| གཏིབ |
(བྱེད་འབྲེལ་ལས་ཚིག) གཏིབས་ཀྱིམ་འོངས་པ་དང་ད་ལྟ་བ། རླངས་པ་སོགས་དབུགས་གཟུགས་ཀྱིས་མིག་ལམ་སྒྲིབ་པ་སྟེ། (དཔེར་ན།) ཁང་བར་རླངས་པ་གཏིབ་པར་བྱ། གཏིབ་བཞིན་པ་ཞེས་པ་ལྟ་བུ། |
| གཏིབ་པ |
གཏིབ་པའི་བྱ་མིང་། |
| གཏིབས |
གཏིབ་པའི་འདས་པ་དང་སྐུལ་ཚིག་སྟེ། (དཔེར་ན།) རླངས་པ་གཏིབས་ནས་མིག་ལམ་བསྒྲིབས། རླངས་པ་གཏིབས་ཤིག་ལྟ་བུ། |
| གཏིམ |
སྟིམ་གྱི་འབྲི་ཚུལ་གཞན། |
| གཏིར་མིག |
ལྕགས་གཟེར་སོགས་བཟོ་བྱེད་བུ་ག་ཆེ་ཆུང་སྣ་ཚོགས་ཡོད་པའི་ལྕགས་ལེབ། |
| གཏུ་ལུམ |
མྱོས་བྱེད་ཀྱིས་བཟི་བ་སྟེ། (དཔེར་ན།) ཆང་གིས་བཟི་ནས་གཏུ་ལུམ་ཆགས། ངར་མའི་མྱོས་བྱེད་བཏུངས་ན་གཏུ་ལུམ་འགྱུར་ཞེས་ལྟ་བུ། |
| གཏུག |
(བྱེད་འབྲེལ་ལས་ཚིག) 1.གཏུགས་ཀྱི་མ་འོངས་པ་དང་ད་ལྟ་བ། ཕན་ཚུན་ཐུག་ཏུ་འཇུག་པའི་དོན་ཏེ། (དཔེར་ན།) བྱ་སྒོང་རྡོ་ལ་མ་གཏུག ཁུ་ཚུར་གཏུག་མཁན་ཞེས་པ་ལྟ་བུ།2.ཡར་ཞུ་བྱས་པ་སྟེ། (དཔེར་ན།) གྱོད་དོན་གོང་རིམ་ལ་ཞུ་གཏུག་བྱས་ལྟ་བུ།3.ཕན་ཚུལ་འཕྲད་དུ་འཇུག་པའི་དོན་ཏེ། (དཔེར་ན།) ངོ་གཏུག་དགོས། བུ་ཕྲུག་ཕ་མ་ལ་ངོ་གཏུག་དགོས་ཞེས་པ་ལྟ་བུ། ངོ་གཏུགས་ནས་བསམ་འཆར་བཤད། དཔུང་བ་གཏུགས་ནས་དགྲ་ལ་འཐབ་ལྟ་བུ། 4.འབྱུང་ས་འབྱུང་ཁུངས་འཚོལ་བའི་དོན་ཏེ། (དཔེར་ན།) སློབ་དེབ་གཞུང་ལུགས་ལ་ཁུངས་གཏུག་དགོས། སྲིད་ཇུས་ཀྱི་ཁུངས་གཏུག་ས་ཞེས་པ་ལྟ་བུ། |
| གཏུག་པ |
གཏུགས་པའི་ད་ལྟའི་བྱ་མིང་། |
| གཏུག་བཤེར |
གྱོད་གཞི་སོགས་གོང་རིམ་ལ་ཐག་གཅོད་པར་ཞུ་བའི་བྱ་སྤྱོད་དེ། (དཔེར་ན།) ཁྲིམས་སར་གཏུག་བཤེར་བྱས་ནས་བདེན་རྫུན་དབྱེ་འབྱེད་བྱེད་ཅེས་པ་ལྟ་བུ། འདི་ལ་གཏུགས་བཤེར་ཞེས་འབྲི་མཁན་ཀྱང་ཡོད། |
| གཏུག་མི |
1.ཁྲིམས་ལ་གཏུག་མཁན། 2.ཕན་ཚུན་གཏུག་མཁན། |
| གཏུག་སྦྱངས |
ཁྲིམས་གཏུགས་ཀྱིས་བདེན་རྫུན་སྦྱངས་བཤེར་བྱེད་པ། |
| གཏུགས |
1.གཏུག་གི་འདས་པ་དང་སྐུལ་ཚིག་སྟེ། (དཔེར་ན།) ཁུ་ཚུར་གཏུགས་ནས་རྩེད་མོ་རྩེ། ཁུ་ཚུར་གཏུགས་ཤིག་ལྟ་བུ། 2.སླེབ་པའི་དོན་ཏེ། (དཔེར་ན།) པེ་ཅིན་ལ་གཏུགས། མཐའ་ལ་གཏུགས་ལྟ་བུ། 3.འཐབ་ཏུ་བཅུག་པའི་དོན་ཏེ། (དཔེར་ན།) དམག་གཏུགས། དགྲ་ལ་གཏུགས་ལྟ་བུ། |
| གཏུགས་པ |
1. གཏུག་པའི་འདས་པའི་བྱ་མིང་། 2. (བྱེད་མེད་ལས་ཚིག) འཛད་པ་ཏེ། (དཔེར་ན།) གླ་པ་དངུལ་ལག་གཏུགས་པ། ཁ་ཚ་དགོས་གཏུགས། ནམ་མཁའི་མཐའ་གཏུགས་པ་ཞེས་པ་ལྟ་བུ། |
| གཏུགས་བཤེར |
གྱོད་གཞི་སོགས་གོང་རིམ་མམ་རྒྱལ་ཁབ་ལས་ཁུངས་ལ་ཐག་གཅོད་པར་ཞུ་བའི་བྱ་གཞག་གི་མིང་སྟེ། (དཔེར་ན།) གཏུགས་བཤེར་བརྒྱབ། གཏུགས་བཤེར་བྱས་ལྟ་བུ། འདི་ལ་ཡོངས་གྲགས་སུ་གཏུག་བཤེར་ཞེས་འབྲི། |
| གཏུན |
1.གཏུན་ཡས་མས་སྤྱི་མིང༌སྟེ། (དཔེར་ན།) རྡོ་གཏུན། ལྕགས་གཏུན། ཤིང་གཏུན། སྒོག་གཏུན། ཁྲོག་སྨན་གཏུན་གྱིས་རྡུང་བ། རུས་པ་གཏུན་རྡུང་བྱེད་ཅེས་པ་ལྟ་བུ། 2.(ཡུལ་སྐད།) མས་གཏུན། |
| གཏུན་ཁུང |
ཚྭ་སོགས་རྡུང་སའི་སྣོད་ཀོང་བོའི་མིང་སྟེ། ཡུལ་སྐད་དུ་ཇ་རྐོ་དང་རྡོ་རྐོ་ཟེར། |
| གཏུན་བུ |
1.མས་གཏུན་ཆུང་ངུ། 2.(ཡུལ་སྐད།) ཡས་གཏུན། |
| གཏུན་ཞིང |
(མངོན་བརྗོད།) ལ་ཕུག |
| གཏུན་རྡོ |
ཡས་གཏུན། |
| གཏུན་ཤིང |
འབྲས་སོགས་རྡུང་བྱེད་ཀྱི་ཤིང༌། |
| གཏུབ |
(བྱེད་འབྲེལ་ལས་ཚིག) གཏུབས་ཀྱི་མ་འོངས་པ་དང་ད་ལྟ་བ། དངོས་རྫས་དུམ་བུར་གཅོད་པ་སྟེ། (དཔེར་ན།) ཤིང་གཏུབ་དགོས། ཤ་གཏུབ་ཀྱིན་ཡོད། ཤིང་གཏུབ་བྱེད་ཀྱི་གྲི་ཞེས་པ་ལྟ་བུ། |
| གཏུབ་པ |
གཏུབས་པའི་ད་ལྟ་བའི་བྱ་མིང་། |
| གཏུབ་སྤྱད |
ཤ་སོགས་དུམ་བུར་གཏུབ་བྱེད་ལག་ཆ། |
| གཏུབས |
གཏུབ་པའི་འདས་པ་དང་སྐུལ་ཚིག་སྟེ། (དཔེར་ན།) ཚོད་མ་གཏུབས་ནས་བརྔོས། གཏུབས་པའི་ཚོད་མ། ཤིང་གཏུབས་མ། ཚོད་མ་གཏུབས་ཤིག་ལྟ་བུ། |
| གཏུབས་པ |
གཏུབ་པའི་འདས་པ། |
| གཏུབས་ཤ |
གཏུབས་ཟིན་པའི་ཤ། |
| གཏུམ |
1.(རྒྱན་ཚིག) རང་གཤིས་རྩུབ་པ་སྟེ། (དཔེར་ན།) གཅན་གཟན་གཏུམ་པོ། གཏུམ་སྤྱོད། གཏུམ་དྲག ཁྲོ་ཞིང་གཏུམ་པ་ཞེས་པ་ལྟ་བུ། 2.(བྱེད་འབྲེལ་ལས་ཚིག) བཏུམས་ཀྱི་ད་ལྟ་བ། རས་སོགས་ཀྱི་བཏུམ་པ་སྟེ། (དཔེར་ན།) མར་འདི་གྲོད་པས་གཏུམ་དགོས་ཞེས་པ་ལྟ་བུ། |
| གཏུམ་དྲག |
1.ཤིན་ཏུ་མ་རུངས་པ། 2.དུར་ཁྲོད་ཆེན་པོ་བརྒྱད་ཀྱི་ནང་གསེས་ཤིག |
| གཏུམ་པ |
གཏུམ་པོ་དང་འདྲ། |
| གཏུམ་པོ |
ཁྲོ་བོའམ་དྲག་པོ་སྟེ། (དཔེར་ན།) ཁྱེད་རང་ཐུགས་གཏུམ་པོ་འདུག ཁྲོ་ཞིང་གཏུམ་ལ་སྙིང་རྗེ་མེད། གཏུམ་ཞིང་རྒོད་པ། ཚིག་གཏུམ་པོ་མཉན་དུ་མི་འོས་ཞེས་པ་ལྟ་བུ། |
| གཏུམ་པོ་ཞལ་གསུམ་ཕྱག་དྲུག་པ |
མགོན་པོ་སོགས་ལྷ་ཁྲོ་བོ། |
| གཏུམ་པོ་རབ་སྣང |
སྔར་སངས་རྒྱས་ཤཱཀྱ་མུ་ནེ་ཞལ་བཞུགས་སྐབས་རྒྱ་གར་ཀ་ཏྱ་རྒྱལ་པོ་ཞེས་ཤིན་ཏུ་རྒྱུད་གཏུམ་པ་ཞིག་ཡོད་པ་མཐར་བཅོམ་ལྡན་འདས་ཀྱིས་བཏུལ་ནས་བཟང་པོར་གྱུར་པ། |
| གཏུམ་པོའི་འོད |
(མངོན་བརྗོད།) ཉི་མ། |
| གཏུམ་མེ་འབར་འཛག |
གཏུམ་མོ་འབར་འཛག་དང་དོན་གཅིག |
| གཏུམ་མོ |
1.བུད་མེད་ཁྲོ་མོ། 2.ལུས་ཀྱི་རྩའི་བྱེ་བྲག་ཅིག 3.ལྷ་མོ་ཨུ་མ། 4.གཏུམ་མོའི་མེའི་བསྡུས་མིང༌། 5.བྱ་སྤྱོད་གདུག་རྩུབ་ཅན་གྱི་བུད་མེད། 6.གཏུམ་མོ་མེ་དྲོད་ཅེས་པའི་ཆོས་ལུགས་ཕྱོགས་ཀྱི་མོས་སྒོམ་ཞིག |
| གཏུམ་མོ་འབར་འཛག |
ལྟེ་བའི་གཏུམ་མོའི་མེ་སྦར་ནས་སྤྱི་བོའི་ཨ་ཐུང་ལས་ཞི་བདེའི་བྱང་སེམས་འཛག་པ། |
| གཏུམ་མོའི་མེ |
རྫོགས་རིམ་གྱི་རྩ་བའི་ཆོས་ཤི་རྩ་རླུང་ཐིག་ལེ་གནད་དུ་བསྣུན་པས་ལྟེ་བའི་ཨ་ཐུང་ལས་བདེ་དྲོད་སྦར་བས་ཕུང་ཁམས་མ་དག་པ་རྣམས་སྲེག་ཅིང་ཉོན་མོངས་རྣམ་རྟོག་ཐམས་ཅད་འཇོམས་པ་གཏུམ་པའི་ལས་བྱེད་ཅིང༌། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མྱུར་དུ་སྐྱེད་པར་བྱེད་པའོ། ། |
| གཏུམ་རྔམ |
འཇིགས་སུ་རུང་བའི་ཚུལ་ཏེ། (དཔེར་ན།) རང་ཕྱོགས་ལ་ཞི་ཞིང་དེས་ལ། དགྲ་བོར་གཏུམ་རྔམ་ཆེན་པོ་འདུག་ལྟ་བུ། |
| གཏུམ་སྤྱོད |
རྩུབ་མོའི་སྤྱོད་པ། |
| གཏུམས་པ |
གཏུམ་པའི་འདས་པའི་འབྲི་ཚུལ་གཞན་ཞིག |
| གཏུར་བུ |
ལྭ་བ་སོགས་འཇུག་བྱེད་ཀྱི་ཁུག་མ་རིགས་ཤིག་གི་མིང་སྟེ། (དཔེར་ན།) ད་ལྟའི་རྟ་འབོག་དང་འདྲ། |
| གཏུལ |
(བྱེད་འབྲེལ་ལས་ཚིག) 1.ཕྱེ་མའི་རིགས་ཅུང་ཟད་རེ་དངོས་རྫས་གཞན་གྱི་ཐོག་ཏུ་གཏོར་བ་སྟེ། (དཔེར་ན།) ཇ་ཁར་རྩམ་པ་གཏུལ། རྨ་ཐོག་ཏུ་སྨན་ཕྱེ་གཏུལ། ཐུག་པར་ཚྭ་གཏུལ་ལྟ་བུ། 2.དུད་པ་གཏོང་བ་དང༌། འཐུལ་བར་བྱེད་པ་སྟེ། (དཔེར་ན།) སྤོས་རིང་སྦར་ནས་དུ་བ་གཏུལ་ཞེས་པ་ལྟ་བུ། |
| གཏུལ་བ |
གཏུལ་བྱ་མིང་། |
| གཏེ་དཔོན |
བྱེད་གཏེའམ་གཙོ་བདག |
| གཏེ་པོ |
1.ཉེས་ཅན་གཙོ་བོ། 2.མི་གཟུགས་པོ་ཐུང་ངུ་སྟེ། (དཔེར་ན།) གཏེ་པོའི་ནང་གི་གཟུགས་བཟང༌ཞེས་པ་ལྟ་བུ། 3.(བརྡ་རྙིང་།) འགོ་པ། རྗེ་བོ། |
| གཏེ་བ |
བུ་ལོན་འཇལ་རྒྱུའི་དམིགས་རྟེན་དུ་བཞག་པའི་དངོས་རིགས་ཏེ། (དཔེར་ན།) བུ་ལོན་གྱི་གཏེ་བར་ཁང་པ་འཇོག་པ། གཏེ་བར་འཛུད་ཅེས་པ་ལྟ་བུ། |
| གཏེ་བོ |
1.འགོ་བ་དང་རྗེ་བོའི་བརྡ་རྙིང་། 2.ད་སྐབས་ངན་པ་ལ་འཇུག་པ་གཙོ་ཆེ་སྟེ། (དཔེར་ན།) ཇག་པའི་གཏེ་བོ། ཉེས་ཅན་གྱི་གཏེ་བོ་ཞེས་པ་ལྟ་བུ། |
| གཏེ་མ |
(ཡུལ་སྐད།) གཏའ་མ་སྟེ་བུ་ལོན་གྱི་དམིགས་རྟེན། (དཔེར་ན།) བུ་ལོན་གཡར་ན་སྤྲད་རྟེན་གཏེ་མ་འཇོག་ཅེས་པ་ལྟ་བུ། འདི་ལ་གཏའ་མ་འབྲི་བ་རྒྱུགས་ཆེ། |
| གཏེ་འབབ |
བུན་གཏེའི་འབབ་ཡོང༌། |
| གཏེང་པ |
བུ་ལོན་སྤྲད་ནས་གཏེང་པ་ཚུར་ལེན། |
| གཏེའུ |
གཏའ་མ། |
| གཏེར |
1.མཛོད་དམ་དངོས་པོ་དང་ནུས་ཤུགས་མང་པོ་གནས་པའི་ཡུལ་ཏེ། (དཔེར་ན།) ཆུ་གཏེར། ཟབ་གཏེར། ལྕགས་གཏེར། འབྲུ་གཏེར། ཡོན་ཏན་གྱི་གཏེར། ཆོས་གཏེར་ཞེས་པ་ལྟ་བུ།2.གཏེར་ཆོས་ཀྱི་བསྡུས་མིང༌།3.(མངོན་བརྗོད།) གཏེར་ལ་པད་མ་ཅན་དང༌། དུང་ཅན། པད་མ་ཆེན་པོ། ཆུ་སྲིན་ཅན། རུས་སྦལ་ཅན། རྔ་ཅན། དགའ་བ་ཅན། སྔོན་པོ། འཛིན་བྱེད་ཅེས་དགུ་ཡོད་པས་གྲངས་ཀ་དགུ་མཚོན། |
| གཏེར་ཁ |
ལྕགས་དང་རྡོ་སོལ་སོགས་སྔོག་འདོན་བྱེད་སའི་ཁུངས་ཏེ། (དཔེར་ན།) ལྕགས་གཏེར། རྡོ་སོལ་གཏེར་ཁ། གཏེར་ཁ་སྔོག་འདོན། གཏེར་ཁ་འབྱེད་པ། གཏེར་ཁ་བཙལ་འཚོལ་ཞེས་པ་ལྟ་བུ། |
| གཏེར་ཁུལ |
གཏེར་ཁ་ཡོད་སའི་ས་ཁུལ། |
| གཏེར་གནས |
1.གཏེར་ཁ་ཡོད་ས། 2.ནོར་གྱི་བང་མཛོད། |
| གཏེར་ཆེན |
1.མི་མངོན་པའི་གནས་ནས་ཆོས་འདོན་མཁན་ཏེ། (དཔེར་ན།) གཏེར་སྟོན་ཆེན་པོ་ཞེས་པ་ལྟ་བུ།2.གཏེར་ཁ་ཆེན་པོ། 3.གྲངས་གནས་ཤིག |
| གཏེར་ཆེན་པོའི་བུམ་པ |
དགོས་འདོད་འབྱུང་བའི་བུམ་པ། བཀྲ་ཤིས་རྟགས་བརྒྱད་ཀྱི་ཡ་གྱལ་ཞིག་སྟེ། རིན་པོ་ཆེ་འཛད་པ་མེད་པའི་རྟགས་མཚོན་བྱེད། |
| གཏེར་ཆོས |
གཏེར་ནས་གདན་དྲངས་པའི་ཆོས་ཏེ། སློབ་དཔོན་པད་མ་འབྱུང་གནས་སོགས་ཀྱིས་འགྲོ་དོན་དུས་ལ་མ་བབ་པར་སྟོན་དུ་མི་རུང་ཞིང་མ་འོངས་སྐལ་ལྡན་རྣམས་ཀྱི་དོན་དུ་རི་བྲག་ཆུ་ཤིང་སོགས་སུ་རེ་ཞིག་མཁའ་འགྲོའི་གཏད་རྒྱ་དང་བཅས་མི་མངོན་པར་རྒྱས་བཏབ་པའི་གསང་སྔགས་ཀྱི་གདམ་ཟབ་རྣམས་ཕྱིས་གྲུབ་པའི་སྐྱེས་བུ་རྣམས་ཀྱིས་གཏེར་ནས་བཏོན་ཏེ་ཡི་གེར་ཕབ་པའི་ཡང་ཟབ་བླ་ན་མེད་པའི་ཆོས་སྐོར། |
| གཏེར་བདག |
1.གཏེར་གྱི་བཀའ་སྲུང་ངམ། གཉེར་དུ་གཏད་པའི་གཏེར་རྣམས་སྲུང་བའི་ལྷ། 2.གཏེར་ཁའི་བདག་པོ། 3.(མངོན་བརྗོད།) རྣམ་ཐོས་སྲས། |
| གཏེར་བདག་གླིང་པ |
མཚན་དངོས་པདྨ་གར་དབང་འགྱུར་མེད་རྡོ་རྗེ་ཟེར། རབ་བྱུང་བཅུ་གཅིག་པའི་མེ་ཁྱི་ལོར་གྲྭ་ནང་དར་རྒྱས་ཆོས་གླིང་དུ་འཁྲུངས། རབ་བྱུང་བཅུ་གཅིག་པའི་མེ་འབྲུག་ལོར་ཨོ་རྒྱན་སྨིན་གྲོལ་གླིང་གི་དགོན་པ་བཏབ། གསུང་ཆོས་གླེགས་བམ་བཅུ་གསུམ་ཙམ་ཡོད། རབ་བྱུང་བཅུ་གཉིས་པའི་ཤིང་རྟ་ལོར་འདས། |
| གཏེར་མ |
གཏེར་ནས་བླངས་པའི་ཆོས་སམ་ནོར། |
| གཏེར་མཛོད |
1.ནོར་མཛོད། 2.རིན་ཆེན་གཏེར་མཛོད་ཀྱི་བསྡུས་མིང༌། |
| གཏེར་ཚེག |
གཏེར་ཆོས་ཀྱི་ཚིག་མཚམས་སུ་བྲིས་པའི་ཚེག་རིལ་ཉིས་བརྩེགས་བར་དུ་འཕྲེད་བཅད་ཅན། |
| གཏེར་རྡོ |
བཞུ་བཏུལ་བྱེད་རིན་ཡོད་པའི་རྡོ། |
| གཏེར་རྫས |
1.གཏེར་ནོར། 2.གཡང་རྫས། 3.གཅེས་ཉར་བྱེད་པའི་ནོར་རིགས་རྩ་ཆེན། |
| གཏེར་ལྟ་བུའི་སེམས་བསྐྱེད |
སེམས་བསྐྱེད་ཉེར་གཉིས་ཀྱི་ནང་གསེས། ས་དང་པོ་བའི་རྒྱུད་ཀྱི་སྦྱིན་པའི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ནི་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ཀྱིས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་ཀྱང་མི་ཟད་པས་ན་གཏེར་ཆེན་པོ་ལྟ་བུའོ། ། |
| གཏེར་སྟོན |
གཏེར་རྫས་འདོན་མཁན། |
| གཏེར་སྟོན་གོང་འོག་གཉིས |
མངའ་བདག་ཉང་རལ་པ་ཅན་དང༌། གུ་རུ་ཆོས་ཀྱི་དབང་ཕྱུག་གཏེར་སྟོན་འདི་གཉིས་ནི་རྙིང་མའི་གཏེར་སྟོན་གྱི་ནང་ནས་ཧ་ཅང་སྐད་གྲགས་ཆེ་བ་གཉིས་རེད། |
| གཏེར་སྲུང |
གཏེར་ཁ་སྲུང་མཁན་སྲུང་མ། |
| གཏོ |
རིམ་གྲོའི་ཆོ་ག་ཞིག |
| གཏོ་ཆོག |
གཏོ་མདོས་ཀྱི་ཆོ་ག། |
| གཏོ་དཔྱད |
གཏོ་བཅོས་ལ་བརྟེན་པའི་བཅོས་ཐབས། |
| གཏོ་བཅོས |
རིམ་གྲོའི་སྒོ་ནས་རྐྱེན་སེལ་གྱི་བཅོས་ཐབས། |
| གཏོ་བཅོས་ཚ་པོ |
(ཡུལ་སྐད།) བསྟན་བཤིག་ཚ་པོའི་དོན་ཏེ། (དཔེར་ན།) མི་དེ་སུ་དང་མི་འདྲ་བའི་གཏོ་བཅོས་ཚ་པོ་ཞིག་ཡོད་ཅེས་པ་ལྟ་བུ། |
| གཏོ་སྐྱེལ |
གཏོ་བཅོས་ཀྱི་གླུད་རྫོངས་གནོད་ཕྱོགས་གང་ཡིན་ལ་སྐྱེལ་བ། |
| གཏོག |
(བྱེད་འབྲེལ་ལས་ཚིག) མ་འོངས་པ་དང་ད་ལྟ་བ། མཛུབ་མོ་བརྡེབས་སྒྲ་འབྱིན་པ་དང་། ལྕེ་དང་རྐན་བརྡེབས་པ་ལས་སྒྲ་འབྱིན་པའི་དོན་ཏེ། (དཔེར་ན།) སེ་གོལ་གཏོག་པ། རྐན་སྒྲ་གཏོག་མཁན་ཞེས་པ་ལྟ་བུ། |
| གཏོག་པ |
(བྱེད་འབྲེལ་ལས་ཚིག) གཏོགས་པའི་ད་ལྟ་བའི་བྱ་མིང་། |
| གཏོགས |
1.(བྱེད་འབྲེལ་ལས་ཚིག) གཏོག་གི་འདས་པ་དང་སྐུལ་ཚིག་སྟེ། (དཔེར་ན།) སེ་གོལ་གཏོགས་ནས་སྒྲ་གྲགས། སེ་གོལ་གཏོགས་ཤིག་ལྟ་བུ། 2.(བྱེད་མེད་ལས་ཚིག) 1>ཁོངས་སུ་འདུས་པའི་དོན་ཏེ། (དཔེར་ན།) རང་རྒྱལ་གྱི་མངའ་ཁོངས་སུ་གཏོགས་པའི་ས་རྒྱ། ཆར་གཏོགས། སྡེར་གཏོགས་པ། ཉེར་གཏོགས། གྲས་སུ་གཏོགས་པ་ཞེས་པ་ལྟ་བུ། 2>དབང་བའི་དོན་ཏེ། (དཔེར་ན།) གྲུབ་འབྲས་ཐམས་ཅད་མི་དམངས་ལ་གཏོགས་པ་ཡིན་ལྟ་བུ། 3>ཚད་བཟུང་བའི་དོན་ཏེ། (དཔེར་ན།) མི་གཅིག་ལ་ལག་པ་གཉིས་མ་གཏོགས་མེད་ལྟ་བུ། |
| གཏོགས་པ |
གཏོག་པའི་འདས་པའི་བྱ་མིང་། |
| གཏོགས་འདོད |
1.(མངོན་བརྗོད།) ལྷ་དབང་ཕྱུག་ཆེན་པོ། 2.(བརྡ་རྙིང་།) གཞན་ནོར་འཕྲོག་འདོད་པ། |
| གཏོང |
(བྱེད་འབྲེལ་ལས་ཚིག) བཏང་གི་ད་ལྟ་བ། བཀག་པའམ་བཅིངས་པ་ལས་ཐར་ནས་རང་དགར་འགྲོར་འཇུག་པ་སྟེ། (དཔེར་ན།) ནོར་ལུག་ཕྱི་ལ་གཏོང་མཁན། རྟ་ནོར་རྩྭ་ཐང་དུ་གཏོང་དགོས། ཞིང་ལ་ཆུ་གཏོང་བ། ཆུ་གཏོང་མཁན། མི་ངན་ནང་ལ་མ་གཏོང་། ངན་པ་བཟུང་ནས་མ་གཏོང་ལྟ་བུ། |
| གཏོང་དབྱངས་རིང་བ |
སྐད་རྟ་འཐེན་པའི་གདངས་རིང་པོ། |
| གཏོང་དེབ |
གཏོང་སྒོའི་གཞི་འཛིན་སའི་དེབ། |
| གཏོང་ཕོད |
སྟེར་སྦྱིན་གྱི་སྙིང་སྟོབས་ཏེ། (དཔེར་ན།) གཏོང་ཕོད་ཅན། ལུས་སྲོག་བློས་གཏོང་ཕོད་པའི་སྐྱེས་བུ་ཞེས་པ་ལྟ་བུ། |
| གཏོང་ཕོད་ཆུང་ངུ |
ཟས་ནོར་སྟེར་སྦྱིན་གྱི་སྙིང་སྟོབས་ཆུང་ཆུང༌། |
| གཏོང་བ |
(བྱེད་འབྲེལ་ལས་ཚིག)1.བཏང་གི་ད་ལྟ་བའི་བྱ་མིང་། སྟེར་བའམ་བྱིན་པ་སྦྱིན་པ་གཏོང་བ། (དཔེར་ན།) འགྲོ་སོང་གཏོང་བ། བུ་ལོན་གཏོང་བ། 2.འདོར་བའི་དོན་ཏེ། (དཔེར་ན།) རང་སྲོག་བློས་གཏོང༌།3.གློད་པའི་དོན་ཏེ། (དཔེར་ན།) ར་ལུག་རྩྭ་ཁར་གཏོང་བ། ཚེ་ཐར་གཏོང་བ། ཞིང་ཆུ་གཏོང་བ། ཐབ་ལ་མེ་གཏོང་བ། 4.མངགས་པའི་དོན་ཏེ། (དཔེར་ན།) དམག་མི་གཏོང་བ། ལན་གཏོང་བ། བརྡ་གཏོང་བ། 6.ཁ་ལོ་སྒྱུར་བའི་དོོན་ཏེ། (དཔེར་ན།) ་ཀོ་གྲུ་གཏོང་བ། གནམ་གྲུ་གཏོང་བ། 7.བྱེད་པའི་དོན་ཏེ། (དཔེར་ན།) སློབ་གསོ་གཏོང་བ། བསམ་བློ་གཏོང་བ། |
| གཏོང་བ་རྗེས་སུ་དྲན་པ |
རྗེས་སུ་དྲན་པ་དྲུག་གི་ནང་གསེས། སྦྱིན་པའི་ཡོན་ཏན་རྗེས་སུ་དྲན་པའོ། ། |
| གཏོང་བ་རྗེས་སུ་དྲན་པའི་མཐར་གྱིས་པ |
ཤེར་ཕྱིན་དོན་བདུན་ཅུའི་ནང་གསེས། ཀུན་རྫོབ་ཏུ་ཆོས་དང་ཟང་ཟིང་གི་སྦྱིན་པའི་ཡོན་ཏན་རིམ་ལྡན་དུ་དྲན་པའོ། ། |
| གཏོང་བའི་ནོར |
འཕགས་ནོར་བདུན་གྱི་ནང་གསེས། ཟང་ཟིང་གི་དངོས་པོ་སོགས་གཞན་ལ་སྦྱིན་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་འགྲུབ་པས་གླང་པོ་རིན་པོ་ཆེ་དང་ཆོས་མཚུངས་པའོ། ། |
| གཏོང་འཐེན |
ཁ་ལོ་སྒྱུར་བ་འཕྲུལ་འཁོར་གཏོང་འཐེན་བྱེད་པ། |
| གཏོང་ཡོང |
ཕར་གཏོང་གི་འགྲོ་སྒོ་དང༌། ཚུར་ལེན་གྱི་ཡོང་སྒོ་སྟེ། (དཔེར་ན།) རྒྱུ་ནོར་བེད་སྤྱོད་མཁས་པོ་བྱས་ན་གཏོང་ཡོང་འགོ་ཐུག་རྒྱུ་ངེས་ཅན་རེད་ཅེས་པ་ལྟ་བུ། |
| གཏོང་ཡོང་ཁ་འཐབ |
ནོར་ཕར་སྤྲོད་ཚུར་ལེན་འགོ་གཏུག་པ་སྟེ། (དཔེར་ན།) འགྲོ་སོང་གཏོང་ཚོད་རན་པོ་བྱས་ན་གཏོང་ཡོང་ཁ་འཐབ་ངེས་པར་ཐུབ་ཀྱི་རེད། ལོ་རེའི་གཏོང་ཡོང་ཁ་འཐབ་དང་མི་འཐབ་ཅི་རིགས་ཡོང་སྲིད་ཅེས་པ་ལྟ་བུ། |
| གཏོང་ཡོང་ག་འཛོལ |
1.ཡོང་སྒོ་དང་འགྲོ་སྒོ་གཉིས་རྩིས་འགོ་མི་ཐུག་པ་སྟེ། (དཔེར་ན།) བྱུང་སོང་ཧེ་བག་ཆེ་དྲགས་པས་གཏོང་ཡོང་ག་འཛོལ་བྱུང་བ་རེད་ཅེས་པ་ལྟ་བུ། 2.ཚུར་ཡོང་སྒོ་ཉུང་ལ་ཕར་གཏོང་སྒོ་མང་བའི་དོོན་ཏེ། (དཔེར་ན།) འབབ་ཁུངས་ཉུང་ལ་འཆར་འཕར་འགྲོ་ཁུངས་ཧ་ཅང་མང་བས་གཏོང་ཡོང་ག་འཛོལ་དུ་གྱུར་པ་རེད་ཅེས་པ་ལྟ་བུ། |
| གཏོང་ཡོང་འཁྲོལ་འཁྱིལ |
སྤྲོད་ལེན་བྱུང་སོང་ཁ་འཐབ་པའི་ལྷག་མ་སྟེ། (དཔེར་ན།) ཁེ་ལས་ཁག་གི་གཏོང་ཡོང་འཁྲོལ་འཁྱིལ་གང་མང་བྱུང་ཞེས་པ་ལྟ་བུ། |
| གཏོང་ཡོང་འགོ་སྙོམས |
སྤྲོད་ལེན་བྱུང་སོང་ཁ་འཐབ་ཏུ་ཕྱིན་པ་སྟེ། (དཔེར་ན།) ལོ་རེའི་གཏོང་ཡོང་འགོ་སྙོམས་པ་ལས། འཕར་ཆག་ཧང་སོང་ཆེ་བ་ཡོང་གི་མེད་ཅེས་པ་ལྟ་བུ། |
| གཏོང་ཡོང་རྩིས་ཁྲ |
ཕར་གཏོང་རྒྱུ་དང་ཚུར་ཡོང་རྒྱུའི་རྩིས་ཁྲ། |
| གཏོང་ལེན |
ཕར་སྤྲོད་ཚུར་ལེན། |
| གཏོང་སེམས |
སྦྱིན་པ་གཏོང་བའི་སེམས། |
| གཏོང་སྒོ |
1.འགྲོ་སོང༌། 2.གཏོང་ཡུལ་ངེས་པ་ཅན་ལ་འཆར་ཅན་ཟང་ཟིང་གི་རྒྱུན་གཏོང་བའི་བྱེད་སྒོ་སྟེ། (དཔེར་ན།) སྔར་དགེ་བཤེས་ཀྱི་མིང་བཏགས་བྱེད་ཆེད་དུ་ངེས་པར་གཏོང་སྒོ་རྒྱ་ཆེན་པོ་ཞིག་གཏོང་དགོས་པ་ལྟ་བུ། |
| གཏོང་སྒོའི་མཆོད་ཆས |
དགོན་སྡེ་ཁག་གི་ནང་དུ་གཏོང་སྒོ་གཏོང་སྐབས་སུ་བཤམས་པའི་མཆོད་རྫས། |
| གཏོད |
1.(བྱེད་འབྲེལ་ལས་ཚིག) མ་འོངས་པ་དང་ད་ལྟ་བ་སྐུལ་ཚིག་གསུམ་གར་འཇུག་སྟེ། (དཔེར་ན།) བློ་གཏོད་ས། བློ་གཏོད་མཁན། བློ་རྩེ་གཏོད་ཅིག་ལྟ་བུ། (འདིའི་སྐུལ་ཚིག་གཅིག་བུར་མ་གཏོགས་རྣ་རུ་མི་འབྲི་མཁན་ཀྱང་ཡོད།) 2.གསར་བཟོའམ་གསར་འཛུགས་ཏེ། (དཔེར་ན།) སྲོལ་བཟང་ཁག་མང་སྔར་མེད་གསར་དུ་གཏོད་པ་ཞེས་པ་ལྟ་བུ། 4.ལག་ཏུ་སྤྲོད་པ་སོགས་ཀྱི་དོན་དུ་གོ་བའི་གཏད་ཀྱི་སྐུལ་ཚིག |
| གཏོད་པ |
གཏོད་པའི་བྱ་མིང་། |
| གཏོམས |
གཞན་སྐུལ་བའི་དོན་དུ་གོ་བའི་གཏམ་པ་དང་། ཚོང་ཟོག་གི་རིན་གོང་གཅོག་འཕྲིའི་དོན་དུ་གོ་བའི་གཏམས་པའི་སྐུལ་ཚིག |
| གཏོར |
(བྱེད་འབྲེལ་ལས་ཚིག) 1>སོ་སོར་འབྲལ་བ་སྟེ། (དཔེར་ན།) ལྭ་བའི་སྲུབས་མ་གཏོར། མ་བུ་ཁ་མ་གཏོར། རུས་པའི་ལྷུ་མ་གཏོར། རླུང་གིས་སྤྲིན་ཕུང་གཏོར། སྲན་ཕུང་དབྱུག་པས་གཏོར་གཏོར་། ཁྲ་ཡིས་བྱིའུ་ཁྱུ་གཏོར་གཏོར་ལྟ་བུ། 2>དངོས་རྫས་ས་ལ་འཕངས་པ་སྟེ། ཞིང་ལ་ས་བོན་གཏོར། ས་ལ་ཆུ་གཏོར། འབྲུ་རྡོག་ས་ལ་མ་གཏོར་ལྟ་བུ། |
| གཏོར་ཁུང |
1.ཆུ་ཁུང་སྟེ་སྟོར་ཁུང་གི་འབྲི་ཚུལ་གཞན། 2.གཏོར་མ་ཞེས་པའི་མིང་མཐའ་བསྡུས་པ། 3.གཏར་གྱི་སྐུལ་ཚིག |
| གཏོར་གདན |
གཏོར་མའི་འོག་ཏུ་འདིང་རྒྱུའི་གདན། |
| གཏོར་གདུགས |
གཏོར་མའི་སྟེང་དུ་འཛུགས་རྒྱུའི་གདུགས། |
| གཏོར་གསུམ |
(ཡུལ་སྐད།) ལྷམ་ཟོན་པའི་རྟིང་པའི་འཇའ་ཐོག་གི་དམར་པོ་ཟུར་གསུམ། |
| གཏོར་གསོས |
མཆོད་གཏོར་གྱི་ཁ་གསོས། |
| གཏོར་ཆས |
ཆབ་གཏོར་གྱི་ཡོ་བྱད། |
| གཏོར་དར |
གཏོར་མའི་སྟེང་དུ་འཛུགས་རྒྱུའི་དར། |
| གཏོར་ཕུད |
ལོངས་མ་སྤྱད་གོང་གི་གཏོར་མའི་དྭངས་མ། |
| གཏོར་བ |
(བྱེད་འབྲེལ་ལས་ཚིག) ཆུ་གཏོར་བ་དང་བཤིག་གཏོར་སོགས་ཀྱི་བྱ་མིང་། |
| གཏོར་བརླག |
ཆུད་ཟོས་སམ། མེད་པ་བཟོ་བ། |
| གཏོར་བཤིག |
ཁ་འཐོར་དུ་བཏང་ནས་མེད་པར་བཟོ་བ་སྟེ། (དཔེར་ན།) རྩིག་པ་གཏོར་བཤིག་གཏོང་བ། སྒྲིག་ལམ་གཏོར་བཤིག་མ་བྱེད་ཅེས་པ་ལྟ་བུ། |
| གཏོར་བཤོས |
མཆོད་གཏོར་རམ་ཞལ་ཟས། |
| གཏོར་བུ |
1.མཆོད་ཆས་སོགས་ཡོ་བྱད་ཙག་ཙིག་བླུག་སྣོད། 2.ཆོས་གོས་རྣམ་གསུམ་འཇོག་སའི་སྣོད། |
| གཏོར་མ |
མཆོད་སྦྱིན་ལ་བསྔོ་རྒྱུའི་ཟན་གོང༌སྟེ། (དཔེར་ན།) གཏོར་མ་གཏོང་བ། གཏོར་མ་འབུལ་བ། གཏོར་མ་སྦྱིན་པ་ཞེས་པ་ལྟ་བུ། |
| གཏོར་མ་ཆ་གསུམ |
ཕྱོགས་སྐྱོང་དང༌། འབྱུང་པོ། བགེགས་བཅས་ལ་སྦྱིན་པའི་གཏོར་མ། |
| གཏོར་མ་བརྒྱ་རྩ |
བདག་བསྐྱེད། ཚོགས་ཞིང༌། འཁོར་འདས་ཀྱི་མགྲོན་ཚན་བཅུ་གཅིག་བཅས་སོ་སོར་གཏོར་རིལ་བཅུ་རེ་བསྔོ་བའི་ཆོ་ག། |
| གཏོར་མ་རྒྱག་པ |
མཐུ་སྔགས་ཀྱི་ནུས་པ་ལ་བརྟེན་ནས་ཕ་རོལ་པོ་འཇོམས་པར་བྱེད་པ། |
| གཏོར་མགྲོན |
གཏོར་མ་འབུལ་སའི་ཡུལ། |
| གཏོར་མས་རྒྱས |
(མངོན་བརྗོད།) བྱ་རོག |
| གཏོར་ཟ |
(མངོན་བརྗོད།) བྱ་རོག |
| གཏོར་ཟན |
གཏོར་མའི་རྒྱུ་སྤག |
| གཏོར་ཟོར |
གཏོར་རྒྱག་གམ། འཕེན་རྒྱུའི་གཏོར་མ། |
| གཏོར་ཟློག |
གཏོར་ཟོར་དང་ཟློག་པའི་བསྡུས་མིང༌། |
| གཏོར་འགྲེམས |
ཆུ་སོགས་གཏོར་ཞིང་འགྲེམས་པ་སྟེ། (དཔེར་ན།) གད་ཆུ་གཏོར་འགྲེམས་ཞེས་པ་ལྟ་བུ། |
| གཏོར་ར |
གཏོར་མ་འཕེན་སའི་ས་ཆ་སྟེ། (དཔེར་ན།) གཏོར་ར་ནང་མ། གཏོར་ར་ཕྱི་མ་ཞེས་པ་ལྟ་བུ། |
| གཏོར་རོ |
ལྷ་ལ་ཕུལ་ཟིན་པའི་གཏོར་ཟན་རྙིང་པ། |
| གཏོར་རྒྱག |
འཕང་བྱའི་གཏོར་མ་སྟེ། (དཔེར་ན།) སྔགས་པས་དགྲ་བགེགས་ལ་གཏོར་རྒྱག་རྒྱག་གིན་འདུག་ཅེས་པ་ལྟ་བུ། |
| གཏོར་རྒྱན |
གཏོར་མའི་མར་རྒྱན། |
| གཏོར་རྩམ |
གཏོར་མའི་རྒྱུ་རྩམ་པ་སྟེ། (དཔེར་ན།) གཏོར་རྩམ་རྗེན་བཏགས་ཞེས་པ་ལྟ་བུ། |
| གཏོར་སྐམ |
གཏོར་རོ་སྐམ་པོ། |
| གཏོར་སྐྱོན |
འཐོར་བརླག་གི་སྐྱོན་ཏེ། (དཔེར་ན།) གནས་ཁང་ཡོ་བྱད་སོགས་གཏོར་སྐྱོན་བྱུང་བ། ཁྲིམས་ལུགས་གཏོར་སྐྱོན་ཚབས་ཆེན་བྱེད་པ་ཞེས་པ་ལྟ་བུ། |
| གཏོར་སྒམ |
གཏོར་མ་འཇོག་སའི་སྒམ། |
| གཏོར་སྟེགས |
གཏོར་མ་འཇོག་སའི་བཀྱག་གམ། རྐང་གསུམ། |
| གཏོལ |
ཆའམ་རྒྱུས་དང༌། གདེང༌། ངེས་པ། |
| གཏོལ་བ |
(བརྡ་རྙིང་།) 1.མཚང་འབྲུ་བ་སྟེ། (དཔེར་ན།) ཁོའི་སྐྱོན་མཚང་གཏོལ་བ་ཞེས་པ་ལྟ་བུ།2.ཕིགས་པ་སྟེ། (དཔེར་ན།) མདའ་བརྒྱབ་པས་འབེན་ལ་ཨི་ཁུང་གཏོལ་བ་ཞེས་པ་ལྟ་བུ། |
| གཏོལ་བྲལ |
གཏོལ་མེད་དང་དོན་གཅིག |
| གཏོལ་མེད |
རྒྱུས་མེད་དང༌། ངེས་མེད། ཐབས་མེད་བཅས་ཀྱི་དོན་ཏེ། (དཔེར་ན།) ཅི་བྱེད་གཏོལ་མེད་དུ་གྱུར། གར་འགྲོ་གཏོལ་མེད་ཅེས་པ་ལྟ་བུ། |
| གཏོས |
བོངས་ཚོད་ཀྱི་མིང་སྟེ། (དཔེར་ན།) རི་བོ་ལྟར་གཏོས་ཆེ་བ། ཞིང་རའི་འབྲུ་ཕུང་རི་བོའི་གཏོས་དང་མཉམ་ལྟ་བུ། |
| གཏོས་པ |
(བརྡ་རྙིང་།) ཚད་མེད་པ། |
| གཏོས་ཚད |
བོང་ཆེ་ཆུང་གི་ཚད། |
| གད |
1.གད་པ་ལ་ལྟོས། 2.གད་དར་ཞེས་པའི་ཚིག་བསྡུས་པ། |
| གད་ཀ |
གཡང་ས་སྟེ། (དཔེར་ན།) གཡས་ཕྱོགས་གད་ཀ་དང༌། གཡོན་ཕྱོགས་གཡང༌གཟར་རེད་ཅེས་པ་ལྟ་བུ། |
| གད་ཁ |
གད་ཀ་དང་འདྲ། |
| གད་ཁུང |
གད་པའི་ཕུག་གཏིང་རིང་ཅན། |
| གད་གཙང |
འབྲུ་རིགས་ལ་ས་རྡོ་གཞའ་ཕུ་སོགས་མེད་པའི་སྤུས་གཙང༌གི་དོན་ཏེ། (དཔེར་ན།) ནས་སྲན་གད་གཙང་བྱས་ཏེ་མཛོད་དུ་བཅུག་ཅེས་པ་ལྟ་བུ། |
| གད་ཆུ |
གད་བདར་མ་བྱས་གོང་ནས་གཏོར་བའི་ཆུ། |
| གད་དར |
གཙང་སྦྲ་བྱེད་པའི་ལས་ཀའི་མིང་སྟེ། (དཔེར་ན།) ཁང་བར་གད་དར་བྱས། སྣོད་ཆ་རྣམས་ལ་གད་དར་བྱས་ལྟ་བུ། བསྡུས་ན་གད་ཅེས་འབྲི་ཆོག་སྟེ། (དཔེར་ན།) གད་སྙིགས། གད་བརྒྱབ་ལྟ་བུ། |
| གད་པ |
1.གཡང་སའི་མིང་སྟེ། (དཔེར་ན།) གད་པའི་སྐྱིབས། གད་པའི་གཡང་ཞེས་པ་ལྟ་བུ། རྟགས་མཐའ་བསྡུས་ན་གད་ཅེས་འབྲི་ཆོག་སྟེ། (དཔེར་ན།) གད་ཁ། གད་ཕུག གད་གཡང་ཞེས་པ་ལྟ་བུ། 2.གད་དར་བྱེད་མཁན་ལའང་གད་པ་ཟེར། |
| གད་ཕུག |
གད་པའི་ཁུག་གམ་གད་ཁུང༌། |
| གད་བདར |
བྱི་དོར་ཏེ། (དཔེར་ན།) ཁང་པར་ཉིན་ལྟར་གད་བདར་རྒྱག་དགོས་པ་བཞིན་དུ་རང་གི་བསམ་པ་ལའང་རྟག་པར་བརྟག་དཔྱད་བྱེད་དགོས། གད་བདར་མ་བྱས་པར་གཙང་སྦྲ་གང་ནས་ཡོང༌ཞེས་པ་ལྟ་བུ། |
| གད་བརྒྱངས |
གད་རྒྱངས་དང་འདྲ། |
| གད་མོ |
བཞད་གད་དེ། (དཔེར་ན།) གད་མོ་བྲོ་བ། གད་མོ་སློང་བ། གད་མོ་འབྱིན་དུ་འཇུག་པ། གད་མོ་ཁྲ་ཁྲ་ཤོར་བ། གད་མོ་དབང་མེད་དུ་ཤོར་བ། ཁ་ཐེར་ཐེར་བྱས་ནས་གད་མོ་དགོད་པ། གཞན་གྱིས་གད་མོ་རྟ་གད་ལྟར་དགོད་པ་མཐོང་དུས་རང་ཡང་གད་མོ་འཆོར་གྲབས་བྱེད་པ་ཞེས་པ་ལྟ་བུ། |
| གད་མོ་རྒོད་པ |
གད་མོ་དགོད་པ། |
| གད་མོའི་གནས |
གད་མོ་ཆོར་བའི་ཡུལ། |
| གད་མོའི་དབྱངས་ལྡན |
(མངོན་བརྗོད།) སྲིན་བྱའམ་འུག་པ། |
| གད་ཟུར |
སའི་གད་པའི་མཐའ། |
| གད་རོ |
གད་བརྒྱབ་པའི་ཐལ་རྡུལ་ཉལ་ཉིལ། |
| གད་རྒྱངས |
1.སེང་གེ་སོགས་གཅན་གཟན་ཆེན་པོའི་རིགས་ཀྱི་ངར་སྐད་ཀྱི་མིང་སྟེ། (དཔེར་ན།) སེང་གེས་གད་རྒྱངས་བསྒྲགས་ལྟ་བུ། 2.གད་མོ་ཆེན་པོ་དགོད་པའི་ངར་སྒྲ་ལའང་གད་རྒྱངས་ཟེར། |
| གད་རྒྱངས་ཅན |
(མངོན་བརྗོད།) དབང་ཕྱུག་ཆེན་པོ། |
| གད་སྐྱིབས |
གད་འོག་གཡབ་ཕུབ་པ་ལྟར་ཡོད་ས། |
| གད་སྒྲ |
གད་མོ་བགད་པའི་སྐད་སྒྲ། |
| གད་སྙིགས |
གད་བརྒྱབ་པའི་ཐལ་རྡུལ་ཉལ་ཉིལ་ཏེ། (དཔེར་ན།) གད་སྙིགས་སྤུངས་པ་རྣམས། གད་སྙིགས་འཕྱགས་ཟིན་ཞེས་པ་ལྟ་བུ། |
| གད་སྙིགས་འཁྲོལ་འཛིན |
སྔར་སྨོན་ལམ་ཚུགས་དུས་ལྷ་སའི་མི་དམངས་ཀྱི་ཁྱིམ་ནང་གད་སྙིགས་ཕྱི་ལོགས་སུ་འདོན་སྐྱེལ་ཆོག་པ་ཚོགས་ཆེན་ཞལ་ངོར་དགོངས་པ་ཞུས་པའི་འཁྲོལ་འཛིན། |
| གད་སྲིན |
རང་དབང་མེད་པར་རྒྱུན་མཐུད་ཀྱིས་འཆོར་བའི་གད་མོ་སྟེ། (དཔེར་ན།) ཁ་ཤོབ་ཚ་པོས་དགོད་བྲོའི་བཏམ་བཤད་པས་མི་ཚང་མ་གད་སྲིན་ལངས་ནས་གྲོད་པ་ན་དགོས་པ་བྱུང༌ཞེས་པ་ལྟ་བུ། |
| གདག |
(བྱེད་འབྲེལ་ལས་ཚིག) བཏགས་ཀྱི་མ་འོངས་པ། བསད་ནས་གཏན་མེད་བྱས་པ་སྟེ། (དཔེར་ན།) ཨ་བྲ་ཁ་གདག་དགོས་ལྟ་བུ། |
| གདགས |
1.བཏགས་ལ་ལྟོས། 2.སྨན་གཞུང་དུ་བཤད་པའི་བརྡ་ཞིག་སྟེ། ཉིན་ཕྱོགས་དང་། ཉིན་དཀར། ཚ་ནད་སོགས་དོན་མང་བོར་འཇུག་སྟེ། (དཔེར་ན།) རི་བོའི་གདགས་སུ་སྐྱེས་པའི་དྲོད་སྨན། གདགས་སྲིབ(ཉིན་མཚན་གཉིས་ཀྱི་མཚམས)དབུགས་སྙོམ་གདགས་ཀྱི་རྩ(ཚ་བའི་རྩ)ཞེས་པ་ལྟ་བུ། |
| གདགས་ཁྲི་བཙན་པོ |
མེར་ཁྲི་བཙན་པོ་དང་གདགས་ལྷ་དཀར་མོ་གཉིས་ཀྱི་སྲས། སྔར་བོད་རྒྱལ་དྲུག་པ་སྟེ་གནམ་གྱི་ཁྲི་བདུན་གྱི་ཡ་གྱལ་ཞིག |
| གདགས་གཞི |
མིང་འདོགས་སའི་གཞི་སྟེ། (དཔེར་ན།) གང་ཟག་གི་གདགས་གཞི་ནི་ཕུང་པོ་ལྔ་རེད་ཅེས་པ་ལྟ་བུ། |
| གདགས་པ |
1.འདོགས་པའི་མ་འོངས་པ། 2. མིང་གི་ཐ་སྙད། |
| གདགས་སྲིབ |
1.ནད་བལྟ་སྐབས་སུ་གདགས་སྨན་པ་དང༌། སྲིབ་ནད་པ་ཡིན།2.རྩ་བལྟ་སྐབས་སོར་མོའི་ཡར་ཟུར་དོན་ལྔའི་རྩ་ལ་གདགས་དང༌། མར་ཟུར་སྣོད་དྲུག་གི་རྩ་ལ་སྲིབ་ཟེར།3.དབུགས་ཕྱི་ནང་དུ་རྒྱུ་སྐབས་དབུགས་ཕྱིར་རྒྱུ་ལ་གདགས་དང༌། ནང་རྒྱུ་ལ་སྲིབ་ཟེར།4.དུས་ཚོད་སྐབས་གདགས་ཉིན་མོ་དང༌། སྲིབ་མཚན་མོ་ཡིན།5.སྨན་གྱི་སྐྱེ་གནས་སྐབས་གདགས་ཉིན་ངོས་ཀྱི་རི་དང༌། སྲིབ་སྲིབ་ངོས་ཀྱི་རི་ལ་ཟེར། |
| གདང |
(བྱེད་འབྲེལ་ལས་ཚིག) 1.གདངས་ཀྱི་མ་འོངས་པ་དང་ད་ལྟ་བ། ཁ་མིག་ཆེར་ཕྱེ་བ་སྟེ། (དཔེར་ན།) ཁ་གདང་བར་བྱ། ཁ་གདང་བར་བྱེད་ལྟ་བུ། 2.ས་ལ་ཐག་པ་བརྐྱངས་པའི་སྣེ་མོར་ཕུར་པ་བརྒྱབ་པའི་སྒོ་ཕྱུགས་འདོགས་ཐག་སྟེ། (དཔེར་ན།) མཚན་མོར་རྟ་བོང་ཚང་མ་གདང་ལ་བཏགས་ལྟ་བུ། 3.ཁྱིམ་བྱའི་སྡོད་གནས་སུ་འཕྲེད་དུ་བཏང་བའི་ཤིང༌སྟེ། (དཔེར་ན།) ཁྱིམ་བྱ་རྣམས་དགོང་མོ་བྱ་གདང་ལ་འཛེག 4.གོས་སོགས་འགེལ་སའི་དཔྱང་ཐག་དང་ཤིང་ལྟ་བུ། |
| གདང་ཆུ |
འབབ་ཆུ་ཞིག་སྟེ། ཆུ་འགོ་གདང་ལའི་ལྷོ་ངོས་ནས་བྱུང་ཞིང་སྙན་རོང་རྫོང་ཁུལ་དུ་ཤག་ཆུ་དང་འདྲེས་པ་དེ་རྒྱལ་མོ་རྔུལ་ཆུའི་ཆུ་འགོ་ཞིག་ཡིན། |
| གདང་ཐག |
གོས་སོགས་འགེལ་སའི་དཔྱང་ཐག་སྟེ། ཐང་ལ་རྟ་ཕྱུགས་འདོགས་ཐག |
| གདང་ཐག་འཕྲུལ་མིག་བཅུ་འབྱར་བ |
རྟ་དྲེལ་ཁལ་བོང་སོགས་ཕྲེང་བསྟར་གྱིས་འདོགས་བྱེད་ཐག་པ་ལུང་བཅུ་འབྱར་བ། |
| གདང་ཕུར |
1.ཁང་པའི་ནང་དུ་གོས་སོགས་འགེལ་སའི་ཤིང་ཕུར། 2.ནོར་གདང་འཛིན་བྱེད་ཀྱི་ཕུར་པ། |
| གདང་བ |
གདངས་པའི་ད་ལྟ་བའི་བྱ་མིང་། |
| གདང་བུ |
1.སྐས་འཛེག་གི་གདང་བུ་སྟེ། (དཔེར་ན།) སྐས་ཀྱི་གདང་བུ་གྲངས་ཀ་ཡ་ལ་ཐུག་པ་ཞིག་བཟོ་དགོས། བར་ཐོག་ཤིང་སྐས་གདང་བུ་བཅུ་གཅིག་ཡོད་ལྟ་བུ། 2.ཁྱིམ་ནང་གི་ཡོ་བྱད་འགེལ་ས་ཆུང་ངུ་སྟེ། (དཔེར་ན།) གོས་ཀྱི་གདང་བུ། ཁྱིམ་བྱའི་གདང་བུ། ཕུར་གདང༌། ཡིག་གདང༌ཞེས་པ་ལྟ་བུ། |
| གདང་ར |
སྒོ་ཕྱུགས་རྡང་ལ་འདོགས་སའི་ར་བ། |
| གདང་ལ |
1 ལ་ཞིག་སྟེ། བོད་ཀྱི་སྙན་རོང་རྫོང་གི་བྱང་རྒྱུད་དུ་ཡོད། དེའི་མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་6220 ཡོད། 2.རི་བོ་ཞིག་སྟེ། བོད་དབུས་ཀྱི་བྱང་ཤར་ངོས་དང་མཚོ་སྔོན་གྱི་ལྷོ་ནུབ་ངོས་ན་ཡོད། རྒྱལ་མོ་རྔུལ་ཆུ་དང༌། ཟླ་ཆུ། འབྲི་ཆུ་བཅས་ཀྱི་ཆུ་འགོ་རི་བོ་འདིའི་གཞོགས་གཉིས་ནས་བྱུང་བ་ཡིན། |
| གདང་ཤིང |
གྱོན་ཆས་སོགས་འགེལ་སའི་ཤིང་གདང༌། |
| གདངས |
1.སྒྲའི་ཉམས་ཏེ། (དཔེར་ན།) སྐད་གདངས། གཞས་གདངས། གདངས་བཅག་པ། གདངས་ཆག་པ། གདངས་སྙན་པོ། གདངས་འདྲ་བ། གདངས་འཐེན་པའི་སྒོ་ནས་སྙན་ཚིག་འདོན་པ། དུང་གདངས་རིང་པོ་ཞིག་བཏང་སོང༌ཞེས་པ་ལྟ་བུ།2.གདང་གི་འདས་པ་སྟེ། (དཔེར་ན།) མིག་གདངས་ནས་བལྟས། ཁ་གདངས་ནས་གླུ་བླངས་ལྟ་བུ། 3.(བརྡ་རྙིང་།) བྱེད་ལུགས། |
| གདངས་དབྱངས |
གདངས་ཀྱི་འགྱུར་ཁུག |
| གདངས་པ |
1. གདང་བའི་འདས་པའི་བྱ་མིང། 2. (བརྡ་རྙིང་།) ནད་སངས་པའམ། དྲག་པ་སྟེ། (དཔེར་ན།) སྙུང་གཞི་གདངས་པ་དང་འཕྲལ་དུ་ཕེབས་སོང༌ཞེས་པ་ལྟ་བུ། |
| གདངས་འདུར |
ཚོགས་དབུས་སོགས་སུ་ཁ་འདོན་སྐད་གདངས་རིང་པོས་འདོན་པར་གདངས་དང༌། ཁ་འདོན་ཤར་མར་འདོན་པར་འདུར་ཟེར། |
| གདངས་སྒྲིག་པ |
སྐད་གདངས་མཐུན་པར་སྡེབ་པ། |
| གདན |
1.ལུས་འོག་ཏུ་གདིང་རྒྱུའི་ཉལ་ཆས་ཀྱི་མིང་སྟེ། (དཔེར་ན།) བལ་གདན། ས་གདན། པགས་གདན་ཞེས་པ་ལྟ་བུ། 2.རྟིང་གཞིར་འཇོག་རྒྱུའི་དངོས་རྫས་ཀྱི་མིང་སྟེ། (དཔེར་ན།) རྩིག་པའི་རྨང་གདན། གཟེར་མའི་གཟེར་གདན། ཀ་བའི་ཀ་གདན་ཞེས་པ་ལྟ་བུ། |
| གདན་ཁྲི |
1.སྡོད་སའི་སྟན་ནམ་ཁྲི། 2.གདན་འོག་ཏུ་འདིང་རྒྱུའི་ཤིང་སྒྲོམ། |
| གདན་གཉེར |
གདན་བདག་གཉེར་བར་ཆེད་དུ་བསྐོས་པའི་མི། |
| གདན་གསུམ |
1.སྤྱིར་བཏང་དུ། ཕུང་ཁམས་གཤེགས་པ་གཤེགས་མ། དབང་ཡུལ་སེམས་དཔའ་སེམས་མ། ཡན་ལག་ཁྲོ་བོ་ཁྲོ་མོ་བཅས་ཀྱི་གདན་གསུམ་མོ། །2.ས་སྐྱ་པའི་ལུགས་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གདན་དང༌། རིག་མ་དང་ལྷ་མོའི་གདན། ཁྲོ་བོ་དང་ཁྲོ་མོའི་གདན་བཅས་གསུམ་མོ། །3.གདན་ས་གསུམ་གྱི་བསྡུས་མིང་། |
| གདན་གསུམ་དཀྱིལ་འཁོར |
ལུས་ཀྱི་ཕུང་ཁམས་སྐྱེ་མཆེད་རྣམས་གདན་གསུམ་ཚང་བའི་དཀྱིལ་འཁོར་དུ་གནས་པ་ཕུང་ཁམས་གཤེགས་པ་གཤེགས་མའི་གདན། སྐྱེ་མཆེད་སེམས་དཔའ་སེམས་མའི་གདན། ཡན་ལག་ཁྲོ་བོ་ཁྲོ་མོའི་གདན་རྣམས་སོ། ། |
| གདན་ཅོག |
གདན་དང་ཅོག་ཙེ། |
| གདན་ཆ |
1.གདན་ཆས་དང་འདྲ། 2.ཡ་མིན་པའི་གདན། |
| གདན་ཆས |
སྡོད་སའི་གདན་སོགས། |
| གདན་ཐོག |
བོད་མདོ་ཁམས་་དར་མདོ་རྫོང་གི་རི་བོ་ཞིག |
| གདན་བཏིང་བ |
མི་འདུག་སའི་ཡོ་བྱད་ས་རུ་བཏིང་བ་སྟེ། (དཔེར་ན།) གདན་བཏིང་བ་ལ་བཞུགས་ནས་བཀའ་མོལ་གནང་ཞེས་པ་ལྟ་བུ། |
| གདན་ཞུ |
ལས་དོན་སོགས་ཀྱི་ཆེད་དུ་འབོད་ཅིང་བསུ་བ་བྱས་པ་སྟེ། (དཔེར་ན།) གདན་ཞུའི་ཡི་གེ། གསོལ་སྟོན་དུ་ཐག་རིང་གི་སྐུ་མགྲོན་གདན་ཞུ་བྱས་ལྟ་བུ། |
| གདན་ཞུས་ལྟར |
གདན་དྲངས་པ་བཞིན་ཞེས་པའི་དོན་ཏེ། (དཔེར་ན།) སྐུ་མགྲོན་ཚང་མ་གདན་ཞུས་ལྟར་ཕེབས་འདུག་ཅེས་པ་ལྟ་བུ། |
| གདན་ཞྭ |
འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཧར་གདོང་དང་བསམ་བློ་ཁང་ཚན་དགེ་རྒན་གྱི་ཞྭ་མོ། |
| གདན་འཐུས |
གདན་ས་ཁག་གི་འཐུས་མི་སྔར་བོད་ཀྱི་ལས་དོན་ཆེ་གྲས་ཐག་གཅོད་བྱེད་པར་སྲིད་གཞུང་གི་དཔོན་རིགས་ཀྱི་མཉམ་དུ་གདན་ས་སེ་འབྲས་དགའ་གསུམ་གྱི་འཐུས་མི་ཡང་ཡོང་དགོས་པ་དེར་ཟེར། |
| གདན་འདེགས |
གཞི་བསྐྱས་ནས་འགྲོ་བའམ་གཞིས་སྤོས་ནས་འགྲོ་བ། |
| གདན་འདྲེན |
མགྲོན་དུ་འབོད་པའམ་ལས་དོན་བསྒྲུབ་ཏུ་འབོད་པའི་ཞེ་ས་སྟེ། (དཔེར་ན།) དགེ་རྒན་ཕུལ་དུ་ཕྱིན་པ་ཞིག་སློབ་གྲྭར་གདན་འདྲེན་གྱིན་ཡོད། ཚན་རིག་པ་སློབ་གྲྭར་གདན་དྲང་དགོས། མཚན་ཉིད་རིག་པ་སྨྲ་པ་སློབ་གྲྭར་གདན་དྲངས་ནས་སློབ་ཁྲིད་བྱས། ཞིང་དབུལ་རྒན་པོ་གདན་དྲོངས་ཤིག་ལྟ་བུ། |
| གདན་རབས |
དགོན་པའི་གདན་ས་འཛིན་པའི་སྐྱེས་བུ་རིམ་བྱུང་གི་ལོ་རྒྱུས་ཀྱི་དཔེ་དེབ། |
| གདན་ལྕོག |
གདན་ཅོག་དང་འདྲ། |
| གདན་ས |
1.མི་གཏན་སྡོད་བྱེད་སའི་གནས་ཀྱི་མིང་། 2.མདོ་དང་རྒྱུད་སྡེ་སོགས་ལ་འཆད་ཉན་གྱི་སྲོལ་ཀ་གཏན་ཆགས་པའི་དགོན་པ་ཆེན་པོའི་མིང་། (དཔེར་ན།) དཔེར་ན་གདན་ས་སེར་འབྲས་དགའ་གསུམ་ལྟ་བུ། བླ་མ་དང་སྐྱེས་བུ་དམ་པའི་བཞུགས་གནས་ལ་ཡང་གདན་ས་ཟེར། |
| གདན་ས་གསུམ |
སེར་འབྲས་དགའ་གསུམ། |
| གདན་ས་ཐེལ |
གདན་ས་མཐིལ་དང་འདྲ། |
| གདན་ས་མཐིལ |
རབ་བྱུང་གསུམ་པའི་ས་སྟག་ལོར་འགྲོ་མགོན་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོས་ཕྱག་བཏབ་པའི་དྭགས་པོ་བཀའ་བརྒྱུད་ཀྱི་དགོན་པ་ཞིག་དེང་སང་ཟངས་རི་རྫོང་ཁོངས་སུ་ཡོད། |
| གདབ |
བཏབ་ཀྱི་མ་འོངས་པ་སྟེ། (དཔེར་ན།) གདབ་བྱའི་ས་བོན། ཞིང་གདབ་དགོས། གསོལ་བ་གདབ་དགོས་ལྟ་བུ། |
| གདབ་དམིགས |
གདབ་པར་བྱ་བའི་དམིགས་ཡུལ། |
| གདབ་པ |
1. འདེབས་པའི་མ་འོངས་པ། 2.བྱེད་པ་བཅུ་གཅིག་ནང་གི་འཕོ་བྱེད་ཅིག 2.(བརྡ་རྙིང་།) ཤིང་གི་ཡལ་ག་ལྕུག་ཕྲན། |
| གདབ་བུ |
ལྭ་བ་སོགས་གཏག་བྱེད་ཀྱི་ཤིང་གི་དབྱུག་པ་ཕྲ་མོའི་མིང་སྟེ། (དཔེར་ན།) གདབ་བུས་པགས་པ་གཏགས་ལྟ་བུ། |
| གདབ་ཡས |
གྲངས་གནས་ཤིག |
| གདམ |
1.(བྱེད་འབྲེལ་ལས་ཚིག) འདོམས་ཀྱི་མ་འོངས་པ་སྟེ། (དཔེར་ན།) ཚན་རིག་གི་ཡོན་ཏན་རྣམས་སློབ་མར་གདམ་པར་བྱ། དགེ་རྒན་གྱི་ཞལ་གདམ་ཞེས་པ་ལྟ་བུ། 2.མང་བོའི་ཁྲོད་ནས་བསལ་གདམ་བྱེད་པ་སྟེ། (དཔེར་ན།) འཐུས་མི་གདམ་དགོས་ལྟ་བུ། |
| གདམ་ཀ |
1.གདམ་སྒྲུག་གི་དོན་ཏེ། (དཔེར་ན།) བཟང་ངན་གཉིས་ཀྱི་ནང་ནས་གདམ་ཀ་མ་ནོར་བ་ཞིག་རང་གིས་བྱེད་དགོས་ལྟ་བུ། 2.འདམ་ག་ཡི་འབྲི་ཚུལ་གཞན། |
| གདམ་ང |
1.གང་ཡང་རུང་བའི་དོན་ཏེ། (དཔེར་ན།) ལ་ལར་གདམ་ང་ཅན་ཉིད་དེ། འཕྲེང་ཕྲེང་དང་འཕྲིན་ཕྲིན་ལྟ་བུའོ་།ཞེས་པ་ལྟ་བུ། 2.འདམ་ང་ཡི་འབྲི་ཚུལ་གཞན། |
| གདམ་ང་ཅན |
གཅིག་ཏུ་མ་ངེས་པའི་དོན་ཏེ། (དཔེར་ན།) མིང་ཚིག་འདི་གཉིས་གང་རུང་སྦྱར་ཆོག་པའི་གདམ་ང་ཅན་ཡིན། དངོས་པོ་འདི་ཚོའི་ནང་ནས་གང་འདོད་བླངས་ཆོག་པའི་གདམ་ང་ཅན་ཞིག་ཡིན་ཞེས་པ་ལྟ་བུ། |
| གདམ་ངག |
ལག་རྩལ་སོགས་ཀྱི་དཀའ་གནད་ཐག་གཅོད་བྱེད་ཀྱི་ཐབས་ཤེས་ཁྱད་པར་བའི་མིང་སྟེ། (དཔེར་ན།) གློ་ནད་གསོ་བའི་གདམ་ངག་ཅེས་པ་ལྟ་བུ། |
| གདམ་པ |
འདོམས་པའི་མ་འོངས་པའི་བྱ་མིང་། |
| གདམ་བྱའི་དབང་ཆ |
བདམ་བྱའི་དབང་ཆ་དང་འདྲ། |
| གདམས |
(བྱེད་འབྲེལ་ལས་ཚིག) གདམ་གྱི་འདས་པ། ཕན་པའི་ཚིག་གིས་བསླབ་བྱ་བཏང་བ་སྟེ། (དཔེར་ན།) དགེ་རྒན་གྱིས་སློབ་མ་ལ་སློབ་སྦྱོང་བྱེད་པར་གདམས་ལྟ་བུ། |
| གདམས་ངག |
མན་ངག་གམ་ཕན་པའི་ངག་སྟེ། (དཔེར་ན།) བསླབ་བྱའི་གདམས་ངག་ལ་ཉན་དགོས་ཞེས་པ་ལྟ་བུ། |
| གདམས་ངག་ཁྱད་པར་ཅན |
ཐེག་ཆེན་གྱི་རིགས་ཅན་འཚང་རྒྱ་བའི་ལམ་ཆ་ཚང་སྟོན་པའི་མདོ་དང་བསྟན་བཅོས་ཐམས་ཅད་དོ། ། |
| གདམས་ངག་གསོ་དགག་བཞག་པའི་གཞི |
ལྟུང་བ་ཕྱིར་བཅོས་ཀྱི་གཞི་བཞིའི་ནང་གསེས། ལྟུང་བ་ཕྱིར་བཅོས་ཀྱི་ཐབས་ལ་འགོད་པ་རྒྱུད་སྦྱོང་ཚུལ་བྱེ་བྲག་ཏུ་འཆད་པ་ཡོངས་སུ་སྦྱོང་བའི་གཞི་ལྟུང་བ་གླེང་བའི་སྒོ་ནས་གཞན་གྱི་རྒྱུད་སྦྱོང་བར་བྱེད་ཅིང༌། ལྟུང་བ་གླེངས་ཀྱང་དེའི་སྐབས་མི་འབྱེད་ན་བརྗོད་བཅས་དང༌། གདམས་ངག་བཞག་པ་དང༌། གསོ་སྦྱོང་བཞག་པ་དང༌། དགག་དབྱེ་བཞག་པ་བཅས་བྱེད་པ་དང༌། སྐབས་ཕྱེ་ནའང་མཉན་པར་མི་བྱེད་ན་ཕུར་བཅས་བྱེད་པ་རྣམས་སོ། ། |
| གདམས་ངག་གི་གཞུང |
བྱང་ཆུབ་ལམ་གྱི་སྒྲོན་མ། བློ་སྦྱོང་གི་ཁྲིད། བསྟན་རིམ་གྱི་ཁྲིད། བདེན་བཞིའི་ཁྲིད། རྟེན་འབྲེལ་གྱི་ཁྲིད། བདེན་གཉིས་ཀྱི་ཁྲིད་སོགས་མང་ངོ་། ། |
| གདམས་ངག་བཅུ་གཅིག |
དགེ་སློང་གི་སྡོམ་པ་འབོག་པའི་མཇུག་ཏུ་གདམས་ངག་བརྗོད་པ་དགེ་སློང་གི་བསླབ་བྱ་མདོར་བསྡུས་བརྗོད་པ་དང༌། དེ་ལ་བསླབ་ཚུལ་བརྗོད་པ་ཡིན་ལ། དེའི་ནང་གསེས་སུ་བསྟེན་བྱ་འཚོ་བ་རྣམ་དག་དང༌། བསྲུང་བྱ་ཚུལ་ཁྲིམས་རྣམ་དག་དང༌། ཉམས་ལེན་སྤྱོད་པ་རྣམ་དག་ལ་དགེ་སྦྱོང་གི་ཆོས་བཞི་དང༌། བསྙེན་རྫོགས་ཐོབ་པས་མཆོག་ཏུ་འདོད་པའི་དོན་འགྲུབ་པ་དང༌། གནས་བརྟན་རྣམས་དང་ཚུལ་ཁྲིམས་མཉམ་པ་དང༌། མཁན་སློབ་ལ་གུས་པར་བྱ་བ་དང༌། གྲོགས་ལ་གུས་པར་བྱ་བ་བཅས་དུལ་བའི་གནས་ལ་བསླབ་པ་དང༌། རྟོགས་པ་ལྟ་བ་རྣམ་དག་ལ་སྤོང་ཀློག་བྱེད་པ་དང༌། ཡང་དག་པར་བླང་བ་ལ་བསླབ་པ་དང༌། བསླབ་པ་ལ་གུས་པར་སྦྱར་བ་དང༌། བསྒྲུབ་པར་བྱ་བ་ཐབས་བརྗོད་པ་བག་ཡོད་པར་གདམས་པ་བཅས་བཅུ་གཅིག་གོ། ། |
| གདམས་ངག་བཞག་པ |
འདུལ་བའི་ཕྱག་ལེན་ཞིག་གང་ལ་ལྟུང་བ་གླེངས་ཀྱང་མཉན་པར་མི་བྱེད་ཅིང་བཀའ་བློ་མི་བདེ་བར་བྱེད་ན་གླེང་དྲན་ལ་སོགས་པའི་སྒོ་ནས་བཞམས་བསྒོ་བྱེད། དེས་ཀྱང་མ་ཞི་ན་གདམས་ངག་སྟོན་པའི་འཕྲོ་བཞག་པའོ། ། |
| གདམས་ངག་འབོགས་པ |
གདམས་ངག་སྟོན་པ་དང་དོན་གཅིག |
| གདམས་ངག་སྟོན་པ |
ཉམས་ལེན་གྱི་གནད་དམ་སྙིང་པོ་བཤད་པ། |
| གདམས་པ |
འདོམས་པའི་འདས་པའི་བྱ་མིང་། |
| གདའ |
1.(བྱེད་མེད་ལས་ཆིག) ཡོད་པའམ་གནས་པ་སྟེ། (དཔེར་ན།) གཙང་བོ་ལ་བརྒལ་རབ་གདའ། ཆུ་བོ་ལ་ཟམ་པ་གདའ། བདེ་བར་གདའ་ལྟ་བུ། 2.ལས་ཚིག་ད་ལྟ་བའི་མཐར་སྦྱར་ན་དུས་ད་ལྟ་བ་མཚོན་པའི་ཚིག་གྲོགས་ཏེ། (དཔེར་ན།) ཞིང་འབྲེག་གིན་གདའ། ཕྱུགས་འཚོ་བཞིན་གདའ་ལྟ་བུ། |
| གདའ་མོ |
(ཡུལ་སྐད།) ཡོད་ཨའམ་འདུག་ཨ་སྟེ། (དཔེར་ན།) མི་དེ་ལ་ཡོན་ཏན་བཟང་པོ་གདའ་མོ་ཞེས་པ་ལྟ་བུ། |
| གདར |
1.གྲི་སོགས་ལ་རྣོ་སྤྲོད་བྱེད་ཀྱི་རྡོ་སྟེ། (དཔེར་ན།) གྲི་འདི་གདར་ལ་བདར་དགོས་ལྟ་བུ།2.མར་ཐུད་ཀྱི་རྡོག་པོའི་མིང་ཡིན་པར་བཤད་འདུག |
| གདར་མ |
གྲུ་བཞི་ནར་མོའི་དབྱིབས་ཅན་ཏེ། (དཔེར་ན།) མར་གདར་མ། ཐུད་གདར་མ་ཞེས་པ་ལྟ་བུ། |
| གདལ |
(བྱེད་འབྲེལ་ལས་ཚིག) བདལ་གྱི་ད་ལྟ་བ། གཅལ་དུ་བཀྲམ་པ་སྟེ། (དཔེར་ན།) ཐང་མ་གདལ་ལྟ་བུ། |
| གདལ་ཁ |
ཁྱབ་གདལ་གྱི་དོན་ཏེ། (དཔེར་ན།) ནད་རིམས་གདལ་ཁ་ཧ་ཅང་ཆེ་ཞེས་པ་ལྟ་བུ། |
| གདལ་གཏམ |
གཅིག་ནས་གཅིག་ཏུ་མཆེད་པའམ་ཁྱབ་པའི་གཏམ་སྟེ། (དཔེར་ན།) ཆུ་བརྒྱ་ཟམ་འོག་ཏུ་འདུས་ཞེས་པ་འདི་མི་རྣམས་ཀྱི་གདལ་གཏམ་ཁྱབ་ཆེ་ཞིག་རེད་ཅེས་པ་ལྟ་བུ། |
| གདལ་པོ |
(བརྡ་རྙིང་།) དཀྲུག་ཤིང་རྒྱག་པ། |
| གདལ་བ |
1. (བྱེད་འབྲེལ་ལས་ཚིག) མཆེད་པ་དང་ཁྱབ་པའི་དོན་ཏེ། (དཔེར་ན།) ལུང་པ་དེར་ནད་རིམས་གདུག་པ་ཞིག་གདལ་འདུག་ལྟ་བུ།2. ཡོངས་ཁྱབ་ཀྱི་མིང༌སྟེ། (དཔེར་ན།) ཡུལ་ལུགས་གདལ་བ་ཆེན་པོ་ལྟ་བུ། |
| གདལ་བ་ཆོས་ཉིད་ཀྱི་ས |
སྔགས་རྙིང་མའི་གཞུང་དུ། རྣལ་འབྱོར་ལྔ་པའི་སྐབས་སུ་ཐོབ་པའི་ས་དགུ་པ་མཐར་ལམ་དུ། ཆོས་ཉིད་དོན་གྱི་འོད་གསལ་དང༌། ཆོས་ཅན་ལྷ་སྐུའི་སྣང་བ་གཉིས་འདུ་འབྲལ་མེད་པའི་ཆོད་ཉིད་ཀྱི་ཕྱག་རྒྱས་སྣང་སྤྱོད་ཐམས་ཅད་ལ་ཁྱད་པར་གདལ་བས། ས་དགུ་པ་ལ་གདལ་བ་ཆོས་ཉིད་ཀྱི་ས་ཞེས་བྱའོ། ། |
| གདས |
(བྱེད་འབྲེལ་ལས་ཚིག) བཤད་པའི་དོན་ཏེ། (དཔེར་ན།) ཚིག་ཡང་དང་ཡང་དུ་གདས་ཞེས་པ་ལྟ་བུ། |
| གདས་པ |
གདས་པའི་བྱ་མིང་། སྨྲ་བའམ་ཞུ་བའམ་གོ་བའི་དོན་ཏེ། (དཔེར་ན།) ཁོང་ལ་དོན་གནད་ཚང་མ་གདས་པ་ཡིན། ཚིག་དག་གིས་ནི་གདས་པར་བྱ་ཞེས་པ་ལྟ་བུ། |
| གདིང |
1.གཏིང༌དང་འདྲ་སྟེ། (དཔེར་ན།) ཁོ་སེམས་ཀྱི་གདིང་ནས་ཚིག་པ་ཟོས་སོང༌། 2.འདིང་གི་མ་འོངས་པ་སྟེ། (དཔེར་ན།) གདིང་བྱའི་གདན་གདིང་བར་བྱ་ལྟ་བུ། |
| གདིང་གྲོལ་ཐོག་ཏུ་བཅའ་བ |
ཀ་དག་ཁྲེགས་ཆོད་ཀྱི་སྒོམ་རིམ་ཉམས་སུ་ལེན་ཚུལ་ཞིག་ཅི་སྣང་ཅི་ཤར་ཐམས་ཅད་དང་པོ་ཆོས་ཉིད་ཀྱི་རྩལ་དུ་བྱུང༌། ད་ལྟ་ཆོས་ཉིད་ཀྱི་ངང་དུ་གནས། མཐར་ཆོས་ཉིད་ཀྱི་ངང་དུ་ཐིམ་པའོ། ། |
| གདིང་བ |
1.འདིང་བའི་མ་འོངས་པའི་བྱ་མིང། 2.འཚོ་བའི་ཡོ་བྱད་བཅུ་གསུམ་གྱི་ནང་གསེས། གནས་མལ་བསྐྱབ་པའི་ཕྱིར་དུ་གནང་ཞིང༌། ཚད་སྲིད་དུ་ཁྲུ་གསུམ་ཞེང་དུ་ཁྲུ་དོ་སོར་དྲུག་ཡོད་པའི་རབ་བྱུང་གི་སྟན་གྱི་བྱེ་བྲག་ཅིག |
| གདིང་བ་ཚད་ལྷག་བྱེད་པའི་ལྟུང་བྱེད |
ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས། གདིང་བ་སྲིད་དུ་ཁྲུ་གསུམ་དང་ཞེང་དུ་ཁྲུ་དོ་དང་སོར་དྲུག་གི་ཚད་ལས་ལྷག་པ་འཆང་བའོ། ། |
| གདིང་བའི་ལྟུང་བྱེད |
ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས། གདིང་བ་ལས་གྱུར་པའི་ལྟུང་བྱེད་དེ། གཙུག་ལག་ཁང་དུ་རང་གི་གདིང་བའི་འོག་ཏུ་བཏིང་བའི་རྩྭ་དང་ལོ་མ་ལ་སོགས་པ་རྗེས་སུ་མ་བསྡུས་པ། |
| གདུ |
1.(བྱེད་འབྲེལ་ལས་ཚིག) གདུས་ཀྱི་མ་འོངས་པ་དང་ད་ལྟ་བ། ཆུ་སོགས་ཡུན་རིང་དུ་བསྐོལ་བའི་དོན་ཏེ། (དཔེར་ན།) སྨན་གདུ་དགོས། སྨན་གདུ་མཁན་ཞེས་པ་ལྟ་བུ། འདས་པ་དང་སྐུལ་ཚིག་ལ་གདུས་འབྲི་སྟེ། (དཔེར་ན།) སྨན་པས་སྨན་གདུས་ནས་ནད་པར་བླུད། སྨན་གདུས་ཤིག་ལྟ་བུ། 2.(བྱེད་མེད་ལས་ཚིག) གདུས་ཀྱི་མ་འོངས་པ་དང་ད་ལྟ་བ། ཆུ་སོགས་བསྐོལ་ནས་ཁོལ་ཏེ་སྦུ་བ་ལྷོག་ལྷོག་དུ་འཕྱུར་བའི་དོན་ཏེ། (དཔེར་ན།) ཇ་ཁོལ་ནས་གདུ་ལ་ཁད་ཡོད་ལྟ་བུ། གདུས་ནི་འདས་པ་ཆུ་གདུས་ནས་རླངས་པ་འཕྱུར་ལྟ་བུ། 3.ཆུའི་གཡོ་འགུལ་ཧ་ཅང་མགྱོགས་པའི་དོན་ཏེ། (དཔེར་ན།) ཆུ་ལོག་ཟེད་ཟེད་གདུ་ཞེས་པ་ལྟ་བུ། |
| གདུ་གུ |
གདུ་བུ་དང་འདྲ། |
| གདུ་བུ |
ལག་ངར་དང་སོར་མོ་ལ་གོན་པའི་ཨ་ལོང་དབྱིབས་ཀྱི་རྒྱན་ཆའི་མིང་སྟེ། གདུ་གུ་ཡང་ཟེར་ཞིང་། མིང་བསྡུས་ན་གདུབ་ཅེས་འབྲི་སྟེ། (དཔེར་ན།) ལག་གདུབ། སོར་གདུབ། གདུབ་ཀོར་ཞེས་པ་ལྟ་བུ། |
| གདུ་བུས་བསྡམས་པ |
གདུ་བུ་གྱོན་པ། |
| གདུག |
1.(བྱེད་འབྲེལ་ལས་ཚིག) བདུགས་ཀྱི་ད་ལྟ་བ། དུ་བ་དང་དྲི་དཀྲིགས་པའི་དོན་ཏེ། (དཔེར་ན།) ཁང་བར་སྤོས་གདུག་གིན་ཡོད། དུ་བ་གདུག་མཁན་ཞེས་པ་ལྟ་བུ།2.(རྒྱན་ཚིག) དྲག་པོ་དང་རྩུབ་པོ་སྟེ། (དཔེར་ན།) གདུག་སྤྱོད། གདུག་རྩུབ། གཅན་གཟན་གདུག་པ་ཅན། སྐད་སྒྲ་གདུག་པ་ཅན། སྐད་སྒྲ་གདུག་པོ་ཞེས་པ་ལྟ་བུ། |
| གདུག་ཅན |
གདུག་པ་ཅན་དང་དོན་གཅིག |
| གདུག་པ |
མ་རུངས་པ་དང་མི་བཟད་པ་སྟེ། (དཔེར་ན།) གཅན་གཟན་གདུག་པ། བསམ་བློ་གདུག་པ། ཞེ་སྡང་མེ་ལྟར་འབར་ནས་གདུག་པའི་ང་རོ་ཆེས་ཆེར་སྒྲོག་ཅེས་པ་ལྟ་བུ། |
| གདུག་པ་གཉུག་མར་གནས་པ |
ལྷན་སྐྱེས་ཀྱི་མི་མ་ཡིན་རྒྱུན་དུ་གནས་པ་ཞིག |
| གདུག་པ་ཅན |
གནོད་པ་ཅན་ནམ་ཞེ་སྡང་ཅན་ཏེ། (དཔེར་ན།) དགྲ་བོ་གདུག་པ་ཅན་གྱིས་ཀྱང་གནོད་པ་བྱེད་མི་ཐུབ་ཅེས་པ་ལྟ་བུ། |
| གདུག་འདྲེ |
གདུག་པ་ཅན་གྱི་འདྲེ། |
| གདུག་འདྲེའི་སྦུད་པ |
ཕ་བ་དགོ་དགོའམ་ག་བུ་ཐུད་གསོབ་ཀྱི་མིང་གཞན་ཞིག |
| གདུག་རྩུབ |
ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་མ་རུངས་པའི་དོན་ཏེ། (དཔེར་ན།) རྒྱལ་པོ་གདུག་རྩུབ་ཅན། གདུག་རྩུབ་སྤྱོད་ངན། ཚིག་གདུག་རྩུབ་ཅན། གདུག་རྩུབ་དགུ་འཛོམས། གདུག་རྩུབ་སེམས་གནག བསམ་པ་གདུག་རྩུབ་ཅན་གྱིས་མི་ལ་གནོད་འཚེ་བྱེད་ཅེས་པ་ལྟ་བུ། |
| གདུག་སེམས |
གནོད་སེམས། |
| གདུག་སྤྱོད |
མ་རུངས་པའི་བྱ་སྤྱོད་དེ། (དཔེར་ན།) གདུག་སྤྱོད་ཀྱི་བྱ་བ། གཞན་ལ་གདུག་སྤྱོད་བཏང་ཞེས་པ་ལྟ་བུ། |
| གདུག་སྦྲུལ |
གདུག་རྩུབ་ཆེ་བའི་སྦྲུལ། |
| གདུགས |
1.ཉི་ཆར་འགོག་བྱེད་དེ། (དཔེར་ན།) ཉི་གདུགས། ཆར་གདུགས། གདུགས་ཡུ། ཆར་པ་འབབ་དུས་གདུགས་ཕུབ་ལྟ་བུ། མིང་གི་རྣམ་གྲངས་ལ་ཐུར་མ་བརྒྱ་པ་དང་ཚད་སྐྱོབ་བོ། །2.ཉི་མའི་དོན་ཏེ། (དཔེར་ན།) ནམ་མཁའི་གདུགས་ཀྱི་དཀྱིལ་འཁོར་ལྟར་འོད་ཟེར་གསལ་ཞིང་ཚ་ཤུགས་དང་ལྡན་ཞེས་པ་ལྟ་བུ། 3.ཉིན་མོ། 4.སྔ་དྲོ། |
| གདུགས་ཁང |
(བརྡ་རྙིང་།) བསྲོ་ཁང་ངམ་ཁྲུས་ཁང༌། |
| གདུགས་ཁེབས |
(མངོན་བརྗོད།) ཤིང་སྟག་པ། |
| གདུགས་ཐོགས་པ |
1.གདུགས་འཛིན་པར་བྱེད་པ། 2.ལག་ཏུ་གདུགས་འཛིན་པ་པོ། |
| གདུགས་དཀར |
1.དབུ་གདུགས་སམ། ཉི་གདུགས་དཀར་པོ། 2.དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན། 3.དབུ་སྟོང་ཕྱག་སྟོང་ཅན་གྱི་ལྷ་མོ་ཞིག |
| གདུགས་དཀར་ཟློག་སྒྱུར |
རིག་སྔགས་ཀྱི་རྒྱལ་མོ་གདུགས་དཀར་གྱི་མདོ་ཆོག་ལ་བརྟེན་ནས་བར་ཆད་ཟློག་བྱེད་ཆོ་ག་ཞིག |
| གདུགས་མཚན |
ཉིན་མཚན། |
| གདུགས་ཚོད |
1.ཉིན་གུང༌། 2.ཉིན་གུང་གི་ཟས་ཏེ། (དཔེར་ན།) འཁོར་དང་བཅས་པར་གདུགས་ཚོད་དྲངས་ཞེས་པ་ལྟ་བུ། |
| གདུགས་འཁོར |
སྐར་རྩིས་ནང་གི་རི་མོ་ཞིག |
| གདུགས་རིམ |
(མངོན་བརྗོད།) གདུགས་བརྩེགས་པའི་རིམ་པ་སྟེ། མཆོད་རྟེན་ལ་གདུགས་རིམ་པ་བཅུ་གསུམ་ཡོད་པས་གྲངས་བཅུ་གསུམ་མཚོན། |
| གདུགས་རེ |
(བརྡ་རྙིང་།) ཉིན་རེ། |
| གདུགས་ཤེར་སེང་གསུམ་གྱི་བཟློག་པ |
གདུགས་དཀར་གྱི་བཟློག་པ་དང༌། ཤེས་རབ་སྙིང་པོའི་བཟློག་པ། མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་བཟློག་པ་བཅས་གསུམ་གྱི་བསྡུས་མིང༌། |
| གདུང |
1.རིགས་རུས། 2.རུས་པའི་ཞེ་ས་སྟེ། (དཔེར་ན།) སྐུ་གདུང༌། འཕེལ་གདུང༌ཞེས་པ་ལྟ་བུ། 3.(བྱེད་མེད་ལས་ཚིག) གདུངས་པའི་མ་འོངས་པ་དང་ད་ལྟ་བ། སྡུག་བསྔལ་བསྐྱེད་པའམ་མནར་བ་སྟེ། (དཔེར་ན།) སྔོན་ཆད་ནད་ཀྱིས་གདུང་བར་བྱེད། ད་ལྟ་ནད་ཀྱི་གདུང་བ་སེལ་ལྟ་བུ། 4. བྱམས་བརྩེ་བྱེད་པའི་དོན་ཏེ། (དཔེར་ན།) མ་ཡིས་བུ་ལ་གདུང་བ་བཞིན། ཞིང་པ་དབུལ་བོར་བརྩེ་ཞིང་གདུང་ཞེས་པ་ལྟ་བུ། |
| གདུང་ཁང |
རོ་ཁང༌གི་ཞེ་ས་སྟེ། (དཔེར་ན།) བླ་མའི་གདུང་ཁང་། རྒྱལ་པོའི་གདུང་ཁང་ཞེས་པ་ལྟ་བུ། |
| གདུང་ཆེན |
ཁང་པའི་ནང་གི་གདུང་མ་ཆེན་པོ། |
| གདུང་ཏལ་མ |
ཁང་མིག་ཆེན་པོར་ཀ་བ་འཛུགས་མི་དགོས་པར་ཏལ་མར་གཏོང་བའི་གདུང་རིང༌། |
| གདུང་ཐལ |
རོ་བསྲེགས་པའི་ཐལ་བ། |
| གདུང་དབྱངས |
ཉམ་ཐག་པའི་སྐད་ཀྱི་མིང་སྟེ། (དཔེར་ན།) གདུང་དབྱངས་ཀྱི་སྒོ་ནས་སྡུག་བསྔལ་བཤད་ལྟ་བུ། |
| གདུང་བ |
(བྱེད་འབྲེལ་ལས་ཚིག) གདུང་བའི་བྱ་མིང་། |
| གདུང་བའི་འོད་འབྱིན |
(མངོན་བརྗོད།) ཉི་མ། |
| གདུང་བསབས་པ |
རིགས་རྒྱུད་མ་ཆད་པ་བྱས་པ། |
| གདུང་བྱེད |
(མངོན་བརྗོད།) 1>ཉི་མ། 2>ཐན་པ། |
| གདུང་མ |
ཀ་བའི་མགོའམ་རྩིག་པའི་ཐོག་འཕྲེད་ལ་བཞག་ནས་ཁང་བའི་ཀླད་ཐེག་བྱེད་ཀྱི་ཤིང་སྡོང་སོགས་ཀྱི་མིང་། ཚིག་བསྡུས་ན་གདུང་ཞེས་འབྲི་ཆོག་སྟེ། (དཔེར་ན།) གདུང་ལྕམ། གདུང་འདེགས་ཀྱི་ཀ་བ་ཞེས་པ་ལྟ་བུ། |
| གདུང་ཚན |
གཉེན་ཚན། |
| གདུང་ཚིག |
སྡུག་བསྔལ་བའི་ཚིག་གམ་ཡིད་སྐྱོ་བའི་ཚིག་སྟེ། (དཔེར་ན།) ཕན་ཚུན་ཐུག་པ་དང་སྡུག་བསྔལ་མྱོང་ཚུལ་གྱི་གདུང་ཚིག་མང་པོ་བརྗོད་པ། ཕན་ཚུན་ཡིད་འཕྲེང་བའི་ངང་ནས་གདུང་ཚིག་རྗོད་རེས་བྱེད་ཅེས་པ་ལྟ་བུ། |
| གདུང་ཞུགས་ཕུལ |
རོ་མེར་བསྲེགས་པ། |
| གནོད་སེམས |
གཞན་ལ་མི་བདེ་བ་བཟོ་འདོད་ཀྱི་སེམས། མིང་གི་རྣམ་གྲངས་ལ་ངན་སེམས་དང༌། སྡུག་སེམས། མ་རུངས་སེམས། འཚེ་སེམས་བཅས་སོ། ། |
| གནོད་སྐྱེལ |
གཞན་ལ་སྐྱོན་གཏོང་བ་སྟེ། (དཔེར་ན།) ཕར་ཚུར་གནོད་སྐྱེལ་བྱེད་པ་ཞེས་པ་ལྟ་བུ། |
| གནོད་སྐྱོན |
འགལ་རྐྱེན་ནམ་ཉེར་འཚེ་སྟེ། (དཔེར་ན།) རང་བྱུང་འབྱུང་བའི་གནོད་སྐྱོན་སེལ་བ། དམག་འཁྲུག་གི་གནོད་སྐྱོན་བྱུང་རིགས་མགྱོགས་མྱུར་གསོ་བ། གཞན་ལ་གནོད་སྐྱོན་བཏང་ཚད་རང་ལ་འཁོར་བ་ཞེས་པ་ལྟ་བུ། |
| གནོད་སྦྱིན |
1.མི་མིན་ལྷ་འདྲེའི་རིགས། 2.ནོར་ལྷའི་བྱེ་བྲག་འགའ། |
| གནོད་སྦྱིན་ཁ་རླངས |
(མངོན་བརྗོད།) དགུ་ཚིགས། |
| གནོད་སྦྱིན་གང་བཟང |
རི་བོ་ཞིག་སྟེ། བོད་ཀྱི་སྣ་དཀར་རྩེ་རྫོང་དང་རྒྱལ་རྩེ་རྫོང་གི་བར་མཚམས་སུ་ཡོད་ཅིང༌། དེའི་མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་7191 ཡོད། |
| གནོད་སྦྱིན་ཆང |
(མངོན་བརྗོད།) ཆང༌། |
| གནོད་སྦྱིན་ཕྱོགས |
(མངོན་བརྗོད།) བྱང་ཕྱོགས། |
| གནོད་སྦྱིན་མ |
(མངོན་བརྗོད།) ཉི་མ། |
| གནོད་སྦྱིན་རྒྱལ |
(མངོན་བརྗོད།) རྣམ་ཐོས་སྲས། |
| གནོད་སྦྱིན་སྡེ་དཔོན |
1.གནོད་སྦྱིན་ཚོགས་ཀྱི་རྗེ་བོ་རྣམ་ཐོས་སྲས་ལྟ་བུ། 2.(མངོན་བརྗོད།) ཕྱག་ན་རྡོ་རྗེ། |
| གནོད་སྦྱིན་སྤོས |
(མངོན་བརྗོད།) སྤོས་དཀར། |
| གནོན |
‘ནོན’གྱི་ད་ལྟ་བ། |
| གནོན་པ |
(བྱེད་འབྲེལ་ལས་ཚིག) མནན་པའི་ད་ལྟ་བའི་བྱ་མིང་། སྟེང་ནས་འོག་ཏུ་ཤུགས་ཀྱིས་བརྫིས་ཏེ་འགུལ་དུ་མི་འཇུག་པའམ་གཞོམ་པར་བྱེད་པ་སྟེ། (དཔེར་ན།) ཆུ་སྨྱོན་འགོག་པ་ལས་མི་མང་པོའི་ཁ་ལབ་གནོན་དཀའ། དྲགས་ཤུགས་ཀྱིས་གནོན་པ་ཞེས་པ་ལྟ་བུ། |
| གནོན་བཙིར |
སྟེང་ནས་འོག་ཏུའམ་ཕྱི་ནས་ནང་དུ་བཅུམ་ཞིང་གཞོམ་པ་སྟེ། (དཔེར་ན།) པད་ཁ་གནོན་བཙིར་གྱིས་སྣུམ་འདོན་པ། གོས་རློན་པ་གནོན་བཙིར་བྱས་ནས་ཉི་མར་སྐེམ། ཤིང་བལ་སོབ་སོབ་རྣམས་གནོན་བཙིར་གྱིས་ཞེས་པ་ལྟ་བུ། |
| གནོན་ཤིང |
1.སྒོ་སོགས་གནོན་བྱེད་ཀྱི་ཤིང༌། 2.ཐགས་ཆས་ཀྱི་རྐང་ཤིང༌། |
| གནོན་ཤུགས |
གནོན་བྱེད་ཀྱི་ཤུགས་ཏེ། (དཔེར་ན།) གླེང་ཕྱོགས་ཀྱི་གནོན་ཤུགས་ཧ་ཅང་ཆེ་ཞེས་པ་ལྟ་བུ། |
| གནོན་སྡོམ |
སྒྲིག་ཁྲིམས་ཀྱིས་གཅུན་པ་སྟེ། (དཔེར་ན།) ལོག་སྤྱོད་པ་རྣམས་ལ་ཁྲིམས་སྲོལ་གནོན་སྡོམ་ལེགས་པར་དགོས་རྒྱུ་ཞེས་པ་ལྟ་བུ། |
| གནོས |
‘ནོད’ཀྱི་སྐུལ་ཚིག |
| གནྡྷ་བྷ་དྲ |
(ལེགས་སྦྱར།) དྲི་བཟང་སྔོ་སྨན་གྱི་རིགས་ཤིག་རོ་ཁ་ལ་མངར། ཞུ་རྗེས་སྙོམས། ནུས་པས་སྐྲན་ནད་དང༌། དྲེག་ནད། ཆམ་པ། དུག་ནད། བད་ཀན་སྐྱ་བོ་བཅས་ལ་ཕན། |
| གབ |
(བྱེད་འབྲེལ་ལས་ཚིག) སྦས་པའི་དོན་ཏེ། (དཔེར་ན།) གབ་སྦས་བྱེད་པ། ཕག་ཏུ་གབ་ནས་བསྡད་ཅེས་པ་ལྟ་བུ། |
| གབ་པ |
1.(བྱེད་འབྲེལ་ལས་ཚིག) གབ་པའི་བྱ་མིང་། (དཔེར་ན།) བྱིའུ་ཤིང་ལོའི་འོག་ཏུ་གབ་པ། འཕྱི་བ་ཚང་དུ་གབ་པ་ཞེས་པ་ལྟ་བུ། 2. ཆ་མཉམ་པའི་དོན་ཏེ། (དཔེར་ན།) ཆུ་ཞེང་གབ་པ་ཞེས་པ་ལྟ་བུ། |
| གབ་པ་མངོན་ཕྱུང |
1.སྲོང་བཙན་སྒམ་པོས་རང་གི་ཚ་བོ་མང་སྲོང་མང་བཙན་ལ་གནང་བའི་ཞལ་གདམས་ཀྱི་མིང༌།2.གབ་སྦས་ཀྱི་དོན་དང་དངོས་པོ་སོགས་ཕྱིར་མངོན་དུ་བཅུག་པ། |
| གབ་ཕྱུང |
དགོངས་པ་བཀྲོལ་བའམ། སྦས་དོན་གསལ་བར་བཤད་པ། |
| གབ་ཙེ |
1.ཟ་མ་ཏོག་གམ། སྣོད། 2.འབྱུང་རྩིས་ཀྱི་ཁྲམ་ཁ། |
| གབ་ཚད |
བད་རླུང་གཉིས་ཀྱི་འོག་ཏུ་གབ་པའི་ཚ་བའི་མིང༌། |
| གབ་ཚིག |
1.གསང་ཚིག 2.སྙན་ངག་གི་རྒྱན་ཞིག་གི་མིང་། 3.ལྡེའུ། དམངས་ཁྲོད་དུ་ཁེད་ཟེར། |
| གབ་ཚིག་གི་རྒྱན |
རྩེད་མོ་སོགས་ཀྱི་མདུན་སར་བཞད་གད་སློང་བའི་ཆེད་དང༌། གབ་ཚིག་ཤེས་པ་རྣམས་ནང་ཕན་ཚུན་གསང་གཏམ་ཚིག་ཏུ་སྨྲ་བ་དང༌། རང་དང་མི་མཐུན་པའི་ཕ་རོལ་པོ་རྣམས་མགོ་བོ་རྨོངས་པར་བྱེད་པའི་ཕྱིར་དུ་གབ་བྱ་སྣ་ཚོགས་ལ་གབ་བྱེད་སྣ་ཚོགས་སྦྱར་ཏེ་སྟོན་པའི་རྒྱན་ཞིག |
| གབ་ཚེ |
གབ་ཙེ་དང་འདྲ། |
| གབ་འཚོལ |
གསང་བ་བྱས་ནས་འཚོལ་བ། |
| གབ་ཡིག |
གསང་བའི་ཡི་གེ་སྟེ། (དཔེར་ན།) གབ་ཡིག་རྒྱ་དམ་ཡོད་པ་ཞིག་བསྐུར་ཞེས་པ་ལྟ་བུ། |
| གབ་རེས་འུར་རེས |
གབ་རེས་ཡིབ་རེས་ཀྱང་ཟེར། བྱིས་པའི་རྩེད་མོའི་གྲས་ཤིག་གཅིག་གབ་ནས་གཞན་དག་གིས་འཚོལ་བ། |
| གབ་རྒྱ |
གསང་རྒྱ། |
| གབ་རྩ |
མི་མངོན་པའི་རྩ་འཕར་སྟངས། |
| གབ་རྩེ |
གབ་རྩེ་དང་འདྲ། |
| གབ་སྒྲ |
གབ་ཚིག |
| གམ |
1.མིང་མཐའ་གའི་རྗེས་སུ་སྦྱོར་བའི་འབྱེད་སྡུད་ཀྱི་སྒྲའི་རྐྱེན་ཞིག་སྟེ། (དཔེར་ན།) གཅན་གཟན་འདི་ནི་གཟིག་གམ། ཡང་ན་སྟག་ཅིག་རེད་ཅེས་པ་ལྟ་བུ།2.མིང་མཐའ་གའི་རྗེས་སུ་སྦྱོར་བའི་ཐེ་ཚོམ་སྟོན་བྱེད་ཀྱི་སྒྲའི་རྐྱེན་ཞིག་སྟེ། (དཔེར་ན།) ཆུ་ཁོལ་མ་འདུག་གམ། མི་འདུག སྐུ་གཟུགས་བདེ་པོ་འདུག་གམ་ཞེས་པ་ལྟ་བུ། |
| གམ་གཟོང |
ཚག་རྒྱག་སྐབས་ལྕགས་སོགས་ཀྱི་ངོས་སུ་གུག་ཐིག་འབྲི་བྱེད་ཀྱི་ལག་ཆ་ཞིག |
| གམ་གཡོག |
དྲུང་ན་སྡོད་པའི་བྲན། |
| གམ་ཅར་མཁན་སྡེ་ཆེ་ཆུང |
སྐུའི་དྲུང་དུ་སྡོད་པའི་མཁན་ཆེན་དང་མཁན་ཆུང་ཏཱ་ལའི་བླ་མའི་གསོལ་དཔོན་དང༌། གཟིམ་དཔོན། མཆོད་དཔོན་སོགས། |
| གམ་ཆུང་ལ |
ལ་ཞིག་སྟེ། བོད་ཀྱི་སྟེང་ཆེན་རྫོང་གི་བྱང་རྒྱུད་དུ་ཡོད། |
| གམ་པ |
རྫོང་ཞིག་སྟེ། བོད་དབུས་ཀྱི་ལྷོ་རྒྱུད་ན་ཡོད་ཅིང༌། འདིའི་ལྷོ་ངོས་འབྲས་ལྗོངས་དང་ས་འབྲེལ་ཡིན། |
| གམ་པ་ལ |
ལ་ཞིག་སྟེ། བོད་དབུས་གོང་དཀར་རྫོང་གི་ནུབ་རྒྱུད་དུ་ཡོད། |
| གམ་བཅར་བ |
སྐུ་གམ་མམ་ཉེ་འགྲམ་དུ་སྡོད་མི། |
| གམ་འབྲོག |
གྲོང་ཁྱེར་གྱི་ཉེ་ལོགས་རྩྭ་ཁ་ལེགས་པོ་ཡོད་པའི་འབྲོག་ས། |
| གམ་ཡོ |
(བརྡ་རྙིང་།) དྲུང་ངམ་ཉེ་འགྲམ། |
| གམ་རུམ |
བོད་དབུས་་གམ་པ་ས་ཁུལ་ནས་ཐོན་པའི་གདན་རུམ། |
| གཙག |
1.(བྱེད་འབྲེལ་ལས་ཚིག) གཙགས་པའི་ད་ལྟ་བ། ཁབ་དང་འབིག་སོགས་སྣེ་མོ་ཅན་གྱིས་དངོས་རིགས་ལ་བསྣུན་པ་སྟེ། (དཔེར་ན།) ཁབ་ཀྱིས་གཙག་གིན་ཡོད་ལྟ་བུ།2.བཙགས་ཀྱི་མ་འོངས་པར་གཙག་འབྲི་བའང་ཡོད། |
| གཙག་ཁབ |
ཁྲག་གཏར་བྱེད་ཀྱི་གཙག་བུ། |
| གཙག་གདན |
ལྕེ་རྩར་གཙག་བུ་རྒྱག་སྐབས་རྩ་མི་འགྱུར་བའི་ཆེད་དུ་ལྕེ་གནོན་བྱེད་ཀྱི་ཡོ་བྱད་ཅིག |
| གཙག་པ |
གཙག་པའི་ད་ལྟ་བའི་བྱ་མིང་། |
| གཙག་བུ |
ནད་ཁྲག་ཕྱིར་འབྱིན་པར་བྱེད་པའི་ལག་ཆ་ནང་གསེས་སུ་དབྱེ་ན་སྟ་རེའི་ཁ་འདྲ་སོགས་རིགས་མི་འདྲ་བ་དྲུག་མཆིས། རྨ་འབྲས་སྨིན་པར་གཙག་བུ་རྒྱག་པ། འདི་ལ་གཙགས་བུ་ཞེས་འབྲི་བའང་ཡོད། |
| གཙག་བུ་འབྲི་ལྕེ |
མཆིན་ཁྲག་སྨུག་པོ་རྒྱས་པ་དང༌། གྲང་བ་བཅས་ན་བར་ཆུ་རྒྱུས་གསེབ་ཏུ་རྒྱག་བྱེད་ཀྱི་ཡོ་བྱད་ཅིག |
| གཙག་བུ་སྟ་རེ་ཁ |
མིག་དམར་པོ་ཆགས་པ། མགོ་གཟེར་བ། སྙིང་མི་བདེ་བ། ཕོ་སྲིན་གླང་འཐབ། མོ་ནད་ཁྲག་ཚབས་ན་བ་བཅས་ལ་རུས་སྟེང་དུ་རྒྱག་བྱེད་ཀྱི་ཡོ་བྱད་ཅིག |
| གཙགས |
1.(བྱེད་འབྲེལ་ལས་ཚིག) མ་འོངས་པ་དང་ད་ལྟ་བ་འདས་པ། གྲི་མདུང་ཁབ་སོགས་ཀྱིས་བསྣུན་པའི་དོན་ཏེ། (དཔེར་ན།) གཙགས་བྱའི་སྨན་ཁབ། སྨན་པས་གཙགས་ཁབ་གཙགས་ཀྱིན་ཡོད། དགྲ་བོར་མེ་མདའི་ཁ་གྲིས་གཙགས་ནས་བསད་ལྟ་བུ།2.ཁབ་སྐུད་ཀྱིས་གཙག་དྲུབ་བྱས་པའི་དོན་ཏེ། (དཔེར་ན།) ཚེམ་བཟོ་བས་དར་ཆའི་སྟེང་དུ་རི་མོ་གཙགས་ཞེས་པ་ལྟ་བུ། |
| གཙགས་པ |
གཙག་པའི་འདས་པའི་འདས་པའི་བྱ་མིང། |
| གཙགས་བུ |
བོད་ཀྱི་གསོ་རིག་གི་སྨན་དཔྱད་ཀྱི་ཡོ་བྱད་ཅིག་གི་མིང་སྟེ། ཕལ་ཆེ་བ་རྣོ་ལྕགས་ཀྱིས་བཟོས་ཤིང་དབྱིབས་ཁབ་དང་མཚུངས་པས། གཙགས་ཁབ་དང་སྐམ་ཁབ་ཀྱང་ཟེར། |
| གཙང |
1.དབུས་ནས་ནུབ་ཕྱོགས་སུ་བརྩི་བའི་བོད་ཡུལ། 2.གཙང་མ་ལ་ལྟོས། |
| གཙང་ཁང |
འདུ་ཁང་སྦུག་གི་རྟེན་ཁང༌། |
| གོས་སྐུ |
གོས་ཆེན་གྱིས་བཟོས་པའི་སྐུ་བརྙན། |
| གོས་སྐུད |
སྲིན་བལ་གྱི་སྐུད་པའི་མིང་། |
| གོས་སྒབ |
གོས་ཀྱི་གཤམ་མཐའ། |
| གོས་སྔོན་ཅན |
(མངོན་བརྗོད།) 1>ནམ་མཁའ། 2>ཕྱག་ན་རྡོ་རྗེ། 3>གཟའ་སྤེན་པ། 4>ཁྱབ་འཇུག་གི་གཅེན་པོ་སྟོབས་བཟང༌། |
| གོས་སྟོད |
བོད་གཞུང་གི་རྩེ་དྲུང་ཚོའི་ལས་གོས་ཤིག |
| གོས་སྣེ |
1.གྱོན་པའི་སྣེ་མོའམ་ཟུར། 2.གོས་ཀྱི་རིགས་ཁ། |
| གོས་སྤུ་མ |
སྤུ་ཡོད་པའི་རས་སོགས། |
| གོས་སྤུ་རིས་མ |
སྤུ་རིས་ཡོད་པའི་རས་སོགས། |
| གོས་སྤྲིན་རིས་མ |
སྤྲིན་པའི་རི་མོ་ཅན་གྱི་གོས་ཆེན། |
| གོས་སྦེད་པའི་ལྟུང་བྱེད |
རབ་བྱུང་སྡེ་ལྔ་པོ་གང་རུང་གི་གྱོན་པ་རྐུ་སེམས་མེད་པར་སྦེད་པ་ལས་བྱུང་བའི་ལྟུང་བྱེད། |
| གོས་སློག |
1.ཕྱུ་པ་དང་པགས་ཚར། 2.གྱོན་པ་སྤྱིའི་མིང༌། |
| གོས་ཧྭ |
གོས་སྨད་ཁ་བྲལ་བའམ་གོས་ཀྱི་ཟུར་འབྲལ། |
| གཽཏམ |
1.(ལེགས་སྦྱར།) སྟོན་པ་སངས་རྒྱས་ཀྱི་མཚན་ཏེ། གོའུཏམ་མམ། གོ་ཏ་འམ། འགོའུ་ཏ་མ་ཡང་ཟེར། 2.བླ་མའི་རིགས་ཏེ་སྔར་རྒྱ་གར་གྱི་སངས་རྒྱས་ཤཱཀྱ་ཐུབ་པའི་རིགས་རུས་ཀྱི་མིང༌། 3.སྔར་རྒྱ་གར་གྱི་དྲང་སྲོང་ཞིག་གི་མིང༌། |
| གྭ |
གནག་ཕྱུགས་དང་རྟ་སོགས་ཀྱི་དཔྲལ་བ་ནས་སྣ་རྩེའི་བར་དཀར་པོ། |
| གྭ་གྭ |
(རྒྱ་སྐད།) སྔོ་ཚལ་གྱི་རིགས་ཤིག |
| གྭ་ཆུ |
འབབ་ཆུ་ཞིག་སྟེ། (དཔེར་ན།) བོད་ཀྱི་སྟེང་ཆེན་རྫོང་གི་ནུབ་རྒྱུད་དུ་ཡོད། |
| གྭ་དོར |
ཤྭ་བའི་ཁྲག་རྭ། |
| གྭ་བ |
གདོང་གི་སྤུ་དཀར་པོ་ཡིན་པའི་རྟ་བོང་སོགས་ཀྱི་མིང་སྟེ། (དཔེར་ན།) རྟ་ནག་གྭ་བ། བོང་བུ་གྭ་བ། ལུག་ནག་གྭ་བ་རྭ་རིང་ཅན་ཞེས་པ་ལྟ་བུ། |
| གྭ་ཞུར |
རྟ་དྲེལ་སྒོ་ཕྱུགས་སོགས་ཀྱི་གདོང་པའི་གཞུང་མཆུ་རྩེ་བར་སྤུ་མདོག་སྐྱ་ཁྱུ་རེ་བ་ཡོད་པ། |
| གྭ་ཤྭ |
གྭ་ཞུར་དང་འདྲ། |
| གྱ |
གྲངས་བརྒྱད་ཅུ་གྱ་གཅིག་ནས་བརྒྱད་ཅུ་གྱ་དགུའི་བར་དུ་སྦྱོར་རྒྱུའི་ཚིག་གྲོགས་ཤིག་སྟེ། (དཔེར་ན།) བརྒྱད་ཅུ་གྱ་ལྔ། གྱ་བདུན་ཞེས་པ་ལྟ་བུ། |
| གྱ་གེ་གྱོག་གེ |
(རྒྱན་ཚིག) གྱག་གྱོག་ལ་ལྟོས། |
| གྱ་གྱུ |
1.(རྒྱན་ཚིག) གཡོ་སྒྱུའམ་གཡོན་ཅན་ཏེ། (དཔེར་ན།) སླུ་བའི་གྱ་གྱུ། མི་གྱ་གྱུ་ཅན་གྱིས་སྐད་ཆ་དྲང་པོ་བཤད་མི་ཡོང༌། ལས་དོན་གྱ་གྱུ་བྱས་ན་ནམ་ཞིག་སྔོ་ལོ་འཕྱར་ཡོང༌ཞེས་པ་ལྟ་བུ། 2.དྲང་པོ་མིན་པའམ་ཀྱོག་ཀྱོག་སྟེ། (དཔེར་ན།) ལམ་ཕྲན་གྱ་གྱུ། ཆུ་ཀླུང་གྱ་གྱུར་འབབ། ཤིང་གྱ་གྱུ་ཅན་མདའ་མོ་མི་ཉན། བློ་གྱ་གྱུ་ཅན་གྲོགས་པོ་མི་ཉན་ཞེས་པ་ལྟ་བུ། |
| གྱ་གྱུ་བ |
1.གཡོ་སྒྱུ་ཅན། 2.བརྟན་པོ་མེད་པ། |
| གྱ་གྱུ་འགྲོས |
1.(རྒྱན་ཚིག) ཁྱར་ཁྱོར་གྱི་འགྲོ་སྟངས། 2.(མངོན་བརྗོད།) 1>དུ་བ། 2>འབབ་ཆུ། 3>སྦྲུལ། |
| གྱ་གྱུ་ལ་ཁ |
བོད་མདོ་ཁམས་བཙན་ལྷ་ཡུལ་གྱི་ལ་ཞིག |
| གྱ་གྱུའི་རི་མོ |
1.རི་མོ་ཀྱོག་ཀྱོག 2.(མངོན་བརྗོད།) སྨིག་རྒྱུའི་མིང༌། |
| གྱ་གྱུར་འགྲོ |
(རྒྱན་ཚིག) གྱ་གྱུ་འགྲོས་དང་འདྲ། |
| གྱ་ཉེས |
(བརྡ་རྙིང་།) ཉམས་ཉེས་དང་ཇུས་ཉེས། |
| གྱ་ཐོ |
(བརྡ་རྙིང་།) རྣ་རྒྱན། |
| གྱ་དོ |
(བརྡ་རྙིང་།) རྣ་རྒྱན། |
| གྱ་ནོམ་པ |
(རྒྱན་ཚིག) གྲངས་མང་ཞིང་སྤུས་བཟང་བའི་དོན་ཏེ། (དཔེར་ན།) བཟོ་གྲྭའི་ཐོན་རྫས་གྱ་ནོམ་པ། རས་གོས་གྱ་ནོམ་པ་ཞེས་པ་ལྟ་བུ། |
| གྱ་ནོམ་སྣང་བ |
1.ལེགས་པོའམ་ཡག་པོའི་དོན། 2.བསམ་གཏན་བཞི་པའི་གནས་རིས་དྲུག་པ་གནས་འདིར་སྐྱེས་པའི་ལྷ་ནི་ལུས་སེམས་ཉེར་ཞིའི་བདེ་བ་ཆོས་ཀྱི་མཆོག་སྣང་བས་གྱ་ནོམ་སྣང་བ་ཞེས་བྱ་སྟེ་གཙང་མའི་གནས་ལྔའི་ནང་གསེས་ཤིག 3.(བརྡ་རྙིང་།) ཡོད་པ། |
| གྱ་བ |
(བརྡ་རྙིང་།) ཉམས་པའི་དོན་ཏེ། (དཔེར་ན།) བར་དུ་གྱ་བ་སོར་ཆུད། འགྲོ་བ་གྱ་ཞིང་མགོན་མེད་པ་ཞེས་པ་ལྟ་བུ། |
| གྱ་མ་གྱུ |
(རྒྱན་ཚིག) ཀྱོག་པོ་དང་འཁྱོག་པོའི་དོན་ཏེ། (དཔེར་ན།) ཆུ་བོ་གྱ་མ་གྱུར་འབབ། སེམས་གྱ་མ་གྱུ་ཞེས་པ་ལྟ་བུ། |
| གྱ་ཙོམ |
གྱ་ཚོམ་དང་འདྲ། |
| གྱ་ཚོམ |
མ་བརྟགས་པའི་དོན་ཏེ། (དཔེར་ན།) ཁ་ནས་གང་བྱུང་མང་བྱུང་གིས་གྱ་ཚོམ་དུ་སྨྲ་བ། བཤེས་གཉེན་གྱ་ཚོམ་དུ་བསྟེན་ན་འདུན་མ་ཉེས། གྱ་ཚོམ་དུ་ཁ་ཚོན་མ་གཅོད། གྱ་ཚོམ་དུ་ཆུ་རྐྱལ་མ་རྒྱག་ཅེས་པ་ལྟ་བུ། |
| གྱག་གྱོག |
(རྒྱན་ཚིག) གུག་འཁྱོག་མང་པོ་ཡོད་པའི་དོན་ཏེ། (དཔེར་ན།) ལམ་གྱག་གྱོག ལུང་བ་ཀྱག་ཀྱོག་ཅེས་པ་ལྟ་བུ། ཁ་སྐད་དུ་ཀྱ་གེ་ཀྱོག་གེའམ་གྱ་གེ་གྱོག་གེ་ཟེར་ཏེ། (དཔེར་ན།) ལམ་གྱ་གེ་གྱོག་གེ། ལུང་ཁོག་ཀྱ་གེ་ཀྱོག་གེ་ཞེས་པ་ལྟ་བུ། |
| གྱག་པ |
(བརྡ་རྙིང་།) བརླག་པ། |
| གྱང |
(རྒྱ་སྐད།) ས་ཤིང་སྒྲོམ་ནང་དུ་བརྡུངས་པའི་རྩིག་པ་སྟེ། (དཔེར་ན།) གྱང་རྡུང་བ། གྱང་ཧྲུལ། གྱང་གོག གྱང་འགྱེལ་བ་ཡོག་ཤིང་གིས་མི་ཐེག་ཅེས་པ་ལྟ་བུ། |
| གྱང་གོག |
གྱང་གོག་པོ་སྟེ། གྱང་རྙིང་བའི་དོན། |
| གྱང་གྱིང |
1.(རྒྱན་ཚིག) གྱང་ངི་གྱིང་ངིའི་བསྡུས་ཚིག 2. (བརྡ་རྙིང་།) ཁེངས་དྲེགས་ཀྱི་ལུས་ཀྱི་རྣམ་འགྱུར། |
| གྱང་གྱོང |
(རྒྱན་ཚིག) གྱང་ངེ་གྱོང་ངེའི་བསྡུས་ཚིག |
| གྱང་ངི་གྱིང་ངི |
(རྒྱན་ཚིག) ཁེངས་དྲེགས་ཀྱི་རྣམ་པ་སྟེ། (དཔེར་ན།) གྱང་ངི་གྱིང་ངིའི་མི་ལ་ཚང་མས་དགའ་པོ་མི་བྱེད་ཅེས་པ་ལྟ་བུ། |
| གྱང་ངེ་གྱོང་ངེ |
མ་ཐུལ་བའི་གྱོང་ཚུལ་ཏེ། (དཔེར་ན།) ས་གྱང་ངེ་གྱོང་ངེ་ཆུ་ལུད་ཀྱིས་འདུལ་དགོས། མི་གྱང་ངེ་གྱོང་ངེ་དེར་སྐད་ཆ་བཤད་ཁག་པོ་འདུག་ཅེས་པ་ལྟ་བུ། |
| གྱང་ཐོ |
ལྷ་རི་གྱང་ཐོའི་བསྡུས་ཚིག |
| གྱང་ནག་ཁ་སྦྱོར |
ཕྱོགས་གཉིས་ཕན་ཚུན་དབྱེན་སྦྱོར་དཀྲུག་ཤིང་གིས་རྒྱབ་འགལ་དུ་གཏོང་བའི་དཔེ། |
| གྱང་ཕྲེང |
གྱང་གི་དཔངས་རིམ་སྟེ། (དཔེར་ན།) ལྕགས་རིའི་དཔངས་ལ་གྱང་ཕྲེང་སུམ་ཅུ་སོ་དྲུག་ཡོད་ཅེས་པ་ལྟ་བུ། |
| གྱང་མཐུད |
རྩིག་པའི་གྱང་གཉིས་བར་གྱི་མཐུད་མཚམས། |
| གྱང་མཚམས |
1.གྱང་གཉིས་མཐུད་མཚམས་སམ་གྱང་གཉིས་ཀྱི་བར་མཚམས། 2.གྱང་གི་འཁྲིས་སམ་ཉེ་འགྲམ། |
| གྱང་ར |
གྱང་རྩིག་གི་ར་བ། |
| གྱང་རིས |
གྱང་ལྡེབས་ཀྱི་རི་མོ་སྟེ། (དཔེར་ན།) གཙུག་ལག་ཁང་གི་རྩིག་པར་གྱང་རིས་ཡོངས་ཁྱབ་ཏུ་ཡོད་ཅེས་པ་ལྟ་བུ། |
| གྱང་རྒྱུག |
གྱང་ས་རྡུང་བྱེད་རྒྱུག་པ། |
| གྱང་རྩིག |
1.གྱང་དང་རྩིག་པའི་བསྡུས་ཚིག 2.ས་ལས་བཟོས་པའི་རྩིག་པའམ་སྐྱ། |
| གྱང་ལོགས |
གྱང་རྩིག་གི་ལྡེབས་ངོས། |
| གྱང་ལྡེབས |
གྱང་རྩིག་གི་ལྡེབས་ངོས། |
| ཐོད་རས |
མགོ་དཀྲི་བྱེད་ཀྱི་རས། |
| ཐོད་རུས |
མགོ་རུས། |
| ཐོད་རྒལ |
གནས་རིམ་པ་ལས་བརྒལ་ནས་ཡར་འཕར་བའི་ལས་དོན་གྱི་མིང་སྟེ། (དཔེར་ན།) དམག་པོན་ཐོད་རྒལ་བ། གོ་གནས་ཐོད་རྒལ་བྱས་ལྟ་བུ། |
| ཐོད་རྒལ་དུ་སྙོམས་པར་འཇུག་པ |
ཏིང་འཛིན་རིམ་གྱིས་བསྒོམ་པ་ལ་མ་ལྟོས་པར་རིམ་འདས་ཀྱི་སྒོ་ནས་མཉམ་པར་འཇོག་པའོ། ། |
| ཐོད་རྒྱན |
1.མགོ་རྒྱན། 2.སྟེང་དུ་གདགས་བྱའི་གནམ་རྒྱན། |
| ཐོད་རྔ |
མིའི་ཐོད་པ་ལས་བཟོས་པའི་རྔ་ཆུང་ངམ། ཌ་མ་རུ། |
| ཐོད་རྩ |
ཐོད་པའི་རྩ་ལམ། |
| ཐོད་ལེ་ཀོར |
ཐོ་ལེ་ཀོར་དང་འདྲ། |
| ཐོད་སྐམ |
མི་མགོ་སྐམ་པོ། |
| ཐོད་སྐམ་རིགས་རྒྱན |
ཐོད་སྐམ་ལྔའི་དབུ་རྒྱན། |
| ཐོད་སྒོར |
སྔར་བོད་ཀྱི་ལྷ་ལྕམ་ཚོའི་མགོ་རྒྱན་མུ་ཏིག་ལས་བཟོས་པའི་ཞྭ་མོ་ལྟ་བུ་ཞིག |
| ཐོན |
1.བཏོན་པའི་སྐུལ་ཚིག་སྟེ། (དཔེར་ན།) ཚགས་པར་ཐོན་ཅིག་ལྟ་བུ། 2.(བྱེད་མེད་ལས་ཚིག་འདས་པ) 1>ནང་ནས་ཕྱི་ལ་བུད་པ་སྟེ། (དཔེར་ན།) ནང་ནས་སྒོ་ལ་ཐོན། ཕྱི་ལ་ཐོན་ལྟ་བུ། 3.བོད་ཀྱི་རུས་ཤིག་གམ་ཡར་ཀླུང་གཙང་པོའི་ལྷོ་ཕྱོགས་ཀྱི་གྲོང་རྡལ་ཞིག་གི་མིང་། དེ་ནི་སློབ་དཔོན་ཐོན་མིའི་འཁྲུངས་ཡུལ་ཡིན་པར་བཤད། |
| ཐོན་ཁུངས |
དངོས་རིགས་ཐོན་སའི་འབྱུང་ཁུངས། |
| ཐོན་ཐི |
ཐུན་ཐི་དང་འདྲ། |
| ཐོན་པ |
འཐོན་པའི་འདས་པ། |
| ཐོན་ཕྱག |
ཕྱོགས་སུ་ཐོན་ཁའི་ཕྱག་འབུལ་གྱི་དོན་ཏེ། (དཔེར་ན།) ཐག་རིང་དུ་འགྲོ་དུས་ཐོན་ཕྱག་ཞུ་བ། སེམས་མི་དགའ་བས་ཐོན་ཕྱག་མ་ཞུས་པར་རྡོག་ཐོན་བྱས་སོང༌ལྟ་བུ། |
| ཐོན་བུ |
1.ཐོམ་བུ་དང་འདྲ། 2.(བརྡ་རྙིང་།) གཞན་གྱི་ཆུང་མ་དང་འགྲོགས་པ་ལས་སྐྱེས་པའི་བུ། |
| ཐོན་བུ་བཙས་པ |
(བརྡ་རྙིང་།) དང་པོར་གསར་དུ་བཙས་པ། |
| ཐོན་མི |
1.སྙེ་མོ་ཐོན་ཟེར་བའི་ཡུལ། 2.ཐོན་ལ་གནས་པའི་མི། |
| ཐོན་མི་སཾབྷོཊ |
ཐུ་མི་སམ་བྷོ་ཊའི་མཚན་གྱི་འབྲི་སྲོལ་གཞན་ཞིག |
| ཐོན་ཡུལ |
དངོས་རིགས་ཐོན་སའི་ཡུལ་ལུང༌། |
| ཐོན་རྫོངས |
འགྲོ་ཁར་སྤྲོད་རྒྱུའི་ལག་རྟགས། |
| ཐོན་ལྕག |
སྔར་ཉེས་ཅན་བཙོན་འཇུག་བྱས་ནས་བཙོན་ཁང་ནས་ཐོན་ཉིན་ཐོན་ལྕག་ཅེས་རྟ་ལྕག་བརྒྱ་ནས་ཉིས་བརྒྱའི་བར་གཞུ་སྲོལ་ཡོད། |
| ཐོན་སྐོར |
ས་ཞིང་གི་ཐོན་འབབ་རྩི་ལུགས་ཤིག་བོད་ཀྱི་ཞིང་ཁ་ས་འབྲིང་ནས་ལོ་རེར་སྟོན་འབྲས་ཐོན་སྐོར་བཅུ་གཉིས་འབབ་ཙམ་རེ་ཐོན་སྲོལ་འདུག |
| ཐོན་སྐྱེད |
མི་རྣམས་ཀྱིས་ལག་ཆར་བརྟེན་ནས་ཐོན་སྐྱེད་རྒྱུ་ཆས་སྣ་ཚོགས་དང༌། འཚོ་བའི་རྒྱུ་ཆས་སྣ་ཚོགས་གསར་སྐྲུན་བྱེད་པ། |
| ཐོན་སྐྱེད་ཀྱི་རྣམ་པ |
མི་རྣམས་ཀྱིས་དངོས་རྫས་ཀྱི་རྒྱུ་ཆ་ཐོན་སྐྱེད་བྱེད་ཚུལ་གྱི་རྣམ་པ་ དེའི་ནང་ལ་ཐོན་སྐྱེད་སྟོབས་ཤུགས་ཀྱི་ཕྱོགས་དང་ཐོན་སྐྱེད་འབྲེལ་བའི་ཕྱོགས་གཉིས་ཀ་འདུས་ཡོད། དེ་ནི་ཐོན་སྐྱེད་སྟོབས་ཤུགས་དང་ཐོན་སྐྱེད་འབྲེལ་བའི་རྩོད་སྒྲུབ་ཀྱི་གཅིག་གྱུར་ཅིག་ཡིན། སྤྱི་ཚོགས་ལམ་ལུགས་ཀྱི་ངོ་བོ་ནི་ཐོན་སྐྱེད་ཀྱི་རྣམ་པ་ལ་རག་ལས་ཡོད། |
| ཐོན་སྐྱེད་ནུས་ཤུགས |
ངལ་རྩོལ་གྱི་ནུས་པ་ཡོད་པའི་མི་དང་ཐོན་སྐྱེད་རྒྱུ་ཆས་ཏེ། ཐོན་སྐྱེད་ཀྱི་ལག་ཆ་དང༌། ངལ་རྩོལ་བྱེད་ཡུལ་ཟུང་དུ་སྦྲེལ་ནས་གྲུབ་པའི་རང་བྱུང་ཁམས་འདུལ་བ་དང་བསྒྱུར་བཅོས་བྱེད་པའི་ནུས་ཤུགས། |
| ཐོན་སྐྱེད་འབྲེལ་བ |
མི་རྣམས་ཀྱིས་དངོས་པོའི་རྒྱུ་ཆས་ཐོན་སྐྱེད་བྱེད་པའི་བརྒྱུད་རིམ་ནང་ཆགས་པའི་སྤྱི་ཚོགས་ཀྱི་འབྲེལ་བ་ལ་ཟེར། དེར་ཐོན་སྐྱེད་རྒྱུ་ཆས་དབང་བའི་ལམ་ལུགས་ཀྱི་རྣམ་པ་དང༌། མི་རྣམས་ཀྱིས་ཐོན་སྐྱེད་བྱེད་པའི་ནང་གི་གོ་ས་དང་ཕན་ཚུན་གྱི་འབྲེལ་བ། ཐོན་རྫས་བགོ་བཤའི་རྣམ་པ་བཅས་འདུས་ཡོད། དེའི་ནང་ནས་རག་ལས་སའི་ནུས་པ་ཐོན་པ་ནི་ཐོན་སྐྱེད་རྒྱུ་ཆས་དབང་བའི་ལམ་ལུགས་ཀྱི་རྣམ་པ་དེ་ཡིན། |
| ཐོན་སྐྱེད་རྒྱུ་ཆས |
ངལ་རྩོལ་གྱི་རྒྱུ་ཆས་དང་ངལ་རྩོལ་བྱ་ཡུལ་ལ་ཟེར་ཞིང༌། དེ་ནི་མི་རྣམས་ཀྱིས་དངོས་པོའི་རྒྱུ་ཆས་ཐོན་སྐྱེད་བྱེད་སྐབས་ངེས་པར་དུ་དགོས་པའི་ཆ་རྐྱེན་ཞིག་ཡིན། |
| ཐོན་སྐྱེད་སྟོབས་ཤུགས |
ཐོན་སྐྱེད་ཡོ་བྱད་དང་ཐོན་སྐྱེད་རྒྱུ་ཆ། ཐོན་སྐྱེད་ཀྱི་ཉམས་མྱོང་དང་ནུས་རྩལ་ངེས་ཅན་ཡོད་པའི་མི་རྣམས་ཀྱི་སྤྱི་མིང་ཡིན་ཞིང་། ངལ་རྩོལ་བྱེད་མཁན་གྱི་མང་ཚོགས་ནི་མིའི་རིགས་ཀྱི་སྤྱི་ཚོགས་དར་རྒྱས་སུ་འགྲོ་བཞིན་པའི་སྐབས་རིམ་ཐམས་ཅད་ཀྱི་ཐོན་སྐྱེད་སྟོབས་ཤུགས་ཀྱི་གཞི་རྩ་ཡིན། |
| ཐོབ |
(བྱེད་མེད་ལས་ཚིག་འདས་པ) ལག་ལ་འོངས་པ་སྟེ། (དཔེར་ན།) ངལ་རྩོལ་མང་བོ་བྱས་ནས་སྐལ་བ་མང་བོ་ཐོབ་ལྟ་བུ། |
| ཐོབ་ཀྱིས་འཇལ་བ |
ལོག་འཚོ་ལྔའི་ནང་གསེས་ཤིག་རྒྱལ་པོ་སོགས་ཁ་ཅིག་གིས་བདག་ལ་བྱིན་པ་མ་བླངས། དད་ལྡན་ཁ་ཅིག་གིས་བྱིན་པ་བླང་ཞེས་སོགས་རྙེད་པའི་བསྔགས་པ་དང༌། རྙེད་པ་འཚོལ་མཁན་གྱི་བསྔགས་པ་སྨྲ་བའོ། ། |
| ཐོབ་ཁུངས |
སྡེ་ཁག་གང་གི་མངའ་འོག་ཏུ་གཏོགས་པ། |
| ཐོབ་གྲངས |
གང་ཐོབ་པའི་འབོར་གྲངས། |
| ཐོབ་ཅི |
ཐེབས་ཆི་དང་འདྲ། |
| ཐོབ་ཆ |
རིན་འབབ་བམ། ཐོབ་པའི་ཆ། |
| ཐོབ་ཆི |
ཐེབས་ཆི་དང་འདྲ། |
| ཐོབ་ཆུ |
ཐེབས་ཆི་དང་འདྲ། |
| ཐོབ་ཐང |
1.ཡི་གེའི་ཐོབ་ཐང་། 2.སྤྱི་ཚོགས་ཐོག་དང་ཁྲིམས་ལུགས་ཐོག་གི་མིའི་གོ་གནས་ཀྱི་མིང་། (དཔེར་ན།) མི་དམངས་འཐུས་མིའི་ཐོབ་ཐང་། སྲིད་བློན་གྱི་ཐོབ་ཐང་ཞེས་པ་ལྟ་བུ། |
| ཐོབ་ཐོ |
བྱུང་ཐོ། |
| ཐོབ་ནོར |
1.བགོ་བྱའི་གྲངས་བགོད་བྱེད་ཀྱིས་བགོས་པའི་ཅི་ཐོབ་ཀྱི་གྲངས། 2.སོ་སོར་ཐོབ་པའི་རྒྱུ་ནོར་གྱི་སྐལ་པ། |
| ཐོབ་པ |
1.འཐོབ་པའི་འདས་པ། 2.ལྡན་མིན་འདུ་བྱེད་དུ་གྱུར་པའི་ཆོས་བཅུ་བཞིའི་ནང་གསེས་ཤིག་བྱེ་བྲག་སྨྲ་བའི་ལུགས་ལ། རང་གང་དང་ལྡན་པའི་གང་ཟག་གི་རྒྱུད་ལ་ལྡན་བྱེད་ཀྱི་རྫས། 3.ཉེར་ཐོབ་དང་དོན་གཅིག |
| ཐོབ་བཤགས |
ཧབ་ཐོབ་དང་ཁ་གཤགས་འགྱེད་པ། |
| ཐོབ་བྱེད |
(མངོན་བརྗོད།) ལུས། |
| ཐོབ་ཚིར |
(བརྡ་རྙིང་།) བྱུང་བའི་རེས་མོའམ། བྱུང་རིམ། |
| ཐོབ་ཡིག |
དབང་ལུང་སོགས་ཆོས་རྒྱུན་ཐོབ་པའི་བརྗེད་ཐོ། |
| ཐོབ་རིམ |
དབང་ལུང་སོགས་ཐོབ་པའི་རིམ་པ། |
| ཐོབ་རྒྱལ |
གཙང་རྣམ་གླིང་རྫོང་གི་ཁོངས་ས་གནས་ཤིག་རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་འཁྲུངས་ཡུལ། |
| ཐོབ་ལྡན་མ |
སྐར་མ་མོན་གྲེ། |
| ཐོབ་ཤ |
1.ཧབ་ཐོབ་དང༌། ཧབ་ཤ། རྒྱལ་ཁ་ཐོབ་ཤ་འགྱེད་པ། 2.ཐོབ་སྐལ་གྱི་ཤ། |
| ཐོབ་ཤག་ཤག |
ཐོབ་རྐྱང་གི་གདེང་ཚོད་དེ། (དཔེར་ན།) རྒྱལ་ཁ་རང་ལ་ཐོབ་ཤག་ཤག་བྱེད་པ་ཞེས་པ་ལྟ་བུ། |
| ཐོབ་ཤོར |
རྒྱལ་ཕམ་དང༌། རྙེད་པ་དང་བརླག་པ་སྟེ། (དཔེར་ན།) ཁེ་བཟང་ཐོབ་ཤོར་མ་བརྩིས་པ་ལྟ་བུ། |
| ཐོབ་ས་ཐོབ་ཁུངས |
འབབ་ས་འབབ་ཁུངས། |
| ཐོབ་སྐལ |
ཐོབ་ཚོད་ཀྱི་སྐལ་བ། |
| ཐོབས |
བཏབ་པའི་སྐུལ་ཚིག་སྟེ། (དཔེར་ན།) ཞིང་ཐོབས་ཤིག་ལྟ་བུ། |
| ཐོམ |
གཞན་དུ་འཆོལ་བའི་དོན་དུ་གོ་བའི་འདམ་པའི་སྐུལ་ཚིག |
| ཐོམ་བུ |
ཆུ་འཆུ་བྱེད་ཀྱི་ཡོ་བྱད་ཀྱི་མིང་སྟེ། (དཔེར་ན།) ཤིང་གི་ཐོམ་བུ། ཤིང་ཐོམ། ལྕགས་ཀྱི་ཐོམ་བུ། ལྕགས་ཐོམ་ཞེས་པ་ལྟ་བུ། |
| དབོན་མོ |
1.བཙུན་མོ།2.ཚ་མོ། |
| དབོན་ཞང |
ཞང་པོ་དང༌། ཚ་བོ། |
| དབོན་རྒྱུད |
ཕ་ཕྱོགས་ཀྱི་སྤུན། |
| དབོན་སེར་གཟུགས |
བུད་མེད་ཡོད་པའི་གྲྭ་གཟུགས། |
| དབོན་སྲས |
1.སྤུན་གྱི་བུའམ། ཚ་བོའི་ཞེ་ས།2.བོན་པོའི་བླ་མའི་མིང༌། |
| དབོར་པ |
ཆར་ཆུ་འགྲོ་སའི་ཝ་ཁ། |
| དབོར་བ |
(ཡུལ་སྐད།) སྐྱེལ་འདྲེན་བྱེད་པའི་དོན་ཏེ། (དཔེར་ན།) རྡོ་ཤིང་དབོར་བ། ཉེར་མཁོའི་དངོས་ཆས་རྣམས་ཕར་ཚུར་དབོར་བ་ཞེས་པ་ལྟ་བུ། |
| དབོར་འདྲེན |
(ཡུལ་སྐད།) ཕར་གཏོང་ཚུར་འཁྱེར་གྱི་དོན་ཏེ། (དཔེར་ན།) དངོས་ཟོག་ཕར་ཚུར་དབོར་འདྲེན་བྱེད་པ། ས་རྡོ་དབོར་འདྲེན་བྱེད་ཅེས་པ་ལྟ་བུ། |
| དབོལ |
1.གཡང་གཟར་ཟབ་མོའི་མིང་། (དཔེར་ན།) དམུས་ལོང་དབོལ་ལ་ལྷུང་ཉེན་ཆེ་ལྟ་བུ། 2.ཕྱོགས་གཉིས་ས་དབྱིབས་མཐོ་བའི་ལུང་བའི་མིང་། (དཔེར་ན།) དབོལ་དུ་ཆུ་ལོག་འོངས་ལྟ་བུ། |
| དབོལ་བ |
(བརྡ་རྙིང་།) 1>འཕོ་བར་བྱེད་པ་དང༌། གཤོ་བ། 2>གཏིང་དཔག་དཀའ་བའམ། ཟབ་པ། |
| དབོས |
(བྱེད་མེད་ལས་ཚིག) བོངས་ཚོད་ཇེ་ཆེར་སོང་བའི་དོན་ཏེ། (དཔེར་ན།) ས་འཁྱགས་ཉི་མས་དྲོས་ན་དབོས། ནད་བྱུང་ན་ཤ་དབོས་སྲིད། ལུས་དབོས་ན་ནད་ཡོད་པའི་རྟགས་ཡིན་ལྟ་བུ། |
| དབོས་པ |
(བརྡ་རྙིང་།) སྐྲང་བ་དང༌། སྦོས་པ། |
| དབྱངས |
གདངས་དང༌། ང་རོའི་དོན་ཏེ། (དཔེར་ན།) མགྲིན་དབྱངས། སྐད་ཀྱི་སྒྲ་དབྱངས། དབྱངས་འཐེན་ནས་གསར་བརྗེའི་གླུ་ལེན་པ། གཞས་ཚིག་དབྱངས་སུ་གྱེར་བ་ཞེས་པ་ལྟ་བུ། |
| དབྱངས་ཀྱིས་བསྙད་པའི་སྡེ |
གསུང་རབ་ཡན་ལག་བཅུ་གཉིས་ཀྱི་གཉིས་པ་དབུས་དང་ཐ་མར་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྙད་པའི་མདོ་སྡེ་རྣམས་ཏེ་ཉན་ཐོས་ཀྱི་མདོ་སྡེའི་སྡེ་སྣོད་དུ་གཏོགས་སོ། ། |
| དབྱངས་གཅིག་པུ་པ |
སཾ་ཀྲྀ་ཏའི་དབྱངས་གཅིག་རྐྱང་ལས་མེད་པའི་ཚིག ཨཨཔེཧི ཨ ཨཨིནྡྲཔཤྱ ཨི ཨཨུཏིཥྛ ཨུ |
| དབྱངས་གསལ |
དབྱངས་ཡིག་དང༌། གསལ་བྱེད་ཀྱི་ཡི་གེ། |
| དབྱངས་ངེས་པའི་བྱ་དཀའི་རྒྱན |
ཚིགས་བཅད་གཅིག་གི་ཚིག་རྐང་རེ་རེའམ། བཞི་ག་ལ་ཨི་སོགས་དབྱངས་རེ་རེ་ཁོ་ནའི་སྒྲའི་ངེས་པ་སྦྱར་ཏེ་སྟོན་པའི་རྒྱན་ཞིག |
| དབྱངས་ཅན |
སྒྲ་གདངས་སྙན་པོ་ཅན་ཏེ། (དཔེར་ན།) དབྱངས་ཅན་དགྱེས་གླུ་ཞེས་པ་ལྟ་བུ། |
| དབྱངས་ཅན་དགྱེས་གླུ |
སྙན་ངག་མེ་ལོང་གི་འགྲེལ་པ་དབྱངས་ཅན་དགྱེས་གླུ་ཞེས་བྱ་བ་འདི་ནི་རབ་བྱུང་བཅུ་གཅིག་པའི་མེ་ཕག་ལོར་རྒྱལ་དབང་ལྔ་པས་མཛད་པ། |
| དབྱངས་ཅན་དགྱེས་པའི་རོལ་མཚོ |
སྙན་ངག་མེ་ལོང་གི་འགྲེལ་པ་དབྱངས་ཅན་དགྱེས་པའི་རོལ་མཚོ་འདི་ནི་རབ་བྱུང་བཅོ་ལྔ་པའི་ས་བྱ་ལོར་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་མཛད་པ། |
| དབྱངས་ཅན་བྱཱ་ཀ་ར་ཎ |
སྔར་རྒྱ་གར་བ་ཨ་ནུ་བྷཱུ་ཏིས་བརྩམས་པའི་སྒྲའི་བསྟན་བཅོས་ད་བར་བོད་དུ་དར་བཞིན་པ་ཞིག |
| དབྱངས་ཅན་མ |
ཤེས་རབ་སྩོལ་བའི་ལྷ་མོ་ཞིག སྔར་གྱི་གཏམ་རྒྱུད་དུ་བསྐལ་པ་ཐོག་མའི་དུས་ཤིག་ན་ལྷོ་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་རླུང་གིས་གཡོས་པ་ལས་དེའི་ནང་དུ་བརྟན་གཡོའི་སྒྲ་སྐད་ཐམས་ཅད་རབ་ཏུ་སྙན་པར་གྲགས་པས་ཚངས་པ་ཆེན་པོས་ལོ་དུ་མར་སྒྲ་དེ་ལ་མངོན་པར་དགའ་ཞིང་རོ་མྱང་བས་འདུག་ཅིང༌། མཐར་སྒྲ་དབྱངས་དེ་རྣམས་གཅིག་ཏུ་འདུས་ནས་ལྷ་མོ་འདི་ཉིད་བྱུང་བར་གྲགས། མིང་གི་རྣམ་གྲངས་ལ་རྒྱ་མཚོའི་ལྷ་མོ་དང༌། སྒྲ་དབྱངས་ལྷ་མོ། ངག་དབང་ལྷ་མོ། རྡོ་རྗེ་དབྱངས་ཀྱི་དབང་ཕྱུག་མ། བློ་ཡི་གཏེར། དབྱངས་ལྡན་མ། སྨྲ་ལྷ་མོ། ཚངས་པའི་སྲས་མོ། མཚོ་ལྡན་མ། མཚོ་བྱུང་མ། ཟླ་བའི་སྲིང་མོ། ཤེར་ལྷ་མོ། ཤེས་རབ་ལྷ་མོ་བཅས་སོ། ། |
| དབྱངས་ཅན་ལྷ་མོ |
དབྱངས་ཅན་མ་དང་དོན་གཅིག |
| དབྱངས་ཉམས་པ |
1.སྒྲ་དབྱངས་ཆག་པ།2.ལེགས་སྦྱར་གྱི་གསལ་བྱེད་ཡི་གེ་སྲོག་མེད་པ། |
| དབྱངས་པ |
1.(ཡུལ་སྐད།) གླུ་ལེན་པའི་དོན་ཏེ། (དཔེར་ན།) གླུ་གཞས་དབྱངས་པ་ཞེས་པ་ལྟ་བུ། 2.དབུ་མཛད་དམ། བྱང་འདྲེན་སོགས་འདོན་དབྱངས་ཀྱི་བྱེད་པོ། |
| དབྱངས་བཅུ་དྲུག |
ལེགས་སྦྱར་སྐད་ཀྱི་དབྱངས་བཅུ་དྲུག ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རི་རཱི། ལི་ལཱི། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ བཅས། |
| དབྱངས་བཅུ་པ |
(མངོན་བརྗོད།) གཟའ་པ་སངས། |
| དབྱངས་བདག |
(མངོན་བརྗོད།) གཟའ་ཕུར་བུ། |
| དབྱངས་བདུན |
གླུ་དབྱངས་ཀྱི་ངེས་པ་བདུན་གྱི་བསྡུས་ཚིག |
| དབྱངས་བཞི |
ཨི། ཨུ། ཨེ། ཨོ་བཞི་དེ་དག་སོ་སོའི་མཚོན་བྱེད་གི་གུ་སོགས་གུག་བཀྱེད་ཀྱི་རྣམ་པ་ཅན་བཞི་ཡོད། |
| དབྱངས་བྲལ |
སྒྲའི་སྲོག་མེད་ཀྱི་ཡི་གེ། |
| དབྱངས་མེད |
སྒྲའི་སྲོག་མེད་ཀྱི་ཡི་གེ། |
| དབྱངས་འཆར |
དབྱངས་ཡིག་ལ་བརྟེན་ནས་བརྟག་པའི་རྩིས་ཀྱི་མིང༌། |
| དབྱངས་འཆར་གྱི་རྒྱུད |
ལྷ་དབང་ཕྱུག་ཆེན་པོ་དང་ལྷ་མོ་ཨུ་མ་གཉིས་ཀྱིས་ཞུ་བ་ཞུ་ལན་གྱི་ཚུལ་དུ་གསུངས་པར་བཤད། བདེ་སྡུག་ལེགས་ཉེས་རྒྱལ་ཕམ་སོགས་བརྟག་ཐབས་ཀྱི་འཁོར་ལོ་མང་པོར་སྟོན་པ་དང༌། དབྱངས་དང་གསལ་བྱེད་ཚེས་ལ་འཆར་ཚུལ་སྟོན་པའི་ཆ་ནས་མིང་དེ་ལྟར་བཏགས་པའོ། ། |
| དབྱངས་འཆར་གྱི་རྩིས |
དབྱངས་དང་གསལ་བྱེད་ལ་སྦྱར་ནས་ལེགས་ཉེས་བརྩི་ཚུལ། |
| དབྱངས་ཡིག |
1.ཡི་གེ་ལ་དབྱངས་ཡིག་དང་གསལ་བྱེད་ཀྱི་ཡི་གེ་གཉིས་ཡོད། ངག་ནས་སྒྲ་འབྱིན་སྐབས་དབུགས་ཀྱིས་གྲོ་བའི་ནང་གི་སྐྱི་མོ་ལེབ་མོ་ཞིག་ཡོད་པ་དེ་འདར་དུ་བཅུག་ནས་སྒྲ་འབྱིན་པ་ཡིན་ལ། ཁ་ནང་ནས་སྐད་འབྱིན་སྐབས་ལྕེ་རྐན་ལ་ཐོགས་གཏུག་མེད་པར་འབྱུང་བའི་སྒྲ་དེ་མཚོན་བྱེད་ཀྱི་ཡི་གེ་ནི་དབྱངས་ཡིག་ཡིན། དཔེར་ན་བོད་ཡིག་གི་ཨི་ཨུ་ཨེ་ཨོ་བཞི་ལྟ་བུ། 2.སྐད་གདངས་ཀྱི་མཐོ་དམའ་རིང་ཐུང་ཕྲ་སྦོམ་སོགས་མཚོན་བྱེད་ཀྱི་རྟགས་སམ་རྟགས་དེ་ལྟར་དུ་གྲགས་པའི་སྒྲའི་མིང་། |
| དབྱངས་རྟ |
སྒྲའི་མཐོ་དམན་ཕྲ་སྦོམ་སོགས་མཚོན་པའི་རྟགས་ཏེ། (དཔེར་ན།) དམངས་གླུ་མཐའ་དག་ལ་དབྱངས་རྟ་ངེས་ཅན་རེ་ཡོད་ཅེས་པ་ལྟ་བུ། |
| དབྱངས་ལོགས་པ |
མཚུངས་པ་དང་འདྲ་བ་མ་ཡིན་པའི་སཾ་ཀྲྀ་ཏའི་མཚམས་སྦྱོར་ཡི་གེ་བཞི། ཨེ་ཨཻ་ཨོ་ཨཽ ཨཻ ཨེ ཨཽ ཨོ |
| དབྱངས་ལྡན་མ |
(མངོན་བརྗོད།) ལྷ་མོ་དབྱངས་ཅན་མ། |
| དབྱངས་ལྡེམ་མོ |
(མངོན་བརྗོད།) ལྷའི་གླུ་མཁན། |
| དབྱངས་སྒྲོག |
(མངོན་བརྗོད།) སྦྲང་བུ། |
| དབྱངས་སྒྲོག་པ |
(མངོན་བརྗོད།) ལྷའི་གླུ་མཁན། |
| དབྱངས་སྙན |
(མངོན་བརྗོད།) 1>ཁུ་བྱུག 2>དྲི་ཟ། 3>ལྷ་ཡི་གླུ་མཁན། |
| དབྱར |
དུས་ཚིགས་བཞིའི་ནང་གི་དུས་ཚིགས་གཉིས་པ་དབྱར་ཁའི་མིང་། (དཔེར་ན།) དབྱར་དགུན། དབྱར་ལྭ་ཞེས་པ་ལྟ་བུ། |
| དབྱར་ཀ |
དབྱར་ཁ་དང་འདྲ། |
| དབྱར་ཁ |
ནམ་དུས་བཞིའི་དབྱར་ཁ་སྟེ། (དཔེར་ན།) དབྱར་ཁའི་སྤང་ལ་གང་ཡང་སྐྱེ། གཞོན་ནུའི་བློ་ལ་གང་ཡང་འཆར། དབྱར་ཁ་ལྕགས་ལ་བདག་པོ་རྒྱོབ། དགུན་ཁ་རྫ་ལ་བདག་པོ་རྒྱོབ། ནམ་ཞག་རྒྱུན་དུ་ཁ་ལ་བདག་པོ་རྒྱོབ་ཅེས་པ་ལྟ་བུ། མིང་གི་རྣམ་གྲངས་ལ་ཆར་ལྡན་པ་དང༌། ཆར་འབབ་དུས། ཆུ་བོའི་གཞུང་རྒྱས། སྤྲིན་འབྱུང་བཅས་སོ། ། |
| དབྱར་ཁ་སྤེན་མའི་མེ་ཏོག |
རུམ་ཐགས་ཀྱི་རི་མོའི་བྱེ་བྲག་ཅིག |
| དབྱར་ཁང |
1.དབྱར་ཁར་སྡོད་ཁང་སྟེ་བསིལ་ཁང༌།2.(བརྡ་རྙིང་།) དགེ་སློང་མའི་སྡོད་ཁང༌། |
| དབྱར་ཁས་བླངས |
རབ་བྱུང་གིས་དབྱར་གནས་ཁས་བླངས་པ། |
| དབྱར་གཅིག་མ |
ལོ་གཅིག་ལོན་པའི་བེའུ། |
| དབྱར་གཉིས་མ |
ལོ་གཉིས་ལོན་པའི་བེའུ། |
| དབྱར་གནས |
འདུལ་བ་གཞི་གསུམ་གྱི་ཡ་གྱལ་ཞིག་དབྱར་སྔ་ཕྱི་གང་ཡིན་རུང་དབྱར་ཟླ་གསུམ་གྱི་རིང་ལ། དགེ་ཚུལ་སློང་རྣམས་ཀྱིས་མཚམས་ལས་འདས་ཏེ་སྐྱ་རེངས་འཆར་བར་མི་བྱ་བའི་དམ་བཅའི་གནས་སུ་འབྲེལ་བ་དང༌། དགེ་འདུན་གྱི་ནང་དུ་འཁྲུག་ལོང་མི་བྱ་བ་དང༌། ཐོས་པ་སོགས་ལ་བརྩོན་པ་དང༌། གཙུག་ལག་ཁང་རལ་གྲུམ་བཅོས་པ་སོགས་ཀྱི་དམ་བཅའ་བཟུང་ནས་དབྱར་ཁས་ལེན་པའོ། ། |
| དབྱར་གནས་ཀྱི་ཆོ་ག |
སྦྱོར་བ་གཙུག་ལག་ཁང་བྱི་དོར་བྱ་ཞིང༌། གནས་མལ་སྟ་གོན་དང༌། གང་ཟག་སྟ་གོན་སོགས་བྱས་ནས། དངོས་གཞི་བླ་གབ་དང་བཅས་པའི་གནས་སུ་དགེ་སློང་གི་མདུན་དུ་སྔགས་ཚིག་ལན་གསུམ་བརྗོད་པས་དབྱར་གནས་པར་ཁས་བླངས་ཏེ། བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་རོལ་ཏུ་སྐྱ་རེངས་འཆར་བར་མི་སྡོད་པར་ཐོས་བསམ་བསྒོམ་པ་ལ་བརྩོན་པའི་མཐར་དགག་དབྱེ་བྱ་བའོ། ། |
| ནམ་མཁའི་མིག |
(མངོན་བརྗོད།) ཉི་མ། |
| ནམ་མཁའི་མུ་ཁྱུད |
(མངོན་བརྗོད།) སྲིན་བུ་མེ་ཁྱེར། |
| ནམ་མཁའི་མེ་ཏོག |
1.མེད་པའམ་མི་སྲིད་པའི་དཔེ། 2.(མངོན་བརྗོད།) རྒྱུ་སྐར། |
| ནམ་མཁའི་ཟིལ་པ |
གནམ་གཡེར་བའི་སྐབས་བ་མོ་འབྱུང་བའི་ཆུ་རྡུལ། |
| ནམ་མཁའི་འོད |
(མངོན་བརྗོད།) སྲིན་བུ་མེ་ཁྱེར། |
| ནམ་མཁའི་རྒྱལ་མཚན |
(མངོན་བརྗོད།) སྤྲིན་པ། |
| ནམ་མཁའི་རྟ |
(མངོན་བརྗོད།) བྱ། |
| ནམ་མཁའི་རྣ་བ |
(མངོན་བརྗོད།) ཟླ་བ། |
| ནམ་མཁའི་རླངས་པ |
(མངོན་བརྗོད།) བ་མོ། |
| ནམ་མཁའི་ལམ |
གཟའ་རྣམས་རྒྱུ་བའི་ལམ་ཉི་ཁྱིམ་བཅུ་གཉིས། |
| ནམ་མཁའི་སྐ་རགས |
(མངོན་བརྗོད།) དགུ་ཚིགས། |
| ནམ་མཁའི་སྐྲ་ཅན |
(མངོན་བརྗོད།) དབང་ཕྱུག |
| ནམ་མཁའི་སྙིང་པོ |
ཉེ་སྲས་བརྒྱད་གྲས་ཀྱི་བྱང་སེམས་ཤིག |
| ནམ་མཁའི་སྟེང་འགྲོ་བ |
(མངོན་བརྗོད།) གཟའ་མིག་དམར། |
| ནམ་མཁའི་སྟོབས |
(མངོན་བརྗོད།) རླུང་སྤྱི། |
| ནམ་མཁའི་སྲོག |
(མངོན་བརྗོད།) རླུང་སྤྱི། |
| ནམ་མཁར་འགྲོ |
(མངོན་བརྗོད།) འདབ་ཆགས། |
| ནམ་མཇུག |
སྟོན་མཇུག |
| ནམ་ཚོང |
མི་དང་སྲོག་ཆགས་ཀྱི་སྙིང་དང་གློ་བ་ཡོད་སའི་ཁོག་པའི་སྟོད་དང་སྒྲོག་རུས་མན་གྱི་ཁག་དེའི་མིང་སྟེ། (དཔེར་ན།) ལུག་ཤ་ནམ་ཚོང་གཅིག་ཟེར་བ་ལྟ་བུ། |
| ནམ་ཚོད |
མཚན་མོའི་ཐུན་སྔ་ཕྱིའི་ཚོད་དེ། (དཔེར་ན།) བྱ་མེད་སར་བོང་བུས་ནམ་ཚོད་དང༌། ཁྱི་མེད་སར་ཞུམ་བུས་རུས་པ་མུར། ཁྱིམ་བྱས་ནམ་ཚོད་ཐིག་ཅེས་པ་ལྟ་བུ། |
| ནམ་ཞག |
ཉི་མ་ནམ་ཤར་གྱི་ཞག་དུས། |
| ནམ་ཞག་རྒྱུན་གཏན |
དུས་རྒྱུན་ནམ་རྟག་པར་གྱི་དོན་ཏེ། (དཔེར་ན།) ནམ་ཞག་རྒྱུན་གཏན་དོགས་ཟོན་བྱེད་དགོས་ཞེས་པ་ལྟ་བུ། |
| ནམ་ཞག་རྒྱུན་པ |
ནམ་ཞག་རྒྱུན་གཏན་དང་དོན་གཅིག |
| ནམ་ཞར |
(བརྡ་རྙིང་།) ནམ་ཡང༌། |
| ནམ་ཞིག |
དུས་སྐབས་ཤིག་གམ་ཉིན་ཞིག་ཅེས་པའི་དོན་ཏེ། (དཔེར་ན།) ནམ་ཞིག་ཕར་ཐོན་ཚུར་སྦྱོར་ཚང་མ་ངེས་གཏན་བྱེད་དགོས། རྫུན་གཏམ་ཇི་ཙམ་བཤད་མཁས་ཀྱང་ནམ་ཞིག་གཞན་གྱིས་ཧ་གོ་ཡོང༌ཞེས་པ་ལྟ་བུ། |
| ནམ་ཞོད |
རྒྱུན་ཆར་ཆེན་པོའི་མིང་། (དཔེར་ན།) ད་ལོ་ནམ་ཞོད་མང་ལྟ་བུ། |
| ནམ་ཟླ |
1.དུས་ཚོད་སྤྱིའི་མིང༌། (དཔེར་ན།) ནམ་ཟླ་རིང་པོ། དབྱར་དགུན་སྟོན་དཔྱིད་ལོའི་ནམ་ཟླ་ཡིན་ཞེས་པ་ལྟ་བུ། 2.གནམ་གཤིས་ཀྱི་དོན་ཏེ། (དཔེར་ན།) དབྱར་དུས་ནམ་ཟླ་དྲོ་ཞེས་པ་ལྟ་བུ། |
| ནམ་འཕང |
1.མཚན་སྙན་གྲགས་སོགས་ཀྱི་མིང་། 2.མཐོན་པོའམ་ནམ་མཁའི་མཐོངས་ཀྱི་མིང་། (དཔེར་ན།) ནམ་འཕང་བཅད། ནམ་འཕང་བསྟོད་ཅེས་པ་ལྟ་བུ། |
| ནམ་འཕང་གཅོད་བྱེད |
(མངོན་བརྗོད།) བྱ་རྒོད། |
| ནམ་འོག |
1.སྐར་མ་ས་ག། 2.ནམ་མ་ལངས་གོང༌། |
| ནམ་ཡང |
དུས་རྒྱུན་ཆད་མེད་པའམ་དུས་གང་དང་གང་གི་དོན་ཏེ། (དཔེར་ན།) སྔོན་བྱོན་མེས་པོའི་བཀའ་དྲིན་ནམ་ཡང་བརྗེད་མི་ཉན། གསར་བརྗེའི་རིགས་པའི་གཞུང་ལུགས་ནམ་ཡང་སློབ་སྦྱོང་བྱེད་ལྟ་བུ། |
| ནམ་རིང |
མཚན་མོའི་དུས་རིང་བའི་དོན་ཏེ། (དཔེར་ན།) ཉིན་ཐུང་ན་ནམ་རིང༌ཞེས་པ་ལྟ་བུ། |
| ནམ་རྒྱུན |
དུས་རྒྱུན་ནམ་རྟག་པར་དང་འདྲ་སྟེ། (དཔེར་ན།) བསམ་ཚུལ་ནམ་རྒྱུན་དང་མི་འདྲ་བ། མི་གཤིས་བཟང་ངན་གང་ཡིན་ནམ་རྒྱུན་གྱི་སྤྱོད་ལམ་ལ་བརྟགས་ན་ཤེས་ཞེས་པ་ལྟ་བུ། |
| ནམ་རྨས |
ཡུལ་ངན་ཏེ། སྤྲིན་དང་ན་བུན་སོགས་འཐིབས་ནས་ཉི་འོད་མི་མཐོང་བའི་ཉིན། |
| ནམ་རྨུས་པ |
གནམ་འཐིབས་པ་དང༌། ས་སྲོས་པའམ་མུན་རུབ་པ། |
| ནམ་ལ |
ལ་ཞིག བོད་ཀྱི་དིང་རི་རྫོང་གི་ལྷོ་རྒྱུད་དུ་ཡོད། |
| ནམ་ལངས |
1.ནངས་པར་མཁའ་དབྱིངས་ལ་ཉི་འོད་འཕོག་པའི་དོན་ཏེ། (དཔེར་ན།) ནམ་ལངས་ནས་ཉི་མ་ཤར། ནམ་མ་ལངས་པར་མལ་ལས་ལངས་ལྟ་བུ། 2.དུས་ངེས་མེད་ཀྱི་དོན་ཏེ། (དཔེར་ན།) ཁྱོད་ལ་ནམ་འགྲོ་རྒྱུ་ཡིན། ནམ་དུས་འགྲོ་རྒྱུ་ཡིན་ལྟ་བུ། |
| ནམ་ལངས་པ |
མཚན་དུས་ཡོལ་བའམ་ནམ་གསལ་བ། མིང་གི་རྣམ་གྲངས་ལ་དང་པོ་གསལ་དང༌། རབ་སྔ་གསལ། རབ་སད་བཅས་སོ། ། |
| ནམ་སེང་ཙམ |
ནམ་ལངས་མ་ལངས་ཙམ། |
| ནམ་སྟོད |
ནམ་གྱི་ཆ་སྟོད་ཀྱི་བསྡུས་ཚིག |
| ནམ་སྨད |
ནམ་གྱི་ཆ་སྨད་ཀྱི་བསྡུས་ཚིག |
| ནམ་སྲོད |
མཚན་མོའི་ཆ་སྟོད། |
| ནམ་སྲོས་པ |
ས་རུབ་པ། |
| ནམཿ |
(ལེགས་སྦྱར།) འདུད་དོའམ་ཕྱག་འཚལ་བ། |
| ནའུ་ག |
སྤང་ལྗང་གུ། |
| ནར |
(རྒྱན་ཚིག) ཟླུམ་ཞིང་རིང་བའི་དབྱིབས་ཏེ། (དཔེར་ན།) དབྱིབས་ནར་མོ། རྡོ་ནར་ནར། སྔས་འབོག་གི་དབྱིབས་ནར་ནར་ཡིན་ཞེས་པ་ལྟ་བུ། |
| ནར་གྱིས |
1.འཇུར་མིག་ནས་མར་དང་འདམ་སོགས་དབྱིབས་རིང་བོ་ཕྱི་ལ་ཐོན་པ་ལྟ་བུའི་རྣམ་པ་སྟེ། (དཔེར་ན།) བུ་ག་ནས་སྦྲུལ་ཞིག་ནར་གྱིས་བྱུང་ལྟ་བུ། 2.ན་རུ་ཞེས་པའི‘རུ’ཡིག་བསྡུས་པ། (དཔེར་ན།) ལོ་ཆེར་ལོན་པ་ལ། ནར་སོན་དང་། ན་ཐང་དུ་ཕྱུགས་འཚོས་ཞེས་པ་ལྟ་བུ། |
| ནར་ནར |
དབྱིབས་ནར་མོའམ་འཛར་འཛར་གྱི་དོན་ཏེ། (དཔེར་ན།) ཐག་པ་ནར་ནར་དུ་དྲུད། ཆུ་ནར་ནར་དུ་རྒྱུག་པ། གོས་ནར་ནར་དུ་འཛར། གཏན་ཁེལ་གྱི་དུས་ཚོད་ནར་ནར་དུ་བྱས་མི་ཆོག་ཅེས་པ་ལྟ་བུ། |
| ནར་ནར་པོ |
1.དཀྱུས་རིང་བའི་དབྱིབས་ཏེ། (དཔེར་ན།) སྒོར་མོ་ནར་ནར་པོ། གྲུ་བཞི་ནར་ནར་པོ་ཞེས་པ་ལྟ་བུ། 2.འཛར་འཛར་པོའམ་ཉོར་ཉོར་པོའི་དོན་ཏེ། (དཔེར་ན།) ལས་ཀ་ཚར་རྒྱུ་མེད་པའི་ནར་ནར་པོ་མ་བྱེད་ཅེས་པ་ལྟ་བུ། 3.མངལ་གྱི་གནས་སྐབས་ལྔའི་གསུམ་པའམ། མི་ལུས་མངལ་དུ་ཆགས་པའི་བདུན་ཕྲག་གསུམ་པ་སྟེ་མེར་མེར་པོ་ལས་ཤ་དབྱིབས་ཧ་ཅང་སྙི་བ་ལྟ་བུར་གྱུར་པ་མནན་དུ་མི་བཟོད་པའི་དུས། |
| ནར་ནར་མོ |
ནར་ནར་པོ་དང་འདྲ། |
| ནར་ནོར |
ན་རེ་ནོ་རེའི་བསྡུས་ཚིག |
| ནར་བ |
རིང་དུ་ཕྱིན་པའི་དོན་ཏེ། (དཔེར་ན།) འགྱིག་གི་སྐུད་པ་དེ་འཐེན་ན་ནར་ཡོང༌། མཆི་མ་ནར་ཏེ་འཛག ལས་ཀ་དེ་དུས་ཐོག་ནས་ཅུང་ཟད་ནར་བ་རེད། ལས་ཀ་ནར་ན་འགྱུར་ལྡོག་མང༌ཞེས་པ་ལྟ་བུ། |
| ནར་མ |
རྒྱུན་ཆགས་པའམ་རྒྱུན་མི་འཆད་པའི་དོན་ཏེ། (དཔེར་ན།) ཟས་ནར་མ། བཟའ་བཏུང་ནར་མར་གཏོང༌། སྔ་ཕྱི་ནར་མར་སྙན་སུན་ཞུ་བ། ལས་ཀ་ནར་མར་བྱས་ཞེས་པ་ལྟ་བུ། |
| ནར་མོ |
དཀྱུས་རིང་མོའི་དོན་ཏེ། (དཔེར་ན།) སྨྱུ་གུའི་དབྱིབས་ནར་མོ་རེད། དེར་རྡོ་ནར་མོ་ཞིག་འདུག་ཅེས་པ་ལྟ་བུ། |
| བློ་གཏད་ལིངས་བཅོལ |
ཕུགས་བློ་རྦད་དེ་བཀལ་བའི་དོན་ཏེ། (དཔེར་ན།) ཁོ་ལ་བློ་གཏད་ལིངས་བཅོལ་གྱིས་ལས་དོན་མངགས་ལྟ་བུ། |
| བློ་གཏིང་ཟབ་པ |
1.ཤེས་རབ་གཏིང་རིང་བ། 2.བློ་སྒམ་པའམ་བརླིང་བ། |
| བློ་གཏེར་མཆོག |
(མངོན་བརྗོད།) འཇམ་པའི་དབྱངས། |
| བློ་གདེང |
སེམས་ཀྱི་གདེང་ཚོད་དེ། (དཔེར་ན།) དགྲ་བོ་མཐར་སྐྲོད་ཐུབ་པའི་བློ་གདེང་རྙེད་པ་ལྟ་བུ། |
| བློ་གཡེང |
(ཡུལ་སྐད།) 1>སེམས་ཁུར་རམ་སེམས་ཁྲལ་གྱི་དོན་ཏེ། (དཔེར་ན།) ལས་འགན་མི་འགྲུབ་དོགས་ཀྱིས་བློ་གཡེང་བྱེད་མི་དགོས་ལྟ་བུ། 2>སེམས་གཞན་དུ་འཕྲོ་བའི་དོན་ཏེ། (དཔེར་ན།) བྱ་བྱེད་མང་པོ་དྲན་ནས་བློ་གཡེང་བ་ལྟ་བུ། |
| བློ་གཤོགས་ཆེན་པོ |
སྙིང་སྟོབས་ཆེན་པོའི་དོན་ཏེ། (དཔེར་ན།) ལས་དོན་གྱི་གནད་འགག་གཙོར་འདོན་བྱས་ཏེ་བློ་གཤོགས་ཆེན་པོ་བསྐྱེད་ནས་ཐེ་ཚོམ་མེད་པར་ཐག་གཅོད་དགོས་ལྟ་བུ། |
| བློ་གསར་བུ |
སློབ་གཉེར་བ་གསར་པ། |
| བློ་གསལ |
1.ཤེས་རབ་གསལ་བའི་དོན་ཏེ། (དཔེར་ན།) ལག་བདེ་བློ་གསལ་ཞེས་པ་ལྟ་བུ། 2.གླུ་དབྱངས་ངེས་པ་བདུན་གྱི་ནང་གསེས་ཤིག |
| བློ་གསལ་གླིང |
འབྲས་སྤུངས་དགོན་གྱི་་གྲྭ་ཚང་ཆེན་པོ་ཞིག |
| བློ་གྲོགས |
བློ་གཏད་ཐུབ་པའི་གྲོགས་པོ། |
| བློ་གྲོས |
ཕྱི་རོལ་ཡུལ་གྱི་གཤིས་ལུགས་ཤེས་པའི་རིག་པའི་མིང་། (དཔེར་ན།) བཟོ་པའི་ནང་ན་མི་བློ་གྲོས་ཅན་མང་། ཡོན་ཏན་སྦྱངས་ན་བློ་གྲོས་འཕེལ་ལྟ་བུ། |
| བློ་གྲོས་ངན་པ |
1.ཤེས་རབ་ཞན་པ། 2.བདུད་ཀྱི་བུ། |
| བློ་གྲོས་ཆེན་པོ |
1.ཤེས་རྒྱ་ཆེན་པོ། 2.འཕགས་པའི་གང་ཟག |
| བློ་གྲོས་བརྟན་པ |
རྒྱ་གར་ལྷོ་ཕྱོགས་སུ་འཁྲུངས་ཤིང༌། མངོན་པ་ལ་མཁས་པའི་སློབ་དཔོན་ཞིག |
| བློ་གྲོས་ལོག་པ |
ཤེས་རབ་ཕྱིན་ཅི་ལོག་པ། |
| བློ་ངན |
1.རིག་པ་དམན་པ། 2.བསམ་བློ་ཕྱིན་ཅི་ལོག་པ། 3.(མངོན་བརྗོད།) ལྕགས་བྱ་ལོ། |
| བློ་ངན་གསུམ |
མ་རྟོགས་དང་ལོག་རྟོགས། ཐེ་ཚོམ་བཅས་གསུམ། |
| བློ་ངོ |
བསམ་ངོའམ་བསམ་བློའི་ནང༌། |
| བློ་ངོར་མ་གྲུབ་པ |
མ་གྲུབ་པའི་རྟགས་གསུམ་གྱི་ནང་གསེས། ཆོས་ཅན་དང༌། རྟགས། དེ་གཉིས་ཀྱི་འབྲེལ་བ་གང་རུང་ལ་ཐེ་ཚོམ་ཟ་ནས་བསྒྲུབ་བྱ་བསྒྲུབ་མི་ནུས་པའམ་མ་གྲུབ་པའོ། ། |
| བློ་ངོར་མ་གྲུབ་པའི་རྟགས་གསུམ |
ཆོས་ཅན་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པ་དང༌། རྟགས་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པ་དང༌། གཞི་རྟགས་ཀྱི་འབྲེལ་བ་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པ་སྟེ་གསུམ་མོ། ། |
| བློ་ཆུང་བ |
1.བློ་གྲོས་དམན་པ། 2.བློ་རྒྱའམ། བློ་ཁོག་ཆུང་བ་སྟེ། (དཔེར་ན།) གཡུལ་སར་དཔའ་འཁུམས་བློ་ཆུང་བྱེད་མི་རུང༌ལྟ་བུ། |
| བློ་ཆེན་པོ |
1.བློ་གྲོས་སམ་ཤེས་རྒྱ་ཆེན་པོ། 2.བློ་རྒྱའམ་བློ་ཁོག་ཆེན་པོ། |
| བློ་ཉེ་བ |
སེམས་མཐུན་པའམ། མཛའ་བ་སྟེ། (དཔེར་ན།) གྲོགས་པོ་བློ་ཉེ་བ། ཁྱིམ་མཚེས་བློ་ཉེ་བ་ཞེས་པ་ལྟ་བུ། |
| བློ་ཐག་གཙང་བཅད |
སེམས་ཐག་ལིངས་ཀྱིས་བཅད་པའི་དོན་ཏེ། (དཔེར་ན།) བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུར་བློ་ཐག་གཙང་བཅད་ཟིན་ལྟ་བུ། |
| བློ་ཐག་ཆོད་པ |
སེམས་ཐག་ཆོད་པ། |
| བློ་ཐག་རྦད་གཅོད |
སེམས་ཐག་གཙང་གཅོད། |
| བློ་ཐུབ |
ཡིད་ཆེས་ཀྱི་དོན་ཏེ། (དཔེར་ན།) བློ་ཐུབ་པ། མི་ཡིད་ཆེས་བློ་ཐུབ་ཅེས་པ་ལྟ་བུ། |
| བློ་དཀར |
1.སེམས་བཟང་བའི་དོན་ཏེ། (དཔེར་ན།) བློ་དཀར་དྲང་བདེན། མེས་རྒྱལ་ལ་བློ་དཀར་བ་ཞེས་པ་ལྟ་བུ། 2.ཕན་ཚུན་དགའ་བའི་ཕྱོགས་ཏེ། (དཔེར་ན།) ཁོ་གཉིས་བློ་དཀར་གྱི་གྲོགས་པོ་རེད་ཅེས་པ་ལྟ་བུ། |
| བློ་དཀར་སེམས་དཀར |
ལྷག་བསམ་རྣམ་དག |
| བློ་དཀྱེལ |
བློ་རྒྱ། |
| བློ་དཀྲོགས་པ |
སེམས་དཀྲུགས་པའི་དོན་ཏེ། (དཔེར་ན།) ཚིག་རྩུབ་པོས་མིའི་བློ་དཀྲོགས་པ་ཞེས་པ་ལྟ་བུ། |
| བློ་དམན་པ |
ཤེས་རབ་དམན་པའམ་བླུན་པ། |
| བློ་དོགས |
སེམས་ཀྱི་དོགས་པ་སྟེ། (དཔེར་ན།) དོན་ཆུང་ངུ་ལ་བློ་དོགས་ཆེན་པོ་བྱེད་མི་དགོས། སྒེར་དོན་འགྲུབ་མིན་གྱི་བློ་དོགས་བསལ་བ་ཞེས་པ་ལྟ་བུ། |
| བློ་ཕམ་པ |
སེམས་མ་མགུ་བའམ་ཡིད་མ་ཚིམས་པ། |
| བློ་ཕམ་ཡི་ཆད |
སེམས་མ་མགུ་ནས་རེ་ཐག་ཆད་པ། |
| བློ་ཕམ་ཡི་མུག |
གྱོང་གུད་ཀྱིས་བློ་སེམས་ཕམ་ཞིང་སྐྱོ་བ། |
| བློ་ཕུགས |
1.བསམ་བློའི་ཕུགས། 2.མཐར་ཐུག་གི་དམིགས་ཡུལ། |
| བློ་བ |
(ཡུལ་སྐད།) ལས་ཇུས་གཏོང་མཁན། |
| བློ་བག |
སེམས་ཀྱི་ཉམས་སམ་སྣང་ཚུལ་ཏེ། (དཔེར་ན།) སེམས་ཁུར་ཕབ་སྟེ་བློ་བག་དྲོ་བའི་ངང་ནས་ལས་དོན་བྱེད་པ། དོགས་སྣང་ཆེ་དྲགས་ནས་བློ་བག་འཁུམས་པ། སྒེར་གྱི་གཏམ་དོན་ཁེ་གསུམ་ཐོབ་ཤོར་རེ་དོགས་ཀྱི་སྒོ་ནས་བློ་བག་མི་ཕེབས་པ་ལྟ་བུ། |
| བློ་བཅོལ |
ཡིད་ཆེས་བྱེད་པའི་དོན་ཏེ། (དཔེར་ན།) ནད་པས་སྨན་པ་ལ་བློ་བཅོལ་བྱས་ལྟ་བུ། |
| བློ་བཅོལ་བ |
ཡིད་ཆེས་པའི་དོན་ཏེ། (དཔེར་ན།) ནད་པས་སྨན་པ་ལ་བློ་བཅོལ་བ་ལྟ་བུ། |
| བློ་བད |
བློ་བསམ་བད་ཀན་གྱི་གཟུགས་སུ་བཀོད་པ་དེ། ཐེ་ཚོམ་གྱི་དོན། |
| བློ་བདེ་པོ |
1.བློ་ཡིད་ཚིམ་པ། 2.བློ་སེམས་བག་ཕེབས། |
| བློ་བདེ་བག་ཕེབས |
ཞེ་འདོད་གང་ཞིང་སྡོད་བག་ཕེབས་པ། |
| བློ་བདེ་ཞེ་ལྷོད |
ཞེ་འདོད་གང་ཞིང་བློ་ལྷོད་པ། |
| བློ་བབ |
སེམས་མགུ་བ། |
| བློ་བབ་སེམས་བབ |
ཡིད་མགུ་ཞིང་རངས་པ། |
| བློ་བཟང |
(མངོན་བརྗོད།) 1>མཁས་པ། 2>འདོད་ལྷའི་བུ། |
| བློ་བཟང་ཆོས་ཀྱི་རྒྱལ་མཚན |
ཀུན་གཟིག་པཎ་ཆེན་ཨེར་ཏེ་ནིའི་སྐུ་ཕྲེང་བཞི་པ། ཁོང་ནི་༸གོང་ས་་ཏཱ་ལའི་བླ་མ་སྐུ་ཕྲེང་བཞི་པ་དང་ལྔ་པའི་བསྙེན་རྫོགས་མཁན་པོ་མཛད་ཅིང༌། ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོ་དང་སེ་ར་འབྲས་སྤུངས་བཅས་ཀྱི་གདན་ཁྲིའི་ཁུར་བཞེས་པའི་ཐོག་གུ་ཤྲི་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་དབུས་གཙང་ལ་མ་འབྱོར་གོང་དང༌། མན་ཇུ་གོང་མ་པེ་ཅིན་ལ་མ་ཕེབས་གོང་ནས་སོ་སོར་འབྲེལ་བ་བཟང་པོ་བཙུགས་པར་བརྟེན། དགེ་ལུགས་པའི་བསྟན་ཇུས་ལ་ཕན་ཧ་ཅང་ཆེན་པོ་ཐོགས་ཡོད་ཅིང༌། རབ་བྱུང་བཅུ་གཅིག་པའི་ཤིང་བྱ་ལོར་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་པཎྜི་ཏ་ཆེན་པོ་དང་སོག་སྐད་འབོ་ག་ཏོ་སྟེ་བློ་གྲོས་སྟོབས་ལྡན་ཞེས་པའི་མཚན་གསོལ། མེ་ཕག་ལོར་མན་ཇུ་གོང་མ་ཧྲུན་ཀྲིས་བླ་མ་རྡོ་རྗེ་འཆང་ཞེས་པའི་མཚན་གསོལ། |
| བློ་བཟང་ཆོས་རྒྱན |
པཎ་ཆེན་སྐུ་ཕྲེང་བཞི་པ་སྟེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་བསྡུས་མཚན། |
| བློ་བཟང་པོ |
རིག་པ་བཟང་པོ། |
| བློ་བཟང་ཡེ་ཤེས |
ཀུན་གཟིག་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་ལྔ་པ། |
| བློ་བཟང་རྒྱ་མཚོ |
༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཡིན་ལ། རབ་བྱུང་བཅུ་པའི་མེ་སྦྲུལ་ལོར་ལྷོ་ཁ་འཕྱོངས་རྒྱས་རྫོང་དུ་འཁྲུངས། རབ་བྱུང་བཅུ་པའི་ཆུ་ཁྱི་ལོར་གདན་དྲངས་པ་ལྟར་འབྲས་སྤུངས་ལ་ཕེབས། རབ་བྱུང་བཅུ་པའི་ཤིང་གླང་ལོར་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་བསྟེན་ནས་རབ་ཏུ་བྱུང༌། རབ་བྱུང་བཅུ་གཅིག་པའི་མེ་གླང་ལོར་པཎ་ཆེན་སྐུ་ཕྲེང་བཞི་པ་དང་བཀའ་མོལ་གནང་ནས་སྐུ་ཚབ་གཅིག་མངགས་ཏེ་མན་ཇུ་རྒྱལ་ཚང་དང་འབྲེལ་ལམ་བཙུགས། རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ལོར་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་བོད་ཁམས་ཡོངས་རྫོགས་དབང་དུ་བསྒྱུར་བའི་མཚན་གནས་ཕུལ་ནས་དགའ་ལྡན་ཕོ་བྲང་གི་སྲིད་དབང་གཞི་ཚུགས། ཆུ་འབྲུག་ལོར་པེ་ཅིན་དུ་ཕེབས། དེའི་ཕྱི་ལོར་རྒྱ་ནག་གོང་མས་ནུབ་ཕྱོགས་མཆོག་ཏུ་དགེ་བའི་ཞིང་གི་རྒྱལ་དབང་ས་སྟེང་གི་རྒྱལ་བསྟན་ཡོངས་ཀྱི་བདག་པོ་ཐམས་ཅད་མཁྱེན་པ་བཛྲ་ཐ་ར་ཏཱ་ལའི་བླ་མ་ཞེས་པའི་གཟེངས་བསྟོད་གནང༌། རབ་འབྱུང་བཅུ་གཅིག་པའི་ཆུ་ཁྱི་ལོར་འདས། |
| བློ་བཟོ |
རང་བཟོ་སྟེ་རང་བློས་ཡིན་རློམ་བྱེད་པ། |
| མཐའ་གཅོད |
མཐའ་དཔྱོད་དང་འདྲ། |
| མཐའ་གཉིས |
1.ཡ་མཐའ་དང་མ་མཐའ་གཉིས་ཏེ། (དཔེར་ན།) ལོངས་སྤྱོད་མཐའ་གཉིས་ལ་མ་ལྷུང་བ(འབྲིང་ཙམ)ཞེས་པ་ལྟ་བུ། 2.རྟག་མཐའ་དང་ཆད་མཐའ་གཉིས་ལ་མཐའ་གཉིས་ཟེར། |
| མཐའ་གཉིས་བྲལ་བ |
དབུ་མའི་ལམ། |
| མཐའ་གཉིས་སྤང་བའི་སྤྱོད་པ |
རབ་ཏུ་བྱུང་བ་རྣམས་ཀྱི་འཚོ་བ་རྒྱས་དྲགས་པ་དང༌། ཞན་དྲགས་པའི་མཐའ་གཉིས་སུ་མ་ལྷུང་བ་འདོད་པ་བསོད་ཉམས་ཀྱི་མཐའ་དང་ངལ་དུབ་ལ་སྦྱོར་བའི་མཐའ་གཉིས་སྤང་བའོ། ། |
| མཐའ་གཉིས་སྤངས་པ |
ལྟ་བ་རྟག་ཆད་གཉིས་ཀྱི་མཐའ་སྤངས་པ་དང༌། འཚོ་བ་བསོད་ཉམས་ཀྱི་མཐའ་དང༌། ངལ་ཞིང་དུབ་པའི་མཐའ་གཉིས་སྤངས་པ། |
| མཐའ་གཏུགས་པ |
ཕ་མཐར་གཏུགས་པ་སྟེ་མཐའ་ལ་སླེབས་པའི་དོན་ཏེ། (དཔེར་ན།) དུས་སྔ་ཕྱིའི་མཐའ་གཏུགས་པ། ནམ་མཁའི་དབྱིངས་ཀྱི་མཐའ་གཏུགས་པ་ལྟ་བུ། |
| མཐའ་གསལ |
གསལ་བའི་དོན་ཏེ། (དཔེར་ན།) དཀར་ནག་མཐའ་གསལ་ཡོང་ལྟ་བུ། |
| མཐའ་གསལ་མཐིལ་མཐོང |
གནས་ཚུལ་མངོན་སུམ་དུ་ར་འཕྲོད་གསལ་པོ་བྱུང་བ། |
| མཐའ་གྲུ |
ཡུལ་ཁམས་དང་ར་བ་སོགས་ཀྱི་རྒྱ་ཁྱོན་གྱི་མཚམས་ཏེ། (དཔེར་ན།) མངའ་ཁོངས་ཀྱི་མཐའ་གྲུ་ཆེ། བཟོ་གྲྭའི་མཐའ་གྲུ་ཡངས་པ་ཞེས་པ་ལྟ་བུ། |
| མཐའ་གྲོགས |
ཕུགས་ཀྱི་གྲོགས། |
| མཐའ་གྲོལ |
གྲོལ་ལུགས་ཆེན་པོ་བཞིའི་ནང་གསེས། རང་བྱུང་གི་རིག་པ་དེ་ཉིད་དུས་གསུམ་དང་ཤེས་བྱ་གང་དུའང་མི་གནས་པས་མཐའ་གྲོལ་ཞེས་བྱའོ། ། |
| མཐའ་ངོས |
དབུས་མིན་པའི་ཟུར་གྱི་ཆ། |
| མཐའ་ཅན |
1.རྗེས་འཇུག་དངོས་སུ་ཡོད་པའི་མིང་ངམ་ཚིག 2.ཟད་མཐའ་འམ། ཕ་མཐའ་ཡོད་པ། |
| མཐའ་ཆགས |
ལྭ་བའི་མཐའ་བལྟབས་ནས་བཙེམས་པའི་ཁག་གི་མིང་། (དཔེར་ན།) ལྭ་བ་བཟོས་ནས་མཐའ་ཆགས་བྱས་ལྟ་བུ། འདི་ལ་ཡུལ་སྐད་ལ་ལར་ཁ་ཆགས་ཟེར་བའང་ཡོད། |
| མཐའ་ཆུམས |
མཐའ་ནས་འདུས་པ་སྟེ། (དཔེར་ན།) བྱ་སྤྱོད་ཚང་མ་མཐའ་ཆུམས་བྱས་པ་ལྟ་བུ། |
| མཐའ་ཆོད |
ཐེ་ཚོམ་མམ་དོགས་པ་སོགས་ཀྱི་རྩ་བ་ཆོད་པའི་དོན་ཏེ། (དཔེར་ན།) དོགས་གནས་ཀྱི་མཐའ་ཆོད་ནས་ཡང་དག་པའི་དོན་ངེས་པ་ལྟ་བུ། |
| མཐའ་ཐིག |
མཐའ་ལ་བརྒྱབ་པའི་ཐིག་རིས་ཏེ། (དཔེར་ན།) དཀྱིལ་འཁོར་གྱི་མཐའ་ཐིག དཔེ་ཆའི་མཐའ་ཐིག་ཅེས་པ་ལྟ་བུ། |
| མཐའ་ཐུམ |
གོས་ཀྱི་མཐའ་འགྲིལ། |
| མཐའ་དག |
(གྲངས་ཚིག) ཡོད་ཚད་ཐམས་ཅད་ཀྱི་དོན་ཏེ། (དཔེར་ན།) གསུང་རྩོམ་མཐའ་དག་པར་དུ་བསྐྲུན་རྒྱུ་རེད། སློབ་གྲོགས་མཐའ་དག་གིས་སློབ་སྦྱོང་བྱེད་ཀྱིན་ཡོད་ལྟ་བུ། |
| མཐའ་དག་གཟུགས་ཅན |
གཟུགས་ཅན་གྱི་རྒྱན་གྱི་ནང་གསེས་ཤིག་སྟེ། དཔེ་ཅན་དོན་གྱི་ཡན་ལག་དང་ཡན་ལག་ཅན་མཐའ་དག་དཔེའི་ཡན་ལག་དང་ཡན་ལག་ཅན་གྱི་གཟུགས་སུ་བཀོད་པའི་རྒྱན་ཞིག |
| མཐའ་དཔྱོད |
གཞུང་དོན་དཀའ་གནད་ཀྱི་མཐའ་ལ་དཔྱད་པ་བྱེད་པ་སྟེ། (དཔེར་ན།) གཞུང་དོན་ཟབ་མོ་ལ་ལུང་དང་རིགས་པ་སྦྱར་ནས་མཐའ་དཔྱོད་པ། རང་ལ་ཐེ་ཚོམ་ཡོད་ན་གཞན་ལ་འདྲི་སྡུར་བྱས་ཏེ་མཐའ་དཔྱོད་བྱེད་ཅེས་པ་ལྟ་བུ། |
| མཐའ་དབུས |
མཐའ་དང་དཀྱིལ་ཏེ། (དཔེར་ན།) ནམ་མཁར་མཐའ་དབུས་མེད། ཡུལ་གྱི་མཐའ་དབུས། གྲལ་གྱི་མཐའ་དབུས་ཞེས་པ་ལྟ་བུ། |
| མཐའ་དམག |
རྒྱལ་ཁབ་ཕྱི་རོལ་གྱི་དགྲ་དམག |
| མཐའ་དོན |
ལས་དོན་ཐག་ཆོད་པའི་མཐའ་མའི་དོན་གནད། |
| མཐའ་པ |
ས་ཆ་ཡུལ་གྲོང་སོགས་ཀྱི་མཐའ་ལ་གནས་པའི་མི་སྟེ། (དཔེར་ན།) དགོན་པའི་མཐའ་པ་ཞེས་པ་ལྟ་བུ། |
| མཐའ་བཙན་པ |
མཐའ་བཟང་བའམ། ཕུགས་བརྟན་པའི་དོན་ཏེ། (དཔེར་ན།) རྒྱ་ཁྱབ་མི་དམངས་རྣམས་ལ་རྒྱབ་རྟེན་བཅོལ་ན་མཐའ་བཙན་པ་ཞིག་ཡོང༌ལྟ་བུ། |
| མཐའ་བཞི |
1.ཕྱོགས་བཞིའམ། ངོས་བཞིའམ། མཐའ་སྐོར། 2.མུ་བཞི། 3.སྐྱེས་ནས་ལོ་བཞི་ལོན་པའི་རྟ་དྲེལ་སོགས། 4.སྐྱེས་མཐའ་འཆི་བ། འདུས་མཐའ་འབྲལ་བ། བསགས་མཐའ་འཛད་པ། མཐོ་མཐའ་ལྷུང་བ་སྟེ་བཞི། 5.བདེན་པར་གྲུབ་པའི་རྟག་མཐའ་དང༌། ཐ་སྙད་ཙམ་དུ་མེད་པའི་ཆད་མཐའ། བདེན་པར་གྲུབ་པ་དང་ཐ་སྙད་དུ་མེད་པ་གཉིས་ཀར་ཡོད་པའི་ཡོད་མཐའ། བདེན་པར་མེད་པ་དང་ཐ་སྙད་དུ་ཡོད་པ་གཉིས་ཀར་མེད་པའི་མེད་མཐའ་བཅས་བཞི་ཡོད་མཐའ་དང༌། མེད་མཐའ། གཉིས་ཀའི་མཐའ། གཉིས་མིན་གྱི་མཐའ་རྣམས་སོ། ། |
| མཐའ་བཞི་ལས་རྣམ་པར་རྒྱལ་བ |
མཐའ་སྐོར་གྱི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ། |
| མཐའ་བཞིའི་བླ་སྨན་དགུ |
དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་ཡུལ་ལུང་གཞན་ནས་གདན་དྲངས་པའི་རྒྱ་གར་གྱི་སྨན་པ་ཤནྟི་གརྦྷ་དང༌། ཁ་ཆེ་གུ་ཧྱེ་བཛྲ། རྒྱ་ནག་ནས་སྟོང་གསུམ་གང་བ། ཧ་ཤང་བ་ལ། ཧང་ཏི་པ་ཏ་གསུམ། ཏ་ཟིག་ནས་ཧ་ལ་ཤནྟི། གྲུ་གུ་ནས་སེང་མདོ་འོད་ཆེན། དོལ་པོ་ནས་ཁྱོལ་མ་རུང་རྩེ། བལ་པོ་ནས་དྷརྨ་ཤི་ལ་སྟེ་དགུའོ། ། |
| མཐའ་བསྡོམས་གན་རྒྱ |
འགྱུར་ལྡོག་མི་འབྱུང་བའི་ཕྱིར་ཐག་གཅོད་ཀྱི་བྲིས་དན་ཏེ། (དཔེར་ན།) ཕན་ཚུན་གཉིས་ཕྱོགས་ནས་མཐའ་བསྡོམས་གན་རྒྱ་འཛུགས་རྒྱུར་མོས་མཐུན་བྱུང༌ལྟ་བུ། |
| མཐའ་བྲལ |
1.མཐའ་མེད་ཀྱི་དོན་ཏེ། (དཔེར་ན།) སྡུག་བསྔལ་རྒྱ་མཚོ་མཐའ་བྲལ་ཡང༌། ཁ་སྐོར་ཤེས་ན་སྐམ་སར་སླེབས་ཞེས་པ་ལྟ་བུ། 2.(མངོན་བརྗོད།) ནམ་མཁའ། |
| མཐའ་མ |
མཇུག་གི་དོན་ཏེ། (དཔེར་ན།) དུས་རབས་བཅུ་དགུ་པའི་ལོ་མཐའ་མ། ཉིན་མཐའ་མ་ཞེས་པ་ལྟ་བུ། ཚིག་བསྡུས་ན་མཐའ་ཞེས་འབྲི་ཆོག་སྟེ། (དཔེར་ན།) གྲལ་གྱི་མཐའ་མ་ལ་གྲལ་མཐའ་ཟེར་བ་ལྟ་བུ། |
| མཐའ་མཇུག |
སླད་མའམ། འབྱུང་འགྱུར་གྱི་དོན་ཏེ། (དཔེར་ན།) གྲལ་བསྟར་གྱི་མཐའ་མཇུག ཡིག་ཕྲེང་དེའི་མཐའ་མཇུག་ལ་ཡོད་པའི་ཡི་གེ། ཕྱི་ལོའི་མཐའ་མཇུག་ཏུ་ཚུར་ལོག་ཡོང༌ལྟ་བུ། |
| མཐའ་མཚམས |
ས་མཚམས་ཀྱི་དོན་ཏེ། (དཔེར་ན།) མཐའ་མཚམས་བརྟན་སྲུང༌། མཐའ་མཚམས་ས་ཁུལ་ཞེས་པ་ལྟ་བུ། |
| མཐའ་མཚམས་ས་ཐིག |
རྒྱལ་ཁབ་ཕན་ཚུན་གྱི་མཐའི་དབྱེ་མཚམས་ས་ཐིག |
| མཐའ་མི |
1.ཡུལ་གཞན་དང་ཕྱི་རྒྱལ་གྱི་མི། 2.ཡུལ་ཁམས་ཀྱི་མཐར་གནས་པའི་མི། |
| མཐའ་མེད |
1.མཐའ་མངོན་མི་ཐུབ་པའམ་མུ་མེད་པའི་དོན་ཏེ། (དཔེར་ན།) མཐའ་མེད་འཁོར་བ་རྣམས་ཀྱི་ཚང་ཚིང་ཁྲོད་ཅེས་པ་ལྟ་བུ། 2.(མངོན་བརྗོད།) ནམ་མཁའ། |
| མཐའ་མེད་མུ་མེད |
མཐའ་རྫོགས་རྒྱུ་མེད་པ། |
| མཐའ་ཚར |
རས་སོགས་ཐགས་སུ་བསྐྲུན་པའི་དངོས་རྫས་ཀྱི་མཐའི་སྐུད་པའི་མིང་། ཡུལ་སྐད་ལ་ལར་འདི་ལ་ཁ་ཚར་ཡང་ཟེར། |
| མཐའ་འཁོབ |
1.རིག་གཞུང་མ་དར་བའི་ཡུལ། 2.སངས་རྒྱས་ཀྱི་འཁོར་རྣམ་བཞི་མི་རྒྱུ་བའི་ཡུལ། 3.རྒྱལ་ཁམས་སམ་ཡུལ་གྲུ་ཞིག་གི་མཐའ་མཚམས་ས་ཁུལ། |
| མཐའ་འཁྱོངས |
བྱ་བ་མ་རྫོགས་བར་དུ་བསྐྱངས་ནས་བྱུང་བ། |
| མཐའ་འཁྱོལ |
རྫོགས་པར་གྲུབ་པའི་དོན་ཏེ། (དཔེར་ན།) སློབ་སྦྱོང་མཐའ་འཁྱོལ་བ། བྱ་བ་མཐའ་འཁྱོལ་བ་ཞེས་པ་ལྟ་བུ། |
| མཐའ་འགེགས |
མཐའ་གཅོད་པའམ། གཏན་ལ་འབེབས་པ། |
| མཐའ་འགྲིལ |
ཚེམ་བུའི་མཐའ་འཇགས། |
| མཐའ་འཇགས |
གོས་སོགས་ཀྱི་མཐའ་ཆགས་སམ། མཐའ་འགྲིལ་གྱི་དོན་ཏེ། (དཔེར་ན།) གྱོན་པ་འཚེམ་སྐབས་མཐའ་མར་མཐའ་འཇགས་གཏོང་བ་ལྟ་བུ། |
| མཐའ་འདུམ |
མཐར་ཐུག་གི་བར་འདུམ་སྟེ། (དཔེར་ན།) མི་མཐུན་པ་ཐམས་ཅད་ཀྱི་མཐའ་འདུམ་པར་བྱས་པ་ལྟ་བུ། |
| མཐའ་འདུལ་གཙུག་ལག་ཁང |
བོད་རྗེ་སྲོང་བཙན་སྒམ་པོའི་སྐབས་བོད་ཆགས་ཡུལ་གྱི་ས་དབྱིབས་སྲིན་མོ་གན་རྐྱལ་དུ་ཉལ་བ་ལྟ་བུའི་དཔུང་མགོ་གཡས་གཡོན་དང༌། དཔྱི་མགོ་གཡས་གཡོན་གྱི་ཁ་གནོན་དུ་བཞེངས་པའི་གཡོན་རུ་ཁྲ་འབྲུག་དང༌། གཡས་རུ་གཙང་འགྲམ། དབུ་རུ་བཀའ་ཚལ། རུ་ལག་གྲུམ་པ་རྒྱང་སྟེ་ལྷ་ཁང་བཞི། |
| མཐའ་འདེད |
མཐར་མ་ཐུག་བར་འདེད་པའམ་རྩད་གཅོད་པའི་དོན་ཏེ། (དཔེར་ན།) བདེན་རྫུན་གྱི་དབྱེ་བ་མཐའ་འདེད་གསལ་པོར་བྱས་ལྟ་བུ། |
| མཐའ་འདོམས |
མཐའ་མཇུག་ཚང་བར་འདུས་པའི་དོན་ཏེ། (དཔེར་ན།) འཕྲལ་ཕུགས་འགྱུར་ལྡོག་མེད་པའི་མཐའ་འདོམས་ཀྱི་གན་རྒྱ་འཇོག་ལེན་བྱས་ལྟ་བུ། |
| མཐའ་འབུད |
རྒྱང་འབུད་དེ། (དཔེར་ན།) ཉེས་ཅན་རིགས་མཐའ་འབུད་གཏོང་བ་ལྟ་བུ། |
| མཐའ་འབྱམས |
1.མཐའ་ཀླས་པ། 2.གྲངས་གནས་ཤིག |
| མཐའ་འབྲས |
ཕུགས་ཀྱི་འབྲས་བུའམ་ལག་རྗེས། |
| མཐའ་ཡས |
གྲངས་ཚད་སོགས་དཔག་ཏུ་མེད་པའི་དོན་ཏེ། (དཔེར་ན།) རྒྱུ་སྐར་མཐའ་ཡས་པའི་དབུས་ནས་སྨིན་དྲུག་ངོས་འཛིན་ཐུབ་ལྟ་བུ། |
| མཐའ་ཡས་པ |
མཐའ་མེད་པ་སྟེ། (དཔེར་ན།) ནམ་མཁའི་རྒྱ་ཁྱོན་མཐའ་ཡས་པ་ལྟ་བུ། |
| མཐའ་ཡས་པའི་འདུ་ཤེས |
འདུ་ཤེས་ཚད་མེད་པ་སྟེ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་མན་ཆད་ཀྱི་འདུ་ཤེས་སོ། ། |
| མཐའ་ཡས་མ |
(མངོན་བརྗོད།) 1>ས་གཞི། 2>དཔལ་ལྡན་ལྷ་མོ། |
| མཐའ་ཡུལ |
རང་ཡུལ་མིན་པའི་གཞན་ཡུལ་ཏེ། (དཔེར་ན།) རྒྱུས་མེད་མཐའ་ཡུལ་དུ་འགྲོ་ཞེས་པ་ལྟ་བུ། |
| མཐའ་རྒྱན |
གོས་ཀྱི་མཐའ་རྒྱན་སྲམ་ལྤགས་ལྟ་བུ། |
| མཐའ་རྙེད་དཀའ |
(མངོན་བརྗོད།) གཟེ་མ་ར་མགོ། |
| མཐའ་རྟེན |
ཡི་གེའི་རྗེས་འཇུག་སྟེ། (དཔེར་ན།) ག་ང་ད་ན་བ་མ་འ་ར་ལ་ས་བཅས་སོ། ། |
| མཐའ་རྟེན་གྱི་དབང |
སློབ་མ་རྣམས་དབུགས་དབྱུང་བ་དང་བཀྲ་ཤིས་པར་བྱ་བའི་ཕྱིར་ཙཀ་ལི་སོགས་ཀྱིས་རྒྱལ་སྲིད་སྣ་བདུན་དང༌། བཀྲ་ཤིས་རྟགས་བརྒྱད་དང་རྫས་བརྒྱད་སོགས་ཀྱི་དབང་བསྐུར་བའོ། ། |
| གདུང་ཟམ |
གདུང་མ་རྐང་གཅིག་གི་ཟམ་པ། |
| གདུང་འཁོར |
གདུང་མ་བཞི་སྣེ་སྤྲད་པའི་གྲུ་བཞི་འཁོར་མ། |
| གདུང་འདེགས |
1.གདུང་མ་འདེགས་བྱེད་ཀྱི་ཀ་བ། 2.གདུང་མ་འདེགས་པར་བྱེད་པའི་བྱ་བ། |
| གདུང་འབར་ཆེ |
(མངོན་བརྗོད།) ཐན་པ། |
| གདུང་འབོད |
སེམས་སྐྱོ་བའི་ངང་ནས་འབོད་པ་སྟེ། (དཔེར་ན།) སྡུག་བསྔལ་མ་བཟོད་པར་གདུང་འབོད་ཡང་ཡང་བྱེད་ཅེས་པ་ལྟ་བུ། |
| གདུང་འཚོབ |
1.རུས་རྒྱུད་ཉམས་པ་དེ་འཚོབ་པར་བྱེད་པ་དང་འཛིན་པར་བྱེད་པ། 2.རིགས་དང་ལུགས་ཀྱི་རྒྱུད་འཛིན་མཁན། |
| གདུང་འཛིན |
1.རིགས་རྒྱུད་རྗེས་སུ་འཛིན་པ། 2.རིགས་རྒྱུད་འཛིན་མཁན། |
| གདུང་རབས |
རུས་རྒྱུད་མི་རབས། |
| གདུང་རིགས |
རུས་རྒྱུད། |
| གདུང་རིང |
1.ཁང་པའི་གདུང་ཤིང་རིང་པོ། 2.གདུང་རྒྱུད་ཀྱི་མི་རབས་རིང་པོ། |
| གདུང་རུས |
1.བླ་མ་སོགས་ཀྱི་རུས་པ། 2.རིགས་རྒྱུད། |
| གདུང་རྒྱུད |
རིགས་རྒྱུད་ཀྱི་ཞེ་ས། |
| གདུང་རྟེན |
སྐུ་གདུང་བཅུག་པའི་མཆོད་རྟེན། |
| གདུང་ཤུགས |
གདུང་བའམ་འདུན་པ་དྲག་པོའི་དོན་ཏེ། (དཔེར་ན།) གདུང་ཤུགས་ཀྱིས་གསོལ་བ་བཏབ་ཅེས་པ་ལྟ་བུ། |
| གདུང་སེམས |
སྡུག་བསྔལ་གྱིས་མནར་བའི་སྐྱོ་སྣང༌སྟེ། (དཔེར་ན།) གདུང་སེམས་མཉམ་སྐྱེ། གདུང་སེམས་དྲག་པོས་མཆི་མ་ཆར་པ་ལྟར་བབས་ཞེས་པ་ལྟ་བུ། |
| གདུང་སྐས |
གདུང་མ་རྐང་གཅིག་ལ་ཉག་ཀ་བཏོན་པའི་འཛེག་སྐས་ཏེ། བོད་སྐས་དང༌། བྱ་སྐས་ཀྱང་ཟེར། |
| གདུང་སྐྱོབ |
(མངོན་བརྗོད།) ཉི་གདུགས། |
| གདུང་སྒྲོམ |
པུར་སྒམ་མམ་རོ་སྒམ། |
| གདུང་སྲས |
རུས་རྒྱུད་ཀྱི་སྲས། |
| གདུངས |
གདུང་བའི་འདས་པ་དང་སྐུལ་ཚིག་སྟེ། (དཔེར་ན།) དབུལ་འཕོངས་ཀྱིས་གདུངས་པའི་མིས་བརྩོན་པ་བྱས་སྟབས་བདེ་བ་མྱངས་ཞེས་པ་ལྟ་བུ། |
| གདུངས་པ |
གདུང་བའི་འདས་པའི་བྱ་མིང། |
| གདུད་པ |
འདུད་པའི་མ་འོངས་པའི་བྱ་མིང་། |
| གདུབ |
གདུ་བུའི་བསྡུས་མིང༌སྟེ། (དཔེར་ན།) གསེར་གདུབ། ལག་གདུབ་ཅེས་པ་ལྟ་བུ། |
| གདུབ་ཀོར |
གདུ་བུ་སྟེ་རྐང་ལག་གི་རྒྱན། |
| གདུབ་སིལ |
རྐང་ལག་གི་རྒྱན་གདུ་བུ་འཁྲོལ་བའི་སྒྲ། |
| གདུབ་སྐོར |
གདུབ་ཀོར་དང་འདྲ། |
| གདུལ |
འདུལ་གྱི་མ་འོངས་པ་སྟེ། (དཔེར་ན།) གདུལ་བྱའི་དགྲ་བོ་གདུལ་དགོས་ལྟ་བུ། |
| གདུལ་བ |
འདུལ་བའི་མ་འོངས་པ། |
| གདུལ་བའི་དངོས་པོ་ལྔ |
བསྡིགས་པ། སྨད་པ། བསྙད་པ། སླར་བསྡུམ་པ། སྤང་བ་སྟེ་མི་འཇིགས་པ་བཅས་ལྔ། |
| གདུལ་བྱ |
1.ཆོས་ལུགས་ཀྱི་ཆོས་སྟོན་ཡུལ། 2.སློབ་འཁོར་སོགས་ཀྱི་མིང་། |
| གདུལ་བྱའི་ཁམས་དབང་བཞི |
སྔགས་རྒྱུད་སྡེ་བཞིའི་གདུལ་བྱ་རྣམས་ཀྱིས་ལམ་སྒོམ་པའི་ནུས་པ་དམན་མཆོག་མི་འདྲ་བ་བཞིར་ངེས་པ་སྟོང་པ་དང་ལྷའི་རྣལ་འབྱོར་མངོན་དུ་བྱེད་པ་ལ་ཕྱིའི་བྱ་བ་མང་པོ་ལ་ལྟོས་པ་དང༌། བྱ་བ་ཧ་ཅང་མི་མང་བར་ཕྱིའི་བྱ་བ་དང་ནང་གི་ཏིང་འཛིན་གཉིས་ཆ་མཉམ་པ་ལ་ལྟོས་པ་དང༌། ཕྱིའི་བྱ་བ་དང་ནང་གི་ཏིང་འཛིན་གཉིས་ལས་ཏིང་འཛིན་གཙོ་བོར་གྱུར་པ་ལ་ལྟོས་པ་དང༌། ཕྱིའི་བྱ་བ་ལ་མི་ལྟོས་པར་གོང་ན་མེད་པའི་རྣལ་འབྱོར་སྐྱེད་ནུས་པ་སྟེ་བཞི། |
| གདུལ་ཞིང |
སངས་རྒྱས་ཀྱི་གདུལ་བྱ་གནས་པའི་ཞིང་ངམ་ཡུལ་ཏེ། (དཔེར་ན།) མི་མཇེད་འཇིག་རྟེན་གྱི་ཞིང་ལྟ་བུ། |
| གདུས |
1.(བྱེད་མེད་ལས་ཚིག) གདུ་བའི་འདས་པ། (དཔེར་ན།) ཆུ་གདུས་ནས་རླངས་པ་འཕྱུར་ལྟ་བུ། 2.(བྱེད་འབྲེལ་ལས་ཚིག) གདུ་ཡི་འདས་པ་དང་སྐུལ་ཚིག |
| གདུས་ཁུ |
ཡུན་རིང་དུ་བསྐོལ་བའི་ཁུ་བ། |
| གདུས་ཐང |
སྨན་དང༌། ཇ། རུས་པ་སོགས་ཡུན་རིང་དུ་བསྐོལ་བའི་ཁུ་བ། |
| གདུས་པ |
གདུ་བའི་འདས་པའི་བྱ་མིང་། |
| གདེག |
འདེགས་པའི་མ་འོངས་པ་སྟེ། (དཔེར་ན།) གདེག་བྱའི་གདུང་མ་ཞེས་པ་ལྟ་བུ། |
| གདེག་པ |
འདེགས་པའི་མ་འོངས་པའི་བྱ་མིང། |
| གདེང |
1.ཚད་དམ་རྩིས་གཞི་སྟེ་ཡིད་ཆེས་ཀྱི་རྒྱུ་མཚན་ཏེ། (དཔེར་ན།) བློ་གདེང༌། གདེང་ཚོད། འཐོབ་གདེང༌ཞེས་པ་ལྟ་བུ།2.(བྱེད་འབྲེལ་ལས་ཚིག) གདེངས་པའི་མ་འོངས་པ་དང་ད་ལྟ་། ཡར་འཕྱར་བ་སྟེ། (དཔེར་ན།) རལ་གྲི་ཀླད་ལ་གདེང་བར་བྱ་ལྟ་བུ། |
| གདེང་ཐུབ་པ |
བློ་ཁེལ་བ་སྟེ། (དཔེར་ན།) ཐག་རིང་དུ་འགྲོ་དུས་ལམ་གྲོགས་གདེང་ཐུབ་པ་ཞིག་དགོས་ལྟ་བུ། |
| གདེང་ཐོབ་པ |
ངེས་ཤེས་ཐོབ་པའམ། ནང་བྱན་ཆུབ་པའི་དོན་ཏེ། (དཔེར་ན།) མི་འཇིགས་པའི་བློ་གདེང་ཐོབ་པ་ལྟ་བུ། |
| གདེང་དྲོད |
སྤོབས་པའི་ཚོད་དེ། (དཔེར་ན།) བྱ་བ་མ་བརྩམས་གོང་ལ་གདེང་དྲོད་རྙེད་པ་ཞིག་དགོས་ལྟ་བུ། |
| གདེང་བ |
(བྱེད་འབྲེལ་ལས་ཚིག) གདེངས་པའི་མ་འོངས་པའི་བྱ་མིང་། |
| གདེང་ཚད |
ཡིད་ཆེས་ཡོད་པའི་དཔའ་གདེང་གི་མིང་སྟེ། (དཔེར་ན།) ནད་སོས་པའི་གདེང་ཚད་ལོན་ཞེས་པ་ལྟ་བུ། |
| གདེང་ཚོད |
ཡིད་ཆེས་སམ་སྤོབས་པ་སྟེ། (དཔེར་ན།) དགྲ་བོ་ཚང་མ་ཐུབ་ཡོང་སྙམ་པའི་གདེང་ཚོད་རྙེད་པ། ཕྱོགས་ཐམས་ཅད་ནས་རྣམ་པར་རྒྱལ་ཐུབ་པའི་གདེང་ཚོད་ཡོད་ལྟ་བུ། |
| གདེང་འཁེལ་བ |
ཡིད་ཆེས་པ་སྟེ། (དཔེར་ན།) ང་ཚོ་དྲང་བདེན་ཡིན་པས་གདེང་འཁེལ་བའི་གྲོགས་པོ་རྙེད་ཐུབ། ཕོ་ཉ་གདེང་འཁེལ་བ་ཞིག་བཏང་ལྟ་བུ། |
| གདེང་འཇོག་པ |
ཆ་འཇོག་པའམ་རིན་ཐང་རྩི་བ་སྟེ། (དཔེར་ན།) ཚོང་ཟོག་བཀྲམ་ནས་རིན་གོང་འདི་ཙམ་ཁུག་ཡོང་བསམ་པའི་གདེང་འཇོག་པ་ཞེས་པ་ལྟ་བུ། |
| གདེང་ལྡན་པ |
གདེང་ཡོད་པ་སྟེ། (དཔེར་ན།) མཐར་ཐུག་གི་རྒྱལ་ཁ་ཐོབ་པའི་གདེང་ལྡན་པ་ཞིག་དགོས་ལྟ་བུ། |
| གདེངས |
གདེང་གི་འདས་པ་དང་སྐུལ་ཚིག་སྟེ། (དཔེར་ན།) གྲི་རིང་ཀླད་ལ་གདེངས་ནས་དགྲ་ལ་བརྒྱབ། གྲི་གདེངས་ཤིག་ལྟ་བུ། |
| གདེངས་ཀ |
ཀླུ་རྒྱལ་གྱི་མགོར་སྐྱེས་པའི་རྒྱན་ལྟ་བུ་ཞིག་སྟེ། (དཔེར་ན།) སྦྲུལ་ལྔའི་གདེངས་ཀ། སྦྲུལ་བདུན་གྱི་གདེངས་ཀ་ཞེས་པ་ལྟ་བུ། |
| གདེངས་ཀ་ཅན |
(མངོན་བརྗོད།) ཀླུ། |
| གདེངས་ཀ་བདུན་པ |
(མངོན་བརྗོད།) ཀླུའི་དབང་པོ། |
| གདེངས་ཀ་འཛིན |
(མངོན་བརྗོད།) སྦྲུལ་གྱི་གདེངས་ཀ་ཡོད་པའི་ཀླུ་རྒྱལ། |
| གདེངས་ཅན |
(མངོན་བརྗོད།) 1.ཀླུ་ལ་མིང་གཞན་གདེངས་ཅན་ཡང་ཟེར་བས་གྲངས་བརྒྱད་མཚོན། 2>གདེངས་ཀ་ཅན་གྱི་བསྡུས་ཚིག 3>སྦྲུལ། |
| གདེངས་ཅན་དབང་པོ |
(མངོན་བརྗོད།) ཀླུའི་རྒྱལ་པོ། |
| གདེངས་ཅན་འདྲེན་པ |
(མངོན་བརྗོད།) ཀླུ་རྒྱལ། |
| གདེངས་ཅན་ལྷ་མོ |
1.སྐར་མ་སྐག 2.ཀླུ་མོ་ཞིག |
| གདེངས་པ |
གདེང་བའི་འདས་པ། |
| གདོང |
1.གདོང་པ་སྟེ་ངོ་གདོང་གི་བསྡུས་ཚིག 2.མདུན་གྱི་དོན་ཏེ། (དཔེར་ན།) གདོང་དུ་འགྲོ་མཁན་རྣམས་དེ་རིང་ཐོན་པ་རེད། རི་བོང་དང་རུས་སྦལ་གཉིས་གོམ་རྩལ་འགྲན་པས་རུས་སྦལ་གདོང་དུ་སླེབས། རང་རང་གི་ཡུལ་དུ་གདོང་ཕྱོགས་ཏེ་ལྡོག་ཅེས་པ་ལྟ་བུ། 3.འཕྲིན་སོགས་སྐྱེལ་མངགས་བྱེད་པའམ་བརྒྱུད་པའི་དོན་ཏེ། (དཔེར་ན།) བང་ཆེན་རྡོ་རྗེའི་གདོང་ནང་དོན་ཞུ་ཡིག་རྟེན་དང་བཅས་པ་ཕུལ་ཡོད་ཅེས་པ་ལྟ་བུ།4.སྒང་འབུར་གྱི་སྣེ་མོའི་མིང་སྟེ། (དཔེར་ན།) རི་གདོང་། གདོང་ག་གདོང་སྣ་ཞེས་པ་ལྟ་བུ། 5.མགོའི་མིང་སྟེ། (དཔེར་ན།) ལུག་གཉིས་ཀྱིས་གདོང་ཐུག་བརྒྱབ་ཅེས་པ་ལྟ་བུ། |
| གདོང་ཁ |
ངོ་གདོང༌། |
| གདོང་ཁེབས |
1.དཔེ་ཆ་གླེགས་བམ་གྱི་གདོང་འཛར། 2.གདོང་འབག 3.བུད་མེད་ཀྱི་གདོང་ལ་གྱོན་པའི་སང་རས། |
| གདོང་གཏུགས་པ |
ཕན་ཚུན་གདོང་དང་གདོང་ཐད་ཀར་ཕྲད་པར་བྱས་པ་སྟེ། (དཔེར་ན།) དངོས་སུ་གདོང་གཏུགས་པ། ལམ་འཕྲང་དོག་པོར་གདོང་གཏུགས་ཞེས་པ་ལྟ་བུ། |
| གདོང་གཡོགས་བཅིང་བ |
ཕྱི་འཇུག་གི་ནང་གསེས་ཏེ། སློབ་མ་རྣམས་དཀྱིལ་འཁོར་མཐོང་བ་རེ་ཞིག་བསྒྲིབ་པ་དང༌། མ་རིག་པས་ལྡོངས་པ་མཚོན་བྱེད་དུ་མིག་དར་དམར་པོ་དཔྲལ་བར་བཅིང་བའོ། ། |
| གདོང་གཤིས |
ངོ་གདོང་གི་རྣམ་འགྱུར་ཏེ། (དཔེར་ན།) ཁོའི་རྫུན་རྐུབ་རྡོལ་བས་ཁ་སྐྱེངས་ནས་གདོང་གཤིས་འགྱུར་སོང༌ཞེས་པ་ལྟ་བུ། |
| གདོང་གཤེར |
ཕན་ཚུན་གདོང་ཐུག་གིས་རྩོད་པ་སྟེ། (དཔེར་ན།) གྱོད་ཡ་གཉིས་གདོང་གཤེར་བྱེད་དུ་འཇུག་པ་ཞེས་པ་ལྟ་བུ། |
| གདོང་གི་ཡ་མ |
མིག་དང་རྣ་བའི་བར་གྱི་ཡ་ཁུང་གཡས་གཡོན། |
| གདོང་གུད་དུ་སྒྱུར་བ |
ངོ་གདོང་ཐད་ཀར་མི་སྟོན་པར་གཡས་གཡོན་སོགས་ལ་ཟུར་བཅུས་བྱེད་པ་སྟེ། (དཔེར་ན།) འཁོན་པའི་མི་དང་ཕྲད་དུས་གདོང་གུད་དུ་སྒྱུར་བ་ལྟ་བུ། |
| གདོང་གྲོགས |
སྡོང་གྲོགས་དང་འདྲ། |
| གདོང་གློད་པ |
ངོ་ཚ་བའམ་ཁ་སྐྱེངས་ནས་གདོང་ས་ལ་ཕབ་པ་སྟེ། (དཔེར་ན།) ཨ་མས་མི་མང་པོའི་ཁྲོད་དུ་བུ་ལ་བཀའ་བཀྱོན་གནང་བས་བུ་ངོ་ཚ་ནས་གདོང་གློད་པ་ལྟ་བུ། |
| གདོང་ངན |
(མངོན་བརྗོད།) 1>སྤྲེའུ། 2>མེ་སྤྲེལ་ལོ། |
| གདོང་ཆུང |
1.ངོ་གདོང་ཆུང་བ། 2.ངོ་ཚ་ཆེ་བ་དང༌། ཁྲེལ་ཡོད་པ། 3.རྩིས་མཐོང་མེད་པ་དང་སྣང་ཆུང༌གི་དོན་ཏེ། (དཔེར་ན།) ཡ་རབས་ཀྱིས་སྒེར་ཕན་གདོང་ཆུང་དུ་འདོར་ཐུབ་པ། གཉེན་ལ་གདོང་ཆུང་གི་ལྟག་པ་སྟོན་ཞེས་པ་ལྟ་བུ། |
| གདོང་ཆེན |
1.ངོ་གདོང་ཆེན་པོ། 2.དཔྲལ་ཀོ་མཐུག་པོ་དང༌། ངོ་ཚ་མེད་པ། 3.རྩིས་མཐོང་ཆེན་པོ། |
| གདོང་ཐུག་ཁུངས་སྐྱེལ |
ངོ་གདོང་ཕྲད་ནས་དོན་རྩ་ར་སྤྲོད་བྱེད་པ་སྟེ། (དཔེར་ན།) གདོང་ཐུག་ཁུངས་སྐྱེལ་ཞིག་རང་ཞུས་ཆོག་པ་ཞུ་ཞེས་པ་ལྟ་བུ། |
| གདོང་ཐུག་པ |
1.ཞལ་རས་མཇལ་བའི་དོན་ཏེ། (དཔེར་ན།) རང་གཞན་གྱི་དཔུང་དམག་གདོང་ཐུག་ཏུ་འཐབ་པ་ལྟ་བུ། 2.ཕན་ཚུན་གློ་བུར་དུ་གདོང་ཐུག་བརྒྱབ་པ། |
| གདོང་དཀར |
1.ངོ་གདོང་གི་ཤ་མདོག་དཀར་པོ། 2.གདོང་འཛུམ་པའི་རྣམ་འགྱུར། 3.ས་མིང་ཞིག་སྟེ། བོད་ཀྱི་སྟོད་ལུང་བདེ་ཆེན་རྫོང་ཁོངས་སུ་ཡོད། |
| གདོང་དམར་ཅན་གྱི་ཡུལ |
བོད་མི་ཕལ་ཆེ་བའི་གདོང་མདོག་སྐྱ་བོ་རང་མིན་པར་དམར་ཤས་ཆེ་བའི་རྒྱུ་མཚན་གྱིས་བོད་ཡུལ་ལ་གདོང་དམར་ཅན་གྱི་ཡུལ་ཞེས་ཟེར། མདོ་ལས་ཀྱང༌། གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ། །ཞེས་དང༌། རྒྱའི་དེབ་ཐེར་དུ་བོད་མི་རྣམས་ལ་གདོང་གི་མཛེས་བྱེད་དུ་ཚོས་དམར་པོ་བགོ་བའི་གོམས་སྲོལ་ཡོད་པར་བཤད་པ་དང༌། བོད་རང་གི་ཡི་གེ་རྙིང་པ་རྒྱལ་པོའི་བཀའ་ཐང་སོགས་ལས་ཀྱང་ཤ་ཟན་གདོང་དམར་ཅན་ཞེས་ཀྱང་སྣང་ངོ་། ། |
| གདོང་དམར་པོ |
ངོ་མདོག་དམར་པོ་སྟེ་ཁོང་ཁྲོ་ཟ་བའི་གདོང་མདོག (དཔེར་ན།) ཚིག་པ་ཟོས་ནས་གདོང་དམར་པོར་ཕྱིན་སོང༌ལྟ་བུ། |
| གདོང་དམར་བ |
1.སྔར་བོད་རིགས་ཀྱི་མིང་ལ་དེ་ལྟར་ཟེར། 2.གདོང་གི་ཁ་དོག་དམར་བ། |
| གདོང་དམར་ཡུལ |
གདོང་དམར་ཅན་གྱི་ཡུལ་དང་དོན་གཅིག |
| གདོང་དར |
པུ་ཏིའི་གདོང་ངོས་སུ་གདགས་བྱ་གོས་ཆེན་སོགས་ཀྱིས་བཟོས་པའི་གདོང་རྟགས། |
| གདོང་དྲུག་པ |
ལྷ་དབང་ཕྱུག་ཆེན་པོའི་བུ་གཞོན་ནུ་གདོང་དྲུག མིང་གི་རྣམ་གྲངས་ལ་བཅུ་གཉིས་མིག་ལྡན་དང༌། མ་དྲུག་བུ། ལྷའི་དམག་དཔོན་བཅས་སོ། ། |
| གདོང་པ |
བཞིན་རས་ཏེ། (དཔེར་ན།) གདོང་པ་ནག་ཀྱང་སེམས་པ་དཀར། གདོང་དཀར་བ་ཟླ་བ་ལྟ་བུ། |
| གདོང་ཕྱིས |
1.གདོང་བཀྲུས་པ། 2.གདོང་འབྱིད་བྱེད་ཀྱི་རས། 3.འཚོ་བའི་ཡོ་བྱད་བཅུ་གསུམ་གྱི་ནང་གསེས། སྲིད་དང་ཞེང་དུ་ཁྲུ་གང་གི་ཚད་དང་ལྡན་པའི་ཡོ་བྱད་ཅིག |
| གདོང་ཕྲད་པ |
ཞལ་རས་མཇལ་བ་སྟེ། (དཔེར་ན།) གདོང་ཕྲད་པའི་སྐབས་སུ་སྐད་ཆ་བཤད་པ་ལས་རྒྱབ་ཏུ་བཤད་མི་ཉན་ཞེས་པ་ལྟ་བུ། |
| གདོང་བཅུ་པ |
(མངོན་བརྗོད།) སྲིན་པོའི་རྒྱལ་པོ། |
| གདོང་བན |
(རྒྱ་སྐད།) ཁྲུས་སྤྱད། |
| གདོང་བཞི་པ |
(མངོན་བརྗོད།) ཚངས་པ། |
| གདོང་བཞི་མིག་བརྒྱད |
མི་མང་འཛོམས་པའི་དོན་ཏེ། (དཔེར་ན།) དོན་དག་དེའི་སྐོར་ང་རང་ཚོ་གདོང་བཞི་མིག་བརྒྱད་ཀྱིས་གྲོས་ཐག་བཅད་པ་ཡིན་ནོ་ཞེས་པ་ལྟ་བུ། |
| གདོང་བརྐོས |
པར་ཤིང་གི་ཟུར་གདོང་གི་ཁ་བྱང་བརྐོས་མ། |
| གདོང་བརྟན་པོ |
གཤིས་ཀ་འགྱུར་སླ་པོ་མིན་པའམ་རང་ཚུགས་ཐུབ་པོའི་དོན་ཏེ། (དཔེར་ན།) གཞན་གྱི་ངོ་འཛུམ་དཀར་ནག་ལ་མི་ལྟ་བའི་གདོང་བརྟན་པོ་ཞིག་ཡོད། དུས་ཡུན་ཇི་ཙམ་འགྲོགས་ཀྱང་འགྱུར་བ་མེད་པའི་གདོང་བརྟན་པོ་ཞིག་བྱེད་དགོས་ལྟ་བུ། |
| གདོང་བཤེར་ར་སྤྲོད |
དངོས་སུ་གདོང་ཐུག་ནས་ར་སྤྲོད་བྱེད་པ་སྟེ། (དཔེར་ན།) ཕན་ཚུན་གཉིས་ཀྱི་བཤད་ཚུལ་འགལ་འཛོལ་ཆེ་བས་གདོང་བཤེར་ར་སྤྲོད་མི་བྱེད་ཐབས་མེད་བྱུང༌ཞེས་པ་ལྟ་བུ། |
| གདོང་བསུ |
ཚུར་ཡོང་མཁན་གྱི་གདོང་ལ་ཕྱིན་ནས་བསུ་བ་སྟེ། (དཔེར་ན།) གདོང་བསུས་ནས་ཕར་རྒོལ་བྱེད་པ། གདོང་བསུས་ཏེ་ཁྱིམ་དུ་སླེབས་པ། ཐག་རིང་བར་དུ་འགྲུལ་པ་གདོང་བསུ་ལ་འགྲོ་བ་ཞེས་པ་ལྟ་བུ། |
| གདོང་བསྡུས་པ |
བཞིན་བསྡུས་ནས་ཁྲོ་གཉེར་བསྟན་པ་སྟེ། (དཔེར་ན།) སེམས་ཁྲོས་ཏེ་གདོང་བསྡུས་པ་ལྟ་བུ། |
| གདོང་མདོག |
བཞིན་རས་ཀྱི་ཁ་དོག་སྟེ། (དཔེར་ན།) ཁོང་ཁྲོ་ཟོས་ནས་གདོང་མདོག་དམར་ནག་བསྟན་ཅེས་པ་ལྟ་བུ། |
| གདོང་ཚན |
ངོ་ཚ་མཚེར་སྣང༌སྟེ། (དཔེར་ན།) གདོང་ཚན་ཆུང་བ། གདོང་ཚན་ཆེ་བ། གདོང་ཚན་མཐུག་པོ་ཡིན་པས་ངོ་ཚ་ཟེར་བ་མི་ཤེས་ལྟ་བུ། |
| གདོང་ཚན་ཅན |
དཔྲལ་ཀོ་མཐུག་པོའམ། ངོ་ཚ་འཛེམ་བག་ཆུང་བའི་དོན་ཏེ། (དཔེར་ན།) གདོང་ཚན་ཅན་གྱི་མི་ཚོས་གང་ཡང་བྱས་ཡོང༌ལྟ་བུ། མིང་གི་རྣམ་གྲངས་ལ་སྐྱེངས་པ་མེད་དང༌། གནོང་མེད། དཔྲལ་ཀོ་ཅན། སྤྱི་བརྟོལ་ཅན། འཚེར་བ་མེད། ལོག་པར་སྤོབས་བཅས་སོ། ། |
| གདོང་ཞུ |
རིམ་བརྒྱུད་ཀྱིས་མ་ཞུས་པར་ཞུ་ཡུལ་གཙོ་བོའི་མདུན་དུ་རང་ཉིད་ཀྱིས་ཐད་ཀར་ཞུས་པ་སྟེ། (དཔེར་ན།) སྔ་ཕྱིའི་བདེ་སྡུག་ཡོང་རྐྱེན་ཚང་མ་དོན་གྱི་བདག་པོ་ངོ་མའི་སྐུ་མདུན་དུ་གདོང་ཞུ་མཐར་ཕྱིན་བྱས་པ་ཡིན་ལྟ་བུ། |
| གདོང་འབག |
གདོང་ལ་གྱོན་རྒྱུའི་འབག |
| གདོང་འབྱིད |
1.ངོ་རས་ཀྱིས་འཕྱིད་པ། 2.གདོང་ཕྱི་བྱེད་ཀྱི་རས། |
| གདོང་འཛར |
ཆོས་པོ་ཏིའི་མཚན་ཡིག་འཁོད་པའི་འཛར། |
| གདོང་འཛིན |
སྒྲ་གཅན་གདོང་དང་ཉི་ཟླ་ཕྲད་དེ་འཛིན་པའི་མིང༌། |
| གདོང་ཡིག |
གླེགས་བམ་གྱི་གདོང་ཁེབས་སྟེང་གི་ཡི་གེ། |
| གདོང་ཡིག་གི་རྒྱ |
རྒྱ་རིམ་པ་བདུན་གྱི་ནང་གསེས། གླེགས་བམ་མི་འཁྲུག་པར་བྱེད་པའི་རྟགས་ཏེ་གདོང་འཛར། |
| གདོང་རིས |
ངོ་གདོང༌དང་འདྲ་སྟེ། (དཔེར་ན།) གདོང་རིས་ངན་པ་ཞེས་པ་ལྟ་བུ། |
| གདོང་ལེན་པ |
མདུན་དུ་འགྲོ་མཁན་ཏེ། (དཔེར་ན།) དམག་གི་མཚོན་ཆའི་གདོང་ལེན། གདོང་ལེན་འཐབ་འཛིང་པ། ཕར་འགྲོ་དམག་གི་གདོང་ལེན་ཡིན། ཚུར་ཡོང་དཔུང་གི་རྗེས་མ་ཡིན། སྤྲང་པོ་ཡིན་ན་ཁྱི་ཁ་གདོང་ལེན་པ་ཞིག་དགོས་ཞེས་པ་ལྟ་བུ། |
| གདོང་ལྔ་པ |
(མངོན་བརྗོད།) 1>དབང་ཕྱུག་ཆེན་པོ། 2>སེང་གེ། |
| གདོང་ལྡོག་པ |
1.མཛའ་བརྩེའི་རྣམ་འགྱུར་ལོག་པའི་དོན་ཏེ། (དཔེར་ན།) བྱ་སྤྱོད་ངན་པས་ཁྲེལ་ནས་དགའ་ཉེ་བློ་དཀར་གྱི་གདོང་ལྡོག་པ་ཞེས་པ་ལྟ་བུ། 2.ཚུར་ཡོང་བཞིན་དུ་ཕར་ལོག་པ་སྟེ། (དཔེར་ན།) དགྲ་བོར་འཐབས་པས་གདོང་ལྡོག་ཏུ་བྲོས་སོང༌། ན་ཚ་ཕོག་འཕྲལ་སྨན་བཏང་བས་ནད་གཞི་གདོང་ལྡོག་སོང༌ཞེས་པ་ལྟ་བུ། |
| གདོང་ལྷགས |
མདུན་ཕྱོགས་ནས་གཡུག་པའི་རླུང༌སྟེ། (དཔེར་ན།) གདོང་ལྷགས་རྒྱག་དུས་གྲུ་སྐུལ་དཀའ་ཞེས་པ་ལྟ་བུ། |
| གདོང་ཤིང |
(ཡུལ་སྐད།) ལྷམ་གྱི་གདོང་རྒྱོང་བྱེད་ཀྱི་ཤིང༌། |
| གདོང་ཤེད |
ཧམ་སྤོབས་ཏེ། (དཔེར་ན།) རང་དོན་ཁོག་ཏུ་བཅུག་ནས་གཞུང་གི་རྒྱུ་ནོར་ལ་འདོད་རྔམ་གྱི་གདོང་ཤེད་ཆེན་པོ་བྱེད་ཅེས་པ་ལྟ་བུ། |
| གདོང་སྐར |
གཟའ་སྒྲ་གཅན་གྱི་གདོང་ཐད་ཀྱི་སྐར་མ། |
| གདོང་སྒྱུར |
གདོང་གི་རྣམ་འགྱུར་གཞན་དུ་སྒྱུར་བར་བྱེད་པ་སྟེ། (དཔེར་ན།) རྒྱུ་རྐྱེན་ཕྲན་བུ་ཙམ་ལ་གདོང་སྒྱུར་བའི་བྱ་སྤྱོད་མ་བྱེད་ཅེས་པ་ལྟ་བུ། |
| གདོང་སྔོན་ལ |
བོད་མདོ་ཁམས་འབའ་ཐང་ཡུལ་གྱི་ལ་ཞིག |
| གདོང་སྔོན་ལ |
མདོ་སྟོད་འབའ་ཐང་ཡུལ་གྱི་ལ་ཞིག |
| གདོང་སྟོན་པ |
ངོ་གདོང་སྟོན་པ་སྟེ། (དཔེར་ན།) གདོང་སྟོན་མི་ཤེས་པ། གདོང་སྟོན་པ་ལ་ངོ་ཚ་བ། ཕྲུ་གུ་འགའ་ཤས་ཀྱིས་འགྲུལ་པ་གསར་པ་སླེབས་དུས་གདོང་སྟོན་མི་ཐུབ་པ་བྱས་ཡོང༌ཞེས་པ་ལྟ་བུ། |
| གདོང་སྟོན་པ |
ངོ་གདོང་སྟོན་པ་སྟེ། (དཔེར་ན།) གདོང་སྟོན་མི་ཤེས་པ། གདོང་སྟོན་པ་ལ་ངོ་ཚ་བ། ཕྲུ་གུ་འགའ་ཤས་ཀྱིས་འགྲུལ་བ་སླེབས་དུས་གདོང་སྟོན་མི་ཐུབ་པ་བྱས་ཡོང་ལྟ་བུ། |
| གདོང་སྣ་གཏད་པ |
ཁ་ཕྱོགས་པའི་དོན་ཏེ། (དཔེར་ན།) རང་ཡུལ་ལ་གདོང་སྣ་གཏད་ནས་ལོག་ཅེས་པ་ལྟ་བུ། |
| གདོང་སྣ་གཏད་པ |
ཁ་ཕྱོགས་པ་སྟེ། (དཔེར་ན།) རང་ཡུལ་ལ་གདོང་སྣ་གཏད་ནས་ལོག་པ་ཞེས་པ་ལྟ་བུ། |
| གདོང་སྤྲད་པ |
ཕན་ཚུན་གདོང་ཐུག་ཏུ་བཅུག་པ་སྟེ། (དཔེར་ན།) སྔར་ནས་ཡ་བྲལ་དུ་སོང་བའི་མཛའ་གྲོགས་ཕན་ཚུན་ད་ལམ་ང་རང་གིས་གདོང་སྤྲད་པ་ཡིན་ཞེས་པ་ལྟ་བུ། |
| གདོང་སྤྲད་པ |
ཕན་ཚུན་གདོང་ཐུག་ཏུ་བཅུག་པ་སྟེ། (དཔེར་ན།) སྔར་ནས་ཡ་བྲལ་དུ་སོང་བའི་མཛའ་གྲོགས་ཕན་ཚུན་ད་ལམ་ང་རང་གིས་གདོང་སྤྲད་པ་ཡིན་ཞེས་པ་ལྟ་བུ། |
| གདོང་སྨད་པ |
གདོང་ས་ལ་ཕབ་པ་སྟེ། (དཔེར་ན།) རྫུན་རྐུབ་རྡོལ་ཏེ་ངོ་ཚ་ནས་གདོང་སྨད་ཅེས་པ་ལྟ་བུ། |
| གདོང་སྨད་པ |
གདོང་ས་ལ་ཕབ་པ་སྟེ། (དཔེར་ན།) རྫུན་རྐུབ་རྡོལ་ཏེ་ངོ་ཚ་ནས་གདོང་སྨད་པ་ཞེས་པ་ལྟ་བུ། |
| གདོངས |
གདེངས་པའི་སྐུལ་ཚིག་སྟེ། (དཔེར་ན།) ཁ་གདོངས་ཤིག་ལྟ་བུ། |
| གདོངས |
གདང་བའི་སྐུལ་ཚིག |
| གདོད |
1.བཏོད་པའི་མ་འོངས་པ་སྟེ། (དཔེར་ན།) གདོད་བྱའི་ལུགས་སྲོལ། སྲོལ་གདོད་དགོས་ལྟ་བུ། 2.གདོད་མ་སྟེ། དང་པོའམ་ཐོག་མའི་དོན། (དཔེར་ན།) མཁའ་དབྱིངས་གདོད་ནས་མཐའ་མེད་ཡིན། སྣང་མུན་གདོད་མ་ཉིད་ནས་འགལ་བར་གནས་པ་ཞེས་པ་ལྟ་བུ། |
| གདོད |
ཐོག་མ་དང་རྩ་བ་དང་པོ་བཅས་ཀྱི་དོན། |
| གདོད་ནས་མ་སྐྱེས་པ |
ཆོས་ཀུན་དོན་དམ་པར་སྐྱེ་བ་མེད་པའི་དོན། |
| གདོད་ནས་མ་སྐྱེས་པ |
ཐོག་མ་ཉིད་དམ་རྩ་བ་ཉིད་ནས་མ་སྐྱེས་པ། |
| གདོད་བྲལ |
གཞི་རྩ་བ་ནས་བྲལ་བ། |
| གདོད་མ |
ཐོག་མའམ་དང་པོའི་དོན་ཏེ། (དཔེར་ན།) གདོད་མའི་དུས། གདོད་མའི་ནགས་ཚལ་ཞེས་པ་ལྟ་བུ། |
| གདོད་མའི་སངས་རྒྱས |
1.ཐོག་མའི་མགོན་པོ་འོད་མི་འགྱུར་བའམ་ཆོས་སྐུ་ཀུན་ཏུ་བཟང་པོ། 2.གཞི་དུས་ཀྱི་སངས་རྒྱས་ཏེ་གཞི་རྒྱུད་བདེ་བར་གཤེགས་པའི་སྙིང་པོ། |
| གདོན |
1.མི་མིན་གྱི་གནོད་བྱེད་ཅིག་སྟེ། (དཔེར་ན།) ཁོའི་སེམས་རྒྱུད་གདོན་གྱིས་བརླམས་པ་ལྟར་སྨྱོན་པར་གྱུར། རང་དབང་མེད་པར་གདོན་ཞུགས་པ། 2.བཏོན་གྱི་མ་འོངས་པ། |
| གདོན་གནོད |
འདྲེ་གདོན་གྱི་འཚེ་བ། |
| གདོན་གསུམ |
སྟེང་གདོན་གཟའ་དང་རྒྱུ་སྐར། བར་གདོན་བཙན་དང་རྒྱལ་པོ། འོག་གདོན་ཀླུ་དང་ས་བདག་བཅས་གསུམ། |
| གདོན་ནད |
ལྷ་ཀླུ་གཟའ་བཙན་ལྟ་བུ་མི་མིན་གྱིས་གནོད་པ་བཏང་བའི་ནད་གཟའ་གྲིབ་དང་མཛེ་ནད་ལྟ་བུ། |
| གདོན་པ |
འདོན་པའི་མ་འོངས་པ། |
| གདོན་ཕྱྭ |
མི་ཞིག་གི་ལག་རྩ་འཕར་སྟངས་ལ་བརྟེན་ནས་ཁོ་ལ་གདོན་འདྲེའི་གནོད་སྐྱོན་སོགས་བྱུང་ཡོད་མེད་བརྟག་དཔྱད་བྱེད་པའི་མོ་ཕྱྭ་སྟེ་ངོ་མཚར་རྩ་བདུན་གྱི་ནང་གསེས་ཤིག |
| གདོན་བགེགས |
མི་མ་ཡིན་གདོན་བགེགས། |
| གདོན་མི་ཟ |
ཐེ་ཚོམ་མེད་པའི་དོན་ཏེ། (དཔེར་ན།) བརྩོན་པ་བསྐྱེད་ན་འབྱོར་བ་རྒྱས་པར་གདོན་མི་ཟ་ཞེས་པ་ལྟ་བུ། |
| གདོན་མི་ཟ་བ |
ཐེ་ཚོམ་མེད་པ་སྟེ། (དཔེར་ན།) དགྲས་རྒོལ་བར་ལྷགས་པ་གདོན་མི་ཟ་ཞེས་པ་ལྟ་བུ། |
| གདོན་ཞུགས་པ |
མི་མ་ཡིན་མིའི་ཁོག་པར་ཞུགས་པ་སྟེ། (དཔེར་ན།) རྒྱུད་ལ་གདོན་ཞུགས་ཏེ་སྨྱོས་སོང་ཟེར་བ་ལྟ་བུ། |
| གདོན་ཟོག |
བར་ཆད་ཡོང་བའི་ནོར་རྫས། |
| གདོན་འདྲེ |
མི་མིན་གདོན་འདྲེའམ། གདུག་འདྲེ། |
| གདོན་སྲི |
གདོན་གནོད་དུས་སུ་ལྡང་བའི་སྲི། |
| གདོམས |
འདམ་པའི་སྐུལ་ཚིག་ཐོམ་དང་དོན་གཅིག་ |
| གདོལ |
1.བདལ་བའི་སྐུལ་ཚིག་སྟེ། (དཔེར་ན།) ཐང་མ་གདོལ་ཅིག་ལྟ་བུ། 2.གླེབས་ནས་རྒྱ་ཁྱོན་ཇེ་ཆེར་བཏང་བ་སྟེ། (དཔེར་ན།) ཕྱེ་གདལ་ཞེས་པ་ལྟ་བུ། |
| གདོལ་བ |
རྒྱ་གར་གྱི་རིགས་བཞིའི་ཡ་གྱལ་ཞིག་གི་མིང་སྟེ། བཤུ་གཞོག་དང་གཉའ་གནོན་ཆེས་ལྕི་བ་མྱོང་མཁན་གྱི་རིམ་གྲས་ཤིག་ཡིན། |
| གདོལ་རིགས |
སྔར་རྒྱ་གར་གྱི་རིགས་བཞིའི་ཐ་མ་དམངས་རིགས་ལས་ཀྱང་དམན་པའི་མགར་བ་དང༌། བཤན་པ། རྔོན་པ། ཉ་པ། ཐགས་མཁན། ཆོམ་པོ་སོགས་སྤྱིའི་མིང༌། |
| གདོལ་སྤྱོད |
མི་བསྲུན་རྩུབ་པོའི་སྤྱོད་པ། |
| གདོས |
བོངས་དང་ལྗིད་ཚད་ཆེ་བ་སྟེ། (དཔེར་ན།) གདོས་བཅས་ཤ་རུས། གདོས་བཅས་ཀྱི་ལུས། ལམ་ཆས་མང་ན་ལམ་ལ་འགྲོ་མཁན་གྱི་གདོས་ཡིན་ལྟ་བུ། |
| གདོས་ཆེ་བ |
གདོས་སུ་ཆེ་བའི་བསྡུས་ཚིག |
| གདོས་ཐག |
གྲུའི་ཐག་པ། |
| གདོས་པ |
1.གྲུ། 2.སྐྱ་བ། 3.གྲུ་གཟིངས་ཀྱི་སྟེང་དུ་བཙུགས་པའི་རླུང་དར། 4.མཉན་པ་སྟེ་གྲུ་པ། |
| གདོས་པ |
གྲུ་དར་གྱི་མིང་དུ་བཤད་པ་ཡོད། |
| གདོས་པ་འཛིན་པ |
(མངོན་བརྗོད།) ཀོ་གྲུ་གཏོང་མཁན། |
| གདོས་བཅས |
རགས་པའི་གཟུགས་ཅན་ཏེ། (དཔེར་ན།) གདོས་བཅས་ཤ་ཁྲག་གི་ལུས་ལྟ་བུ། |
| གདོས་བུ |
1.ཤིང་བུ་ལས་བྱས་པ་ཆུ་ཚོད་ཀྱི་སྣོད་འདྲ་བ་དགེ་སློང་བསམ་གཏན་པ་གཉིད་སློང་བྱེད། 2.གྲུའི་རླུང་གཡོར། |
| གདོས་བྲལ |
འཇའ་ཚོན་ལྟ་བུའི་གཟུགས་ཕྲ་བ། |
| གདོས་མེད |
བོངས་ཆུང་བའམ་ཕྲ་བ། |
| གདོས་ཚད |
བོངས་ཚད་དང༌། ལྗིད་ཆེ་ཆུང་གི་ཚད། |
| གདོས་སུ་ཆེ་བ |
1.ལྗིད་ཆེ་བ། 2.བོངས་ཚད་ཆེ་བ། |
| གན |
ཉེ་དྲུང་ངམ་ཉེ་སའི་མིང་སྟེ། (དཔེར་ན།) དགེ་རྒན་གྱི་གན་དུ་སོང་ལྟ་བུ། ཀན་གྱི་འབྲི་ཚུལ་གཞན། |
| གན་ཀྱལ |
གན་རྐྱལ་གྱི་འབྲི་ཚུལ་གཞན། |
| གན་གཡོག |
གཎྜི་རྡུང་བྱེད་ཀྱི་ཤིང་ཞིག་རྒྱུ་ཙན་དན་དང༌། བིལ་བ་སོགས་གཎྜིར་རྡུང་བའི་ཤིང་དེ་ཉིད་ལས་བྱས་པ། ཚད་གཎྜི་ལ་འཕོག་པའི་ཚད་ལ་སོར་བཅུ་གཉིས། ལག་པས་གཟུང་བར་བྱ་བའི་འཆང་གཟུང་ལ་ཡང་ཚད་དེ་ཉིད་དང་ལྡན་པ། རྩེ་མོ་གཉིས་ནེའུ་ལེའི་མགོ་བཞིན་དུ་ཡོད་པའོ། ། |
| གན་ཇི་ར |
གཉྫིརའི་ཟུར་ཆག་གཙུག་ལག་ཁང་སོགས་ཀྱི་ཐོག་སྟེང་དུ་འཛུགས་རྒྱུའི་རྒྱན་ཆའི་རིགས་ཤིག |
| གན་ཇིར |
གན་ཇི་རའི་བསྡུས་མིང༌། |
| གན་དར |
གོས་ཆེན་གྱི་རིགས་ཤིག |
| གན་དེ |
གཎྜི་དང་དོན་གཅིག |
| གན་དེ་ཐེའུ |
གན་དེ་རྡུང་བྱེད་ཀྱི་ཤིང་དབྱུག |
| གན་དོན |
གན་རྒྱའི་ནང་དོན། |
| གན་དྷོ་ལ |
(ལེགས་སྦྱར།) 1>གཙུག་ལག་ཁང༌། 2>གཙང་ཁང༌། |
| གན་པ |
(བརྡ་རྙིང་།) གཉེར་བའམ་མཛོད་པ། |
| གན་བུབ |
(བརྡ་རྙིང་།) གན་རྐྱལ་དང་ཁ་སྦུབ་གཉིས། |
| གན་མཛོད |
མཛོད་ཁང་གི་མིང་གཞན། |
| གན་འདོམས |
གན་རྒྱ་ལེན་པའམ་གན་རྒྱ་བླངས་ནས་ཐག་གཅོད་བྱེད་པ། |
| གན་འཛིན |
1.རྟགས་ཐེལ་བཞག་པའི་ཁ་དན་ཡི་གེ་བསྡུས་པ། 2.གན་རྒྱ་དང་འཛིན་ཡིག |
| གན་འཛིན་གཅིག་འཐུས |
གན་རྒྱ་དང་འཛིན་ཐུང་ཡི་གེ་གཅིག་གིས་འཐུས་པ། |
| གན་ཡིག |
1.གན་རྒྱའི་ཡི་གེ། 2.གན་རྒྱ་དང་ཡིག་རིགས་གཞན་དག |
| གན་རྐྱལ |
(རྒྱན་ཚིག) ལྟོ་བའི་ངོས་ཡར་བསྟན་ནས་ཉལ་བའམ་འགྱེལ་བའི་དོན་ཏེ། (དཔེར་ན།) ས་ལ་གན་རྐྱལ་དུ་འགྱེལ། མལ་ལ་གན་རྐྱལ་དུ་ཉལ་ལྟ་བུ། |
| གན་རྐྱལ་བུ |
(མངོན་བརྗོད།) སྐར་མ་བརྟན་པ། |
| གན་རྒྱ |
མིང་དང་མིའི་བར་ཚོགས་པ་དང་ཚོགས་པའི་པར། རྒྱལ་ཁབ་དང་རྒྱལ་ཁབ་བར་སོགས་ལ་བཞག་པའི་ཆིངས་ཡིག་གི་སྤྱི་མིང་། (དཔེར་ན།) ཚོང་གི་གན་རྒྱ་བཞག རྩྭ་སའི་གན་རྒྱ་བཞག་ལྟ་བུ། འདི་ལ་གན་འཛིན་ཡང་ཟེར། |
| གན་ལྡེ |
(ཡུལ་སྐད།) གལ་ལྡེ་སྟེ་སྣོད་ཕད་མགོ་སྦྲེལ་ཞིག |
| གན་ཤོག |
1.གན་རྒྱ། 2.གན་རྒྱ་འབྲི་སའི་ཤོག་བུ། |
| གན་སྦུབ |
གན་རྐྱལ་དང་ཁ་སྦུབ་ཀྱི་བསྡུས་ཚིག |
| གནག |
1.སྒོ་ཕྱུགས་བ་ལང་དང་འབྲི་གཡག མ་ཧེ་སོགས་ཀྱི་སྤྱི་མིང་།2.(བྱེད་མེད་ལས་ཚིག) ཞེ་སྡང་ལངས་པའམ་རྫིག་ཉམས་བསྟན་པ་སྟེ། (དཔེར་ན།) ངོ་གནག་ནས་སྡིགས་མོ་བྱས། དགྲ་ལ་གནག་ཀྱང་དམངས་ལ་བྱམས་ལྟ་བུ།3.(རྒྱན་ཚིག) སེམས་རྩུབ་པའི་དོན་ཏེ། (དཔེར་ན།) མི་རྔམ་གནག ཞེ་གནག་ཅེས་པ་ལྟ་བུ། |
| གནག་ཁྱུ |
དུད་འགྲོ་འབྲི་གཡག་དང༌། མཛོའི་ཁྱུ། |
| གནག་ནད |
ཕྱུགས་ནད། |
| གནག་པ |
1.ཕྱིའི་རྣམ་འགྱུར་འཇམ་འཇམ་འདྲ་ཡང༌། ནང་དུ་གནོད་སེམས་འཆང་བའི་སེམས་ངན་པོ་སྟེ། (དཔེར་ན།) ཞེ་གནག་པ། གནག་པའི་གླན་ཀ་ཞེས་པ་ལྟ་བུ།2.ནག་པོ་སྟེ། (དཔེར་ན།) དུད་འགྲོ་སྤུ་གནག ངོ་གནག་མ་སྟོན། སྐྲ་སྣུམ་ལ་གནག་པ་ཞེས་པ་ལྟ་བུ། |
| གནག་པོ |
གནག་པ་དང་འདྲ། |
| གནག་ཕྱུགས |
འབྲི་གཡག་དང་མཛོའི་རིགས། |
| གནག་བག |
མདོག་ནག་པོའི་དྲི་མ་སྟེ། (དཔེར་ན།) གདོང་པར་སྨེ་བ་དང་གནག་བག་མེད་ཅེས་པ་ལྟ་བུ། |
| གནག་རྗེས |
ཕྱུགས་རིགས་ཀྱི་རྐང་ལག་གི་རྗེས། |
| གནག་རྫི |
ནོར་འཚོ་བའི་རྫི་བོ། |
| གནག་ལིངས་བཏབ |
(བརྡ་རྙིང་།) ཤ་ལིངས་བཏབ་ཀྱང་ཟེར། ཤ་ཁྲལ་ཆེན་པོ་བསྡུས་པ། |
| གནག་སེམས |
གདུག་སེམས་སམ་ཞེ་ནག་པོ། |
| གནང |
(བྱེད་འབྲེལ་ལས་ཚིག) མ་འོངས་པ་དང་ད་ལྟ་བ་འདས་པ། བྱིན་པའི་ཞེ་ས་སྟེ། (དཔེར་ན།) བྱས་རྗེས་བཞག་པར་བྱ་དགའ་གནང་། དགའ་རྟགས་གནང་། བྱ་དགའ་གནང་བཞིན་པ་ཞེས་པ་ལྟ་བུ། |
| གནང་ཆ |
གོང་རིམ་ནས་གསོལ་རས་བསྩལ་རྒྱུའི་དངོས་རྫས། |
| གནང་ཆེན |
བཟོ་པ་སོགས་ན་ཚོད་ཆེ་བའམ་ལུས་ཁམས་ཞན་པ་སོགས་ཀྱི་དབང་གིས་རང་གི་ལས་བྱ་དེ་མ་ལས་པར་རྒྱལ་ཁབ་དང་ཚོགས་པ་སོགས་ཀྱིས་གཟིགས་སྐྱོང་ངེས་ཅན་ཞིག་བྱས་ནས་ངལ་གསོ་ཡུན་རིང་བྱེད་ཆོག་པའི་དབང་ཆའི་མིང་། གུ་ཡངས་ཀྱི་གནང་བ་ཆེན་པོ་སྲོག་གི་ཆད་པ་མྱོང་མི་དགོས་པའི་གནང་བ། |
| གནང་བ |
1.(བྱེད་འབྲེལ་ལས་ཚིག) གནང་བའི་བྱ་མིང་། 1.སྟེར་བའི་ཞེ་ས་སྟེ་སྩལ་བ། (དཔེར་ན།) གཟིགས་བཟོས་གནང་བ། ལེགས་སྐྱེས་གནང་བ། བཀའ་ལན་གནང་བ་ཞེས་པ་ལྟ་བུ། 3.སྒྲུབ་པ་དང་བྱེད་པའི་ཞེ་ས། (དཔེར་ན།) ཕྱག་ལས་གནང་བ། ཐུགས་ཁུར་གནང་བ། གསུང་བཤད་གནང་བ་ཞེས་པ་ལྟ་བུ། 4.བྱེད་དུ་རུང་བའི་དོན་ཏེ། (དཔེར་ན།) དགོངས་པ་གནང་བ་ཞུས་ནས་ཐོབ་སོང༌། གནང་བ་མ་ཐོབ་གོང་ལ་ཕྱིར་ཕྱིན་མི་ཆོག་ཅེས་པ་ལྟ་བུ། |
| གནང་བཀག |
རུང་བ་གནང་ཞིང༌། མི་རུང་བཀག་པ། |
| གནང་བའི་ཉེས་མེད་བཅུ་གསུམ |
དགེ་ཚུལ་ལ་ཉེས་མེད་དུ་གནང་བ་ཆོས་གོས་ལྷག་པོ་འཆང་བ་དང༌། ལྷུང་བཟེད་ཟུང་འཆང་བ་དང༌། ཆོས་གོས་དང་བྲལ་བ་དང༌། ས་རྐོ་བ་དང༌། རིན་ཆེན་གྱི་རིགས་ལ་རེག་པ་དང༌། མེ་ལ་རེག་པ་དང༌། བློས་བཏང་ནས་ཡང་ཟ་བ་དང༌། ཤིང་མི་གང་ལས་མཐོར་འཛེགས་པ་དང༌། ཤིང་སོགས་སྐྱེ་བ་གཅོད་པ་དང༌། བྱིན་ལེན་མ་བྱས་པར་ཟ་བ་དང༌། རྩྭ་སྔོན་གྱི་ཁྲོད་དུ་མི་གཙང་བ་འདོར་བ་དང༌། གསོག་འཇོག་ཏུ་སོང་བ་ཟ་བ་དང༌། རུང་བ་མ་བྱས་པར་ས་བོན་འཇོམས་པ་བཅས་བཅུ་གསུམ་མོ། ། |
| གནང་ཚུར་ལེན |
(བརྡ་རྙིང་།) རྒྱལ་ཁ་ཚུར་ལེན་པ། |
| གནང་རྟེན |
ལག་རྟགས་སམ་ཡིག་རྟེན། |
| གནང་སྐྱེས |
བྱ་དགར་བྱིན་པའི་དངོས་རྫས་ཀྱི་མིང་། |
| གནང་སྦྱིན |
གསོལ་རས་ཏེ། (དཔེར་ན།) གནང་སྦྱིན་གྱི་འབྱོར་པ་ལ་འགྲན་དུ་མི་བཟོད་པ་ལྟ་བུ། |
| གནངས |
རྗེས་ཀྱི་ཉིན་གསུམ་པའི་མིང་སྟེ། (དཔེར་ན།) སང་ཉིན་དང་གནངས་ཉིན་ཞེས་པ་ལྟ་བུ། |
| གནངས་གཞེས |
གནངས་ཉིན་དང་གཞེས་ཉིན་གྱི་བསྡུས་ཚིག་སྟེ། (དཔེར་ན།) དེ་རིང་སང་ཉིན་མ་བྱས་ན་གནངས་གཞེས་བྱེད་ལོང་མི་ཡོང༌ཞེས་པ་ལྟ་བུ། |
| གནངས་ཉིན |
སང་གི་ཕྱི་ཉིན། |
| གནངས་ཕོད |
ལོ་རྗེས་མའི་རྗེས་མ་སྟེ། (དཔེར་ན།) ད་ལོ་ནས་བརྩིས་པའི་ལོ་གསུམ་པ། |
| གནངས་བརྡ |
འབྱུང་འགྱུར་ཉིན་གསུམ་པར་གང་བྱེད་དགོས་པའི་བརྡ་སྟེ། (དཔེར་ན།) ཚོགས་འདུ་ནམ་འཚོགས་གནངས་བརྡ་གཏོང་ཡོང༌ཞེས་པ་ལྟ་བུ། |
| གནངས་འཆར |
ཉི་མ་གསུམ་པའི་ཐོག་གི་དུས་ཚིགས་རེ་མོས་ཏེ། (དཔེར་ན།) ཉི་མ་གནངས་འཆར་ཐོག་ལྟད་མོ་རེ་སྟོན་ཞེས་པ་ལྟ་བུ། |
| གནད |
1.མི་དང་སྲོག་ཆགས་ཀྱི་ལུས་ཕུང་གི་གལ་ཧ་ཅང་ཆེ་སའི་ཁག་གི་མིང་སྟེ། (དཔེར་ན།) རྩ་གནད། ཤ་གནད་ཅེས་པ་ལྟ་བུ། 2.དཔེ་ཆའི་ནང་གི་གོ་དཀའ་བའི་ཚིག་དང་དོན་གལ་ཆེན་གྱི་མིང་སྟེ། (དཔེར་ན།) གཞུང་གི་དཀའ་གནད། ཚིག་གི་གནད་དོན། ཚིག་གནད་ལ་ཁེལ་ཞེས་པ་ལྟ་བུ། |
| གནད་ཀ |
སྙིང་པོ་དང༌། རྩ་བའམ་འགག་རྩ་སྟེ། (དཔེར་ན།) ཚིག་གི་གནད་ཀ། དོན་གྱི་གནད་ཀ། དཀའ་བའི་གནད་ཀ། རྩ་བའི་གནད་ཀ། སྐྱོན་བརྗོད་གནད་ཀར་ཕོག་པ་དང༌། ལེགས་བཅོས་མཐིལ་དུ་ཕྱིན་ཅེས་པ་ལྟ་བུ། |
| གནད་ཁེལ་བ |
1.དགོས་དོན་གྱི་ཐོག་ཏུ་འཁྱོལ་བ་སྟེ། (དཔེར་ན།) ལས་དོན་བྱེད་ཕྱོགས་གནད་ཁེལ་བ། ན་ཚའི་སྨན་བཅོས་གནད་ཁེལ་བ་ཞེས་པ་ལྟ་བུ། 2.ལུས་ཀྱི་གནད་ཆེ་སར་ཁེལ་བ་སྟེ། (དཔེར་ན།) རྨ་ནད་གནད་ཁེལ་གྱིས་རྐྱེན་པས་ཉེན་ཁ་ཆེ་ཞེས་པ་ལྟ་བུ། |
| གནད་གཅོད་པ |
རང་བཞིན་གྱིས་འཆི་སྐབས་རླུང་དང༌། གསོད་དུས་མཚོན་ཆས་ལུས་ཀྱི་རྩ་གནད་རྣམས་གཅོད་པ། |
| གནད་གསང |
གཏར་གའི་དམིགས་དང༌། མེ་བཙའི་གསང་ལྟ་བུ་སྟེ། (དཔེར་ན།) ལུས་ཀྱི་རྩ་གནད་དང་རྒྱུས་གནད་མེད་པའི་གསང་དམིགས་ཞེས་པ་ལྟ་བུ། |
| གནད་གསུམ |
ཐོད་རྒལ་བསྒོམ་པའི་གནད་གསུམ་བཅའ་བ་ལུས་ཀྱི་གནད་སྐུ་གསུམ་གྱི་བཞུགས་སྟངས་གསུམ་ལས་མི་གཡོ་བ། འཁྲིད་པ་དབྱིངས་ཀྱི་གནད་སྐུ་གསུམ་གྱི་གཟིགས་སྟངས་ལས་མི་འགུལ་བ། སྣང་བ་ཡུལ་གྱི་གནད་དབྱིངས་རིག་མི་འབྲལ་ཞིང་རླུང་དལ་བར་སྡོད་པ་རྣམས་སོ། |
| གནད་ཆུང་ཆེ་བཟོས |
གནད་ཆུང་ཆུང་ཞིག་ཆེན་པོ་བཟོས་པ། |
| གནད་དོན |
1.འགྲེལ་བཤད་རྒྱག་པ་དང་ལན་འདེབས་དགོས་པའི་དོན་ཚན་གྱི་མིང་སྟེ། (དཔེར་ན།) ད་ཐེངས་ཀྱི་རྒྱུགས་ལེན་པ་ལ་གནད་དོན་ལྔ་ཡོད། གནད་དོན་དེ་ལ་ངས་ལན་བཏབ་པ་ཡིན་ལྟ་བུ། 2.རྟོག་དཔྱོད་དང་གྲོས་བྱས་ནས་ཐག་གཅོད་དགོས་པའི་འགལ་བ་དང་དཀའ་ངལ་སོགས་ཀྱི་མིང་སྟེ། (དཔེར་ན།) བསམ་པའི་གནད་དོན་ལངས་ཕྱོགས་ཀྱི་གནད་དོན་རྩྭ་སའི་རྩོད་གླེང་གི་གནད་དོན་ཞེས་པ་ལྟ་བུ། 3.བསམ་ཡུལ་ལས་འདས་པའི་བྱ་དངོས་མི་ལེགས་པའི་མིང་སྟེ། (དཔེར་ན།) ལམ་ནས་གནད་དོན་ཞིག་ལ་ཐུག་ཟེར་བ་ལྟ་བུ། 4.གནད་ཀྱི་དོན་པོ’ཞེས་པའི་ཚིག་བསྡུས་པ་སྟེ། (དཔེར་ན།) ཚིག་བརྒྱ་སྟོང་བཤད་པའི་གནད་དོན་ཞེས་ལྟ་བུ། |
| གནད་བསྡུས |
གནད་འགག་ཐམས་ཅད་གཅིག་ཏུ་བསྒྲིལ་བ་སྟེ། (དཔེར་ན།) སྨན་དཔེ་གནད་བསྡུས་ལྟ་བུ། |
| གནད་བསྡུས་དོན་སྙིང |
གནད་དོན་ཕྱོགས་བསྡུས་ཀྱི་སྙིང་པོ། |
| གནད་འགག |
གལ་འགངས་ཆེ་སའམ་གཞི་རྩའི་དོན་ཏེ། (དཔེར་ན།) ལས་དོན་འགྲུབ་ཐུབ་མིན་གྱི་གནད་འགག་མི་ཤུགས་ལ་ཐུག་ཡོད། ལས་དོན་གང་ཡིན་དེའི་གནད་འགག་ཆེ་ས་ནས་བསམ་བློ་གཏོང་ཐུབ་པ་དང༌། གནད་འགག་ཆུང་ས་ནས་ལག་ལེན་བསྟར་ཐུབ་པ་བྱེད་དགོས་ཞེས་པ་ལྟ་བུ། |
| གནད་འགྲོལ་བ |
1.གནད་དོན་བཀྲལ་ནས་འཆད་པ། 2.རྒྱའམ་མདུད་པ་འགྲོལ་བ། |
| གནད་འཆད་པ |
མཚོན་ཆ་དང༌། ནང་རླུང་གང་རུང་གི་རྐྱེན་ལ་བརྟེན་ནས་ལུས་ཀྱི་རྩ་གནད་རྣམས་དུམ་བུར་ཞིག་འགྲོ་བ། |
| གནད་ལ་བཀར་བ |
དོན་གནད་ཀྱི་ཕུག་རྩར་གཏུགས་པ་སྟེ། (དཔེར་ན།) རྩ་དོན་གྱི་གནད་ལ་བཀར་ནས་གྲོས་མོལ་བྱེད། ཁྲིམས་ཀྱི་གནད་ལ་བཀར་ནས་སྒྲིགས་ལ་བཅུར། བྱས་ཉེས་ཀྱི་གནད་ལ་བཀར་ནས་ཁྲིམས་ཆད་འགེལ་བ་ཞེས་པ་ལྟ་བུ། |
| གནད་ལ་བསྒྲེ་བ |
1.གཡོ་ཐབས་ཀྱིས་གནོད་པ་བྱེད་པ། 2.ཡོན་པོ་དང་གྱ་གྱུའི་རྣམ་པ། 3.གནད་དོན་རིགས་འགྲེ་གཏོང་རྒྱུའམ་གནད་དོན་གཅིག་མཚུངས་བྱ་རྒྱུ། |
| གནད་སྙིང |
དོན་གནད་སྙིང་པོ། |
| གནད་སྨིན |
གང་དུ་དམིགས་སའི་གནད་ཐོག་ཏུ་ཕན་པ་སྟེ། (དཔེར་ན།) རྒྱུ་དངོས་བེད་སྤྱོད་གནད་སྨིན་པ་ཞིག་བྱེད་དགོས་ལྟ་བུ། |
| གནན |
མནན་གྱི་མ་འོངས་པ་སྟེ། (དཔེར་ན།) འོག་ཏུ་གནན་པར་བྱ་ལྟ་བུ། |
| གནམ |
ནམ་མཁའ་སྟེ་རྒྱུ་སྐར་གྱི་ལམ། (དཔེར་ན།) གནམ་ངན་པ། གནམ་དྭངས་པོ། གནམ་སྡུག་པོ། གནམ་འཚུབ་པོ། གནམ་ལ་འཕུར་དགུ། གནམ་ལ་སྐར་མ་མང་ཡང༌། དཀར་གསལ་འདྲ་ཡི་མི་འདུག་ཅེས་པ་ལྟ་བུ། |
| གནམ་ཁུང |
མཐོངས་ཁུང་ངམ་སྟེང་གི་དུ་ཁུང༌། |
| གནམ་གང |
ལུགས་རྙིང་གི་ཟླ་རེའི་ཚེས་སུམ་ཅུ་པའི་མིང་‘ནམ་གང’དང‘གནམ་སྟོང’ཡང་ཟེར། |
| གནམ་གཟེར |
ཕྱིང་གུར་གྱི་གཏན་ཤིང་དང༌། སྒོའི་ཡ་ཐེམས་ལ་བཏགས་པའི་གཏན་ཤིང་ངམ་གཡའ་ཤིང༌། |
| གནམ་གཤིས |
གནམ་གྱི་རང་བཞིན་ནམ་གཤིས་ཀ་སྟེ། (དཔེར་ན།) གནམ་གཤིས་སྔོན་བསྒྲགས་བྱུང་ན་སད་སེར་འགོག་ཐུབ། དྲོ་གྲང་དང་གནམ་ཐང་རུབ་སོགས་ཀྱི་འགྱུར་ལྡོག་གི་མིང་གནམ་གཤིས་ཡག་པོ། གནམ་གཤིས་འགྱུར་ལྡོག་ཅེས་པ་ལྟ་བུ། |
| གནམ་གསོར |
སྟེང་ཕྱོགས་ནས་ཐུར་དུ་སྐོར་བའི་གསོར་ཆེ་བ། |
| གནམ་གྱི་ཁྲི་བདུན |
སྔར་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་བཟུང་སྟེ་མུ་ཁྲི་དང༌། དིང་ཁྲི། སོ་ཁྲི། མེར་ཁྲི། གདགས་ཁྲི། སྲིབ་ཁྲི་བཅས་རྒྱལ་རབས་བདུན་པོ་ཤི་དུས་ནམ་མཁར་གཤེགས་སོ་སྐད་ཟེར་སྲོལ་འདུག་པས་གནམ་གྱི་ཁྲི་བདུན་ཞེས་པ་དང༌། མུ་ཁྲི་ནས་སྲིབ་ཁྲིའི་བར་སོ་སོའི་སྐྱེད་བྱེད་མའི་མིང་ལ་བརྟེན་ནས་མིང་བཏགས་པ་ཁོ་ན་ཡིན་འདུག |
| གནམ་གྱི་གོ་ལ |
ཉི་ཟླ་སྐར་མ་རྣམས་གནས་སའི་རླུང་གི་དཀྱིལ་འཁོར། |
| གནམ་གྱི་ཉེར་འཚེ |
(མངོན་བརྗོད།) སད་སེར་བཙའ་ཐན་སོགས། |
| གནམ་གྱི་འཇིགས་པ |
(མངོན་བརྗོད།) ཐན་པ་དང་སད་སེར་སོགས། |
| གནམ་གྱི་རྒྱན |
(མངོན་བརྗོད།) བླ་བྲེ། |
| གནམ་གྱི་རྒྱལ |
(མངོན་བརྗོད།) 1>གྱལ་རིགས། 2>རྒྱལ་པོ། |
| གནམ་གྲུ |
ནམ་མཁར་འཕུར་སྐྱོད་བྱེད་པའི་ཡོ་བྱད་ཅིག |
| གནམ་གྲུ་ཐང |
གནམ་གྲུ་འཕུར་འབབ་བྱེད་སའི་ཐང་ཆེན། |
| གནམ་གྲུམ་པ |
ནམ་མཁའ་ཆེར་འཁྲུག་པའམ། སྐད་ངན་སྒྲོག་པ་སོགས་ལ་གྲུམ་པའི་དཔེར་བྱས་པ་སྟེ། (དཔེར་ན།) རི་བོ་ཉིལ་བ་དང་གནམ་གྲུམ་པ་ལྟ་བུའི་མེ་སྒྱོགས་ཀྱི་སྒྲ་ཆེན་ཐོས་པ་ལྟ་བུ། |
| གནམ་གྲོ་ཐག་རྩེད |
སྔར་ཧོར་ཟླ་དང་པོའི་ཚེས་གཉིས་ཉིན་པོ་ཏ་ལའི་ཤར་ཆེན་ལྕོག་གི་ཡང་སྟེང་ནས་རྡོ་རིང་ནང་མའི་བར་གཙང་གནམ་གྲོ་པའི་ཕོ་སྐྱེས་ལུས་རྩལ་ཅན་འགས་ཐུར་རྒྱུག་ཐག་ཤུར་གློད་པའི་རྩེད་འཇོ་ཞིག |
| གནམ་ཆུ |
ཆར་པའམ་ཆར་པའི་ཆུ་སྟེ། (དཔེར་ན།) ཆུ་ཡུར་གསར་དུ་བཏོད་པས་གནམ་ཆུ་རེ་སྒུག་བྱེད་མི་དགོས་ཞེས་པ་ལྟ་བུ། |
| གནམ་ཆོད་པ |
ཆར་མཚམས་ཆོད་པ། |
| གནམ་ཉེ |
ཁམས་རྒྱལ་ཐང་ཕྱོགས་ཀྱི་ས་ཆ་ཞིག |
| གནམ་ཐང་པ |
གནམ་ཡེར་བ། |
| གནམ་དཔྱད |
གནམ་གཤིས་བརྟག་དཔྱད། |
| གནམ་དབྱིབས |
1.བར་སྣང་གི་ཕྱོགས་ཀྱི་བཟོ་དབྱིབས། 2.ནམ་མཁའི་དགུང༌། |
| གནམ་དུ་གཤེགས་པ |
ཚེ་ལས་འདས་པའི་ཞེ་ས། |
| གནམ་དུ་འཁོལ་བ |
མཚོའི་རྦ་རླབས་སོགས་དྲག་ཏུ་འཕྱུར་བའི་དཔེ། |
| གནམ་དྲག་ལ |
ལ་ཞིག་སྟེ། མདོ་ཁམས་རྔ་བ་ཟུང་ཆུ་རྫོང་ན་ཡོད། |
| གནམ་པ་བ |
རྡོ་ཆེན་གཤག་པ་དང༌། རྡོ་རིས་བརྐོ་ལས་བྱེད་མི་སྤྱིའི་བླ་དྭགས་ཀྱི་མིང་སྟེ། དེ་དག་གི་ལས་བཟོའི་ལག་རྒྱུན་ཐོག་མར་གནམ་ཞེས་པའི་ཡུལ་ནས་དར་བས་ད་ལྟ་རྡོ་གཤག་པ་ཐམས་ཅད་ལ་མིང་དེ་ལྟར་གྲགས་སོ། ། |
| གནམ་པང |
ཐོག་པང་སྟེ་ཁང་པའི་ངོས་སུ་པང་ལེབ་བསྒྲིགས་པའི་ཐོག |
| གནམ་པོ |
དྲང་བོའི་བརྡ་རྙིང་། བཞད་གད་ཀྱི་བརྡ་རྙིང་། |
| གནམ་པྲ |
གནམ་གཤིས་ལེགས་ཉེས་ཀྱི་པྲ་རྟགས། |
| གནམ་བསྐོས |
1.གནམ་ནས་བསྐོ་བཞག་བྱས་པ། 2.(བརྡ་རྙིང་།) སྐུ་བསོད། 3 (མངོན་བརྗོད།) འཁོར་ལོས་སྒྱུར་རྒྱལ། |
| གནམ་བསྐོས་གོང་མ |
སྔར་གོང་མར་ཆེ་བསྟོད་ཀྱིས་འབོད་པའི་ཞེ་ས། |
| གནམ་བསྐོས་དགའ་ལྡན་ཕོ་བྲང |
རྒྱལ་དབང་ལྔ་བ་ནས་དབུ་བརྙེས་པའི་བོད་ཀྱི་སྲིད་གཞུང་། |
| གནམ་བསྐོས་འཇམ་དབྱངས་གོང་མ་བདག་པོ་ཆེན་པོ |
སྔར་གོང་མར་ཆེ་བསྟོད་ཀྱིས་འབོད་པའི་ཞེ་ས། |
| གནམ་བསྐོས་ས་ཡི་ཚངས་པ |
སྔར་གོང་མར་ཆེ་བསྟོད་བྱས་པའི་མིང༌། |
| གནམ་མདའ |
1.བར་སྣང་ནས་རང་བཞིན་དུ་གྲགས་པའི་སྒྲ་ཞིག་ངག་རྒྱུན་དུ་བཀྲ་མི་ཤིས་པའི་ལྟས་ཡིན་ཟེར། 2.ཧོར་ཟླ་དང་པོའི་ཚེས་ཉེར་བདུན་ཉིན་ལྷ་སའི་རྫོང་རྒྱབ་ཏུ་གནམ་མདའི་འཕོང་རྩལ་འགྲན་པའི་རྩེད་སྣ་ཞིག |
| གནམ་མཚོ |
མཚོ་ཞིག་སྟེ། སོག་སྐད་དུ་ཐང་གེ་རི་ནོའུར་ཞེས་ཟེར། ལྷ་སའི་ནུབ་བྱང་ངོས་འདམ་གཞུང་དང་དཔལ་མགོན་རྫོང་གཉིས་ཀྱི་མཚམས་སུ་ཡོད། འབོ་ཆུ་སོགས་མཚོ་འདིའི་ནང་དུ་འབབ་ཅིང༌། རྒྱ་ཁྱོན་སྤྱི་ལེ་གྲུབ་བཞི་1993 ཡོད། བོད་དབུས་ཕྱོགས་ཀྱི་མཚོ་ཆེ་ཤོས་འདི་ཡིན། |
| གནམ་མཚོ་ལ |
ལ་ཞིག་སྟེ། བོད་མདོ་ཁམས་ཆབ་མདོ་རྫོང་གི་ནུབ་རྒྱུད་དུ་ཡོད། |
| གནམ་འཇམ་ས་འཇམ |
དུས་བདེ་ཞོད་འཇགས་ཀྱི་དཔེ། |
| གནམ་འཐིབས་པ |
ནམ་མཁའ་སྤྲིན་གྱིས་འགྲིབ་པ། |
| གནམ་འཐིབས་ས་རུབ |
མུན་ནག་འཐུག་པོའི་དཔེ། |
| གནམ་འབབ་པ |
ཆར་འབབ་པ། |
| གནམ་འོག |
འཛམ་གླིང་གི་མིང་སྟེ། (དཔེར་ན།) གནམ་འོག་ན་རྒྱལ་ཁབ་མང་ཞེས་པ་ལྟ་བུ། |
| གནམ་ཡངས་ཀ་བ་བཞི |
ཁང་ཆེན་གྱི་བར་ཁྱམས་སེང་གཡབ་ཀ་བ་བཞིའི་ས། |
| གནམ་ཡེར |
གནམ་ཐང་ནས་སྤྲིན་འཁོར་མི་ཐུབ་པ། |
| གནམ་ཡོལ |
གནམ་རྒྱན་ནམ་ལྕམ་ཁེབས། |
| གནམ་རི་སྲོང་བཙན |
འདིའི་མཚན་གནམ་རི་སློན་བཙན་ཞེས་ཀྱང་སྣང༌། སྟག་རི་གཉན་གཟིགས་དང་འོལ་གོང་བཟའ་སྟོང་བཙུན་འགྲོ་དཀར་གཉིས་ཀྱི་སྲས། བོད་རྒྱལ་གདུང་རབས་སོ་གཉིས་པ་ཡིན་ལ། འདིའི་སྐབས་སུམ་པ། ཀོང་པོ། དྭགས་པོ། འཕན་ཡུལ། མྱང་པོ་སོགས་ཡུལ་མང་པོ་མངའ་འོག་ཏུ་བསྡུས། མཐའི་རྒྱ་དང་གྲུ་གུའང་བླངས། སྲོང་བཙན་སྒམ་པོའི་སྐབས་ཀྱི་རྒྱལ་ཁམས་ཆེན་པོའི་དབྱིབས་ཙམ་ཆགས། ཕྱག་ལྕག་གིས་དྲས་ཏེ་བློན་པོ་རྗེས་ཅན་རྣམས་ཀྱི་བྱ་དགར་ཡུལ་ས་དང༌། མཁར། བྲན་ཁྱིམ་བསྩལ། བློན་འབངས་རྣམས་ཀྱིས་བཙན་པོ་འདི་ཆབ་སྲིད་གནམ་ལས་མཐོ་བ། དབུ་རྨོག་རི་ལས་བཙན་ཏེ། གནམ་རི་སློན་བཙན་ཞེས་མཚན་དུ་གསོལ། གཞན་ཡང་འདིའི་སྐབས་སུ་རྒྱ་ནག་ནས་སྨན་དང་འབྱུང་རྩིས་བླངས། རྟ་མདོ་བ་ཅང་ཤེས་རྙེད་པར་ཆིབས་ནས་བྱང་འབྲོང་སྨྱོན་པ་བསད་པའི་ཤ་སྒ་ལ་བཏགས་པ་ས་ལ་ལྷུང་བ་ལ་ཚྭ་འགོས་པའི་བྲོ་བ་ཚོར་བས་ལན་ཚྭ་ངོ་ཤེས་ཏེ་བྱང་གི་ཚྭ་ལེན་པའི་སྲོལ་བྱུང་སྐད། |
| གནམ་རུ |
གཞུའི་མིང་གཞན། |
| གནམ་རྒྱ་ས་རྙི |
ཕྱོགས་ཚང་མར་རྒྱ་རྙི་བཙུགས་པ་ལྟ་བུ་སྟེ། དགྲ་བོའམ་ཉེས་ཅན་རྣམས་ལས་སླ་པོ་ཐར་ས་མེད་པའི་དཔེ། |
| གནམ་རྒྱན |
བླ་རེའི་མིང་གཞན། |
| གནམ་རྡིབ |
འབྱུང་མི་སྲིད་པའི་དཔེ། (དཔེར་ན།) རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་ཞེས་པ་ལྟ་བུ། |
| གནམ་རྡོ |
1.གནམ་ནས་བྱུང་བའི་རྡོ། 2.སེར་བ། |
| གནམ་རློན་པ |
1.ཆར་ཆེས་པའི་གནམ་གཤིས། 2.ལུགས་རྙིང་གི་ལོ་ཧྲིལ་བོ་གཅིག་གི་མིང་སྟེ། (དཔེར་ན།) གནམ་ལོ་རྟའི་ལོ། གནམ་ལོ་གསར་ཚེས་ཀྱི་ཉིན་ཞེས་པ་ལྟ་བུ། |
| གནམ་ལོ |
ལོའི་ཞེ་ས། |
| གནམ་ལོ་གསར་བཞད |
གནམ་ལོ་གསར་ཚེས་དང་དོན་གཅིག་ |
| གནམ་ལོ་གསར་ཚེས |
གནམ་ལོ་གསར་དུ་ཚེས་པ་སྟེ། (དཔེར་ན།) གནམ་ལོ་གསར་ཚེས་ལ་བཀྲ་ཤིས་རྟེན་འབྲེལ་ཞུས་ལྟ་བུ། |
| གནམ་ལོའི་སྨེ་བ |
འབྱུང་རྩིས་ལས་བྱུང་བའི་ལོ་སོ་སོའི་སྨེ་བ། |
| གནམ་ལྕགས |
1.ལྕེ་འབབ་བམ་ཐོག་མདའ་འཕངས་པ་སྟེ། (དཔེར་ན།) གནམ་ལྕགས་ཐོག་ལས་ཚ་ཞེས་པ་ལྟ་བུ། 2.ས་འོག་ནས་གཏེར་བཏོན་པའི་རྡོ་རྗེ་དང་ཕུར་པ་ལྟ་བུ་བརྡུངས་ན་སྐད་སྙན་ཞིང༌། ཁ་དོག་གསལ་མིན་སྣུམ་མདངས་ཅན་ལྕགས་ཕལ་པས་མི་བརྫི་བ་ཞིག་ནུས་པས་བགེགས་འཇོམས་ཤིང་སྨྱོ་བྱེད་ལ་ཕན། |
| གནམ་ལྕགས་ཐོག་བབ |
མགོ་སྟེང་དུ་ཐོག་བརྒྱབ་པ་ལྟ་བུར་གློ་བུར་གྱི་གོད་ཆགས་བྱུང་བའི་དཔེ་སྟེ། (དཔེར་ན།) མི་འདོད་པ་གནམ་ལྕགས་ཐོག་བབ་ལྟར་བྱུང་བ་ཞེས་པ་ལྟ་བུ། |
| གནམ་ལྕགས་འབར་བ |
རི་བོ་ཞིག་སྟེ། བོད་དབུས་ཕྱོགས་སྨན་གླིང་རྫོང་ཁོངས་ཡར་ཀླུངས་གཙང་པོའི་ཁུག་པ་ཆེན་པོའི་ནང་དུ་ཡོད་ཅིང༌། དེའི་མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་7756 ཡོད། |
| གནམ་ལྕགས་སྒྲ |
(མངོན་བརྗོད།) འབྲུག་སྒྲ། |
| གནམ་ལྡེ་འོད་སྲུངས |
འདི་ནི་གླང་དར་མའི་བཙུན་མོ་ཆུན་མའི་སྲས་ཏེ། འདི་བཙུན་མོ་ཆེན་མས་གསོད་དམ་འཕྲོག་པར་དོགས་པས་མཚན་མོར་མར་མེའི་འོད་དང་མ་བྲལ་བར་བསྲུངས་པས་མིང་དེ་ལྟར་ཆགས། ཕྱིས་སུ་འདི་དང་ཁྲི་ལྡེ་ཡུམ་བརྟན་གཉིས་མ་འཆམས་པར་འཁྲུགས་ཏེ་གཉིས་ཀའི་རྒྱལ་ས་ཤོར། དེ་ནས་བཟུང་སྟེ་གཉའ་ཁྲི་བཙན་པོའི་གདུང་རྒྱུད་ཀྱིས་བོད་སྤྱི་ལ་དབང་བསྒྱུར་མ་ཐུབ་བོ། ། |
| གནམ་ས |
1.ནམ་མཁའ་དང་ས་གཞི། 2.ཁྱད་པར་ཆེན་པོའི་དཔེ་སྟེ། (དཔེར་ན།) གནམ་གྲུ་དང་རྐང་ཐང་གི་མགྱོགས་ཁྱད་གནམ་ས་དང་འདྲ་ཞེས་པ་ལྟ་བུ། |
| གནམ་ས་ཁ་རྡེབ |
གནམ་དང་ས་གཉིས་སྦུག་ཆལ་རྡེབ་པ་ལྟར་གཡོ་འགུལ་བཏང་བ་སྟེ། གཡོ་འགུལ་ཚབས་ཆེན་གྱི་དཔེ། |
| གནམ་ས་བླ་འོག་འགྱུར་བ |
འགྱུར་ལྡོག་ཆེན་པོའི་དཔེ་སྟེ། (དཔེར་ན།) ས་འགུལ་བྱུང་རྗེས་ཀྱི་འགྱུར་ལྡོག་ནི་གནམ་ས་བླ་འོག་འགྱུར་བ་ལྟར་བྱུང་ཞེས་པ་ལྟ་བུ། |
| གནམ་སྐྱོད |
1.བར་སྣང་ལ་འགྲོ་བ། 2.(མངོན་བརྗོད།) འདབ་ཆགས། |
| གནམ་སྐྱོན |
1.ཐན་པའི་དུས། 2.གནམ་གཤིས་ངན་པ། 3.གཟའ་ནད་དམ་གྲིབ་སྐྱོན། |
| གནམ་སྒོ |
1.ཐོག་ཁ་ནས་ཡར་མར་འཛུལ་སའི་སྒོ། 2.ཐོག་གི་སྐར་ཁུང༌། 3.འབྱུང་རྩིས་ལས་བྱུང་བ་ལྟར་ན་སྐར་མ་ངན་པ་ཤར་བའི་ཕྱོགས། |
| གནམ་སྔོན་པོ |
1.ནམ་མཁའ་སྔོ་སངས། 2. (ཡུལ་སྐད།) གནམ་དཔང་དུ་འཛུགས་པའི་མནའ་ཚིག་ཅིག |
| གནམ་སྟོང |
ཟླ་རེའི་ཚེས་སུམ་ཅུ་པ། དུས་འཁོར་ལུགས་སུ་ཟླ་བ་ཀུན་ལ་གནམ་སྟོང་ཡོད་ཀྱང༌། རྒྱ་རྩིས་ལ་ཡོད་མེད་མི་ངེས་ཏེ། ཡོད་ན་ཟླ་བ་ཆེ། མེད་ན་ཟླ་བ་ཆུང་ཟེར། |
| གནམ་ཨ་སྔོན |
ནམ་མཁའ། |
| གནའ |
ཡུན་རིང་ལོན་པའི་སྔོན་དུས་ཀྱི་མིང་སྟེ། (དཔེར་ན།) གནའ་སྔ་མོ་གནའ་དུས་ཞེས་པ་ལྟ་བུ། |
| གནའ་གཏམ |
ངག་རྒྱུན་ལ་གྲགས་པའི་གཏམ་རྒྱུད་སྣ་ཚོགས་ཀྱི་སྤྱི་མིང་སྟེ། (དཔེར་ན།) བྱིས་པར་གནའ་གཏམ་བཤད་ལྟ་བུ། |
| གནའ་གཡག |
ལུག་དང་འདྲ་བའི་རི་དྭགས་ཤིག་སྟེ་གནའ་བ་ཕོ། |
| གནའ་གཤིས |
གནའ་བོའི་གཤིས་ལུགས། གནའ་གཤིས་ཀྱི་ཤུགས། |
| གནའ་དཔེ |
1.སྔོན་དུས་ཀྱི་གཏམ་དཔེ། 2.སྔོན་དུས་ཀྱི་དཔེ་ཆ། |
| གནའ་དུས |
སྔོན་གྱི་དུས་ཏེ། (དཔེར་ན།) གནའ་དུས་ཆ་ལུགས་ཞེས་པ་ལྟ་བུ། |
| གནའ་བ |
རི་དྭགས་ཤིག |
| གནའ་བོ |
དུས་ཡུན་རིང་བོའམ་ལོ་མང་བོ་འདས་པའི་དོན་ཏེ། (དཔེར་ན།) གནའ་བོའི་དཀར་ཡོལ—གནའ་དཀར། ་གནའ་བོའི་ཁང་བ-གནའ་ཁང་ཞེས་པ་ལྟ་བུ། |
| གནའ་མི |
སྔ་དུས་ཀྱི་མི། |
| གནའ་མོ |
1.སྔ་མོའམ་སྔོན་དུས། 2.རི་དྭགས་གནའ་བ་མོ། |
| གནའ་རབས |
གནའ་སྔ་མོའི་དུས་རབས། |
| གནའ་རྫས |
སྔ་དུས་ཀྱི་དངོས་རྫས། |
| གནའ་རྫས་ཞིབ་དཔྱོད |
སྔ་དུས་ཀྱི་དངོས་པོ་དང་རྗེས་ཤུལ་ལ་བརྟེན་ནས་སྔར་གྱི་ལོ་རྒྱུས་ལ་ཞིབ་འཇུག་བརྟག་དཔྱད་བྱེད་པ། |
| གནའ་རྫས་རྙིང་ཤུལ |
སྔ་དུས་ཀྱི་དངོས་རྫས་རྙིང་པ་དང་ཡུལ་ལུང་གི་རྗེས་ཤུལ། |
| གནའ་ཤུལ་གྲགས་ཅན |
སྔ་རབས་ཀྱི་རྗེས་ཤུལ་མིང་གྲགས་ཅན། |
| གནའ་སྔ་མོ |
སྔར་སྔ་མོ། |
| གནའ་སྲོལ |
སྔར་གྱི་ལུགས་སྲོལ། |
| གནས |
1.ས་ཆའམ་ཡུལ་ཁམས་ཏེ། (དཔེར་ན།) ས་གནས། གོ་གནས། མཆོད་གནས། སྐྱབས་གནས། གྲོང་ཁྱེར་ཆགས་པའི་གནས་ཞེས་པ་ལྟ་བུ།2.སྡོད་ས་སྟེ། (དཔེར་ན།) རྒྱལ་པོའི་གནས། ཁྱིམ་པའི་གནས་ཞེས་པ་ལྟ་བུ། 3.དགོན་སྡེ་སོགས་སྐུ་གསུང་ཐུགས་རྟེན་ཡོད་ས་སྟེ། (དཔེར་ན།) གནས་ཁྱད་པར་ཅན་གྱི་དགོན་སྡེ་ཞེས་པ་ལྟ་བུ།4.ཐགས་ཁྲིའི་ཡན་ལག་ཅིག 5.དམིགས་པའི་ཡུལ་ཏེ། (དཔེར་ན།) གད་མོའི་གནས། ངོ་ཚ་བའི་གནས། དོགས་པའི་གནས་ཞེས་པ་ལྟ་བུ།6.བླ་མའམ་སློབ་དཔོན་ཏེ། (དཔེར་ན།) གནས་ཀྱི་སློབ་མ་ཞེས་པ་ལྟ་བུ། 7.གཅིག་བཅུ་བརྒྱ་སྟོང་ཁྲི་སོགས་ཀྱི་གྲངས་གནས་ཏེ། (དཔེར་ན།) བགོད་བྱེད་མཐའ་དབུས་ཐིག་ལེ་ནི། རང་གནས་འཛིན་ལས་བགོད་ནུས་མེད། གནས་མི་མཚུངས་ན་བསྲེ་མི་རིགས་ཞེས་པ་ལྟ་བུ། 8.སྐར་མ་ཆུ་ཚོད་ནས་ཆ་ཤས་བར་གྱི་གནས་རྣམས་ཏེ། (དཔེར་ན།) སྐར་གནས། དབྱུ་གུའི་གནས། དེ་ཉིད་གནས་དྲུག་ཚར་ལྔ་བཀོད། ཆ་ཤས་མང་ཉུང་དང་གནས་ལ་ངེས་པ་མེད་ཅེས་པ་ལྟ་བུ།9.འགྲོ་སྒོ་དང་རིན་ཐང་ཅི་ཙམ་སོང་བའི་དོན་ཏེ། (དཔེར་ན།) ཀོ་སྒམ་འདི་ལ་མ་རྩ་ཅི་ཙམ་གནས། ལྕགས་ཁེམ་འདི་ལ་ལྕགས་རྒྱ་མ་བཞི་གནས་ལྟ་བུ།10.དུས་ཐུང་ངུར་གཡར་བའི་འདུག་གནས་ཀྱི་མིང་སྟེ། (དཔེར་ན།) ཞག་གཅིག་གི་གནས་ཚང་གཡར་ཞེས་པ་ལྟ་བུ། 11.(བྱེད་མེད་ལས་ཚིག) སྡོད་པའམ་འཚོ་བའི་དོན་ཏེ། (དཔེར་ན།) 1>ཆུ་ལ་གནས་པའི་ཉ་སྲམ། ས་ལ་གནས་པའི་རི་དྭགས་ཆུ་སྐམ་གཉིས་གནས་ཀྱི་སྲོག་ཆགས་ཞེས་པ་ལྟ་བུ།2>བྱ་དངོས་རྣམས་བྱུང་ནས་འཇིག་པའི་བར་མུ་མཐུད་དུ་དུས་དང་གོ་ས་བཟུང་ཡོད་པའི་དོན་ཏེ། (དཔེར་ན།) བདེ་སྐྱིད་ཡུན་རིང་དུ་གནས་པར་སྨོན་ཞེས་པ་ལྟ་བུ། |
| གནས་ཀྱི་དངོས་པོ |
སྡོད་ཡུལ་གྱི་འཛིན་ཆས། |
| གནས་ཀྱི་བདག་པོ |
(མངོན་བརྗོད།) བརྒྱ་བྱིན། |
| གནས་ཀྱི་ཡན་ལག |
1.བསམ་གཏན་བཞིའི་ཡན་ལག་ཅིག་བསམ་གཏན་བཞིའི་གཉེན་པོའི་ཡན་ལག་དང་ཕན་ཡོན་གྱི་ཡན་ལག་གཉིས་པོ་འབྱུང་བའི་གཞི་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ནོ། །2.དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། |
| གནས་ཀྱི་སློབ་དཔོན |
འདུལ་བ་ལས་བཤད་པའི་སློབ་དཔོན་ལྔའི་ནང་གསེས། གནས་འཆའ་བའི་སློབ་མ་ལ་དགག་སྒྲུབ་གནང་གསུམ་གྱི་བསླབ་བྱ་སློབ་པར་བྱེད་པའི་དགེ་སློང༌། |
| གནས་ཀྱི་སློབ་མ |
བླ་མའི་གམ་དུ་གནས་འཆའ་བའི་སློབ་མ། |
| གནས་ཁང |
འདུག་སའི་ཁྱིམ། |
| གནས་གཏོང་བ |
1.གནས་ཚང་གཡར་བ་སྟེ། (དཔེར་ན།) གློ་བུར་དུ་ལྷགས་པའི་མགྲོན་པོ་ལ་ཚ་ཞག་གི་གནས་གཏོང་ཞེས་པ་ལྟ་བུ། 2.རང་གནས་སྤོང་བ། |
| གནས་གཙང་མ |
གཙང་མའི་གནས་རིས་ལྔ་ནི་འཕགས་པའི་གནས་ཡིན་པས་གནས་གཙང་མ་ཞེས་བྱའོ། ། |
| གནས་གཙང་མའི་ས་ལྔ |
མི་ཆེ་བ། མི་གདུང་བ། གྱ་ནོམ་སྣང༌། ཤིན་ཏུ་མཐོང༌། འོག་མིན་ཏེ་ལྔ། |
| གནས་གཞི |
1.སྡོད་སའི་ཡུལ་ལམ་ཁང་གཞིས། 2.རྣམ་དབྱེ་བདུན་པ། 3.(མངོན་བརྗོད།) ཁང་པ། |
| གནས་གཞི་སྟོན་པའི་སྒྲ |
རྣམ་དབྱེ་བདུན་པ་རྟེན་གནས་ཀྱི་སྒྲ་ནི། གཞི་གང་ལ་ཆོས་དེ་ལྡན་པའམ་མི་ལྡན་པར་སྟོན་པའི་ལ་དོན་གྱི་ཕྲད་སྦྱར་བའི་སྒྲ་ཞིག་སྟེ། (དཔེར་ན།) གནམ་ལ་ཉི་ཟླ་ཡོད། ས་ལ་སྲོག་ཆགས་ཡོད། བར་སྣང་ལ་གང་ཡང་མེད་ཅེས་པ་ལྟ་བུ། |
| གནས་གཞིའི་སྒྲ |
གནས་གཞི་སྟོན་པའི་སྒྲ་དང་དོན་གཅིག་ |
| གནས་གོང |
དངོས་པོའི་རིན་གོང༌སྟེ། (དཔེར་ན།) ངལ་རྩོལ་གྱི་ཐོན་སྐྱེད་ལས་ཆོད་རིམ་གྱིས་སྤར་ནས་ཐོན་ཟོག་གི་གནས་གོང་རིམ་གྱིས་བཅག་པ་ཞེས་པ་ལྟ་བུ། |
| གནས་གོང་མ |
གཟུགས་ཁམས་དང་གཟུགས་མེད་ཁམས། |
| གནས་གླ |
གནས་ཚང་གཡར་བའི་གླ་ཆ། |
| གནས་ངན་མ |
(ཡུལ་སྐད།) གཞན་གྱི་མནའ་མར་ཕྱིན་ཟིན་ཀྱང་རང་གི་ཕ་མའི་ཁྱིམ་ལ་ཞེན་པའི་བུད་མེད། |
| གནས་ངན་ལེན |
1.སྐྱེ་གནས་མི་ལེགས་པར་སྐྱེ་བ་སྟེ། ད་ལྟ་སྡུག་བསྔལ་བར་བྱེད་པའི་གཞི་ཡིན་པས་ན་གནས་དང་སླར་སྡུག་བསྔལ་ཕྱི་མ་འདྲེན་པས་ན་ངན་ལེན་ཞེས་བྱ།2.སྒོ་གསུམ་ལས་སུ་མི་རུང་བ། 3.ཡུལ་ཅན་ཕྱིན་ཅི་ལོག་གོང་ནས་གོང་དུ་བསྐྱེད་པའི་ནུས་པའམ་སེམས་རྒྱུད་ལ་གནས་པའི་བག་ཆགས། 4.(བརྡ་རྙིང་།) ལྟུང་བ། |
| གནས་ངན་ལེན་གྱི་གཡེང་བ |
རྣམ་གཡེང་དྲུག་གི་ནང་ཚན་ཞིག་སྟེ། སྙིང་ནས་ཏིང་ངེ་འཛིན་གྱི་ཡོན་ཏན་འདོད་ཀྱང་བདག་ནི་བསམ་གཏན་པའོ་སྙམ་པའི་ང་རྒྱལ་མངོན་དུ་བྱུང་བ། |
| གནས་ངན་ལེན་བརྗོད་པའི་ལྟུང་བྱེད |
ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས། ཕམ་ལྷག་གང་རུང་བྱུང་བའི་དགེ་སློང་ལ་རང་ཉིད་དེའི་ལྟུང་བ་གླེང་བར་མ་བསྐོས་བཞིན་དུ་བསྙེན་པར་མ་རྫོགས་པ་ལ་སྨྲ་བར་བྱེད་པའོ། ། |
| གནས་ངན་ལེན་འཆབ་པའི་ལྟུང་བྱེད |
ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས། དགོས་པ་ཁྱད་པར་ཅན་མེད་པར་དགེ་སློང་གཞན་ལ་ཕམ་ལྷག་གང་རུང་གི་ལྟུང་བ་བྱུང་བ་ཤེས་བཞིན་དུ་འཆབ་པའོ། ། |
| གནས་ཆ |
སེམས་གཞན་དུ་མི་གཡེང་བར་གནས་པའི་ཆ་སེམས་ཏིང་ངེ་འཛིན་ལ་གནས་པའི་ཆ་དེའོ། གནས་ཆ་དང་མཐུན་པའི་བསམ་གཏན། |
| གནས་ཆགས་པ |
གཞིས་ཆགས་པ་སྟེ། ཡུལ་ངེས་ཅན་ཞིག་ལ་གཏན་དུ་སྡོད་པ་སྟེ། (དཔེར་ན།) ལུང་པ་འདི་ལ་དགའ་ཞེན་བྱས་ཏེ་གནས་ཆགས་པ་རེད། ཡུལ་དེར་གནས་ཆགས་མ་ཐུབ་ཅེས་པ་ལྟ་བུ། |
| གནས་ཆུང་ཆོས་རྒྱལ་ཆེན་པོ |
གཞུང་བསྟེན་དགྲ་ལྷ་པེ་ཧར་རྒྱལ་པོ། |
| གནས་ཆུང་དགོན |
གནས་ཆུང་སྒྲ་དབྱངས་གླིང་སྟེ། སྔར་བོད་སྲིད་གཞུང་གི་སྲུང་མ་གཙོ་བོ་ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་གནས་སའི་དགོན་པ་དེའོ། ། |
| གནས་ཆུང་ལྕོག |
གནས་ཆུང་དགོན་གྱི་མིང་གཞན་ཞིག |
| གནས་ཆེན |
1.རྩ་འགངས་ཆེ་བའི་ས་གནས། 2.གནས་མཆོག་དང་དོན་གཅིག |
| གནས་ཆེན་ལྔ |
འཛམ་གླིང་གི་གནས་ཆེན་ལྔ་སྟེ། ཡུལ་དབུས་རྒྱ་གར་རྡོ་རྗེ་གདན། ཤར་གྱི་རི་བོ་རྩེ་ལྔ། ལྷོའི་པོ་ཏ་ལ། ནུབ་ཀྱི་ཨོ་ཊི་ཡ་ན། བྱང་གི་ཤམྦྷ་ལ་བཅས་སོ། ། |
| གནས་ཐམས་ཅད་དུ་འཕར་བ |
དགེ་འདུན་ཉི་ཤུའི་ནང་གསེས། འོག་མིན་གྱི་མཐར་ཐུག་པར་འགྲོ་བ་གང་ཚངས་ཆེན་མ་གཏོགས་པ་གནས་གཞན་ཐམས་ཅད་བརྒྱུད་ནས་འོག་མིན་གྱི་རྟེན་ལ་འདའ་བའི་རིགས་ཅན་ནོ། ། |
| གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས |
དེ་བཞིན་གཤེགས་པའི་སྟོབས་བཅུའི་ཡ་གྱལ་ཞིག་ལས་དང་ཉོན་མོངས་པ་ནི་སེམས་ཅན་སྐྱེད་པའི་རྒྱུ་ཡིན་པར་ཤེས་ལ་བདག་དང་བྱེད་པ་དང་དབང་ཕྱུག་ལ་སོགས་པ་ནི་སེམས་ཅན་སྐྱེད་པའི་རྒྱུ་མ་ཡིན་པར་མཁྱེན་པ་དང༌། དགེ་བས་མཐོ་རིས་སུ་སྐྱེ་བའི་གནས་ཡིན་ལ། དེས་ངན་སོང་དུ་སྐྱེ་བའི་གནས་མ་ཡིན་པར་མཁྱེན་པ་དང༌། མི་དགེ་བ་སྤྱད་པས་ངན་སོང་དུ་སྐྱེ་བའི་གནས་ཡིན་ལ། དེས་མཐོ་རིས་སུ་སྐྱེ་བའི་གནས་མ་ཡིན་པར་མཁྱེན་པ་སོགས་སོ། ། |
| གནས་དབེན་པ |
ཟང་ཟིང་མེད་པའི་གནས་ཏེ། དགོན་རི་ཁྲོད་སོགས། |
| གནས་དབྱུང |
1.རང་ས་ནས་རྒྱང་རིང་དུ་འབུད་པ་སྟེ། (དཔེར་ན།) ཁྲིམས་འགལ་ཉེས་ཅན་རྣམས་གནས་དབྱུང་གཏོང་ཞེས་པ་ལྟ་བུ། 2.གོ་གནས་འབེབས་པ་སྟེ། (དཔེར་ན།) ལས་དོན་བྱས་ཉེས་བྱུང་ནས་གནས་དབྱུང་གཏོང་ཞེས་པལྟ་བུ། |
| གནས་དབྱུང་བདུན |
ལྟུང་བ་ཕྱིར་བཅོས་ཀྱི་གཞི་བཞིའི་ནང་གསེས། མི་སྤྲོ་བ་ནན་ཏུར་གྱི་ཕྱིར་བཅོས་བྱེད་པའི་ཚུལ་ཞིག་ལྷག་མ་ལ་སོགས་པའི་ལྟུང་བ་བྱུང་བར་ཀུན་ལ་གྲགས་ཀྱང་ཕྱིར་བཅོས་བྱེད་མི་འདོད་པའི་གང་ཟག་རང་བཞིན་གྱི་གནས་ནས་ཕྱིར་དབྱུང་བ་ལ། ལྟུང་བ་མ་མཐོང་ཟེར་བ། ལྟུང་བ་ཕྱིར་མི་འཆོས་པ། སྡིག་ལྟ་ཅན། འཐབ་ཀྲོལ་བྱེད་པ། འཐབ་ཀྲོལ་གྱི་རྒྱུ་ཉེ་བར་སྒྲུབ་པ། དགེ་སློང་མ་དང་འཕྱར་གཡེང་དང་རྩ་ཧྲལ་གྱིས་འདྲིས་ཤིང་གནས་པ། ཆོས་རྣམ་པར་གཏན་ལ་ཕབ་པས་ཀྱང་རྩོད་པ་ཞི་བར་མ་གྱུར་པ་རྣམས་ནི་གནས་ནས་དབྱུང་བ་བདུན་ནོ། ། |
| གནས་དུས |
1.ཡུལ་ཕྱོགས་དང་དུས་སྐབས། 2.སྡོད་པའི་སྐབས། |
| གནས་དུས་ཚོད་རྩིས |
ཡུལ་དང་དུས་བབ་ལ་བསྟུན་ནས་བྱ་ངན་བྱེད་པ། |
| གནས་ནས་སྤེད་པ |
(བརྡ་རྙིང་།) རང་ས་ནས་གཞན་དུ་འབུད་པ། |
| གནས་པ |
1.ཡོད་པའམ་བརྟེན་པ་ཆགས་པ་སྡོད་པ་སྟེ། (དཔེར་ན།) ཐབ་ནང་དུ་མེ་གནས་པ། ནགས་ཚལ་ནང་དུ་གཅན་གཟན་གནས། ཁྱིམ་དུ་གནས་པའི་ཁྱིམ་བྱ། རི་ལ་གནས་པའི་རི་དྭགས། བྱས་རྗེས་འོད་འབར་ལོ་སྟོང་བར་དུ་གནས། ལུང་པ་དེར་སྤོས་རུང་གནས་ཐུབ་མ་སོང༌། ཁྲིམས་ལ་གནས་པ། བཤད་སྲོལ་དེ་གྲས་དོན་ལ་གནས་པ། སོན་བཏབ་ནས་མྱུ་གུ་སྐྱེ་རྒྱུར་གནས་པ་ཞེས་པ་ལྟ་བུ།2.སློབ་མ། 3.ལྡན་མིན་འདུ་བྱེད་ཀྱི་ནང་གསེས་ཤིག་སྟེ། འདུ་བྱེད་ཀྱི་ཕུང་པོ་དེ་དག་བྱུང་ནས་དེ་སྐད་ཅིག་མའི་རྒྱུན་མཐུད་པ་ནམ་མ་ཤིའི་བར་དུ་འདུག་པ་དེའོ། ། |
| གནས་པ་དགུ |
སྟོན་པ་དང༌། ཆོས། དགེ་འདུན། སློབ་དཔོན། མཁན་པོ། བླ་མ། གནས། གང་ཟག་ཡུལ་བཅས་དགུ་ལ་བརྟེན་པའོ། ། |
| གནས་པ་བཞི |
ཞུགས་གནས་བརྒྱད་ཀྱི་ནང་གསེས་ཏེ། དགེ་སྦྱོང་གི་འབྲས་བུ་ལ་གནས་པ་བཞི་རྒྱུན་ཞུགས་འབྲས་གནས་དང༌། ཕྱིར་འོང་འབྲས་གནས་དང༌། ཕྱིར་མི་འོང་འབྲས་གནས་དང༌། དགྲ་བཅོམ་འབྲས་གནས་རྣམས་སོ། ། |
| གནས་པ་མི་འགྱུར་བའི་ས |
སྔགས་རྙིང་མའི་གཞུང་དུ། རྣལ་འབྱོར་ལྔ་པའི་སྐབས་སུ་ཐོབ་པའི་ས་བརྒྱད་པ་མཐར་ལམ་དུ། དབྱིངས་ཡེ་དབྱེར་མེད་ཀྱི་དགོངས་པ་ལ་རྟག་ཏུ་གནས་ཤིང་འཕོ་འགྱུར་མེད་པས། ས་བརྒྱད་པ་ལ་གནས་པ་མི་འགྱུར་བའི་ས་ཞེས་བྱའོ། ། |
| གནས་པ་ལས་མི་བསྐྱོད་པའི་ཆོས་ཅན |
དགྲ་བཅོམ་པ་དྲུག་གི་ནང་གསེས། གང་དབང་པོ་རྟུལ་པོ་འདོད་ཡོན་གྱིས་མྱོས་ཀྱང་རུང་མ་མྱོས་ཀྱང་རུང་མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཡོངས་སུ་ཉམས་པའི་སྐལ་བ་ཅན་མ་ཡིན་ལ་དབང་པོ་རྣམས་སྦྱང་བའི་སྐལ་བ་ཅན་ཡིན་ཡང་མ་ཡིན་པའོ། ། |
| གནས་པའི་བར་བསྐལ་ཉི་ཤུ |
ཡ་ཐོག་རིང་མོའམ་བར་བསྐལ་དང་པོ་དང༌། ཁུག་པ་བཅོ་བརྒྱད་དེ་བར་བསྐལ་བཅོ་བརྒྱད་དང༌། མ་ཐོག་རིང་མོའམ་བར་བསྐལ་ཐ་མ་སྟེ་བསྡོམས་པས་བར་གྱི་བསྐལ་པ་ཉི་ཤུའོ། ། |
| གནས་པའི་བསྐལ་པ |
བསྐལ་པ་བཞིའི་གཉིས་པ་འཇིག་རྟེན་ཆགས་ཟིན་པ་ནས་འཇིག་ལ་ཐུག་པའི་བར་གྱི་གནས་པའི་ཡུན་ཚད་དེ་མནར་མེད་དུ་སེམས་ཅན་གཅིག་སྐྱེས་པ་ནས་གནས་བསྐལ་གྱི་མགོ་ཚུགས་པ་ཡིན་ཞིང༌། མི་རྣམས་ཀྱི་ཚེ་ལོ་དཔག་མེད་ནས་བརྒྱད་ཁྲི་དང༌། དེ་ནས་སངས་རྒྱས་འཁོར་བ་འཇིག་གསེར་ཐུབ། འོད་སྲུང༌། ཤཱཀྱ་ཐུབ་པ་སྟེ་བྱམས་པ་མ་བྱོན་བར་བསྐལ་པ་ཡ་ཐོག་རིང་མོ་ཡིན་ཞིང༌། དེ་རྗེས་མར་འགྲིབ་ཚེ་ལོ་བཅུ་པ་ནས་ཡར་འཕེལ་བརྒྱད་ཁྲིའི་བར་དུ་འཕེལ་བའི་བར་གྱི་ཁུག་པ་བཅོ་བརྒྱད་དང༌། སངས་རྒྱས་སྟོང་གི་ཐ་མ་སངས་རྒྱས་མོས་པ་བྱོན་པ་ནས་བསྐལ་པ་མ་ཐོག་རིང་མོ་བཅས་བར་བསྐལ་ཉི་ཤུའི་ཡུན་ལ་གནས་པའི་བསྐལ་པ་ཞེས་བྱའོ། ། |
| གནས་པའི་རང་རྒྱལ |
ཉན་ཐོས་ཀྱི་རྒྱུན་ཞུགས་ཀྱི་འབྲས་བུ་ཙམ་ཐོབ་ནས་རང་རྒྱལ་དུ་གྱུར་པ། |
| གནས་པོ |
1.གནས་ཚང་བདག་པོ། 2.ཁྱིམ་གྱི་བདག་པོ། 3.ཚོང་དཔང༌། |
| གནས་ཕུན་སུམ་ཚོགས་པ |
ཕུན་སུམ་ཚོགས་པ་ལྔའི་ནང་གསེས་ཏེ། འོག་མིན། དགའ་ལྡན་སོགས་ལྷ་ཡུལ་དང༌། ཝཱ་རཱ་ཎ་སི། བྱ་རྒོད་ཕུང་པོའི་རི། རི་བོ་མ་ལ་ཡ་སོགས་སངས་རྒྱས་ཀྱི་ཆོས་གསུངས་པའི་གནས་ཞེས་པ་ལྟ་བུ། |
| གནས་ཕྱོགས |
1.སྡོད་པའི་ས་ཕྱོགས། 2.ལྟ་བ་འཛིན་སྟངས། |
| གནས་བཅས་པ |
1.སྡོད་གནས་ཀྱི་རྟེན་གཞི་གསར་དུ་ཆགས་པ་སྟེ། (དཔེར་ན།) གང་ཞིག་དུག་གི་རི་ལ་གནས་བཅས་ན། དེ་ཡི་འདབ་ཆགས་ཐམས་ཅད་དུག་ཏུ་འགྱུར། གང་ཞིག་གསེར་གྱི་རི་ལ་གནས་བཅས་ན། དེ་ཡི་འདབ་ཆགས་ཐམས་ཅད་གསེར་དུ་འགྱུར་ཞེས་པ་ལྟ་བུ།2.སྡོད་སའི་ཁྱིམ་ཚང་སོགས་བཟོས་པ་སྟེ། (དཔེར་ན།) མཐའ་མཚམས་སུ་གནས་བཅས་པ་ལྟ་བུ། |
| གནས་བདག |
གནས་ཚང་གི་བདག་པོ། |
| གནས་བདེ་དུས་འཇགས |
གནས་བདེ་ཞིང་དུས་སྐབས་ལྷིང་འཇགས། |
| གནས་བབས |
སྡོད་བབས་སམ། གནས་ཚུལ་གྱི་བབས་ཏེ། (དཔེར་ན།) གནས་བབས་ཧ་ཅང་བཟང༌། གནས་བབས་བྱ་དཀའ་བྱེད་གཏད་དུ་གྱར་ཞེས་པ་ལྟ་བུ། |
| གནས་བཞི་པ |
(མངོན་བརྗོད།) སྲིན་པོའི་རྒྱལ་པོ། |
| གནས་བཟང་པོ |
1.སྡོད་ས་བཟང་པོ། 2.(མངོན་བརྗོད།) 1>ལྷ་ཡུལ། 2>རྩྭ་རི་གངས་རི་སོགས་ལྟ་བུ། |
| གནས་བརྟན |
རང་ལས་བསླབ་པ་རྒན་པའི་དགེ་སློང་གི་ཆེ་བརྗོད་དེ་འདུལ་བའི་བརྡ། |
| གནས་བརྟན་པ་གསུམ |
ཐེག་དམན་སྡེ་པ་བཅོ་བརྒྱད་ཀྱི་ནང་གསེས། རྒྱལ་བྱེད་ཚལ་ན་གནས་པ་དང༌། འཇིགས་མེད་རི་ལ་གནས་པ། གཙུག་ལག་ཁང་ཆེན་ན་གནས་པ་སྟེ་སྡེ་གསུམ། |
| གནས་བརྟན་པའི་སྡེ |
ཉན་ཐོས་ཀྱི་རྩ་བའི་སྡེ་པ་བཞིའི་ནང་གསེས། གནས་བརྟན་འཕགས་པའི་རིགས་ཡིན་པར་སྨྲ་བས་གནས་བརྟན་པར་གྲགས་ལ། མདོ་འདོན་པའི་ཚེ་བི་ཤྭ་ཙིའི་སྐད་དུ་འདོན། མཁན་པོ་སྨྱིག་མ་མཁན་གྱི་རིགས་ཀ་ཏྱཱ་ཡ་ན། སྣམ་སྦྱར་སྣམ་ཕྲན་ལྔ་ནས་ཉེར་གཅིག་མན་ཆོད་ལ་རྟགས་དུང༌། དགེ་སློང་གི་མིང་འབྱུང་གནས་དང་གོ་ཆའི་མཐའ་ཅན། གྲུབ་མཐའ་འགོག་སྙོམས་ལ་སེམས་ཡོད་པ་དང༌། ལོག་ཤེས་མེད་པ་དང༌། གྲངས་མེད་བཅུ་ཡན་ནས་སུམ་ཅུ་མན་གང་རུང་གིས་འཚང་རྒྱ་བར་འདོད་པའོ། ། |
| གནས་བརྟན་བཅུ་དྲུག |
ཤཱཀྱ་ཐུབ་པས་བསྟན་པ་གཉེར་དུ་གཏད་པའི་དགྲ་བཅོམ་པ་བཅུ་དྲུག་ཡན་ལག་འབྱུང༌། མ་ཕམ་པ། ནགས་ན་གནས། དུས་ལྡན། རྡོ་རྗེ་མོའི་བུ། བཟང་པོ། གསེར་གྱི་བེའུ། བྷ་ར་དྷྭ་ཛ་གསེར་ཅན། བ་ཀུ་ལ། སྒྲ་གཅན་འཛིན། ལམ་ཕྲན་བསྟན། བྷ་ར་དྷྭ་ཛ་བསོད་སྙོམས་ལེན། ལམ་ཆེན་བསྟན། ཀླུའི་སྡེ། སྦེད་བྱེད། མི་ཕྱེད་པ་སྟེ་བཅུ་དྲུག |
| གནས་བཤད |
གནས་དང་རྟེན་གསུམ་གྱི་ལོ་རྒྱུས་བརྡ་སྤྲོད་པ་སྟེ། (དཔེར་ན།) ལྷ་ཁང་རྙིང་པར་གནས་བཤད་གསར་པ་ཞེས་པ་ལྟ་བུ། |
| གནས་བསྐལ |
གནས་པའི་བསྐལ་པའི་བསྡུས་ཚིག་སྟེ། ས་གཞི་ཆེན་པོར་སེམས་ཅན་བྱུང་ནས་གནས་པའི་དུས་སྐབས་ཀྱི་མིང་། |
| གནས་བསྐལ་གྱི་དུས་བཞི |
འཇིག་རྟེན་ཆགས་ནས་མ་ཞིག་པའི་བར་གྱི་དུས་བཞི་རྫོགས་ལྡན་དང༌། གསུམ་ལྡན། གཉིས་ལྡན། རྩོད་ལྡན་བཅས་སོ། ། |
| གནས་བྱའི་ཆོས་བཞི |
རབ་ཏུ་བྱུང་བས་རྒྱུན་དུ་སྤྱད་པར་བྱ་བའི་འཚོ་བའི་སྤྱོད་ལམ་རིགས་བཞི་གོས་བཟང་ངན་གྱི་མཐའ་གཉིས་སུ་མ་ལྷུང་བ་དང༌། ཟས་མཐའ་གཉིས་སུ་མ་ལྷུང་བ། གནས་མལ་མཐའ་གཉིས་སུ་མ་ལྷུང་བ། སྨན་མཐའ་གཉིས་སུ་མ་ལྷུང་བར་སྤྱོད་པ་བཅས་བཞིའོ། ། |
| གནས་བྱེད |
(མངོན་བརྗོད།) 1>བུད་མེད། 2>འོད། |
| གནས་བླ་མ |
རབ་བྱུང་རྟེན་སའི་གནས་བརྟན། |
| གནས་མ |
1.མནའ་མར་ཕྱིན་ཟིན་པའི་བུད་མེད། 2.སྐར་མ་ཁྲུམས་སྟོད། |
| གནས་མ་བུ་པའི་སྡེ |
མང་བཀུར་བ་གསུམ་གྱི་ཡ་གྱལ་ཞིག |
| གནས་མགྲོན |
ལམ་བར་གྱི་གནས་ཚང་དང་དེར་ཡོང་མཁན། |
| གནས་མང་གྲངས་ཀ |
གཅིག་གནས་ནས་བཅུ་གནས་དང༌། བརྒྱ་གནས། སྟོང་གནས་སོགས་མང་པོར་བརྩེགས་པ། |
| གནས་མཆོག |
1.ཆོས་ལུགས་ཀྱི་སྐུ་གསུང་ཐུགས་རྟེན་བཞུགས་ཡུལ་མཆོག་ཏུ་གྱུར་པ། 2.ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ལྡན་པའམ་ནུས་པ་ཆེན་པོ་ཐོན་མྱོང་ས་ལ་ཡང་གནས་མཆོག་ཟེར། |
| གནས་མཇལ་བ |
1.གནས་རྟེན་མཇལ་བ། 2.གནས་མཇལ་མཁན། |
| གནས་མལ |
སྡོད་གནས་སམ་སྡོད་མལ། |
| གནས་མལ་གྱི་གཞི |
འདུལ་བ་གཞི་བཅུ་བདུན་ལས། བདེར་གནས་རྐྱེན་གྱི་གཞི་ལྔའི་ནང་གསེས། གནས་མལ་མཐའ་གཉིས་སུ་མ་ལྟུང་བས་བདེ་བར་གནས་པའི་གཞི་སྟེ་གཙུག་ལག་ཁང་བརྩིགས་ནས། སྒོ་ཁང་དུ་སྲིད་པའི་འཁོར་ལོ་ཆ་ལྔ་པ་སོགས་བྲི་བར་བྱ་ཞིང༌། དྲི་གཙང་ཁང་དུ་བསྟན་པའི་གཙོ་བོ་དང༌། ལོགས་སུ་ཐུབ་པའི་སྐྱེས་རབས་སོགས་བྲི་བ་དང༌། གཞན་ཡང་མཛོད་དང་ཟས་ཁང་ལ་སོགས་པ་དང༌། གང་ཟག་སོ་སོའི་ཁང་པ་སྤྱོད་ལམ་བཞི་ཤོང་གི་ཚད་ཅན། མཆོད་རྟེན་དང་ལྕགས་རི། རྒྱལ་མཚན་ལ་སོགས་པ་གཞུང་མཐུན་དུ་བྱ་བའོ། དེ་དང་འབྲེལ་བར་མཆོག་ལ་རབ་ཏུ་བྱུག་བས་ཕྱག་བྱ་བ་དང༌། མཉམ་ན་རྒན་པ་དང༌། བུད་མེད་ཀྱིས་དགེ་སློང་ལ་ཕྱག་བྱེད་པ་སོགས་ཀྱི་བསླབ་བྱ་བཅས་སོ། ། |
| གནས་མལ་གྱི་ལྟུང་བྱེད |
ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས། གནས་མལ་ལས་གྱུར་པའི་ལྟུང་བྱེད་དེ་ཁྲི་ལ་སོགས་པ་དགེ་འདུན་གྱི་གནས་མལ་རང་གིས་ལོངས་སྤྱོད་པའི་མཐར་ཚགས་མ་བྱས་པར་ཉི་མ་ཆར་པ་སོགས་ཀྱིས་ཆུད་ཟོས་སུ་འཇུག་པའོ། ། |
| གནས་མིན |
1.འོས་མ་ཡིན་པ་སྟེ། (དཔེར་ན།) བྱེ་ཐང་ལོ་ཏོག་འདེབས་སའི་གནས་མིན་ཞེས་པ་ལྟ་བུ།2.བྱ་བ་བྱེད་མི་རུང་བའི་གནས་ཏེ། (དཔེར་ན།) དགྲ་བོ་སྙིང་རྗེ་བྱེད་སའི་གནས་མིན་ཞེས་པ་ལྟ་བུ། |
| གནས་མེད་པ |
1.འོས་མེད་པའམ་མི་འཐད་པ་སྟེ། (དཔེར་ན།) ངལ་རྩོལ་མ་བྱས་པར་ཐོན་འབྲས་ཀྱི་བགོ་སྐལ་རྩོད་སའི་གནས་མེད་ཅེས་པ་ལྟ་བུ།2.གོ་སྐབས་མེད་པ་སྟེ། (དཔེར་ན།)་དགྲ་བོའི་བཙན་འཛུལ་ངན་ཇུས་ལམ་ལྷོང་ཡོང་བའི་གནས་མེད་ཅེས་པ་ལྟ་བུ།3.སྡོད་ས་མེད་པ་སྟེ། (དཔེར་ན།) སྔར་གནས་མེད་པ་རྣམས་ལ་ད་ལྟ་གནས་གསར་པ་ཡོད་ཅེས་པ་ལྟ་བུ། 4.(མངོན་བརྗོད།) རླུང་སྤྱི། |
| གནས་མེད་ཕྱོགས་གྱར |
སྡོད་གནས་མེད་པས་ཡུལ་ཕྱོགས་ངེས་མེད་དུ་གྱར་བ་སྟེ། (དཔེར་ན།) བཙན་འཛུལ་དམག་འཁྲུག་གི་རྐྱེན་ངན་བྱུང་ནས་མི་དམངས་རྣམས་གནས་མེད་ཕྱོགས་གྱར་དུ་གྱུར་པ་རེད་ཅེས་པ་ལྟ་བུ། |
| གནས་མེད་འཁྱམས་པོ |
སྡོད་གནས་ཁྱིམ་གཞིས་གང་ཡང་མེད་པས་ངེས་མེད་དུ་འཁྱམས་ནས་སྡོད་མཁན། |
| གནས་མོ |
1.གནས་ཚང་གི་བདག་མོ། 2.ཁྱིམ་གྱི་བདག་མོ། |
| གནས་མོ་སྣ་གཉིས |
རི་རྩེ་ཞིག་སྟེ། བོད་ཀྱི་སྤུ་ཧྲེང་རྫོང་ཁོངས་མ་ཕམ་གཡུ་མཚོའི་ལྷོ་ངོས་སུ་ཡོད། མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་7728 ཡོད། |
| གནས་ཚང |
གཡར་བའི་སྡོད་ཁང༌སྟེ། (དཔེར་ན།) རང་ལ་སྡོད་ཁང་མེད་པས་གཞན་ནས་གནས་ཚང་གཡར་ཞེས་པ་ལྟ་བུ། |
| གནས་ཚད |
མང་ཉུང་ངམ་ཆེ་ཆུང་གི་ཚད་དེ། (དཔེར་ན།) རིན་གོང་གི་གནས་ཚད། དུས་ཡུན་གྱི་གནས་ཚད། ཤེས་ཡོན་གྱི་གནས་ཚད་ཅེས་པ་ལྟ་བུ། |
| གནས་ཚུལ |
ཡུལ་དང༌། བྱ་བ། དངོས་པོ། དུས་ཚོད་སོགས་ཀྱི་བབས་སམ་ཡོང་སྟངས་དང་ཆགས་སྟངས་ཏེ། (དཔེར་ན།) དངོས་ཡོད་གནས་ཚུལ། གནས་ཚུལ་ངོ་མ། གནས་ཚུལ་དམིགས་བསལ་ཅན། གནས་ཚུལ་རྒྱུན་ལྡན། གནས་ཚུལ་ཐོར་བུ། གནས་ཚུལ་ཧྲིལ་པོ་ཞེས་པ་ལྟ་བུ། |
| གནས་ཚུལ |
བྱ་སྤྱོད་དང་དངོས་པོའི་འགྱུར་ལྡོག་བྱུང་བའི་རྣམ་པའི་མིང་སྟེ། (དཔེར་ན།) རྒྱལ་ཁབ་ཕྱི་ནང་གི་གནས་ཚུལ་ཞེས་པ་ལྟ་བུ། |
| གནས་ཟོས་བདེ་པོ |
(ཡུལ་སྐད།) འཚེ་བ་མེད་པ་སྟེ། (དཔེར་ན།) དེང་སང་མི་ཚང་མ་གནས་ཟོས་བདེ་པོ་རེད་ཅེས་པ་ལྟ་བུ། |
| གནས་འགྱུ |
རྣམ་རྟོག་འཆར་ཚུལ། |
| གནས་འགྱུར་བ |
སྔར་གྱི་གནས་ཚུལ་དེ་གཞན་ཞིག་ཏུ་འགྱུར་བ་སྟེ། (དཔེར་ན།) བདེ་སྡུག་ཐམས་ཅད་རང་བཞིན་གནས་འགྱུར་བ་ཞེས་པ་ལྟ་བུ། |
| གནས་འཇུག |
(མངོན་བརྗོད།) ཉིན་མོ། |
| གནས་འཕོ་བ |
1.སྡོད་གནས་གཞན་དུ་འགྱུར་བ། 2.སྐྱེ་གནས་གཞན་དུ་འགྱུར་བ། 3.གོ་གནས་གཞན་དུ་འགྱུར་བ། |
| གནས་འབེབས་པ |
1.གནས་གཞིའམ་སྡོད་ས་གཏན་འཆའ་བ་སྟེ། (དཔེར་ན།) གྲོང་ཁྱེར་གྱི་ནང་ནས་གྲོང་གསེབ་ཏུ་གནས་འབེབས་པ་ལྟ་བུ།2.གོ་གནས་གཅོག་པ་སྟེ། (དཔེར་ན།) ལས་ཉེས་བྱེད་འཛོལ་ལ་གཞིགས་ནས་གནས་འབེབས་བྱེད་དགོས་ལྟ་བུ། |
| གནས་འཛིན་བུ་མོ |
(མངོན་བརྗོད།) མཚན་མོ། |
| གནས་འོག་མ |
འདོད་ཁམས། |
| གནས་ཡིག |
ལྷ་ཁང་དང་གནས་ཀྱི་ལོ་རྒྱུས་ཀྱི་ཡི་གེ། |
| གནས་ཡུལ |
སྡོད་སའི་ཡུལ། |
| གནས་ཡུལ་དོམ་ལ |
ལ་ཞིག་སྟེ། བོད་ཀྱི་སྨན་གླིང་རྫོང་གི་ལྷོ་རྒྱུད་དུ་ཡོད། |
| གནས་རི |
ལྷ་གནས་པའི་རི། |
| གནས་རྟེན |
1.ཆོས་ལུགས་ཀྱི་གནས་འགངས་ཅན་དང་རྟེན་གསུམ། 2.གནས་སའམ་གནས་གཞི། |
| གནས་ལན |
ཕར་གནས་ཚུལ་ཡི་གེ་བཏང་བའི་ཡིག་ལན། |
| གནས་ལུགས |
1.དངོས་པོ་རྣམས་ཀྱི་རང་གཤིས་སམ་ངོ་བོའི་དོན་ཏེ། (དཔེར་ན།) འཇིག་རྟེན་གྱི་གནས་ལུགས་ཞེས་པ་ལྟ་བུ།2.ཐུན་མོང་གི་གོམས་སྲོལ་དུ་གྱུར་པའི་ལུགས་སྲོལ་གྱི་མིང་སྟེ། (དཔེར་ན།) ས་ཆ་རེ་ལ་གནས་ལུགས་རེ། གནས་ལུགས་དང་མི་མཐུན་པའི་སྤྱོད་པ་ཞེས་པ་ལྟ་བུ།3.བྱ་དངོས་ཀྱི་ཆོས་ཉིད་ཀྱི་མིང་སྟེ། (དཔེར་ན།) འབྲོག་དབུལ་རྒན་པོས་ལུག་སྔ་གཏོང་འཕྱི་སྡུད་བྱས་ན་ལེགས་པའི་གནས་ལུགས་བཤད་ལྟ་བུ། |
| གནས་ལུགས་མཛོད |
ཀློང་ཆེན་མཛོད་བདུན་གྱི་ཡ་གྱལ་ཞིག་མེད་པ། ཕྱལ་བ། ལྷུན་གྲུབ། གཅིག་པུའི་རྣམ་གྲངས་རང་བཞིན་རྫོགས་པ་ཆེན་པོའི་རྒྱུད་སྡེའི་རང་སྐད་མ་ཉམས་པར་བརྗོད་དོན་ཐ་དད་དུ་གནད་འགག་བཀྲོལ་ཞིང་ཡིན་ལུགས་གནད་ཐོག་ཏུ་ཕབ་ནས་འགག་བསྡམས། རང་གྲོལ་བསམ་ངོ་ལས་འདས་པའི་ཆིངས་སུ་བཅིངས། འབད་རྩོལ་རྒྱུ་འབྲས་ལ་མ་ལྟོས་པར་ལ་བཟླ་བ་རྡོ་རྗེའི་གནས་ཆེན་པོ་བཅུ་དྲུག་གསལ་བར་སྟོན་པ་མཛོད་ཁང་ངམ་ལེའུ་ལྔ་པའི་བདག་ཉིད་ཅན་རྩ་འགྲེལ་གཉིས་ལྡན་གྱི་གཞུང་འདི་དུས་རབས་བཅུ་བཞི་པར་ཀུན་མཁྱེན་ཀློང་ཆེན་གྱིས་མཛད་པའོ། ། |
| གནས་ལྔ |
ལུས་ཀྱི་གནས་ལྔ་སྤྱི་བོ། མགྲིན་པ། སྙིང་ག།ལྟེ་བ། གསང་གནས་བཅས་སོ། ། |
| གནས་སྐབས |
ཐག་ཉེ་བའི་དུས་དང་དུས་ཡུན་ཐུང་ངུ་ཙམ་གྱི་མིང་སྟེ། (དཔེར་ན།) གནས་སྐབས་སུ་དཀའ་ཚེགས་ཅུང་ཟད་ཆེ། གནས་སྐབས་ཀྱི་ཕན་པ་ཙམ་བསམས་ནས་ཕུགས་ཀྱི་འདུན་པ་ཆེན་པོ་འདོར་མི་རུང་ལྟ་བུ། |
| གནས་སྐབས་བཞི |
ལུས་ལ་རྩ་རླུང་ཐིག་ལེ་རྫོགས་པས་གནས་སྐབས་བཞི་འབྱུང་དེ་གསུམ་གྱི་རང་ངོ་མ་ཤེས་ཤིང་གཟུང་འཛིན་དུ་ཞེན་པའི་དབང་ལས་ཚོགས་དྲུག་མི་གསལ་བར་ཀུན་གཞི་ལ་བསྡུས་པ་གཉིད་འཐུག་པོའི་གནས་སྐབས་དང༌། དེ་ལས་ཡིད་འདུ་བྱེད་དང་བཅས་པ་རྨི་ལམ་གྱི་གནས་སྐབས་དང༌། ཚོགས་དྲུག་ཡུལ་ལ་འཇུག་པ་ཐ་མལ་གྱི་དུས་ཏེ་སད་པའི་དུས་དང༌། དེ་ལས་འཕོ་བའི་བག་ཆགས་ཉམས་སུ་མྱོང་བ་སྙོམས་འཇུག་གི་གནས་སྐབས་ཏེ་བཞིའོ། ། |
| གནས་སྐབས་བརྒྱད |
སྔགས་ལུགས་ལས་བཤད་པའི་ས་ཆུ་མེ་རླུང་དང༌། དཀར་ལམ། དམར་ལམ། ནག་ལམ། སྣང་བ་བཅས་ཐིམ་རིམ་གྱི་གནས་སྐབས་བརྒྱད། |
| གནས་སྐབས་ལམ་ཡིག |
དུས་བཅད་ལྟར་ས་གནས་ག་གེ་མོར་འགྲོ་ཆོག་པའི་ཡི་གེ། |
| གནས་སྐོར |
གནས་རྟེན་རིམ་བཞིན་མཇལ་གྱིན་འགྲོ་བ། |
| གནས་སྐོར་བ |
གནས་རྟེན་མཇལ་སྐོར་བྱེད་མཁན། |
| གནས་སྤར |
1.སྡོད་གནས་སྤོ་བ། 2.གོ་ས་སྤར་བ། 3.ཆོས་ལུགས་ལྟར་གཤིན་པོའི་རྣམ་ཤེས་གནས་གོང་མར་སྤར་བ། |
| གནས་སྤོ་བ |
སྡོད་གནས་གཞན་དུ་སྤོ་བ་སྟེ། (དཔེར་ན།) སྡོད་ཁང་གསར་པའི་ནང་དུ་གནས་སྤོ་བ། དབྱར་དུས་རུ་བ་རྣམས་རྩྭ་ཆུ་གང་བཟང་དུ་གནས་སྤོ་བ་ཞེས་པ་ལྟ་བུ། |
| གནས་སྦྱིན་པ |
སྡོད་ས་སྤྲོད་པ། |
| གནས་སྦྱིན་པའི་སློབ་དཔོན |
གནས་ཀྱི་སློབ་དཔོན་དང་དོན་གཅིག |
| གནས་སྲུང་པོ |
(མངོན་བརྗོད།) རྣམ་ཐོས་སྲས། |
| གནུབས |
གཙང་རིན་སྤུངས་ཁུལ་གྱི་ལུང་པ་ཞིག་དང་དེར་གནས་བོད་ཀྱི་ཡབ་འབངས་རུས་དྲུག་ནང་གི་རུས་མིང་ཞིག |
| གནུབས |
བོད་ཀྱི་རུས་ཤིག |
| གནུབས་སངས་རྒྱས་ཡེ་ཤེས |
ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བྱུང་ནས་བོད་དང༌། བལ་པོ་དང༌། རྒྱ་གར་དང༌། བྲུ་ཤའི་མཁས་པ་མང་པོ་བསྟེན་ཞིང༌། འདི་ལ་མདོ་སྒྱུ་སེམས་གསུམ་གྱི་བཀའ་ཐམས་ཅད་གཅིག་ཏུ་བབས་པ་ཡིན་པར་གྲགས། སོ་ཟུར་གནུབས་གསུམ་གྱི་ཡ་གྱལ་ཞིག |
| གནོང |
(བྱེད་མེད་ལས་ཚིག) འཛེམ་དོགས་བྱེད་པའི་དོན་ཏེ། (དཔེར་ན།) རང་སྐྱོན་ལ་མ་གནོང་། རྟ་རྒན་རྒྱབ་རྨ་ལ་གནོང་ལྟ་བུ། |
| གནོང་བ |
(བྱེད་འབྲེལ་ལས་ཚིག) ངོ་ཚ་བར་གོ་བའི་བྱ་མིང་། |
| གནོང་བཀུར་བ |
རང་གི་ཉེས་པ་ཁས་ལེན་པ། |
| གནོང་བག |
སེམས་ཞུམ་པའམ་ངོ་ཚ་བའི་རྣམ་པ། |
| གནོང་མེད་པ |
ཉེས་སྐྱོན་གྱི་གནོང་འགྱོད་མེད་པ། |
| གནོང་འཁུར་བ |
རང་སྐྱོན་རང་གིས་ངོས་ལེན་པ་སྟེ། (དཔེར་ན།) གཞན་གྱིས་སྣ་མཛུབ་མ་བཙུགས་གོང་དུ་རང་གནོང་འཁུར་བ་ཞེས་ལྟ་བུ། |
| གནོང་འགྱོད |
ཉེས་སྐྱོན་བྱུང་བའི་གནོང་དང་འགྱོད་པ་སྟེ། (དཔེར་ན།) རང་སྐྱོན་ལ་གནོང་འགྱོད་སྐྱེས་ཏེ་ཕྱིས་འདོམས་བྱེད་ཅེས་པ་ལྟ་བུ། |
| གནོང་ལེན་པ |
ཉེས་པ་ལ་ངོ་ཚ་བའི་རྣམ་འགྱུར་སྟོན་པ་སྟེ། (དཔེར་ན།) མི་མང་གི་དབུས་སུ་རང་སྐྱོན་གྱི་གནོང་ལེན་པ་ཞེས་པ་ལྟ་བུ། |
| གནོངས |
གཞན་ལ་བྱིན་པའི་དོན་དུ་གོ་བའི་གནོང་གི་སྐུལ་ཚིག་སྟེ། (དཔེར་ན།) བྱས་རྗེས་ཅན་ལ་བྱ་དགའ་གནོངས་ཤིག་ལྟ་བུ། |
| གནོངས་པ |
ངོ་ཚོ་བའི་དོན་དུ་གོ་བའི་གནོང་བའི་འདས་པ། |
| གནོད |
1.(བྱེད་འབྲེལ་ལས་ཚིག) གྱོང་གུད་གཏོང་བ་སྟེ། (དཔེར་ན།) ནད་ཡམས་ལུས་ལ་གནོད། ཐན་པ་ཞིང་ལ་གནོད། ཆང་འཐུངས་པ་མང་ན་ལུས་ལ་གནོད་ལྟ་བུ། 2.བརྩེ་དུང་ཉམས་པར་བྱེད་པ་སྟེ། (དཔེར་ན།) ཚིག་རྩུབ་སེམས་ལ་གནོད་ལྟ་བུ། |
| གནོད་གནས |
གནོད་སྦྱིན་ནམ། མི་མིན་ནོར་ལྷའི་རིགས། |
| གནོད་ཉེན |
གནོད་འཚེའི་ཉེན་ཁ་སྟེ། (དཔེར་ན།) བཙན་འཛུལ་བྱེད་མཁན་ཇི་སྲིད་གནས་པ་དེ་སྲིད་དམག་འཁྲུག་གི་གནོད་ཉེན་ཡོད་ཅེས་པ་ལྟ་བུ། |
| གནོད་དོགས |
བར་ཆད་འབྱུང་བའི་བློ་དོགས་ཏེ། (དཔེར་ན།) དུས་ཀུན་གནོད་དོགས་ཡོད་ཚེ་ཡིད་གཟབ་བྱ་ཞེས་པ་ལྟ་བུ། |
| གནོད་པ |
1.(བྱེད་འབྲེལ་ལས་ཚིག) སྡུག་བསྔལ་བ། གཙེ་བ་དང་གྱོང་གུད་དུ་གཏོང་བའི་བྱ་ལས་ཀྱི་མིང་སྟེ། (དཔེར་ན།) གཞན་གྱིས་གནོད་པ་མ་བྱས་ན། རང་གིས་གཞན་ལ་གནོད་མི་བྱེད་ཅེས་པ་ལྟ་བུ།2.གཞན་ལ་གནོད་པའི་ནུས་པ་དང་བྱ་སྤྱོད་སོགས་ཀྱི་དོན་ཏེ། (དཔེར་ན།) སྦྲུལ་གྱི་གནོད་པ། དུག་གི་གནོད་པ་ཞེས་པ་ལྟ་བུ། |
| གནོད་པ་གཤོམ་པ |
འཚེ་བ་བྱེད་པར་གྲ་སྒྲིག་པ། |
| གནོད་པ་བཟློག་པའི་གསོ་སྦྱོང |
མཐུན་པའི་གསོ་སྦྱོང་ལས་དུས་མ་ངེས་པའི་གསོ་སྦྱོང་གི་གྲས་ཤིག་སེར་བ་དང༌། ཆོམ་རྐུན། ནད་ཡམས་སོགས་གནོད་པ་བྱུང་ཟིན་བཟློག་པའམ་སླར་མི་འབྱུང་བའི་ཕྱིར་གསོ་སྦྱོང་བྱེད་པའོ། ། |
| གནོད་པ་སྐྱེལ་བ |
གཞན་ལ་འཚེ་བར་བྱེད་པ་སྟེ། (དཔེར་ན།) གཞན་ལ་གནོད་པ་སྐྱེལ་བའི་ལས་མི་བྱེད། མིང་གི་རྣམ་གྲངས་ལ་ངན་བྱེད་པ་དང༌། ཉེས་བྱེད། མཐོ་འཚམས་པ། གནོད་སྐྱེལ་བ། རྣམ་འཚེ། འཚེ་བར་བྱེད་བཅས་སོ། ། |
| གནོད་པའི་ལྷག་མ་གཉིས |
དགེ་འདུན་ལྷག་མ་བཅུ་གསུམ་གྱི་ནང་གསེས། གཞི་མེད་ཀྱི་སྐུར་འདེབས་དང༌། བག་ཙམ་གྱི་སྐུར་འདེབས་གཉིས་ནི་གནོད་པ་ལས་གྱུར་པའི་ལྷག་མའོ། ། |
| གནོད་པར་བྱེད་པའི་མི་དགེ་བ |
སེམས་ཅན་ལ་གནོད་པ་བྱེད་པ་སྟེ། (དཔེར་ན།) གནོད་པས་འཛག་པ། རྐྱེན་ངན་ཕྲད་དེ་ལུས་ཟུངས་ས་བོན་ཤོར་བ་ལྟ་བུ། |
| གནོད་བསྙེན |
ཀུན་འབྱུང་བ། |
| གནོད་བྱེད་གདོན་བགེགས |
གནོད་པ་གཏོང་མཁན་འདྲེ་དང་འབྱུང་པོ་སོགས། |
| གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ |
ཕན་བཏགས་པའི་སེམས་ཅན་ལ་སོགས་པ་གཞན་གྱིས་བརྡེག་པ་དང༌། བཅིང་བ་ལ་སོགས་པའི་གནོད་པ་སྣ་ཚོགས་བྱེད་ཀྱང་དེ་ལ་མི་ཁྲོ་ཞིང་ངན་སེམས་མི་སྐྱེ་བ། |
| གནོད་མིག |
སྡང་མིག་གམ་ཚིག་པ་ཟ་བའི་ལྟ་སྟངས། |
| གནོད་ཚིག |
གཞན་ལ་ཕོག་ཐུག་བྱེད་པའི་སྐད་ཆ་སྟེ། (དཔེར་ན།) དགོས་མེད་ཞེན་པ་སྲེག་པའི་གནོད་ཚིག་མ་བཤད་ཅེས་པ་ལྟ་བུ། |
| གནོད་ཟད་པ |
འགོག་པ། |
| གནོད་ཟས |
གཟུགས་ཁམས་ལ་མི་འཕྲོད་པའི་ལྟོ། |
| གནོད་ཟློག་གསོ་སྦྱོང |
གསོ་སྦྱོང་གསུམ་གྱི་ནང་གསེས་བར་ཆད་ཟློག་བྱེད་གསོ་སྦྱོང་ཞིག |
| གནོད་འགྱེད་པ |
གནོད་པ་གཏོང་བའམ། སྡུག་བསྔལ་བཟོ་བ་སྟེ། (དཔེར་ན།) སྒྲིག་ལམ་ལ་གནོད་འགྱེད་པ། སྤྱི་པའི་ཁེ་ཕན་ལ་གནོད་འགྱེད་པ་ཞེས་པ་ལྟ་བུ། |
| གནོད་འཚེ |
གནོད་པ་དང་གླགས་འཚོལ་བའི་བྱ་སྤྱོད་ཀྱི་མིང་སྟེ། (དཔེར་ན།) ཞི་བདེ་ལ་གནོད་འཚེ་གཏོང་བའི་བཙན་རྒྱལ་རིང་ལུགས་པར་ངོ་རྒོལ་བྱེད་པ་ཞེས་པ་ལྟ་བུ། |
| གནོད་རྐྱེན |
མི་བདེ་བ་སྐྱེད་བྱེད། |
| གནོད་ལན |
ངན་བྱས་པའི་ལན་པོ་སྟེ། (དཔེར་ན།) དུས་ཡུན་རིང་སོང་ཡང་གནོད་ལན་འཇལ་སེམས་མི་གཏོང་ལྟ་བུ། |
| གནོད་ལྟས |
གནོད་འཚེ་འོང་བའི་སྔོན་རྟགས། |
| གཙང་ཁྲུས |
དྲི་མ་གཙང་སེལ་བྱེད་པའི་ཁྲུས་ཏེ། (དཔེར་ན།) ཞོགས་པ་རེ་རེ་བཞིན་གདོང་དང་ལག་པ་གཙང་ཁྲུས་བྱེད་ཅེས་པ་ལྟ་བུ། |
| གཙང་གནས |
(མངོན་བརྗོད།) དྲང་སྲོང༌། |
| གཙང་ཆག |
ཁྲལ་རིགས་རྩ་ཆག་བྱུང་བ་སྟེ། (དཔེར་ན།) ཁྲལ་རྒྱུག་མི་དགོས་པར་གཙང་ཆག་བྱུང་སོང༌ཞེས་པ་ལྟ་བུ། |
| གཙང་ཆུ |
1.གཙང་པོའི་ཆུ། 2.གཙང་གི་ས་ཆ་བརྒྱུད་ནས་འབབ་པའི་ཆུ་བོ། 3.ཆུ་གཙང་མ། |
| གཙང་ཆུང་ཀརྨ་ཆོས་གྲགས་རྒྱ་མཚོ |
རྒྱ་མཚོ་རྣམ་གསུམ་གྱི་ཡ་གྱལ་སྐར་རྩིས་ལ་མཁས་པར་གྲགས་ཤིང༌། དེའི་སློབ་མ་ནོར་བཟང་རྒྱ་མཚོ། ཕུག་པ་ལྷུན་གྲུབ་རྒྱ་མཚོ་བཅས་རྒྱ་མཚོ་རྣམ་གསུམ་མོ། ། |
| གཙང་ཉ |
གཙང་ཆུ་རྒྱུག་པའི་ནང་གནས་པའི་ཉ་མོ་སྟེ། རོ་མངར། ཞུ་རྗེས་ཅུང་བསིལ། ནུས་པས་ཟས་འཇུ། ཡི་ག་འབྱེད། བད་ཀན་སྨུག་པོ་ལ་ཕན། |
| གཙང་དག |
ཡོངས་སུ་དག་པའམ་ལྷག་མ་མེད་པ་སྟེ། (དཔེར་ན།) གད་སྙིགས་རྣམས་རྩ་མེད་གཙང་དག་བཟོ་དགོས་ལྟ་བུ། |
| གཙང་དབྲེ |
1.གཙང་མ་དང་བཙོག་པ། 2.ཡི་གར་འོང་བ་དང༌། ཡི་གར་མི་འོང་བ། |
| གཙང་དམེ |
གཙང་རྨེ་དང་འདྲ། |
| གཙང་དུས |
དུས་ཚོད་རྫོགས་པའི་སྐབས་ཏེ། (དཔེར་ན།) གུང་སེང་གཙང་དུས་ཕྱིར་ལོག་ཡོང་ཞེས་པ་ལྟ་བུ། |
| གཙང་པ |
གཙང་ཕྱོགས་ཀྱི་ཡུལ་མི། |
| གཙང་པ་བདུན་བརྒྱུད |
རྗེ་ཙོང་ཁ་པ་སྐུ་གཤེགས་རྗེས་དགའ་ལྡན་ཁྲི་པ་བྱེད་མཁན་གཙང་པ་ཁོ་ན་ཡིན་པའི་རྒྱལ་ཚབ་རྗེ་དང༌། མཁས་གྲུབ་རྗེ། ཞ་ལུ་པ་ལེགས་པ་རྒྱལ་མཚན། བློ་གྲོས་ཆོས་སྐྱོང༌། བ་སོ་ཆོས་ཀྱི་རྒྱལ་མཚན། བློ་གྲོས་བརྟན་པ། སྨོན་ལམ་དཔལ་བ་སྟེ་བདུན། |
| གཙང་པ་བསྟན་སྐྱོང་དབང་པོ |
དུས་རབས་བཅུ་བདུན་པ་ཙམ་ལ་བོད་ཀྱི་སྲིད་དབང་འཛིན་མཁན་ཞིག་ཡིན་ལ། འདིས་ཀརྨ་བཀའ་བརྒྱུད་ཀྱི་ཞྭ་དམར་བ་དང་ཇོ་ནང་པའི་གྲུབ་མཐའ་ལ་རྒྱབ་སྐྱོར་དང་དགེ་ལུགས་པའི་གྲུབ་མཐའ་ལ་སྡང་པོ་བྱས་པས་རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ལོར་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་བཟུང་ནས་བཀྲོངས། |
| གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེ |
རབ་བྱུང་གསུམ་པའི་ལྕགས་མོ་སྦྲུལ་གྱི་ལོ་གཙང་མྱང་སྟོད་ཁུ་ལེའི་ཡུལ་དུ་འཁྲུངས། གདུང་རུས་རྒྱ་བྱ་བའི་རྒྱུད་ཡིན། དགུང་ལོ་ཉེར་གཉིས་པར་གྲུབ་ཆེན་གླིང་རས་པ་བསྟེན་པས་དེའི་བུ་ཆེན་དུ་གྱུར། ཀློང་རྡོལ་དང་ར་ལུང་དགོན་པ་བཏབ། སླད་ནས་ཞེ་དྲུག་ལོ་དབུས་ཕྱོགས་གནམ་གྱི་ཕུར་འབྲུག་དགོན་པ་ཕྱག་བཏབ། ཙ་རིའི་གནས་སྒོ་ཕྱེ། སློབ་བརྒྱུད་བཟང་པོ་ཆེས་མང་དུ་འཕེལ་བས་མི་ཕྱེད་འབྲུག་པ། འབྲུག་ཕྱེད་སྤྲང་པོ། སྤྲང་ཕྱེད་གྲུབ་ཐོབ་ཅེས་གྲགས། རང་ལོ་ལྔ་བཅུ་ང་གཅིག་པ་རབ་བྱུང་བཞི་པའི་ལྕགས་ལུག་ལོར་འདས། |
| གཙང་པོ |
ཆུ་ཀླུང་ཆེན་པོ་སྟེ། མིང་གི་རྣམ་གྲངས་ལ་གླིང་ལྡན་མ་དང༌། རྒྱུན་ལྡན། ངོགས་ལྡན། ཆུ་རྒྱུན། ཉ་ལྕིབས་ཅན། འབབ་ཆུ། མཚོར་འབབ། གཡོ་ལྡན། རླབས་ལྡན་བཅས་སོ། ། |
| གཙང་པོ་འཕྲེད་བཅད |
གཙང་པོའི་ཚུ་རོལ་ནས་ཕ་རོལ་ཏུ་ཐད་ཀར་བཅད་པ་སྟེ། (དཔེར་ན།) མི་རྐྱལ་རྩལ་ཅན་གྱིས་གཙང་པོ་འཕྲེད་བཅད་ཀྱིས་འགྲོ་བ་ལྟ་བུ། |
| གཙང་བ |
1.དག་པ་སྟེ། (དཔེར་ན།) བུ་ལོན་གཙང་བ། དུས་སྒོ་གཙང་སོང༌ཞེས་པ་ལྟ་བུ། 2.(རྒྱན་ཚིག) གཙང་མ་དང་དོན་འདྲ། (དཔེར་ན།) ཤིན་ཏུ་གཙང་བའི་ཟས། ཧ་ཅང་གཙང་བའི་ཁང་བ། ཁ་གཙང་བ(འཆལ་གཏམ་སོགས་མི་བཤད་པ)ཞེས་པ་ལྟ་བུ། |
| གཙང་བཙོག |
ཡིད་དུ་འོང་བ་དང༌། སྐྱུག་བྲོ་བ། |
| གཙང་བཤང |
གད་སྙིགས་སོགས་གཙང་མར་བཤང་བ་སྟེ། (དཔེར་ན།) ཆུ་སྦུབས་འགགས་པ་གཙང་བཤང་བྱེད་ཅེས་པ་ལྟ་བུ། |
| གཙང་བཤལ |
ཆུ་གཙང་མས་དྲི་མའི་ལྷག་མ་དག་པར་བཀྲུ་བ་སྟེ། (དཔེར་ན།) སྐྲ་དང་གོས་བཀྲུས་ཏེ་གཙང་བཤལ་བཏང་བ། དཀར་ཡོལ་གཙང་བཤལ་བྱེད་ཅེས་པ་ལྟ་བུ། |
| གཙང་བཤུས |
ཡི་གེ་དང་རི་མོ་དཔེ་ཇི་མ་ཇི་བཞིན་གཙང་མར་བྲིས་པ་སྟེ། (དཔེར་ན།) མ་ཟིན་གཞིར་བཟུང་གིས་གཙང་བཤུས་བྱས་པ། གཟུགས་རིས་མ་དཔེའི་སྟེང་ནས་གསར་པ་ཞིག་གཙང་བཤུས་བྱས་ཞེས་པ་ལྟ་བུ། |
| གཙང་བཤེར |
མཐར་ཐུག་པར་བཤེར་བ་སྟེ། (དཔེར་ན།) མཛོད་ཁང་དུ་ཉར་བའི་དངོས་རིགས་གཙང་བཤེར་བྱེད་པ་ཞེས་པ་ལྟ་བུ། |
| གཙང་བོ |
1.ཆུ་བོ་ཆེན་པོ་སྤྱིའི་མིང་སྟེ། (དཔེར་ན།) ལྷ་སའི་གཙང་བོ། ཡར་ཀླུང་གཙང་བོ་ཞེས་པ་ལྟ་བུ། 2.བོད་དབུས་ཀྱི་ཆུ་ཆེན་དང་པོ་ཡར་ཀླུང་གཙང་བོའི་མིང་བསྡུས་པ། |
| གཙང་བྱེད |
(མངོན་བརྗོད།) 1>མེ། 2> རྩྭ་ཀུ་ཤ། 3>བརྒྱ་བྱིན། |
| གཙང་བྲིས |
1.ཡི་གེའམ་རི་མོ་གཏན་འབེབས་ཀྱི་གཙང་བཤུས་ཏེ། (དཔེར་ན།) ཟིན་བྲིས་ཞུ་དག་བཏང་ནས་གཙང་བྲིས་བྱེད་པ་ཞེས་པ་ལྟ་བུ།2.གཙང་པས་འབྲི་རྒྱུན་གྱི་རི་མོའམ་ཡི་གེའི་རུས། |
| གཙང་མ |
(མངོན་བརྗོད།) ཧོར་ཟླ་ལྔ་པ། |
| གཙང་མཆོད |
ཕུད་མ་ཉམས་ཤིང་བཙོག་པས་མ་སྦགས་པའི་མཆོད་པ་སྟེ། (དཔེར་ན།) ལྷ་ལ་གཙང་མཆོད་འབུལ་བ་ཞེས་པ་ལྟ་བུ། |
| གཙང་མའི་གནས |
བསམ་གཏན་བཞི་པའི་ལྷ་རིས་ཤིག |
| གཙང་མའི་གནས་ལྔ |
འཕགས་པ་ཁོ་ན་གནས་པའི་ལྷ་ཡུལ་ལྔ་སྟེ། མི་ཆེ་བ་དང༌། མི་གདུང་བ། ཤིན་ཏུ་མཐོང་བ། གྱ་ནོམ་སྣང་བ། འོག་མིན་བཅས་སོ། ། |
| གཙང་མའི་ཟླ་བ |
ཧོར་ཟླ་ལྔ་པའི་མར་ངོ་ནས་ཟླ་བ་དྲུག་པའི་ཡར་ངོ་རྫོགས་པའི་བར་གྱི་མིང༌། |
| གཙང་ཟོན |
གཙང་ལ་བཟོས་པའི་ཟོན་པ། |
| གཙང་འགྲམ་ལྷ་ཁང |
སྲོང་བཙན་སྒམ་པོའི་སྐབས་བཏབ་པ་གཙང་གཞིས་ཀ་རྩེའི་ས་ཁུལ་དུ་ཡོད་པའི་མཐའ་འདུལ་གྱི་གཙུག་ལག་ཁང་བཞིའི་ཡ་གྱལ་ཞིག |
| གཙང་འཕྱར |
འབྲུ་རླུང་ལ་ཕྱར་ཏེ་གད་གཙང་བཟོ་བ། |
| གཙང་འཕྲོག |
རྦད་དེ་འཕྲོག་པ་སྟེ། (དཔེར་ན།) ཡུལ་ལུང་གཙང་འཕྲོག ཁྱིམ་ནང་གི་རྒྱུ་ནོར་གཙང་འཕྲོག་བྱས་ཞེས་པ་ལྟ་བུ། |
| གཙང་རིས |
1.གཙང་པའི་ལག་རྒྱུན་གྱི་ཡི་གེ་དང༌། རི་མོ་འབྲི་གཟུགས། 2.གནས་གཙང་མའི་ལྷ་གནས། |
| གཙང་རིས་པ |
གནས་གཙང་མའི་ལྷ། |
| གཙང་རུམ |
གཙང་ནས་ཐོན་པའི་རུམ། |
| གཙང་རྨེ |
དྲི་མ་མེད་པའམ་གཙང་མ་དང༌། དྲི་མ་ཅན་ནམ་བཙོག་པ། |
| གཙང་རྩིས |
རྩིས་ཁམས་དྭངས་རྒྱག་པ་སྟེ། (དཔེར་ན།) ལོ་འཁོར་གྱི་བྱུང་སོང་ཚང་མ་གཙང་རྩིས་རྒྱག་པ་ཞེས་པ་ལྟ་བུ། |
| གཙང་ལེགས་གྲུབ |
སྔར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་བོད་ཀྱི་སད་མི་མི་བདུན་གྱི་ཡ་གྱལ་ཞིག |
| གཙང་ཤོག |
1.གཙང་ནས་ཐོན་པའི་ཤོག་བུ། 2.ཤོག་བུ་གཙང་མ། |
| གཙང་སིང་ངེ་བ |
རྙོག་རྡུལ་མི་གཙང་བའི་རིགས་མེད་པ་སྟེ། (དཔེར་ན།) ས་ཆ་གཙང་སིང་ངེ་བ་ཞིག་ལ་ངལ་གསོས་ཞེས་པ་ལྟ་བུ། |
| གཙང་སེལ |
ལྷག་མ་མེད་པར་བཟོ་བ་སྟེ། (དཔེར་ན།) སྐྱོན་ཆ་ཚང་མ་གཙང་སེལ་བཟོས་པ། དཀའ་ཚེགས་གཙང་སེལ། ལུགས་ངན་གཙང་སེལ། བུ་ལོན་གཙང་སེལ་ཞེས་པ་ལྟ་བུ། |
| གཙང་སྣམ |
གཙང་ཕྱོགས་ནས་བཏགས་པའི་སྣམ་བུ། |
| གཙང་སྤྱོད |
1.ཚངས་པར་སྤྱོད་པའམ་རྣམ་པར་དག་པའི་སྤྱོད་པ། 2.(ཡུལ་སྐད།) གསང་སྤྱོད། |
| གཙང་སྤྲོད |
བུ་ལོན་སོགས་ཆ་ཚང་འཇལ་བ་སྟེ། (དཔེར་ན།) གཡར་དངུལ་རྣམས་གཙང་སྤྲོད་བྱས་ཟིན་ཞེས་པ་ལྟ་བུ། |
| གཙང་སྦྱོར |
(བརྡ་རྙིང་།) གྲྭ་པའི་ཟས་ཀྱི་ཞལ་ཏ་བ། |
| གཙང་སྦྲ |
ཁྲུས་དང་བྱི་དོར་གྱི་བྱ་བ་སྟེ། (དཔེར་ན།) གཙང་སྦྲ་ལ་དང་དོད་བྱས་པ། གཙང་སྦྲ་ཡག་པོ་བྱས་པ། གཙང་སྦྲ་འཕྲོད་བསྟེན་ཞེས་པ་ལྟ་བུ། |
| གཙང་སྨན་ཡེ་ཤེས་བཟང་པོ |
ལྷ་ས་ལྕགས་པོ་རིའི་གསོ་རིག་འགྲོ་ཕན་གླིང་གི་སྨན་པ་མཁས་ཆེན་ཞིག་རབ་བྱུང་བཅུ་གཉིས་པའི་སྨད་ཙམ་དུ་རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་དང༌། ཕོ་ལྷ་བསོད་ནམས་སྟོབས་རྒྱལ་གཉིས་ཀྱིས་མདོ་སྨད་དུ་ཆིང་ཝང་བསྟན་འཛིན་དབང་ཕྱུག་གི་བླ་སྨན་དུ་བཏང་བས། ལོ་ཤས་རིང་བླ་སྨན་པ་མཛད་དེ་རྗེས་སུ་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་སྨན་པ་གྲྭ་ཚང་བཙུགས། རྡོ་རྗེ་རབ་འབྱམས་དང༌། སོག་པོ་མེར་གན་ཨེམ་ཆི་བློ་བཟང་དར་རྒྱས་སོགས་སློབ་མ་མང་པོ་བསྐྱངས། བཀའ་རྩོམ་ཡང་སྨན་སྦྱོར་གཅེས་བསྡུས་དང༌། བྱང་ཁོག་ཡུལ་ཐིག་རྩ་འགྲེལ་སོགས་མཛད། གསོ་རིག་རྒྱུད་བཞིའི་ཁྲིད་རྒྱུན་དང་སྨན་ངོས་འཛིན་གྱི་སྐོར་སོགས་ལག་ལེན་དམར་ཁྲིད་སྲོལ་གཏོད་པ་སོགས་མདོ་སྨད་བྱང་རྒྱུད་དུ་གསོ་རིག་ལ་མཛད་རྗེས་ཤིན་ཏུ་ཆེ་ཞིང་ད་ལྟའི་བར་དུ་ཕྱག་ལེན་དེ་དག་གི་སྲོལ་རྒྱུན་མ་ཉམས་པར་གནས་སོ། ། |
| གཙབ |
གཙབས་ཀྱི་མ་འོངས་པར་གཙབ་འབྲི་བའང་ཡོད། |
| གཙབ་གདན |
ཤ་རུས་རྩྭ་ཤིང་སོགས་དུམ་བུར་གཏུབ་སའི་ཤིང་སྟན་ལྟ་བུ། |
| གཙབ་སྟན |
མཚོན་གྱིས་བཙབ་སའི་མས་གདན། |
| གཙབས |
(བྱེད་འབྲེལ་ལས་ཚིག) མ་འོངས་པ་དང་ད་ལྟ་བ་འདས་པ། གྲི་དང་སྟ་རེ་སོགས་ཀྱིས་དངོས་རྫས་དུམ་བུར་བཅད་པའི་དོན་ཏེ། (དཔེར་ན།) གཙབས་བྱའི་ཚོད་མ། ཇ་མས་ཚོད་མ་གཙབས་ཀྱིན་འདུག ཚོད་མ་གཙབས་ནས་བརྔོས་ལྟ་བུ། |
| གཙི |
(བྱེད་འབྲེལ་ལས་ཚིག) མ་འོངས་པ་དང་ད་ལྟ་བ། གཅེས་སྤྲས་དང་གུས་བཀུར་བྱེད་པའི་དོན་ཏེ། (དཔེར་ན།) གཙི་བྱའི་སྒྲིལ་ལམ་སྒྲིག་ལམ་གཙི་དགོས་ལྟ་བུ། |
| གཙིགས |
རྩིས་མཐོང་ངམ་རྩ་འགངས་ཏེ། (དཔེར་ན།) གཙིགས་ཆེན་པོ། གཙིགས་ཆུང་དུ་མཐོང་བ། ལག་རྩལ་བསྒྱུར་བཀོད་ལ་གཙིགས་ཧ་ཅང་ཆེན་པོ་བྱེད་པ། སྐྱོན་དང་ནོར་འཁྲུལ་ཕྲན་བུ་ཙམ་གྱི་རིགས་ལའང་གཙིགས་ཆུང་མ་བྱེད་ཅེས་པ་ལྟ་བུ། |
| གཙིགས |
1.(བྱེད་འབྲེལ་ལས་ཚིག) ཞེ་སྡང་དང་ན་ཟུག་སོགས་ཀྱིས་སོ་མངོན་པའི་དོན་ཏེ། (དཔེར་ན།) སྟག་གིས་ཁ་གདངས་མཆེ་བ་གཙིགས། ན་ཟུག་ལངས་ནས་སོ་གཙིགས་ལྟ་བུ། 2.(རྒྱན་ཚིག) 1>མ་ནོར་བ་དང་མི་འཛུར་བའི་དོན་ཏེ། (དཔེར་ན།) དུས་ཚོད་འཁོར་ལོ་འདི་ཧ་ཅང་གཙིགས། ཉི་འཛིན་ཟླ་འཛིན་གྱི་རྩིས་བརྒྱབ་པ་གཙིགས་མོ་རེད་ལྟ་བུ། 2>འགངས་ཆེ་བའི་དོན་ཏེ། (དཔེར་ན།) ཕུང་ཁམས་བདེ་བ་གཙིགས་ཆེན་དུ་འཛིན་དགོས། འབྲོག་ཕྱོགས་སུ་ཕྱུགས་ལས་གཙིགས་སུ་འཛིན་དགོས་ལྟ་བུ། |
| གཙིགས་གཙིགས |
(རྒྱན་ཚིག) གཅེས་གཅེས་ཕངས་ཕངས་ཏེ། (དཔེར་ན།) རྒྱལ་ཁབ་ཀྱི་འཛུགས་སྐྲུན་མ་དངུལ་གཙིགས་གཙིགས་བྱེད་པ་ཞེས་པ་ལྟ་བུ། |
| གཙིགས་པ |
(བྱེད་འབྲེལ་ལས་ཚིག) གཙིགས་པའི་བྱ་མིང་། མཆེ་བ་ཕྱིར་གཉེར་བ་སྟེ། (དཔེར་ན།) སྟག་མོ་ཁྲོས་ནས་ཁ་གདངས་མཆེ་བ་གཙིགས་པ། མཆེ་གཙིགས་སྡེར་བགྲད་ཅེས་པ་ལྟ་བུ། |
| གཙིགས་བཟུང་བ |
(བརྡ་རྙིང་།) 1>གཅེས་པ། 2>ཁས་བླངས་པ། |
| གཙིགས་བློ |
གཅེས་ཤིང་ཕངས་པའམ། རྩ་བ་ཆེན་པོར་འཛིན་པའི་བསམ་པ་སྟེ། (དཔེར་ན།) མི་དམངས་མང་ཚོགས་ཀྱི་ཧུར་སེམས་ལ་གཙིགས་བློ་དམ་པོར་འཛིན་པ་ཞེས་པ་ལྟ་བུ། |
| གཙིགས་ལ་འབེབས་པ |
(བརྡ་རྙིང་།) གཏན་ལ་འབེབས་པ། |
| གཙིགས་སུ་ཆེ་བ |
རྩིས་མཐོང་ཆེ་བའི་དོན་ཏེ། (དཔེར་ན།) ཕན་ཚུན་དགའ་ཞེན་གྱིས་གཙིགས་སུ་ཆེ་ཞེས་པ་ལྟ་བུ། |
| གཙིགས་སྣང |
རྩིས་མཐོང༌གི་དོན་ཏེ། (དཔེར་ན།) བཟོ་ལས་དང་ཞིང་ལས་གཉིས་ཀར་གཙིགས་སྣང་ཆེན་པོ་བྱེད་པ། གཙིགས་སྣང་ཆུང་བ་ཞེས་པ་ལྟ་བུ། |
| གཙིར |
བཙིར་གྱི་མ་འོངས་པའི་འབྲི་ཚུལ་གཞན། |
| གཙིས |
གཙི་བའི་འདས་པ་དང་སྐུལ་ཚིག་སྟེ། (དཔེར་ན།)་ཁ་བླངས་ཚིག་གཙིས། སྒྲིག་ལམ་གཙིས་ཤིག་ལྟ་བུ། |
| གཙུག |
མིའི་མགོ་བོའི་ཀླད་ཀྱི་དཀྱིལ་ངོས་ཀྱི་མིང་སྟེ། (དཔེར་ན།) གཙུག་ཏུ་བཀུར། གཙུག་གི་རྒྱན། སྤྱི་གཙུག་ཅེས་པ་ལྟ་བུ། |
| གཙུག་གཡུ |
ཧོར་མོའི་སྤྱི་གཙུག་ཏུ་འདོགས་པའི་གཡུ་རྒྱན། |
| གཙུག་གཡུ་ཐག་པ |
སྔར་བོད་ཀྱི་ལྷ་ལྕམ་གྱི་མགོ་རྒྱན་བྱེ་བྲག་ཅིག |
| གཙུག་ཏོར |
མགོའི་སྤྱི་བོར་རང་ཆས་སུ་སྐྱེས་པའི་ཤའི་གཙུག་ཏོར་རམ། སྐྲ་བཅིངས་པ་ལས་བྱུང་བའི་བཅོས་མའི་གཙུག་ཏོར། |
| གཙུག་ཏོར་གདུགས་དཀར་མོ |
གདུགས་དཀར་མཆོག་གྲུབ་མ་དང་དེ་ལས་གསུངས་པའི་ལྷ་མོ། |
| གཙུག་ཏོར་ཅན |
སངས་རྒྱས་རབས་བདུན་གྱི་ཡ་གྱལ་ཞིག |
| གཙུག་ཏོར་བལྟར་མི་མངོན་པ |
དབུར་གཙུག་ཏོར་ལྡན་པའི་མཚན་བཟང་དང་དོན་གཅིག |
| གཙུག་ཏོར་འཁོར་བསྒྱུར |
རིག་སྔགས་ཀྱི་ཁྲོ་རྒྱལ་ཞིག |
| གཙུག་ཏོར་རྣམ་རྒྱལ་མ |
རྣམ་རྒྱལ་མའི་གཟུངས་ལས་བྱུང་བའི་ལྷ་མོ། |
| གཙུག་ཏོར་སྡེ་ལྔ |
གཙུག་ཏོར་གདུགས་དཀར་དང༌། གཙུག་ཏོར་དྲི་མེད། གཙུག་ཏོར་རྣམ་རྒྱལ། གཙུག་ཏོར་འབར་བ། གཙུག་ཏོར་ཕུར་བུ་རྣམས་སོ། ། |
| གཙུག་ན་ཟླ་བ |
(མངོན་བརྗོད།) ལྷ་དབང་ཕྱུག་ཆེན་པོ། |
| གཙུག་ན་རིན་ཆེན |
(མངོན་བརྗོད།) ཀླུའི་རྒྱལ་པོ། |
| གཙུག་ནོར |
1.གཙུག་རྒྱན་གྱི་ནོར་བུ། 2.མཆོག་ཏུ་གྱུར་པ་དང༌། བླ་ན་མེད་པའི་དོན་ཏེ། (དཔེར་ན།) དགོས་འདོད་འབྱུང་བའི་གཙུག་ནོར་དུ་བརྩིས་པ་ལྟ་བུ། |
| གཙུག་ཕུད |
1.སྐྲའི་ཐོར་ཅོག་གི་རྩེ་དང་རལ་པ་མདུད་པའི་ཟུར་ཕུད། 2.སྐྲའི་ལན་བུའི་སྣེ། 3.རབ་བྱུང་གིས་ཐོག་མར་འབྲེག་རྒྱུའི་སྐྲ་ཕུད། 4.(མངོན་བརྗོད།) ལྷ་དབང་ཕྱུག་ཆེན་པོ། |
| གཙུག་ཕུད་ཅན |
(མངོན་བརྗོད།) 1>སྐར་མ་དུ་བ་མཇུག་རིང༌། 2>ཁྲོན་པ། 3>དྲང་སྲོང་བྱེ་བྲག་པ་ཞིག 4 >མེ། 5>རྨ་བྱ། |
| གཙུག་ཕུད་འཁྱིལ་བ |
སྐྲ་ལན་བུའམ་ལྕང་ལོ་འཁྱིལ་མོ་ཅན། |
| གཙུག་ཕུད་ལྔ་པ |
(མངོན་བརྗོད།) 1>འཇམ་དབྱངས། 2>སེང་གེ། |
| གཙུག་ཞྭ |
སྤྱི་གཙུག་ཙམ་ཁེབས་པའི་ཞྭ་མོ་ཞིག |
| གཙུག་འཁྱིལ |
སྤྱི་གཙུག་གི་སྤུ་འཁྱིལ། |
| གཙུག་འཕྲུ |
1.བྱ་དེའི་མགོ་ཤའི་ཟེ་པྲོག 2.ཞྭ་ཡི་ཏོག |
| གཙུག་རྒྱན |
སྤྱི་གཙུག་གི་རྒྱན། |
| གཙུག་ལག |
1.རིག་གནས་ཐམས་ཅད་ཀྱི་སྤྱི་མིང་སྟེ། (དཔེར་ན།) གཙུག་ལག་ཐམས་ཅད་ལ་མཁས། གཙུག་ལག་རྣམ་པ་བཞི(གནའ་དཔེར་བཤད་པའི་ཡི་གེའི་གཙུག་ལག་དང་སྒྲ་སྐད་ཀྱི་གཙུག་ལག རྣམ་པར་རིག་བྱེད་ཀྱི་གཙུག་ལག་འཇིག་རྟེན་པའི་གཙུག་ལག)ལ་མཁས་ལྟ་བུ། 2.སྡེ་སྣོད་དེ་ཆོས་དཔེའི་མིང་། |
| གཙུག་ལག་ཁང |
1.གཙུག་ལག་རིག་པའི་གནས་ལ་བརྟག་དཔྱད་དང་ཞིབ་འཇུག་བྱེད་སའི་གནས་ཀྱི་མིང་། 2.ཆོས་འཆད་སའི་ཁང་བའི་མིང་འདུ་ཁང་ཡང་ཟེར། |
| གཙུག་ལག་ཁང་ཆེན་ན་གནས་པའི་སྡེ |
སྔར་རྒྱ་གར་གྱི་ཉོན་ཐོས་སྡེ་པ་བཅོ་བརྒྱད་ཀྱི་ཡ་གྱལ་ཞིག |
| གཙུག་ལག་གསུམ |
སྡེ་སྣོད་གསུམ། |
| གཙུག་ལག་དང་པོ |
(མངོན་བརྗོད།) འཁོར་བ། |
| གཙུག་ལག་བཞི |
སྲིད་སྲུང་དང༌། ངེས་བརྗོད། མཆོད་སྦྱིན། སྙན་ཚིག་སྟེ་ཕྱི་རོལ་པའི་རིག་བྱེད་བཞི། |
| གཙུག་ལག་རིག་པ |
བརྡ་སྤྲོད་གཙོས་ཐ་སྙད་ཀྱི་རིག་གནས་ཚང་མ། |
| གཙུག་ལྡན |
(མངོན་བརྗོད།) རྨ་བྱ། |
| གཙུག་སྒྲོ |
1.བྱ་བྱེའུའི་སྤྱི་གཙུག་གི་སྒྲོ་སྤུ། 2.ཞྭ་མོའི་གཙུག་སྒྲོ། |
| གཙུག་སྤུ |
སྤྱི་གཙུག་གི་སྐྲ། |
| གཙུབ |
(བྱེད་འབྲེལ་ལས་ཚིག) མ་འོངས་པ་དང་ད་ལྟ་བ། དངོས་རྫས་ཕན་ཚུན་བརྡར་བའི་དོན་ཏེ། (དཔེར་ན།) གཙུབ་ཤིང་གཙུབ་པར་བྱ། གཙུབ་ཤིང་གཙུབ་མཁན་ཞེས་པ་ལྟ་བུ། |
| གཙུབ་གཏན |
འབྲད་རྡར་བྱེད་སའི་མས་གདན་གྱི་ཤིང༌། |
| གཙུབ་གདན |
གཙུབ་གཏན་དང་འདྲ། |
| གཙུབ་པ |
(བྱེད་འབྲེལ་ལས་ཚིག) འབྲད་པའམ་བརྡར་བ་སྟེ། (དཔེར་ན།) གཙུབ་གཏན་སྟེང་དུ་གཙུབ་ཤིང་གཙུབས་ནས་མེ་བྱུང་བ། ཙན་དན་བསིལ་བ་ཡིན་མོད་ཀྱི། གཙུབ་པར་གྱུར་ན་འབར་བར་འགྱུར་ཞེས་པ་ལྟ་བུ། |
| གཙུབ་ཤིང |
བརྡར་ནས་མེ་འདོན་བྱེད་ཡས་མས་ཀྱི་ཤིང༌། |
| གཙུབ་ཤིང་གཙུབ་སྟན |
མེ་འབྱིན་པའི་ཤིང་ཡས་མས་གཉིས། |
| གཙུབ་སྟན |
1.གནའ་དུས་ཀྱི་མིས་གཙུབ་ཤིང་གཙུབས་ནས་མེ་ལེན་པའི་ཤིང་རྟེན་གྱི་མིང་། 2.དངོས་རྫས་བསྒུལ་ནས་ས་རྡུལ་ལང་དུ་འཇུག་པའི་དོན་ཏེ། (དཔེར་ན།) ས་བརྐོས་ནས་རྡུལ་གཙུབས། ཁང་བར་རྡུལ་མ་གཙུབ་ལྟ་བུ། |
| གཙུབས |
གཙུབ་པའི་འདས་པ་དང་སྐུལ་ཚིག་སྟེ། (དཔེར་ན།) གནའ་མིས་གཙུབ་ཤིང་གཙུབས་ནས་མེ་བླངས། གྲི་ཁ་རྡོ་ལ་གཙུབས་ཤིག་ལྟ་བུ། |
| གཙུབས་པ |
གཙུབ་པའི་འདས་པ། |
| གཙེ |
(བྱེད་འབྲེལ་ལས་ཚིག) གཙེས་པའི་མ་འོངས་པ་དང་ད་ལྟ་བ། གནོད་པ་བྱས་ཏེ་འཁྲུག་ལོང་སོགས་སློང་བའི་དོན་ཏེ། (དཔེར་ན།) ཁྱི་ཁ་གཙེ། ཁྱི་ཁ་གཙེ་མཁན། ཁྱི་ཁ་མ་གཙེ་ལྟ་བུ་ཞེས་པ་ལྟ་བུ། |
| གཙེ་བ |
(བྱེད་འབྲེལ་ལས་ཚིག) གནོད་པའམ་སུན་པར་བྱེད་པ་སྟེ། (དཔེར་ན།) རྒྱལ་ཁབ་ཀྱི་བདེ་འཇགས་ལ་གཙེས་པའི་ཉེས་པ། མི་དམངས་ཀྱི་ཁེ་ཕན་ལ་གཙེ་བའི་ལོག་སྤྱོད་པ། ར་ལུག་ལ་སྤྱང་ཀིས་གཙེ་བ། ཚིག་རྩུབ་ཀྱིས་མིའི་སེམས་གཙེ་ཞེས་པ་ལྟ་བུ། |
| གཙེའུ |
སྨན་དཔྱད་ཀྱི་ཡོ་བྱད་ཅིག |
| གཙེར |
1.(བྱེད་འབྲེལ་ལས་ཚིག) མི་བདེ་བར་བྱས་པའི་དོན་ཏེ། (དཔེར་ན།) གཏམ་ངན་གྱིས་རྣ་བ་གཙེར། རྣ་སྡུག་བྱས་ལྟ་བུ། 2.གཙེ་རུ་ཞེས་པའི་ཚིག་བསྡུས་པ་སྟེ། གཙེར་འོངས། གནོད་པ་བྱེད་དུ་འོངས་ལྟ་བུ། |
| གཙེར་བ |
(བྱེད་འབྲེལ་ལས་ཚིག) རྣ་བ་སུན་པར་བྱེད་པ་སྟེ། (དཔེར་ན།) དོན་མེད་ཀུ་ཅོ་མང་པོས་རྣ་བ་གཙེར་བར་བྱེད་པ། མི་ཚོགས་མང་དུ་འདུས་ནས་ཅ་ཅོའི་སྒྲས་གཙེར་བ་ཞེས་པ་ལྟ་བུ། |
| གཙེར་སུན |
རྣ་བ་གཙེར་ཞིང་སེམས་སུན་པར་བྱེད་པའི་བརྡབས་གསིགས་ཏེ། (དཔེར་ན།) རང་འདོད་ཁོག་བཅངས་ཀྱིས་གཞན་ལ་གཙེར་སུན་བྱས་པ། ས་བདག་གིས་མི་སེར་རྣམས་ལ་གཙེར་སུན་ཚད་མེད་བཏང་ཞེས་པ་ལྟ་བུ། |
| གཙེས |
གཙེ་བའི་འདས་པ་དང་སྐུལ་ཚིག་སྟེ། (དཔེར་ན།) མི་དམངས་ཀྱི་ཚེ་སྲོག་ལ་གཙེས་པའི་བཙན་རྒྱལ་རིང་ལུགས། བཙན་རྒྱལ་རིང་ལུགས་པས་རྒྱལ་ཁབ་གཞན་ལ་གཙེས་པར་ང་ཚོས་ངོ་རྒོལ་བྱེད་དགོས་ལྟ་བུ། |
| གཙོ་གལ་ཆེ་བ |
གཙོ་གནད་ཆེ་བ་སྟེ། (དཔེར་ན།) ལས་དོན་གཙོ་གལ་ཆེ་རིགས་ཞེས་པ་ལྟ་བུ། |
| གཙོ་ཆེ་བ |
གལ་ཆེ་བའམ་གནད་ཆེ་བ་སྟེ། (དཔེར་ན།) ལས་འགན་གཙོ་ཆེ་བ། ལྕགས་ལམ་གཙོ་ཆེ་བ། ཞིང་བཏབ་སྐྱེས་དངོས་གཙོ་ཆེ་བ་ཞེས་པ་ལྟ་བུ། |
| གཙོ་དྲག |
སྔར་བོད་སྲིད་གཞུང་གི་གཞུང་སྒེར་ཆོས་གསུམ་གྱི་གཞིས་ཀ་ཁག་གི་གཞིས་སྡོད་དང་བརྒྱ་ཚོ་རྒན་པོའི་མིང༌། |
| གཙོ་ཕལ |
དྲག་པ་དང༌། དཀྱུས་མ་སྟེ། (དཔེར་ན།) ལས་བྱེད་པ་གཙོ་ཕལ་ཞེས་པ་ལྟ་བུ། |
| གཙོ་བོ |
(རྒྱན་ཚིག) 1.སྤྱི་ཁྱབ་དང༌། རྗེ་བོ་སྟེ། (དཔེར་ན།) ཁོང་གཙོ་བོར་བྱས་པའི་འཐུས་མི་ཚོགས་པ་ཞེས་པ་ལྟ་བུ། མིང་གི་རྣམ་གྲངས་ལ་ཁྱད་ཐོན་དང༌། མགོ་མ། སྔོན་མ། མཆོག་གྱུར། མཆོག་ཏུ་བྱུང་བ། དང་པོར་གྱུར་པ། དམ་པ། དྲག་ཤོས། ཕུལ་བྱུང༌། ཕྱི་ཕྱེད་མིན་པ། བླ་ན་མེད་པ། རྩེར་ཐོན། རྩེར་བྱུང༌། གཞན་ཁྱད་ཅན། རབ། རབ་རྩོམ་བཅས་སོ། །2.གནད་དམ། སྙིང་པོ་སྟེ། (དཔེར་ན།) རྒྱུ་རྐྱེན་གཙོ་བོ་ཁྱོད་ལ་ཐུག་འདུག དོན་གྱི་གཙོ་བོ་བསྟན་ནས་བཤད་སོང༌ལྟ་བུ།3.གྲངས་ཅན་པས་རྡུལ་མུན་སྙིང་སྟོབས་གསུམ་ཆ་མཉམ་པའི་གནས་སྐབས་ཀྱི་རྩ་བའི་རང་བཞིན་ཟེར་བ་འབྲས་བུ་ཐམས་ཅད་ཀྱི་རྒྱུ་བྱེད་པ་ཤིན་ཏུ་ལྐོག་ཏུ་གྱུར་པ་ཞིག་ཡོད་ཅེས་སྒྲོ་བཏགས་པ་དེའོ། ། |
| གཙོ་མ |
གསོ་མ་ཡི་མིང་གཞན། |
| གཙོ་འཁོར |
ལྷ་དང་མིའི་གཙོ་བོ་དང༌། དེའི་རྗེས་འབྲང༌། |
| གཙོ་འགན་ལེན་མི |
ལས་ཁུར་རྐང་འཛིན་བྱེད་མཁན། |
| གཙོ་འདོན |
དོན་མང་པོའི་ནང་ནས་གཅིག་དམིགས་སུ་བཀར་ནས་འདོན་པ་སྟེ། (དཔེར་ན།) སྔོན་དུ་བསམ་བློའི་སྐོར་གྱི་གནད་དོན་གཙོ་འདོན་བྱས་ནས་ཐག་གཅོད་པ། དེ་རིང་ཉམས་མྱོང་ཕྱོགས་སྡོམ་བྱ་རྒྱུའི་ཐད་གཙོ་འདོན་གྱིས་བཤད་པ་ཞེས་པ་ལྟ་བུ། |
| གཙོ་རྒན |
སྔར་རྫོང་གཞིས་འོག་གི་ཡུལ་ལུང་སོ་སོའི་འགོ་པའམ་འགོ་བྱེད། |
| གཙོ་སེམས |
རང་གི་འཁོར་དུ་བྱུང་བའི་སེམས་བྱུང་ཡོད་པའི་རྣམ་རིག་སྟེ། རྣམ་ཤེས་ཚོགས་དྲུག་ལ་སོགས་པའོ། ། |
| གཙོག |
བཙོག་གི་འབྲི་ཚུལ་གཞན། |
| གཙོགས |
གཙག་པའི་སྐུལ་ཚིག |
| གཙོགས |
1.གཙགས་ཀྱི་སྐུལ་ཚིག་སྟེ། (དཔེར་ན།) གཙགས་ཁབ་གཙོགས་ཤིག མདུང་གིས་དགྲ་ལ་གཙོགས་ཤིག་ལྟ་བུ། 2.ཁབ་སྐུད་ཀྱིས་གཙགས་དྲུབ་བྱས་པའི་དོན་ཏེ། (དཔེར་ན།) ཚེམ་བཟོ་པས་དར་ཆའི་སྟེང་དུ་རི་མོ་གཙགས་ལྟ་བུ། |
| གཙོད |
ཕྱི་དབྱིབས་ར་དང་འདྲ་ཞིང་ར་ལས་ཆེ་བའི་རི་དྭགས་ཤིག་གི་མིང་། |
| གཙོད་ཁྲག |
སྲོག་ཆགས་ལས་བྱུང་བའི་སྨན་ཞིག་སྟེ། རོ་མངར་ལ་བསྐ། ཞུ་རྗེས་སྙོམས། ནུས་པས་འཁྲུ་བ་གཅོད། སྐྱེ་རྒྱུན་འགོག |
| གཙོད་གཞུ |
གཙོད་ཀྱི་རྭ་ཅོ་ལས་བཟོས་པའི་གཞུ། |
| གཙོད་མ |
རི་དྭགས་གཙོད་ཕྲུག་གི་ཨ་མ། |
| གཙོད་རུ |
སྲོག་ཆགས་སྨན་གྱི་རིགས་ཤིག་རོ་ལན་ཚ། ཞུ་རྗེས་སྙོམས། ནུས་པས་ཟླ་མཚན་མི་སྙོམས་པ་དང༌། མངལ་དུ་ཁྲག་སྐྲན་འདྲིལ་བ། བུ་རོ་ལུས་པ། ཁོག་པ་བཤལ་བ་སོགས་ལ་ཕན། |
| གཙོབས |
གཙབ་ཀྱི་སྐུལ་ཚིག་སྟེ། (དཔེར་ན།) ཚོད་མ་གཙོབས་ཤིག་ལྟ་བུ། |
| གཙོར་འདོན |
གཙོ་འདོན་དང་འདྲ། |
| གཙོས་པ |
གཅིག་གཙོ་བོར་བཏོན་ཏེ་གཞན་རྣམས་ཞར་ལ་གོ་བའི་བསྡུས་ཚིག་གམ། ཁྱབ་བྱེད་ཀྱི་ཚིག་སྟེ། (དཔེར་ན།) ནས་ཀྱིས་གཙོས་པའི་འབྲུ་རིགས། བལ་གྱིས་གཙོས་པའི་ཡུལ་ཟོག་ཅེས་པ་ལྟ་བུ། |
| གཞག |
བཞག་གི་མ་འོངས་པ་སྟེ། (དཔེར་ན།) གཞག་བྱའི་དངོས་རྫས་ཞེས་པ་ལྟ་བུ། |
| གཞག་པ |
གནས་སུ་འཇོག་པའམ་སྒྲིག་པའི་དོན་དུ་གོ་བའི་འཇོག་པའི་མ་འོངས་པ། |
| གཞགས་པ |
བཞགས་པ་དང་འདྲ། |
| གཞང |
མི་ཕྱུགས་ཀྱི་རྒྱུ་མའི་མར་སྣའི་རྐུབ་དང་འབྲེལ་བའི་ཆ་ཤས་ཀྱི་མིང་། |
| གཞང་གྲིབ |
སྨད་འཚོང་མ་ལས་གོས་པའི་བཙོག་གྲིབ། |
| གཞང་འབྲུམ |
དྲི་ཆེན་འབབ་པའི་ལམ་ཨ་ལོང་ཁ་ནས་གྱེན་དུ་སོར་ཕྱེད་དང་ལྔ་གཞལ་བ་ལ་གཞང་ཞེས་ཟེར་བས། དེར་ཕོག་པའི་ནད་འབྲུམ་པ་ཁྲག་བཅས་འཛགས་པའི་ལྷན་སྐྱེས་རྨ་ཡི་ནང་ཚན་ཞིག |
| གཞང་འཚོང་མ |
སྨད་འཚོང་མ། |
| གཞང་ལུག་པ |
བཤང་ལམ་རྒྱུ་མ་ཕྱིར་ལུག་པའམ་རྫི་ཤ་ལུག་པའང་ཟེར། |
| གཞང་ལོག་པ |
བཤང་ལམ་རྒྱུ་མ་ཕྱིར་ལོག་པ། |
| གཞང་སྲིན |
བཤང་ལམ་དུ་སྲིན་བུས་ཟ་འཕྲུག་སྐྱེད་པའི་ནད་ཅིག |
| གཞན |
(ཚབ་ཚིག) རང་གི་ལྡོག་ཟླ་སྟེ། (དཔེར་ན།) གཞན་དོན། མི་གཞན་པ། བདག་བསྟོད་གཞན་སྨོད་མ་བྱེད། གཞན་ལ་རག་མ་ལས་ཞེས་པ་ལྟ་བུ། |
| གཞན་གནོད་གཞི་བཅས་སྤོང་བ |
སོ་ཐར་སྡོམ་པའི་ངོ་བོ་གཞན་ལ་གནོད་པ་ནི་ལུས་ངག་གི་མི་དགེ་བ་བདུན་དང༌། གཞི་ནི་འདིར་རྒྱུའི་དོན་ཏེ་ཡིད་ཀྱི་མི་དགེ་བ་གསུམ་བཅས་པ་སྤོང་བའོ། དེའང་ལེགས་སྨོན་དང་འཇིགས་སྐྱོབ་ཙམ་མིན་པར་འཁོར་བ་མཐའ་དག་ལས་ངེས་པར་འབྱུང་བའི་བསམ་པས་རྩིས་ཟིན་པ་ནི་སོར་སྡོམ་མཚན་ཉིད་པའོ། ། |
| གཞན་གཡམ |
གཞན་གྱི་ཞོར་ཏེ། (དཔེར་ན།) རང་ཉིད་ཀྱིས་རྟོག་དཔྱོད་མི་བྱེད་པར་གཞན་གཡམ་དུ་འབྲངས་ཏེ་སྐད་ཆ་གང་རུང་བཤད་ཅེས་པ་ལྟ་བུ། |
| གཞན་གསོ |
(བྱེད་འབྲེལ་ལས་ཚིག) བྱ་ཁྭ་ཏ། |
| གཞན་གསོ་རབ་དགའ |
(བྱེད་འབྲེལ་ལས་ཚིག) བྱ་རོག |
| གཞན་གསོས |
(མངོན་བརྗོད།) 1>ཁུ་བྱུག 2>བྲན་གཡོག |
| གཞན་གྱི་གཞི |
སྤྱོད་རྒྱུད་ཀྱི་བཟླས་པ་ཡན་ལག་བཞིའི་ནང་གསེས་ཤིག་སྟེ། མདུན་བསྐྱེད་བསྒོམས་ནས་དམ་ཡེ་སྤུན་གྲོགས་ཀྱི་ཚུལ་དུ་དངོས་གྲུབ་བསྒྲུབ་པའོ། ། |
| གཞན་གྱི་དངོས་པོ་སྟོང་པ་ཉིད |
འཇིག་རྟེན་པ་ལས་གཞན་འཇིག་རྟེན་ལས་འདས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་རྟོགས་པར་བྱ་བའི་ཆོས་ཉིད། |
| གཞན་གྱི་དབང་གི་མཚན་ཉིད |
མཚན་ཉིད་གསུམ་གྱི་ནང་གསེས། རྒྱུ་རྐྱེན་གཞན་གྱི་དབང་ལས་སྐྱེས་པ་རྫས་སུ་ཡོད་པའི་དངོས་པོ་ཀུན་བཏགས་ཀྱི་གདགས་གཞིར་གྱུར་ཅིང་ཀུན་གཞིའི་ཆ་ཡིན་པ། ཡང་དག་པ་མ་ཡིན་པའི་ཀུན་རྟོག་ཁམས་གསུམ་པའི་མཚན་ཉིད་ཅན་གྱི་རྣམ་པར་རིག་པ་ཙམ་ངོ་བོ་རྫས་སུ་གྲུབ་ཅིང་འཁྲུལ་ངོར་རྒྱུ་དང་རྐྱེན་ལས་བྱུང་བ། |
| གཞན་གྱི་ལོག་སྒྲུབ་བཟོད་པའི་བཟོད་པ |
གཞན་གྱི་རང་ལ་རྡུང་རྡེག་བྱེད་པ་དང་ཚིག་ངན་སྨྲ་བ་སོགས་ཀྱི་ལན་དུ་ཞེ་སྡང་མི་བྱ་བར་བྱམས་སྙིང་རྗེ་བསྐྱེད་ནས་དེར་ཕན་འདོགས་པ། |
| གཞན་གྱི་ལྕེ་རྟེན |
གཞན་གྱི་བསླབ་བྱ། |
| གཞན་གྱིས་གསོས |
(མངོན་བརྗོད།) ཁུ་བྱུག |
| གཞན་གྱིས་མི་ཐུབ་པ |
1.ཕ་རོལ་པོས་གནོད་མི་ནུས་པ། 2.ལྷ་ཁྲོ་བོ་ཞིག་གི་མཚན། 3.(མངོན་བརྗོད།) སྤང་རྒྱན། |
| གཞན་གྱིས་མི་ཐུབ་པ་དཀར་པོ |
(མངོན་བརྗོད།) ཤུ་དག་དཀར་པོ། |
| གཞན་གྱིས་རྒྱས |
(མངོན་བརྗོད།) ཁུ་བྱུག |
| གཞན་གྱིས་ལྕེས་རྟེན་པ |
གཞན་གྱིས་སྙད་འདོགས་པ། |
| གཞན་ངོ |
མི་ཕ་རོལ་པོའི་ངོ་ལ་རྩིས་མཐོང་བྱེད་པ་སྟེ། (དཔེར་ན།) གཞན་ངོར་ལྟ་བ་ཞེས་པ་ལྟ་བུ། |
| གཞན་ངོས |
ཕ་རོལ་གྱི་ཕྱོགས། |
| གཞན་དག |
ཕ་རོལ་པོའི་ཉིས་ཚིག་གམ་མང་ཚིག་སྟེ། (དཔེར་ན།) གནས་ལུགས་གཞན་དག་དང་ཐུན་མོང་མ་ཡིན་པ། མི་གཞན་དག་གིས་དོ་ཟླར་མི་སྤོབས་པ་ཞེས་པ་ལྟ་བུ། |
| གཞན་དབང |
1.རང་དབང་མིན་པ་དང༌། རང་དབང་མེད་པའི་དོན་ཏེ། (དཔེར་ན།) གཞན་དབང་དུ་གྱུར་བ་ལྟ་བུ། མིང་གི་རྣམ་གྲངས་ལ་གཞན་རྒྱུད་དང༌། གཞན་ལྟོས། གཞན་ལ་རག་ལས་པ། རང་དབང་མིན་པ། རང་དབང་མེད་པ། དབང་མེད་བཅས་སོ། །2.གཞན་གྱི་དབང་གི་མཚན་ཉིད་ཀྱི་བསྡུས་མིང༌། |
| གཞན་དབང་གཉིས |
མ་དག་གཞན་དབང་དང༌། དག་པ་གཞན་དབང་སྟེ་གཉིས་སོ། ། |
| གཞན་དབང་གི་ངོ་བོ་ཉིད |
གཞན་གྱི་དབང་གི་མཚན་ཉིད་དང་དོན་གཅིག |
| གཞན་དབང་གིས་འགོག་པ |
འགོག་པའི་རྒྱན་གྱི་ནང་གསེས་ཤིག་དགག་བྱ་མི་འདོད་པའི་བྱ་བ་ཞིག་སྒྲུབ་པར་རྩོམ་པ་ལ། འགོག་བྱེད་གཞན་དབང་ལ་ཁག་བཞག་ནས་ཟུར་གྱིས་འགོག་པའི་རྒྱན་ཞིག |
| གཞན་དུ་ན |
དེ་མ་ཡིན་ན་ཞེས་པའི་དོན་ཏེ། (དཔེར་ན།) མེ་ཏོག་ལ་ཆུ་རྒྱག་དགོས་ཀྱི། གཞན་དུ་ན་སྐམ་འགྲོ། གཞན་དུ་ན་ནི་ངེས་པ་མེད་ཅེས་པ་ལྟ་བུ། |
| གཞན་དུ་སྤགས་པ |
(བརྡ་རྙིང་།) གནས་གཞན་དུ་སྤོས་པ། |
| གཞན་དོན |
1.གཞན་དག་ལ་ཕན་པའི་དོན་ཏེ། (དཔེར་ན།) གཞན་དོན་ལ་རྩོལ་བ། གཞན་དོན་མ་ཕེར་བ། སྔོན་ལ་གཞན་དོན་དང༌། རྗེས་ལ་རང་དོན་ཞེས་པ་ལྟ་བུ། 2.གཞན་གྱི་དོན་དག་སྟེ། (དཔེར་ན།) གཞན་དོན་ལྷུར་ལེན་ཞེས་པ་ལྟ་བུ། |
| གཞན་དོན་གྱི་རྟགས |
རྟགས་ཡང་དག་གང་ཞིག་སྔ་རྒོལ་གྱིས་ཕྱིར་རྒོལ་གྱི་དོན་དུ་བཀོད་པ། དཔེར་ན། རྒོལ་བས་ཕྱིར་རྒོལ་ལ་བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ཚེ་བྱས་པ་ལྟ་བུའོ། ། |
| གཞན་དོན་རྗེས་དཔག |
རང་ཉིད་ཀྱིས་མཐོང་བའི་དོན་དེ་རྟགས་ཡང་དག་གི་སྒོ་ནས་གཞན་ལ་སྟོན་པའི་ངག་སྟེ་སྒྲུབ་ངག་ཡང་དག་སྒྲུབ་ངག་དེས་ཕྱིར་རྒོལ་གྱི་རྒྱུད་ལ་འབྲས་བུ་རྗེས་དཔག་བསྐྱེད་ཕྱིར། འབྲས་མིང་རྒྱུ་ལ་བཏགས་ནས་གཞན་དོན་རྗེས་དཔག་ཅེས་བྱའོ། ། |
| གཞན་དོན་རྟོགས་པའི་ཤེས་རབ |
ཕྱིའི་ནད་བཞི་བརྒྱ་རྩ་བཞིའི་སྨན་དཔྱད་ལ་མཁས་པ་དང༌། ནང་གི་ནད་འདོད་ཆགས་ཞེ་སྡང་ལ་སོགས་པའི་གཉེན་པོ་བྱམས་པ་དང་སྙིང་རྗེ་ལ་སོགས་པ་སྟོན་པའི་བློ། |
| གཞན་དྲིང |
གཞན་གྱི་སྟོབས་སམ་དྲིན་ཤུགས་ཏེ། (དཔེར་ན།) གཞན་དྲིང་ལ་ལྟོས་པ། གཞན་དྲིང་མི་འཇོག་པ། སྤོབས་པ་གཞན་དྲིང་མི་འཇོག་པ། སྐད་གཉིས་སྨྲ་བ་ལ་གཞན་དྲིང་མི་འཇོག་པའི་བྱང་ཆུབ་པ་ཞེས་པ་ལྟ་བུ། |
| གཞན་དྲིང་མི་འཇོག་པ |
གཞན་ལ་རྟེན་མི་དགོས་པའི་དོན་ཏེ། (དཔེར་ན།) རིག་པའི་གནས་ལ་གཞན་དྲིང་མི་འཇོག་པའི་མཁས་པ་ཞེས་པ་ལྟ་བུ། |
| གཞན་པ |
1. ལོགས་སུའམ་ཐ་དད་པའི་དོན་ཏེ། (དཔེར་ན།) མི་གཞན་པ། གོ་སྐབས་གཞན་པ། མིང་གཞན་པ་ཞེས་པ་ལྟ་བུ། མིང་གི་རྣམ་གྲངས་ལ་ཅིག་ཤོས་དང༌། ཐ་དད། དབྱེ་བ། གཞན། གཞན་དག་ལ་ལ་བཅས་སོ། །2. བདག་མིན་པའི་ཕ་རོལ་པ་ཐམས་ཅད་དེ། (དཔེར་ན།) གཞན་ལ་འཁང་བ། གཞན་ལ་བསྔོ་བ། གཞན་པས་འཕྱ་བ་དང་སྨོད་པ་ལ་མི་འཛེམ་པ། གཞན་གྱི་བསླབ་བྱར་མ་ཉན་ན། དེ་ལས་འོན་པ་སུ་ཞིག་ཡོད་ཅེས་པ་ལྟ་བུ། |
| གཞན་ཕན |
གཞན་ལ་ཕན་པ་སྟེ། (དཔེར་ན།) གཞན་ཕན་ལྷག་བསམ་དཀར་པོའི་བསམ་པ་རྩེ་གཅིག་ཏུ་ཁྱེར་ནས་བློ་མཐུན་རྣམས་ལ་རོགས་རམ་བྱེད་པ་ཞེས་པ་ལྟ་བུ། |
| གཞན་ཕན་བརྩོན་འགྲུས |
སེམས་ཅན་རྣམས་ཐབས་ཀྱིས་བསྡུས་ཏེ་དགེ་བ་ལ་འགོད་པ། |
| གཞན་ཕྱོགས |
1.ཕ་རོལ་པའི་གྲུབ་མཐའ། 2.རང་ཕྱོགས་ཀྱི་ལྡོག་ཟླ། |
| གཞན་བདེ་རང་སྐྱིད |
རང་གཞན་གཉིས་ཀ་བདེ་ཞིང་སྐྱིད་པ་སྟེ། (དཔེར་ན།) གཞན་བདེ་རང་སྐྱིད་ཡོང་རྒྱུ་ནི་མི་ཚང་མའི་འདོད་བློ་རེད་ཅེས་པ་ལྟ་བུ། |
| གཞན་བརྟེན་འཚོ་སྐྱེལ |
གཞན་ལ་བཤུ་གཞོག་བྱས་པ་ཁོ་ནར་བརྟེན་ནས་རང་གི་འཚོ་བ་སྐྱེལ་བ། |
| གཞན་བསྙེམས་བཟོད |
(མངོན་བརྗོད།) བརྒྱ་བྱིན། |
| གཞན་མ |
གཞན་པ་དང་འདྲ། |
| གཞན་ཞོར་རང་དྲུད |
གཞན་གྱི་ཞོར་ལ་རང་ཡང་ཚུད་པ། |
| གཞན་འགའ་ཞིག |
གཞན་དག་ཁ་ཤས་ཀྱི་དོན་ཏེ། (དཔེར་ན།) མི་གཞན་འགའ་ཞིག དུས་གཞན་འགའ་ཞིག ཡུལ་གཞན་འགའ་ཞིག་ཅེས་པ་ལྟ་བུ། |
| གཞན་འགྱུར་བཞི |
སེམས་བྱུང་ང་གཅིག་གི་ནང་ཚན། གཉིད་དང༌། འགྱོད་པ་དང༌། རྟོག་པ་དང༌། དཔྱོད་པ་བཅས་བཞི་དེ་རྣམས་ཀུན་སློང་དང༌། བསམ་པའི་ཁྱད་པར་གྱིས་དགེ་མི་དགེ་ལུང་མ་བསྟན་ཅི་རིགས་པར་འགྱུར་བས་གཞན་འགྱུར་བཞི་ཞེས་བྱའོ། ། |
| གཞན་འགྲན་ནད་ལངས |
གཞན་ལ་འགྲན་སེམས་སྐྱེ་བ་ནད་ལངས་པའི་གཟུགས་སུ་བཀོད་པ། |
| གཞན་འདྲེན་ལྷག་བཅས་ཀྱི་སྒྲ |
ཚིག་དོན་ལྷག་མ་ཡོད་ཙམ་སྟོན་པའི་ལྷག་བཅས་ཀྱི་སྒྲ་ཞིག་སྟེ། (དཔེར་ན།) ཤར་གྱི་ཕྱོགས་སུ་རྒྱ་མཚོ་དེ་བཞིན་ནུབ་ཕྱོགས་རི་ཆེན་ནོ། དེ་ནི་མི་འདི་ནི་ཁྱི་ཞེས་པ་ལྟ་བུ། |
| གཞན་འཕྲུལ |
གཞན་འཕྲུལ་དབང་བྱེད་དང་དོན་གཅིག |
| གཞན་འཕྲུལ་དབང་བྱེད |
འདོད་ལྷ་རིས་དྲུག་གི་ནང་གསེས། གཞན་གྱིས་སྤྲུལ་པའི་ལོངས་སྤྱོད་ལ་ཅི་དགར་དབང་བྱེད་པས་གཞན་འཕྲུལ་དབང་བྱེད་ཅེས་བྱ། |
| གཞན་འབྱོར་ལྔ |
འབྱོར་པ་བཅུའི་ནང་གསེས། ཆ་རྐྱེན་གཞན་ལ་ལྟོས་ནས་ཚང་དགོས་པ་ལྔ་སྟེ། སངས་རྒྱས་བྱོན་པ་དང༌། དེས་ཆོས་གསུངས་པ། བསྟན་པ་གནས་པ། བསྟན་པའི་རྗེས་སུ་འཇུག་པ། ཆོས་ཀྱི་མཐུན་རྐྱེན་ཚང་བ་བཅས་ལྔའོ། ། |
| གཞན་འཚེ |
(མངོན་བརྗོད།) རྐུན་མ། |
| གཞན་ཡང |
བཤད་ཚུལ་སྔོན་མའམ་བཤད་ཟིན་པ་ལས་གཞན་པ་སྟེ། (དཔེར་ན།) རྩོམ་དེ་ཚིག་སྦྱོར་ལེགས་པ་བཤད་ཟིན་ཅིང་། གཞན་ཡང་བརྗོད་བྱའང་ཤིན་ཏུ་ལེགས་ཏེ་ཞེས་པ་ལྟ་བུ། |
| གཞན་རིག |
ཡུལ་ཅན་རང་ལས་གཞན་པའི་ཕྱི་རོལ་གྱི་གཟུགས་སོགས་ལ་འཇུག་པར་བྱེད་པའི་ཤེས་པ། དབང་ཤེས་ལྟ་བུའོ། ། |
| གཞན་རིགས་འཕེན་པའི་ཐལ་འགྱུར |
སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་གང་ཞིག་བཟློག་པ་རང་དང་རིགས་ཐ་དད་པ་གཞན་འཕེན་པ་དཔེར་ན། དུ་ལྡན་གྱི་ལ་ལ་ཆོས་ཅན། དུ་བ་མེད་པར་ཐལ། མེ་མེད་པའི་ཕྱིར། ཞེས་རྒྱུ་མ་དམིགས་པའི་ཐལ་འགྱུར་གྱིས། དེ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར། ཞེས་འབྲས་བུའི་གཏན་ཚིགས་འཕེན་པའོ། ། |
| གཞན་རིགས་འཕེན་པའི་ཐལ་འགྱུར་བཅུ་བཞི |
བཟློག་པ་གཞན་རིགས་འཕེན་པའི་ཐལ་འགྱུར་ལ་དབྱེ་ན། རྒྱུ་མ་དམིགས་པའི་ཐལ་འགྱུར་དང༌། འབྲས་བུ་དམིགས་པའི་ཐལ་འགྱུར་དང༌། ལྷན་ཅིག་མི་གནས་འགལ་གྱི་ཐལ་འགྱུར་དགུ་དང༌། ཕན་ཚུན་སྤངས་འགལ་གྱི་ཐལ་འགྱུར་དང༌། ཁྱབ་བྱེད་མ་དམིགས་པའི་ཐལ་འགྱུར་དང༌། རང་བཞིན་དམིགས་པའི་ཐལ་འགྱུར་བཅས་བཅུ་བཞིའོ། ། |
| གཞན་རྒྱུད |
མི་གཞན་གྱི་སེམས་རྒྱུད་ཏེ། (དཔེར་ན།) གཞན་རྒྱུད་ལ་ཡིད་ཆེས་བསྐྱེད་པ། གཞན་རྒྱུད་ལ་ཡོད་པའི་རྣ་བའི་དབང་པོ་ཞེས་པ་ལྟ་བུ། |
| གཞན་རྒྱུད་ཅན་གྱི་ནད |
ནད་གཞན་གྱིས་རྒྱུད་བསླད་པ་འདྲེས་པའི་ནད་དེ། (དཔེར་ན།) བད་མཁྲིས་དང༌། བད་རླུང༌། མཁྲིས་རླུང་ལྟ་བུའོ། ། |
| གཞན་རྡུགས |
ཐབས་གཞན་ཟད་པ། |
| གཞན་རྩོད་འཐེན་འཁྱེར |
མི་གཞན་ལ་རྩོད་པ་བརྒྱབ་སྟེ་རང་འདོད་ཕྱོགས་ཞེན་བྱེད་པ་སྟེ། (དཔེར་ན།) གནད་དོན་དངོས་ལ་མ་བལྟས་པར་རང་འདོད་ཁོ་ནས་གཞན་རྩོད་འཐེན་འཁྱེར་བྱེད་པ་ཞེས་པ་ལྟ་བུ། |
| གཞན་ལ་སེམས |
(མངོན་བརྗོད།) བྱ་ཁུ་བྱུག |
| གཞན་ལས་ངེས་ཀྱི་ཚད་མ |
ཚད་མ་གང་ཞིག་རང་ཉིད་ཚད་མ་ཡིན་པར་གཞན་སྟོབས་ཀྱིས་ངེས་པ་འདྲེན་པ་ (དཔེར་ན།) ཨུཏྤལ་ངོ་མི་ཤེས་པའི་གང་ཟག་གི་རྒྱུད་ཀྱི་ཨུཏྤལ་འཛིན་པའི་དབང་མངོན་དང༌། ཚད་མའི་བརྡ་ལ་མ་བྱང་བའི་སྐྱེས་བུའི་རྒྱུད་ཀྱི་ཚད་མ་ལྟ་བུའོ། ། |
| གཞན་ལས་ངེས་པ་གསུམ |
གཞན་ལས་ངེས་ཀྱི་ཚད་མ་ལ་ངེས་པ་འདྲེན་ཚུལ་གྱིས་དབྱེ་ན་དོན་ལ་ཨུཏྤལ་ཡིན་ཀྱང་རྒྱང་རིང་པོ་ནས་ཁ་དོག་ཙམ་ལས་གང་ཡིན་ཐེ་ཚོམ་ཟ་དུས་ཀྱི་མིག་ཤེས་ལྟ་བུ་སྣང་བ་རང་ལས་ངེས་ཤིང་བདེན་པ་གཞན་ལས་ངེས་པ་དང༌། དོན་ལ་ཤུག་པ་ཡིན་པ་ལ་རྒྱང་རིང་པོ་ནས་ཡལ་འདབ་ཅན་དུ་ངེས་ཀྱང་གང་ཡིན་ཐེ་ཚོམ་ཟ་དུས་ཀྱི་མིག་ཤེས་ལྟ་བུ་སྤྱི་རང་ལས་ངེས་ཤིང་ཁྱད་པར་གཞན་ལས་ངེས་པ་དང༌། རྒྱང་རིང་པོ་ནས་འོད་དམར་ཙམ་ངེས་ཀྱང་མར་མེ་དང་ནོར་བུ་སོགས་གང་གི་འོད་ཡིན་ཐེ་ཚོམ་ཟ་དུས་ཀྱི་མིག་ཤེས་ལྟ་བུ་ཡོད་པ་རང་ལས་ངེས་ཤིང་བདག་ཉིད་ཀྱི་སྤྱི་དང་ཁྱད་པར་གཞན་ལས་ངེས་པ་སྟེ་གསུམ་མོ། ། |
| གཞན་ལུགས |
རང་གི་འདོད་ལུགས་ལ་ལྟོས་པའི་གཞན་གྱི་ལུགས་ཏེ་གྲུབ་མཐའ་གཞན། |
| གཞན་ལྡན་རྣམ་གཅོད |
རྣམ་གཅོད་ཀྱི་སྒྲའི་ནང་གསེས། ཆོས་དེ་གཞི་གཞན་ལ་ལྡན་པ་རྣམ་པར་བཅད་ནས་གཞི་དེ་ཁོ་ན་ལ་ལྡན་པར་སྟོན་པའི་སྒྲ་ (དཔེར་ན།) སྒྲ་ཁོ་ན་མཉན་བྱ་ཡིན་ཞེས་པ་ལྟ་བུ། རྣམ་གཅོད་ཀྱི་སྒྲའམ་ཚིག་ཕྲད་དེ་ཁྱད་གཞིའི་འོག་དེ་མ་ཐག་པར་སྦྱར་ནས་རྗོད་པར་བྱེད་པའོ། ། |
| གཞན་སེམས |
མི་ཕ་རོལ་པོའི་འདོད་པ་གཞན་སེམས་སྲུང་བ་ཞེས་པ་ལྟ་བུ། |
| གཞན་སེམས་ཤེས་པའི་མངོན་ཤེས |
སེམས་ཅན་གཞན་གྱི་བསམ་པ་དང་བག་ལ་ཉལ་ཤས་ཆེ་ཆུང་ཀུན་ཤེས་པ་སྟེ། མངོན་ཤེས་དྲུག་གི་ནང་གསེས་ཤིག |
| གཞན་སེལ |
རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་དངོས་སུ་བསལ་བའི་སྒོ་ནས་རྟོགས་པར་བྱ་བ། (དཔེར་ན།) བུམ་པའི་དོན་སྤྱི་ལྟ་བུ། འདི་དང་སེལ་བ་དང༌། དགག་པ་དང་དོན་གཅིག་གོ། ། |
| གཞན་སེལ་བརྟག་པའི་ཚིག་ལེའུ་བྱས་པ |
རྒྱ་གར་གྱི་སློབ་དཔོན་དགེ་སྲུང་གིས་བརྩམས་པའི་ཚད་མའི་གཞུང་ཞིག |
| གཞན་སེལ་ཞེས་བྱ་བའི་རབ་ཏུ་བྱེད་པ |
རྒྱ་གར་གྱི་སློབ་དཔོན་ཆོས་མཆོག་གིས་བརྩམས་པའི་ཚད་མའི་གཞུང་ཞིག |
| གཞན་སྐྱེས |
1.(མངོན་བརྗོད།) གཡོག་པོ། 2.དངོས་པོ་གཞན་ལས་སྐྱེ་བར་འདོད་པའི་ལྟ་བ་སྟེ་གྲངས་ཅན་པའི་གྲུབ་མཐའི་འདོད་ཚུལ་ལྟ་བུའོ། ། |
| གཞན་སྐྱོན |
མི་གཞན་གྱི་སྐྱོན། |
| གཞན་སྐྱོར་ངོ་སྲུང |
ངོ་སྲུང་གིས་རྒྱབ་སྐྱོར་བྱེད་པ་སྟེ། (དཔེར་ན།) ཁྲིམས་སར་མི་ཚང་མ་འདྲ་མཉམ་ཡིན་པས་གཞན་སྐྱོར་ངོ་སྲུང་བྱས་མི་ཆོག་ཅེས་པ་ལྟ་བུ། |
| གཞན་སྟོང |
ཇོ་ནང་པས་འདོད་པའི་ལྟ་བ་སྟེ། ཡུལ་གཟུང་བ་དང་ཡུལ་ཅན་འཛིན་པ་གཉིས་སུ་མེད་པ་རྟོགས་པའི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་དེ་ཡོངས་གྲུབ་ཡིན་ལ། དེ་གཞན་དབང་དང་ཀུན་བཏགས་སོགས་ཀུན་རྫོབ་པའི་ཆོས་གཞན་གྱིས་སྟོངས་པས་ན་གཞན་སྟོང་ཞེས་ཟེར། |
| གཞན་སྡུག་སྙིང་ཚིམ |
གཞན་ལ་སྡུག་བསྔལ་བྱུང་ན་དགའ་ཚོར་བྱེད་པ། |
| གཞན་སྡེ་པ |
ཕྱི་རོལ་པ། |
| གཞབ |
(བྱེད་འབྲེལ་ལས་ཚིག) བཞབ་ཀྱི་མ་འོངས་པ་དང་ད་ལྟ་བ། ཆུ་ཁར་གཡེང་བའི་དངོས་རྫས་ཕྲ་མོ་མང་བོ་ཕྱོགས་གཅིག་ཏུ་བསྡུས་ནས་ལེན་པའམ་དེ་དང་མཚུངས་པའི་ལས་ཀ་བྱེད་པ་སྟེ། (དཔེར་ན།) འོ་མའི་ཁ་ནས་མར་གཞབ་པ། འོ་ཟོའི་ཁ་ནས་མར་གཞབ་མཁན་ཞེས་པ་ལྟ་བུ། |
| གཞབ་པ |
(བརྡ་རྙིང་།) འཇབ་པ། |
| གཞབས་པ |
(བརྡ་རྙིང་།) 1>ཐབས་ཀྱིས་བརྟགས་པ། 2>བཞགས་པ་དང་འདྲ། |
| གཞམས |
འཇམ་པོ་ཡི་བརྡ་རྙིང་འཇམ་པོ་སྒོ་ནས་སྒོ་བ(བཤད་པ)ལ་གཞམས་སྒོ་བྱེད་ཟེར་བ་ལྟ་བུ། |
| གཞའ |
1.(བྱེད་མེད་ལས་ཚིག) རྨ་ཁ་སོས་དཀའ་བ་གཞའ་ལ་ཤ་རུས་ཚ་གྲང་རྣམ་པ་བཞི། ཤ་གཞའ་བ་ནི་ཤ་རུས་སྐྱེར་མི་འདོད། རུས་གཞའ་རུས་པའི་སྟེང་ནས་ཤ་མི་སྐྱེ། ཚ་གཞའ་རྨ་ཁ་ཤི་ལ་རླངས་པ་ཆེ། 2.(བྱེད་མེད་ལས་ཚིག) མི་མངོན་པའི་གནས་སུ་ཡིབ་པའམ་སྦས་པ་སྟེ། ཝ་མོ་གཞའ་ལ་མཁས། རི་བོང་རྩྭ་གསེབ་ཏུ་གཞའ་ཞེས་པ་ལྟ་བུ། 3.བརླན་གྱི་བརྡ་རྙིང་ངམ་ཡུལ་སྐད། (དཔེར་ན།) གྲང་གཞའ་དྲོད་བྲལ་རྨ་ཁ་ཤི་བའོ་ཞེས་པ་ལྟར་ཡིན། |
| གཞའ་གསང |
(བརྡ་རྙིང་།) 1>འཕྲིན་ལས། 2>གཡུང་དྲུང༌། 3>ཕྱི་ནང་གཉིས། |
| གཞའ་བ |
(བརྡ་རྙིང་།) 1>སྐུང་བའམ་ཡིབས་པ། 2>མགུ་བ། 3>གབ་པ། |
| གཞའ་ཚོན |
འཇའ་ཚོན། |
| གཞའ་རིས |
འཇའ་ཚོན་གྱི་རི་མོ། |
| གཞར |
(བྱེད་འབྲེལ་ལས་ཚིག) བཞར་གྱི་མ་འོངས་པ་དང་ད་ལྟ་བ། སྐྲ་དང་ཁ་སྤུ་སོགས་བྲེག་པ་སྟེ། (དཔེར་ན།) གཞར་བྱའི་སྐྲ། སྐྲ་གཞར་གྱིན་འདུག་ལྟ་བུ། |
| གཞར་བ |
1. (བྱེད་འབྲེལ་ལས་ཚིག) སྐྲ་སོགས་བྲེག་པ་སྟེ། (དཔེར་ན།) སྐྲ་གཞར་བ་ལྟ་བུ།2.འབྲད་པ་སྟེ། (དཔེར་ན།) རྩིག་ངོས་ཀྱི་དྲེག་པ་གཞར་བ་ལྟ་བུ།3. (བརྡ་རྙིང་།) ཉེ་བའམ་མཐུན་པ། |
| གཞར་ཡང |
(བསྣན་ཚིག) གཏན་དུའམ་སླར་ཡང་སོགས་ཀྱི་བརྡ་རྙིང་སྟེ། (དཔེར་ན།) ནམ་ཡང་མེད་ལ་གཞར་ཡང་མེད་ཟེར་བ་ལྟ་བུ། |
| གཞར་ལ |
(བརྡ་རྙིང་།) ཞོར་ལ། |
| གཞལ |
འཇལ་གྱི་མ་འོངས་པ་སྟེ། (དཔེར་ན།) རིང་ཐུང་འདོམ་ལ་གཞལ་དགོས། སྲང་ལ་གཞལ་བྱའི་དངོས་རྫས་ཞེས་པ་ལྟ་བུ། |
| གཞལ་ཐག |
གྲངས་གནས་ཤིག |
| གཞལ་ཐིམ |
གྲངས་གནས་ཤིག |
| གཞལ་དཔག |
གྲངས་གནས་ཤིག |
| གཞལ་ཕུལ |
གྲངས་གནས་ཤིག |
| གཞལ་བ |
འཇལ་བའི་མ་འོངས་པའི་བྱ་མིང་། |
| གཞལ་བྱ |
ཚད་མས་རྟོགས་པར་བྱ་བའི་ཆོས་ཏེ། ཀ་བུམ་ལ་སོགས་པའི་ཤེས་བྱའི་ཆོས་ཐམས་ཅད་ནི་ཚད་མས་དངོས་སུ་རྟོགས་པར་བྱ་བའམ། ཤུགས་ལ་རྟོགས་པར་བྱ་བའོ། ། |
| གཞལ་བྱ་གཉིས |
རང་མཚན་དང་སྤྱི་མཚན་གཉིས་སོ། ། |
| གཞལ་བྱའི་གནས་གསུམ |
མངོན་གྱུར་དང༌། ལྐོག་གྱུར་དང༌། ཤིན་ཏུ་ལྐོག་གྱུར་ཏེ་གསུམ་མོ། ། |
| གཞལ་བྱེད་ཆ་བཅུ་གཅིག |
དུས་འཁོར་ལུགས་ཀྱི་གཟུགས་ཕྲ་རགས་འཇལ་བྱེད་ཀྱི་ཚད་ཅིག་རྡུལ་ཕྲ་རབ། རྡུལ་ཕྲ་མོ། སྐྲ་རྩེ། སྐེ་ཚེ། ཤིག་ནས། སོར་མོ་རྣམས་རིམ་བཞིན་བརྒྱད་འགྱུར་དང༌། སོར་ཉི་ཤུ་ལ་ཁྲུ། ཁྲུ་བཞི་ལ་འདོམ། འདོམ་ཉིས་སྟོང་ལ་རྒྱང་གྲགས། འདི་བཞི་ལ་དཔག་ཚད་གཅིག་བཅས་སོ། ། |
| གཞལ་བྱེད་བཅུ་དྲུག |
མངོན་པ་མཛོད་དུ་གཟུགས་ཕྲ་རགས་འཇལ་བྱེད་ཀྱི་ཚད་ཅིག་རྡུལ་ཕྲ་རབ། རྡུལ་ཕྲན། ལྕགས་རྡུལ། ཆུ་རྡུལ། རི་བོང་གི་རྡུལ། ལུག་རྡུལ། གླང་གི་རྡུལ། ཉི་ཟེར་གྱི་རྡུལ། སྲོ་མ། ཤིག་ནས། སོར་མོ། ཞེང་བཅས་རིམ་བཞིན་བདུན་འགྱུར་དང༌། སོར་ཚིགས་ཉེར་བཞིར་ཁྲུ་གང༌། ཁྲུ་བཞི་ལ་འདོམ་གང༌། འདོམ་ལྔ་བརྒྱ་ལ་རྒྱང་གྲགས། དེ་བརྒྱད་ལ་དཔག་ཚད་གཅིག་བཅས་སོ། ། |
| གཞལ་བྱེད་ཚད་མ་གསུམ |
མངོན་སུམ་དང༌། རྗེས་དཔག ཡིད་ཆེས་ཚད་མ་བཅས་གསུམ་མོ། ། |
| གཞལ་བླུགས |
འཇལ་བྱེད་ཀྱི་འབོ། |
| གཞལ་མེད |
1.འཇལ་དུ་མེད་པ་སྟེ། (དཔེར་ན།) ཕ་མའི་བཀའ་དྲིན་གཞལ་དུ་མེད་ཅེས་པ་ལྟ་བུ།2 གྲངས་གནས་ཤིག |
| གཞལ་མེད་ཁང |
གཞལ་ཡས་ཁང་དང་དོན་གཅིག་ |
| གཞལ་མེད་ཅན |
(མངོན་བརྗོད།) ལྷ་སྤྱི། |
| གཞལ་ཚད |
རིང་ཐུང་དང༌། ཆེ་ཆུང་སོགས་གཞལ་བའི་ཚད། |
| གཞལ་འཁོར |
གྲངས་གནས་ཤིག |
| གཞལ་འཕྱོས |
གྲངས་གནས་ཤིག |
| གཞལ་ཡས |
1.ཚད་ལས་འདས་པ། 2.གྲངས་གནས་ཤིག |
| གཞལ་ཡས་ཁང |
1.རྒྱུ་དང་རྒྱ་ཁྱོན་སོགས་ཀྱི་ཚད་དང་ཡོན་ཏན་འཇལ་མི་ནུས་པའི་ལྷའི་ཁང་བཟང༌། 2.རིའི་དབང་པོ་རི་རབ། |
| གཞས |
དམངས་ཁྲོད་ཀྱི་རྩོམ་རིག་གི་རྣམ་པ་ཞིག་གི་མིང་སྟེ། ཕལ་ཆེ་བ་ནི་ཚིགས་བཅད་ཡི་གེ་དྲུག་ཅན་ཡིན། (དཔེར་ན།) ཤར་ཕྱོགས་རི་བོ་རྩེ་ནས། །དཀར་གསལ་ཟླ་བ་ཤར་བྱུང། །མ་སྐྱེས་ཨ་མའི་ཞལ་རས། །ཡིད་ལ་འཁོར་འཁོར་བྱས་བྱུང་། ཞེས་པ་ལྟ་བུ། |
| གཞས་གདངས |
གླུ་སོགས་ཀྱི་དབྱངས་སམ་གདངས་ཏེ། (དཔེར་ན།) གཞས་གདངས་རྩོམ་མཁན། གཞས་གདངས་སྙན་མོ་ཞེས་པ་ལྟ་བུ། |
| གཞས་གཞུག |
གཞས་ཀྱི་མཇུག་བསྡུ་ས་ནི་གཞས་གཞུག་ཡིན། |
| གཞས་ཆེན |
སྔར་བོད་ཡུལ་གྱི་མི་ཆེན་སྐུ་དྲག་དག་གིས་ཆང་ས་རྒྱག་སྐབས་སྐྱེས་པ་ཕོས་རྟེན་འབྲེལ་མཚོན་བྱེད་དུ་སྒྲ་གདངས་དམའ་ཞིང་རིང་བར་གླུ་བླངས་ནས་གཞས་གཞུག་ལ་རྐང་འགྲོས་མགྱོགས་མྱུར་གྱིས་ཞབས་བྲོ་རྒྱག་པ་ཞིག |
| གཞས་དཔོན |
གཞས་གཏོང་བའི་འགོ་གླེང་མཁན་ནམ་དགེ་རྒན། |
| གཞས་མ |
གཞས་གཏོང་མཁན་གྱི་བུད་མེད། |
| གཞས་མ་རྣམ་ཐར |
གདངས་རིང་གདངས་ཐུང་གི་གཞས་དང༌། འགྱུར་ཁུག་སྤེལ་མའི་རྣམ་ཐར་ཏེ། (དཔེར་ན།) གཞས་མ་རྣམ་ཐར་བཏང་ནས་དགའ་དགའ་སྐྱིད་སྐྱིད་བྱེད་པ་ལྟ་བུ། |
| གཞས་ཚིག |
གླུ་གཞས་ཀྱི་ཚིག་འབྲུ། |
| གཞས་འགོ |
གཞས་ཀྱི་འགོར་ངག་གི་གདངས་རིང་པོར་གཏོང་བ་ཞིག |
| གཞས་ར |
གཞས་གཏོང་བའི་ས་ཆ་སྟེ། (དཔེར་ན།) ཆོས་རར་ཆོས་དང༌། གཞས་རར་གཞས་ཞེས་པ་ལྟ་བུ། |
| གཞས་རྙིང |
གླུ་གཞས་ཀྱི་ཚིག་དང་གདངས་རྙིང་པ། |
| གཞས་ཤགས |
གདོང་ཐུག་རྩེད་འགྲན་གྱིས་གཞས་གཏོང་བ་སྟེ། (དཔེར་ན།) ཕར་ཚུར་གཞས་ཤགས་རྒྱག་པ་ལྟ་བུ། |
| གཞི |
1.ས་ཆ་དང༌གནས་ཡུལ་ཏེ། (དཔེར་ན།) ཁྱིམ་གཞི། ས་གཞི། ཡུལ་གཞི། གནས་གཞི་ལྟ་བུ།2.རྩ་བ་དང༌་ངོ་མ་རྨང་གཞིའི་དོན་ཏེ། (དཔེར་ན།) རྟེན་གཞི། མ་གཞི། ཚོས་གཞི། དངོས་གཞི། གཞི་གཅིག་དུ་མར་སྤྲོ་བ། གཞི་འཆའ་བ་ལྟ་བུ།3.ཁྱཔ་བའམ་བྱེ་བྲག་པ་སྟེ། (དཔེར་ན།) ཁྱད་གཞི། མཚན་གཞི། བསླབ་གཞི། རྩོད་གཞི། གྱོད་གཞི་ཞེས་པ་ལྟ་བུ།4.རྒྱུ་དང༌ས་བོན་གྱི་དོན་ཏེ། (དཔེར་ན།) ནད་གཞི། ཡོང་གཞི། འབྱུང་གཞི། གཞི་ཅི་ལས་གྱུར་པ། གཞི་མེད་པར་འབྲས་བུ་མི་ཡོང༌ཞེས་པ་ལྟ་བུ། |
| གཞི |
གཞི་མ་སྟེ། འོག་རིམ་དང་རྩ་བ་དང་རྟེན་གཞིའི་མིང་། (དཔེར་ན།) རྩིག་པའི་རྨང་གཞི། གཞི་རྩ། ཡོན་ཏན་གྱི་གཞི་མ། རྟིང་གཞི། གཞི་འཛིན་ས། གཞི་རུ་འཛིན་པ་ཞེས་པ་ལྟ་བུ། |
| གཞི་གཅིག་གི་ཡོན་ཏན་འགལ་བ |
འགལ་བའི་རྒྱན་གྱི་ནང་གསེས་ཤིག་བྱེད་པོའི་དངོས་པོ་གཞི་གཅིག་གི་ཡོན་ཏན་གྱི་ཁྱད་པར་ཕན་ཚུན་འགལ་བ་སྟོན་པའི་རྒྱན་ཞིག |
| གཞི་གཅིག་གི་རྫས་ཆོས་དུ་མ་འགལ་བ |
འགལ་བའི་རྒྱན་གྱི་ནང་གསེས་ཤིག་བརྗོད་འདོད་ཀྱི་དངོས་པོ་གཞི་གཅིག་གི་ཁྱད་ཆོས་མང་པོ་འགལ་བ་སྟོན་པའི་རྒྱན་ཞིག |
| གཞི་གཅིག་གི་རྫས་དང་ལས་འགལ་བ |
འགལ་བའི་རྒྱན་གྱི་ནང་གསེས་ཤིག་བརྗོད་འདོད་ཀྱི་དངོས་པོ་གཞི་གཅིག་ལ་ཁྱད་ཆོས་ཀྱི་རྫས་མི་འདྲ་བ་མང་པོ་ཚོགས་པ་དང༌། དེའི་བྱེད་ལས་ཀྱང་ཕན་ཚུན་འགལ་བ་སྟོན་པའི་རྒྱན་ཞིག |
| གཞི་གཅིག་གི་ལས་འགལ་བ |
འགལ་བའི་རྒྱན་གྱི་ནང་གསེས་ཤིག་བྱེད་པོའི་དངོས་པོ་གཞི་གཅིག་གི་བྱེད་ལས་འགལ་བ་སྟོན་པའི་རྒྱན་ཞིག |
| གཞི་གདན |
འོག་སྟན། |
| གཞི་གསུམ་གསལ་བྱེད |
དབྱར་གནས་དང་གསོ་སྦྱོང་དགག་དབྱེ་གཞི་གསུམ་བྱེད་ཚུལ་གསལ་བར་སྟོན་པའི་གཞུང་ཞིག་སྟེ། དུས་རབས་བཅོ་བརྒྱད་པར་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའོ། ། |
| གཞི་གསུམ་ཆོ་ག |
གསོ་སྦྱོང་དང༌། དབྱར་གནས། དགག་དབྱེ་གསུམ་གྱི་ལག་ལེན་དངོས་སུ་བྱེད་པའི་སྐོར་གྱི་གཞུང༌། དེ་ཡང་ཟླ་བ་རེ་རེ་བཞིན་ཚེས་བཅོ་ལྔ་དང༌། གནམ་གང་གཉིས་ལ་གསོ་སྦྱོང་རེ་དང༌། དབྱར་ཁ་ཟླ་བ་དྲུག་པའི་ཚེས་བཅུ་དྲུག་ནས་ཟླ་བ་བདུན་པའི་ཚེས་ཉེར་དགུའི་བར་དབྱར་ཁྲིམས་ཁས་བླངས་པས་དབྱར་གནས་དང༌། དེ་ཟླའི་སུམ་ཅུ་ཉིན་དབྱར་གནས་གྲོལ་སྐབས་དགག་དབྱེ་བཅས་ཡིན། |
| གཞི་གྲུབ |
ཚད་མས་གྲུབ་པ་སྟེ། ཀ་བུམ་ལ་སོགས་པའི་ཆོས་གང་དང་གང་ཡིན་ཀྱང་དེ་ཡོད་མེད་དང་ཡིན་མིན་སོགས་བློ་ཚད་མས་བརྟགས་ནས་དེ་ལྟར་གྲུབ་པའོ། ། |
| གཞི་ཆོས་གཅིག་པ |
ལྡོག་པ་གཅིག་པས་མ་གྲུབ་པ་གསུམ་གྱི་ཡ་གྱལ་ཏེ། གཞི་ཆོས་ཐ་དད་མེད་ནས་མ་གྲུབ་པ། (དཔེར་ན།) སྒྲ་ཆོས་ཅན། སྒྲ་ཡིན་ཏེ། བྱས་པའི་ཕྱིར། ཞེས་པ་ལྟ་བུའོ། ། |
| གཞི་ཇི་བཞིན་པ |
སྦྱངས་པའི་ཡོན་ཏན་བཅུ་གཉིས་ཀྱི་ནང་གསེས། མལ་སྟན་ལ་ཆགས་པའི་གཉེན་པོ་དབེན་སར་གནས་གར་བབ་བབ་ཏུ་འདུག་ཅིང་བདེ་བ་མི་འདམ་པར་འདུག་པ། |
| གཞི་ཐ་དད་པའི་བྱ་བ་འགལ་བ |
འགལ་བའི་རྒྱན་གྱི་ནང་གསེས་ཤིག་བྱེད་པོའི་དངོས་པོ་གཞི་མི་འདྲ་བ་གཉིས་ཀྱི་བྱ་བ་མི་མཐུན་པ་འགལ་བ་སྟོན་པའི་རྒྱན་ཞིག |
| གཞི་ཐམས་ཅད་ཡོད་པར་སྨྲ་བ་བདུན |
ཐེག་དམན་སྡེ་པ་བཅོ་བརྒྱད་ཀྱི་གྲས་ཤིག་སྟེ། གཞི་ཐམས་ཅད་ཡོད་པར་སྨྲ་བ་དང༌། འོད་སྲུང་བ། ས་སྟོན་པ། ཆོས་སྲུང་བ། མང་ཐོས་པ། གོས་དམར་བ། རྣམ་པར་ཕྱེ་སྟེ་སྨྲ་བ་སྟེ་སྡེ་བདུན། |
| གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ |
ཡོད་པར་སྨྲ་བའི་སྡེ་དང་དོན་གཅིག |
| གཞི་དཀར་པོ |
ཚོས་གཞི་ནག་པོའི་ལྡོག་ཟླ་སྟེ། (དཔེར་ན།) རས་གཞི་དཀར་པོ། གཞི་དཀར་པོའི་སྟེང་མེ་ཏོག་དམར་ལྗང་གི་རི་མོ་ཡོད་པ་ཞེས་པ་ལྟ་བུ། |
| གཞི་དགོན |
གཞིས་དགོན་དང་འདྲ། |
| གཞི་དུས་ཀྱི་བར་དོ |
སྲིད་པ་བར་དོ་སྟེ་བར་དོ་དངོས། |
| གཞི་དུས་ཀྱི་འོད་གསལ |
སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་ཡེ་ནས་རྣམ་པར་དག་པ་རང་བཞིན་གྱིས་འོད་གསལ་བའི་བདག་ཉིད་ཅན་ཏེ། གཞི་རྒྱུད་བདེ་བར་གཤེགས་པའི་སྙིང་པོ། |
| གཞི་དུས་ཀྱི་ཡེ་ཤེས་ལྔ |
ཉོན་མོངས་པ་ལྔ་པོ་ཡེ་ཤེས་ལྔར་གནས་འགྱུར་བ་ཞེ་སྡང་རང་གྲོལ་མེ་ལོང་དང༌། ང་རྒྱལ་རང་གྲོལ་མཉམ་པ་ཉིད། འདོད་ཆགས་རང་གྲོལ་སོ་སོར་རྟོགས། ཕྲག་དོག་རང་གྲོལ་བྱ་བ་གྲུབ། གཏི་མུག་རང་གྲོལ་ཆོས་ཀྱི་དབྱིངས་ཞེས་བཤད་དོ། ། |
| གཞི་དེབ |
མ་དེབ། |
| གཞི་ནག་པོ |
ཚོས་གཞི་དཀར་པོའི་ལྡོག་ཟླ་སྟེ། (དཔེར་ན།) གཞི་ནག་པོ་ལ་ཡིག་འབྲུ་དཀར་པོའི་རི་མོ་ཤིན་ཏུ་གསལ་ཞེས་པ་ལྟ་བུ། |
| གཞི་ནས |
རྩ་བ་ནས་ཞེས་པའི་དོན་ཏེ། (དཔེར་ན།) ལས་དོན་གཞི་ནས་རྐང་ཡག་པོ་ཚུགས་པ་ཞེས་པ་ལྟ་བུ། |
| གཞི་པ |
གནས་གཅིག་ཏུ་གཏན་སྡོད་བྱེད་མཁན་གྱི་མི། |
| གཞི་ཕྲན་ཚེགས |
1.གཞི་རྩ་ཆུང་ཆུང༌། 2.འདུལ་གཞུང་གི་བྱེ་བྲག་ཅིག |
| གཞི་བཅུ་བདུན |
རབ་བྱུང་གི་བསྒྲུབ་པའི་བསླབ་བྱ་ལ། སྡོམ་པ་མ་ཐོབ་པ་འཐོབ་པར་བྱེད་པ་རབ་བྱུང་གི་གཞི་གཅིག་དང༌། ཐོབ་པ་མི་ཉམས་པར་བསླབ་པ་བསྲུང་བའི་གཞི་དགུ་དང༌། ཉམས་པ་ཕྱིར་བཅོས་ཀྱི་གཞི་བདུན་ཏེ་བཅུ་བདུན་ནོ། ། |
| གཞི་བདག |
1.ཡུལ་ལྷ་གཞི་བདག་སྟེ་ས་བདག་ལྟ་བུ། 2.ཁང་གཞི་སོགས་དབང་བ་པོ། |
| གཞི་བདག་གཉུག་མར་གནས་པ |
ཡུལ་གང་དེར་རྟག་ཏུ་གནས་ཤིང་སྐྱོབ་པའི་འཇིག་རྟེན་པའི་ལྷ། |
| གཞི་བསྙེན |
རྩ་བའི་བསྙེན་ཚད་ཀྱི་གྲངས། |
| གཞི་བསྡུ་བ |
སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་ས་སྡེ་ལྔའི་ཡ་གྱལ་ཞིག་སྟེ། རྗོད་བྱེད་ཀྱི་གཞུང་རྣམས་སྡེ་སྣོད་གསུམ་དུ་བསྡུ་བར་བསྟན་པའོ། ། |
| གཞི་བོ |
རྒྱུན་དུ་སྡོད་མཁན། |
| གཞི་བྱེས |
གཞིས་བྱེས་དང་འདྲ། |
| གཞི་མ |
གཞི་རྩ། |
| གཞི་མ་གྲུབ་པ |
1.ཚད་མས་མ་གྲུབ་པ། 2.མེད་པ། 3.གཤིས་ཀ་ཡག་པོ་མིན་པ། |
| གཞི་མཐུན |
ཐ་དད་པའི་ཆོས་གཉིས་ཀ་གཞི་གཅིག་ཏུ་མཐུན་པའམ། གཉིས་ཀ་ཡིན་པ་སྟེ། (དཔེར་ན།) གསེར་བུམ་དེ་གསེར་ཡང་ཡིན་ལ་བུམ་པའང་ཡིན་པ་ལྟ་བུའོ། ། |
| གཞི་མཐུན་གྱི་དྲུག་པ |
རྣམ་དབྱེ་དྲུག་པའི་ནང་གསེས་རྫས་སུ་གྲུབ་པ་གཉིས་མེད་ཀྱི་དངོས་པོ་གཅིག་གི་སྟེང་དུ་གཞི་མཐུན་པར་སྦྱོར་བ་སྟེ། (དཔེར་ན།) ཟླ་བའི་དཀར་མདངས། ཉི་མའི་ཚ་ཟེར། གསེར་གྱི་རྒྱན། དཔལ་གྱི་བེའུ་ཞེས་པ་ལྟ་བུ། |
| གཞི་མཐུན་པ |
འགལ་མེད་གཅིག་ཏུ་འདུ་བ་སྟེ། (དཔེར་ན།) སྒྲ་ནི་ཤེས་བྱ་དང༌དངོས་པོ་གཉིས་ཀའི་གཞི་མཐུན་ཡིན་ཞེས་ལྟ་བུ། |
| གཞི་མཚུངས |
འདྲ་བ། |
| གཞི་མེད |
1.སྟོང་པ་ཉིད། 2.རྩ་བ་མེད་པའི་དོན་ཏེ། (དཔེར་ན།) གཞི་མེད་སྐུར་འདེབས། གཞི་མེད་སྒྲོ་འདོགས་ཞེས་པ་ལྟ་བུ། |
| གཞི་མེད་ཀྱི་ལྷག་མ |
དགེ་འདུན་ལྷག་མ་བཅུ་གསུམ་ལས། གནོད་པ་ལས་གྱུར་པ་གཉིས་ཀྱི་ཡ་གྱལ། དགེ་སློང་གཞན་ལ་བརྗོད་པའི་གཞི་མཐོང་ཐོས་དོགས་གསུམ་མེད་བཞིན་ཕམ་བཞི་གང་གི་སྒོ་ནས་སྐུར་བ་འདེབས་པའོ། ། |
| གཞི་ཚུགས |
རྩ་བ་ཚུགས་པ། |
| གཞི་འཛིན་ས |
ཁུངས་ལུང༌། |
| གཞི་རིམ |
རྨང་གཞིའམ་རིམ་པ་འོག་མ། |
| གཞི་རྐང |
རྩ་བའམ། མ་མོ། མ་གཞི་སྟེ། (དཔེར་ན།) གཞི་རྐང་ཐོག་ནས་གྲུབ་པ་ཞེས་པ་ལྟ་བུ། |
| གཞི་རྒྱ |
ཐ་གྲུའི་ཁྱོན་ཡོངས་ཀྱི་དོན་ཏེ། (དཔེར་ན།) གཞི་རྒྱ་ཆེ་ཆུང༌། ལས་གཞི་རྒྱ་ཆེ་བ་ཞེས་པ་ལྟ་བུ། |
| གཞི་རྟགས་ཀྱི་འབྲེལ་བ་མ་གྲུབ་པ |
དོན་ལ་མ་གྲུབ་པའི་རྟགས་དྲུག་གི་ནང་གསེས། གཞི་རྟགས་ཀྱི་འབྲེལ་བ་མི་སྲིད་ནས་མ་གྲུབ་པ་སྟེ། (དཔེར་ན།) སྒྲ་ཆོས་ཅན། མི་རྟག་མིག་གིས་གཟུང་བྱ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་སྒྲུབ་བྱེད་དང་བསྒྲུབ་གཞི་གཉིས་ཀྱི་འབྲེལ་བ་མེད་པས་རྟགས་མ་གྲུབ་པའོ། ། |
| གཞི་རྟགས་ཀྱི་འབྲེལ་བ་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པ |
བློ་ངོར་མ་གྲུབ་པའི་རྟགས་གསུམ་གྱི་ཡ་གྱལ་ཏེ། ཆོས་ཅན་དང་རྟགས་གཉིས་ཀྱི་བར་ལ་ཁྱབ་འབྲེལ་ཡོད་མེད་མ་ངེས་པའི་རྐྱེན་གྱིས་མ་གྲུབ་པ་སྟེ། (དཔེར་ན།) རྨ་བྱའི་སྒྲ་རི་སུལ་གསུམ་པོ་གང་ནས་གྲག་པར་མ་ངེས་པའི་ངོར། རི་སུལ་གསུམ་གྱི་དབུས་ན་ཆོས་ཅན། རྨ་བྱ་ཡོད་དེ། རྨ་བྱའི་སྒྲ་གྲག་པའི་ཕྱིར། ཞེས་པ་ལྟ་བུའོ། ། |
| གཞི་རྟགས་གཅིག་པ |
ལྡོག་པ་གཅིག་པས་མ་གྲུབ་པ་གསུམ་གྱི་གྲས། གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པ་སྟེ། (དཔེར་ན།) དཔེར་ན། སྒྲ་ཆོས་ཅན། མི་རྟག་སྒྲ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། ། |
| གཞི་རྩ |
དོན་གྱི་གཞིའམ་རྩ་བ་སྟེ། (དཔེར་ན།) གཞི་རྩ་བཙུགས་པ་ཞེས་པ་ལྟ་བུ། |
| གཞི་རྫོགས་པ་ཆེན་པོ |
སྔགས་རྙིང་མའི་ཆོས་སྐད་དེ། གཞི་གནས་རང་བྱུང་གི་ཡེ་ཤེས་སོ། །དེ་ཡང་རིག་པའི་ངོ་བོ་ལ། འཁོར་འདས་ཀྱི་ཆོས་ཐམས་ཅད་རྫོགས་པ་འཁོར་བའི་ཆོས་ཐམས་ཅད་རྨི་ལམ་ལྟར་མེད་སྣང་ཉག་གཅིག་ཡིན་ཀྱང་རིག་རྩལ་བདག་ཏུ་བཟུང་བ་ལས་གཞན་མེད་པ་དང༌། མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ནི་ཉི་མ་དང་ཟེར་བཞིན་ལྷུན་གྱིས་གྲུབ་པའི་ཚུལ་དུ་རྫོགས་པ་དེ་ཉིད་སྲིད་ཞི་ཀུན་ཁྱབ་ཀྱི་ཡེ་ཤེས་ཡིན་པས་ཆེན་པོའོ། ། |
| གཞི་ལ་གཞོལ་བ |
གཞོལ་བ་གསུམ་གྱི་བཟླས་པའི་ཡ་གྱལ་ཏེ། བདག་མདུན་ལྷར་གསལ་བའོ། ། |
| གཞི་ལམ་འབྲས་གསུམ |
ཐེག་པ་ཐམས་ཅད་ཀྱི་ལྟ་སྒོམ་འབྲས་གསུམ་ལ་སྦྱར་བ་གཞི་ལྟ་བ་གཏན་ལ་ཕབ་པ་དང༌། ལམ་སྒོམ་པས་ཉམས་སུ་བླངས་པ། འབྲས་བུ་བྱང་ཆུབ་ཐོབ་པ་བཅས་གསུམ། |
| གཞི་ལྔ |
བྱེ་བྲག་སྨྲ་བས་ཤེས་བྱའི་ཆོས་ཐམས་ཅད་གཞི་ལྔའི་ནང་དུ་འདུས་པར་འདོད་ལ། དེ་ནི་སྣང་བ་གཟུགས་ཀྱི་གཞི་དང༌། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་བྱུང་གི་གཞི། ལྡན་མིན་འདུ་བྱེད་ཀྱི་གཞི། འདུས་མ་བྱས་པའི་གཞི་སྟེ་ལྔའོ། ། |
| གཞི་ལྡོག |
ཆོས་རྣམས་ཀྱི་རང་རང་གི་མཚན་ཉིད་མཚོན་པའི་གཞི་སྟེ། (དཔེར་ན།) བུམ་པའི་གཞི་ལྡོག་གསེར་བུམ་ཡིན་པ་ལྟ་བུའོ། ། |
| གཞི་ཤེས |
གཞི་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཐེག་དམན་གྱི་རྟོགས་རིགས་སུ་གནས་པའི་རྒྱུད་ཀྱི་མཁྱེན་པ། ཤེར་ཕྱིན་དངོས་པོ་བརྒྱད་ཀྱི་ཡ་གྱལ་ཞིག |
| གཞི་ཤེས་ཀྱི་ཆོས་དགུ |
ཤེར་ཕྱིན་དོན་བདུན་ཅུ་ལས་མཁྱེན་པ་གསུམ་གྱི་ཆོས་སུམ་ཅུའི་ནང་ཚན། གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ་ནི། ཤེས་པས་སྲིད་ལ་མི་གནས་པའི་གཞི་ཤེས་དང༌། སྙིང་རྗེས་ཞི་ལ་མི་གནས་པའི་གཞི་ཤེས་དང༌། རིང་བའི་གཞི་ཤེས་དང༌། ཉེ་བའི་གཞི་ཤེས་དང༌། མི་མཐུན་ཕྱོགས་ཀྱི་གཞི་ཤེས་དང༌། གཉེན་པོའི་ཕྱོགས་ཀྱི་གཞི་ཤེས་དང༌། གཞི་ཤེས་ཀྱི་སྦྱོར་བ་དང༌། བྱང་སེམས་ཀྱི་སྦྱོར་བའི་མཉམ་ཉིད་དང༌། གཞི་ཤེས་ཀྱི་མཐོང་ལམ་བཅས་དགུའོ། ། |
| གཞི་ཤེས་ཀྱི་མཐོང་ལམ |
ཤེར་ཕྱིན་དོན་བདུན་ཅུའི་ནང་གསེས། སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་མཐོང་ལམ་གང་ཞིག་ཐེག་དམན་གྱི་མཐོང་ལམ་ཤུགས་ལ་འཕེན་བྱེད་གཞི་ཤེས་ཀྱི་སྐབས་ནས་དངོས་སུ་བསྟན་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་སོ། ། |
| གཞི་ཤེས་ཀྱི་རྣམ་པ |
ཉན་རང་གིས་གང་ཟག་གི་བདག་མེད་རྟོགས་པའི་ཡེ་ཤེས། |
| གཞི་ཤེས་ཀྱི་སྦྱོར་བ |
ཤེར་ཕྱིན་དོན་བདུན་ཅུའི་ནང་གསེས་ཏེ། གཞི་གཟུགས་སོགས་ལ་ཞེན་པ་བཀག་ནས་བསྒོམས་པས་ཉན་རང་གི་སྦྱོར་བ་ཤུགས་ལ་འཕེན་བྱེད་ཀྱི་སེམས་དཔའི་རྣལ་འབྱོར། |
| གཞི་སྔོན་སྐྱེས |
(མངོན་བརྗོད།) གློག |
| གཞི་སྤྱིལ་བ |
(བརྡ་རྙིང་།) ས་གཞི་ཁོད་སྙོམས་པོ་བཟོས་པ། |
| གཞིག |
(བྱེད་འབྲེལ་ལས་ཚིག) གཞིགས་ཀྱི་མ་འོངས་པ་དང་ད་ལྟ་བ་སྐུལ་ཚིག་སྟེ། དཔྱད་པ་གཏོང་བའི་དོན་ཏེ། (དཔེར་ན།) གཞུང་དོན་ལ་གཞིག་པར་བྱ། བདེན་བརྫུན་ལ་གཞིག་མཁན། གཞིག་ཅིག་ལྟ་བུ། འདས་པ་ལ་གཞིགས་ཞེས་འབྲི། |
| གཞིག་པ |
(བྱེད་འབྲེལ་ལས་ཚིག) གཞིགས་ཀྱི་ད་ལྟ་བའི་བྱ་མིང་། |
| གཞིགས |
གཞིག་པའི་འདས་ཚིག |
| གཞིགས |
གཞིག་ལ་ལྟོས། |
| གཞིགས་པ |
གཞིག་པའི་འདས་པ། |
| གཞིབ |
འཇིབ་ཀྱི་མ་འོངས་པ་སྟེ། (དཔེར་ན།) གཞིབ་བྱའི་སྨན་ཁུ་གཞིབ་པར་བྱ་ལྟ་བུ། |
| གཞིབ་པ |
འཇིབ་པའི་མ་འོངས་པའི་བྱ་མིང། |
| གཞིབ་འཐུང |
1.འཇིབ་པ་དང་འཐུང་བ། 2.(མངོན་བརྗོད།) བྱིས་པ། |
| གཞིབ་སྦུབས |
འོ་མ་སོགས་འཇིབ་བྱེད་ཀྱི་སྦུ་གུ་ལྟ་བུ། འོ་མ་གཞིབ་སྦུབས། |
| གཞིབས |
འཇིབ་ཀྱི་ད་ལྟ་བ་ལ་གཞིབས་འབྲི་བའང་ཡོད། |
| གཞིབས་པ |
(བརྡ་རྙིང་།) 1>སྒྲིག་པའི་དོན་ཏེ། (དཔེར་ན།) མི་མང་པོ་གྲལ་གཞིབས་ཏེ་བསྡད་ཅེས་པ་ལྟ་བུ། 2>གཞིབ་པ་དང་སྡེབ་པའི་དོན་ཏེ། (དཔེར་ན།) ཁང་པ་གུ་དོག་པོ་ཡིན་སྟབས་ཚང་མ་གཞིབས་ནས་བཞུགས་དགོས་ཞེས་པ་ལྟ་བུ། |
| གཞིའི་གཉེན་པོ |
གཉེན་པོ་བཞིའི་ཡ་གྱལ་ཞིག་བར་ཆད་མེད་པའི་ལམ་གྱིས་སྤངས་པའི་བྲལ་ཐོབ་འཛིན་པ་བར་ཆད་མེད་པའི་ལམ་དང་པོ་མ་གཏོགས་པ་སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པ་རྣམ་པར་གྲོལ་བའི་ལམ་མོ། ། |
| གཞིའི་གནས་ལུགས |
བོན་གྱི་བཤད་ཚུལ་ལྟར། འོད་གསལ་སྟོང་པ་བོན་སྐུའི་ངོ་བོ་རང་བཞིན་རྣམ་དག་རྩོལ་མེད་ལྷུན་གྲུབ་སེམས་ཅན་ཐམས་ཅན་ལ་རང་ཆས་སུ་ཡོད་པའི་གཞིའི་གནས་ལུགས་ཏེ་ནང་པའི་བདེ་གཤེགས་སྙིང་པོ་དང་འདྲ་བ་ཞིག |
| གཞིའི་ཆོས |
འཁོར་བའི་བསྡུས་པའི་ཕུང་ཁམས་སྐྱེ་མཆེད་རྣམས་སོ། ། |
| གཞིའི་ཟུང་འཇུག |
བར་དོའི་སེམས་དང་དེའི་ལུས་ཚོགས་པ་གཉིས། |
| གཞིའི་འོད་གསལ |
འཆི་བ་འོད་གསལ། |
| གཞིའི་རྒྱུད |
གཞིའམ་ཐབས་ཀྱི་རྒྱུད་ནི། སྒྲ་ཡངས་པར་ན་རིགས་སད་ནས་བྱང་ཆུབ་ཀྱི་བར་དུ་བགྲོད་པར་བྱེད་པའི་ལམ་གྱི་རྣམ་པ་སྲིད་དོ་འཚལ་ཐམས་ཅད་དང་། དོག་པར་ན་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་ལམ་ཡན་ལག་དང་བཅས་པ་ལ་གཞི་ཞེས་བྱའོ། ། |
| གཞིའི་རྡོར་བཟླས |
སྐྱེས་ནས་མ་ཤི་བར་དུ་རླུང་འབྱུང་འཇུག་བྱེད་པ། |
| གཞིའི་སེམས་དབེན |
འཆི་བ་འོད་གསལ་གྱི་སྔ་ལོགས་ཀྱི་སྣང་མཆེད་ཐོབ་གསུམ། |
| གཞིའི་སྐུ་གསུམ |
ཐ་མལ་བའི་སྐྱེ་བ་གཞིའི་སྤྲུལ་སྐུ་དང༌། ཐ་མལ་གྱི་འཆི་བ་གཞིའི་ཆོས་སྐུ། ཐ་མལ་གྱི་བར་དོ་གཞིའི་ལོངས་སྐུ་བཅས་གསུམ། |
| གཞིའི་སྒྱུ་ལུས |
བར་དོའི་ལུས། |
| གཞིར་བཅས |
ཡིན་ཤག་ཤག་གམ་ཐེ་ཚོམ་མེད་པའི་དོན་ཏེ། (དཔེར་ན།) གཟུགས་པོ་བདེ་ཐང་ཡིན་པ་གཞིར་བཅས། ཕྱག་ལ་འབྱོར་པ་གཞིར་བཅས་ཞེས་པ་ལྟ་བུ། |
| གཞིར་བཞག |
རྩ་བ་བྱས་པའམ་གཙོ་བོར་བཞག་པའི་དོན་ཏེ། (དཔེར་ན།) གཏན་ཕེབས་གཞིར་བཞག དངོས་ཡོད་གནས་ལུགས་གཞིར་བཞག་ཅེས་པ་ལྟ་བུ། |
| གཞིར་བཟུང |
རྩ་བར་བཟུང་བའི་དོན་ཏེ། (དཔེར་ན།) སྲིད་ཇུས་གཞིར་བཟུང་སྟེ་ལས་དོན་སྒྲུབ་པ། འཆར་གཞི་གཞིར་བཟུང་གིས་ལེགས་པར་བསྒྲུབས་པ་ཞེས་པ་ལྟ་བུ། |
| གཞིལ |
བཅིལ་གྱི་མ་འོངས་པ་སྟེ། (དཔེར་ན།) གཞིལ་བྱའི་མེ་དཔུང་། མེ་ཆེན་གཞིལ་བར་བྱ་ལྟ་བུ། |
| གཞིལ་བ |
བྱེ་འབྲེལ་ལས་ཚིག་གི་དབང་དུ་བྱས་པའི་འཇིལ་བའི་མ་འོངས་པའི་བྱ་མིང་། |
| གཞིས་ཀ |
བདག་དབང་ཡོད་པའི་ས་ཞིང་སྡོད་ཁང་བཅས་པའི་རྟེན་གཞི་སྟེ། (དཔེར་ན།) ཕ་གཞིས། གཞུང་གཞིས། སྒེར་གཞིས། ཆོས་གཞིས། དབང་ཨ་ཕ་ཆེ་གཞིས་ཨ་མས་བདག་ཅེས་པ་ལྟ་བུ། |
| གཞིས་ཀ་རྩེ |
1.གཞིས་ཀ་བསམ་འགྲུབ་རྩེའི་བསྡུས་ཚིག་སྟེ། ལྷ་སའི་ནུབ་རྒྱུད་དུ་ཡོད་པའི་རྫོང་ཞིག རྫོང་འདིའི་འགྲམ་དུ་མྱང་ཆུ་དང་ཡར་ཀླུངས་གཙང་པོ་འདྲེས་ཡོད།2.ས་ཁུལ་ཞིག་བོད་ཀྱི་གཙང་ཁུལ་དུ་ཡོད་ཅིང༌། འདིའི་ཁོངས་སུ་གཞིས་ཀ་རྩེ་དང༌། རྣམ་གླིང༌། གཏིང་སྐྱེས། ས་སྐྱ། ལྷ་རྩེ། དིང་རི། གཉའ་ནང༌། སྐྱིད་རོང༌། བཞད་མཐོང་སྨོན། ངམ་རིང༌། འབྲོང་པ། རྒྱལ་རྩེ། ཁང་དམར། རིན་སྤུངས། གྲོ་མོ། པ་སྣམ། གམ་པ། ས་དགའ་བཅས་རྫོང་ཁག་བཅོ་བརྒྱད་ཡོད། |
| གཞིས་ཁག |
གཞིས་ཀ་ཁག |
| གཞིས་ཁང |
1.སྒེར་པའི་ཁང་ཁྱིམ་ལྟེ་བ། 2.ས་གནས་ཀྱི་གཞིས་གཉེར་སྡོད་ཁང༌། |
| གཞིས་གཉེར |
གཞིས་ཀའི་གཉེར་པ། |
| གཞིས་གཡོག |
གཞིས་ཀའི་ལས་གཡོག |
| གཞིས་ཆགས་པ |
1.ས་ཆ་གཅིག་ཏུ་རྒྱུན་སྡོད་བྱེད་པ་སྟེ། (དཔེར་ན།) གྲོང་ཁྱེར་ནང་དུ་གཞིས་ཆགས་པ། ཞིང་གྲོང་དུ་གཞིས་ཆགས་པ། འབྲོག་ལྷས་གཞིས་ཆགས་ཞེས་པ་ལྟ་བུ། 2.ས་གནས་ངེས་ཅན་ཞིག་ཏུ་གཞིས་ཆགས་ནས་སྡོད་མཁན། |
| གཞིས་དགོན |
གྲོང་དུ་ཡོད་པའི་ལྷ་ཁང་དང་དགོན་ཆུང༌། |
| གཞིས་དུད |
གཞིས་ཀའི་ཁོངས་སུ་གཏོགས་པའི་དུད་ཚང་ཆུང་ཆུང་ཁྲལ་རྟེན་ས་ཞིང་མེད་པ། |
| གཞིས་དེབ |
གཞིས་ཀྱི་ས་ཁང་མི་གསུམ་ཇི་ཡོད་པ་དང་ཕར་འགྲོ་ཚུར་ཡོང་གི་དེབ་ཡིག |
| གཞིས་པ |
གཞིས་ཐོག་གམ་ཁྱིམ་དུ་སྡོད་མཁན། |
| གཞིས་བཅས་པ |
གནས་བཅས་ཏེ་རྒྱུན་སྡོད་བྱས་པ་སྟེ། (དཔེར་ན།) འབྲོག་ཁུལ་དུ་གཞིས་བཅས་ཏེ་བསྡད་ཅེས་པ་ལྟ་བུ། |
| གཞིས་བསྒྲིལ |
ཁྱིམ་ཚང་གཉིས་གཅིག་ཏུ་བསྒྲིལ་བ། |
| གཞིས་བྱེས |
གཞིས་ནི་གནས་མལ་དང༌། བྱེས་ནི་ཕྱོགས། |
| གཞིས་བྱེས་ཞལ་འཛོམས |
ཁྱིམ་གཞིས་སུ་སྡོད་མཁན་དང༌། ཕྱོགས་འགྲོའི་མི་མཉམ་འཛོམས་བྱུང་བ་སྟེ། (དཔེར་ན།) གཞིས་བྱེས་ཞལ་འཛོམས་ཐོག་གསུང་གླེང་ཞིབ་རྒྱས་གནང་སོང༌ཞེས་པ་ལྟ་བུ། |
| གཞིས་མ་ལག |
གཞིས་གཙོ་བོ་དང༌། དེའི་ཡན་ལག |
| གཞིས་མགྲོན |
1.ཕ་ཡུལ་ནས་ཡོང་བའི་འགྲུལ་པ། 2.ཁྱིམ་ཚང་ནང་ལ་སྡོད་མཁན་དང༌། ཕྱོགས་ནས་ཡོང་བའི་མགྲོན་པོ། |
| གཞིས་འབབ |
གཞིས་ཀའི་ཡོང་འབབ། |
| གཞིས་འབྲུ |
གཞིས་ཀའི་སྟོན་ཐོག་འབྲུ་རིགས་ཏེ། (དཔེར་ན།) གཞིས་འབྲུ་འབེབས་འདྲེན་བྱེད་པ་ཞེས་པ་ལྟ་བུ། |
| གཞིས་འབྲོག |
1.གཞིས་པ་དང་འབྲོག་པ། 2 འགོ་བདག་གི་གཞིས་ཀའི་ཁོངས་གཏོགས་ཀྱི་འབྲོག་པ། |
| གཞིས་འོག |
གཞིས་ཀའི་ཁོང་གཏོགས་མི་སེར། |
| གཞིས་རྒྱལ་དིང་གསུམ |
གཞིས་རྩེ་དང༌། རྒྱལ་རྩེ། དིང་རི་གསུམ། |
| གཞིས་རྩ་ལེན |
གཞིས་ཀ་རྩ་བ་ནས་ལེན་པ་སྟེ། (དཔེར་ན།) གཞུང་བཞེས་བཏང་བ་ལྟ་བུ། |
| གཞིས་རྩེ |
གཞིས་ཀ་རྩེའི་བསྡུས་ཚིག |
| གཞིས་ལག |
གཞིས་ཀའི་ཡན་ལག་མ་གཞིས་ལྟེ་བའི་ཁོངས་གཏོགས་གཞིས་ཆུང༌ལྟ་བུ། |
| གཞིས་སྐྱེལ |
གཞིས་ཀ་ཞིག་ནས་གཞིས་ཀ་གཞན་ཞིག་ཏུ་སྐྱེལ་དགོས་པའི་དབོར་འདྲེན་གྱི་ཁྲལ། |
| གཞིས་སྡོད |
གཞིས་སུ་སྡོད་མཁན། |
| གཞིས་སྤོ་བ |
སྡོད་གནས་སྤོ་བ། |
| གཞུ |
1.མདའ་སྟན་ཏེ། (དཔེར་ན།) གཞུ་འཐེན་མདའ་འཕེན། གཞུ་ལ་མདའ་སྦྱར་བ། གཞུ་མ་འཐེན་བཞག་ན་ཆག་རྒྱུ་མེད་ཅེས་པ་ལྟ་བུ། མིང་གི་རྣམ་གྲངས་ལ་མདའ་སྐྱོད་དང༌། མདའ་སྟན། མདའ་ལྟོ་བ། མདའ་སྣུན་བྱེད། མདའ་འཕེན། མདའ་ཟ། མདའ་ཟས་ཅན། གནམ་རུ་བཅས་སོ། །2.ཀ་བའི་བྲེ་སྟེང་དུ་ཡོད་པའི་གཞུ།3.(བྱེད་འབྲེལ་ལས་ཚིག) གཞན་ལ་བརྒྱབ་པའི་དོན་དུ་གོ་བའི་གཞུས་པའི་ད་ལྟ་བ་དང་མ་འོངས་པ། (དཔེར་ན།) ཁྱི་ལ་དབྱུག་པ་གཞུ་དགོས། དབྱུག་པ་གཞུ་མཁན་ཞེས་པ་ལྟ་བུ། |
| གཞུ་ཀྲད |
གཞུ་རྒྱུད་དེ་གཞུ་འགུགས་བྱེད་ཀྱི་རྒྱུན་བུ། |
| གཞུ་ཁྱིམ |
ཉི་ཁྱིམ་ཞག་ཉི་བར་སྐར་གནས་བཅོ་བརྒྱད་ཆར་ཚེ་ཉི་མ་གཞུ་ཁྱིམ་ལ་སླེབས། ལྷོ་གློང་ཤར་མའི་ཚངས་ཐིག་སྟེང་དགུན་ཉི་ལྡོག་འཆར། དེའི་མིང་དོན་ཁྱིམ་བཅུ་གཉིས་ཀྱི་ཐད་ན་གསལ། |
| གཞུ་ཁྱིམ་ཅན |
(མངོན་བརྗོད།) མགོ་ཟླ་བའམ་ཧོར་ཟླ་བཅུ་གཅིག་པ། |
| གཞུ་གང་ཚད |
འདོམ་པ་གང་གི་ཚད། |
| གཞུ་གུ |
(ཡུལ་སྐད།) 1>མཇུག་མ་རི་བོང་གི་གཞུ་གུ་ལྟ་བུ། 2>ཐ་མའམ་གཤམ་མ་སྟེ། (དཔེར་ན།) ལས་དོན་གྱི་གཞུ་གུ་བསྒྲིལ་བ། གྲུའི་གཞུ་གུ་ཞེས་པ་ལྟ་བུ། |
| གཞུ་ཐུང |
1.མདའ་སྟན་ཐུང་བ། 2.ཀ་སྟེང་གི་གཞུ་ཆུང༌། |
| གཞུ་དབྱིབས |
གཞུ་དང་འདྲ་བའི་བཟོ་དབྱིབས། |
| གཞུ་བ |
(བྱེད་འབྲེལ་ལས་ཚིག) གཞུ་བའི་བྱ་མིང་། |
| གཞུ་བཀང |
གཞུ་ལ་མདའ་སྦྱར་ནས་བཀང་བའམ་འཐེན་པ། |
| གཞུ་བདུང་བ |
(བརྡ་རྙིང་།) གཞུ་འཐེན་པ། |
| གཞུ་མཆོག |
1.གཞུ་ལེགས་པའི་མིང༌། 2.གཞུའི་སྣེ་མོ། |
| གཞུ་མོ |
གཞུ་དང་འདྲ། |
| གཞུ་འདོམ |
འདོམ་པ་གང་། དེ་ལ་ཁྲི་བཞི་ཡོད། (དཔེར་ན།) གཞུ་འདོམ་ལྔ་བརྒྱ་ཙམ་གྱི་སར་བྱོན་ཞེས་པ་ལྟ་བུ། |
| གཞུ་རིང |
1.མདའ་སྟན་གྱི་གཞུ་རིང་བ། 2.ཀ་སྟེང་གི་གཞུ་རིང༌། |
| གཞུ་རྒྱལ |
(མངོན་བརྗོད།) ལྷ་མ་ཡིན། |
| གཞུ་རྒྱུད |
གཞུ་འགུགས་བྱེད་ཀྱི་རྒྱུན་བུ་སྟེ། (དཔེར་ན།) གཞུ་རྒྱུད་འཐེན་པ་ལྟ་བུ། མིང་གི་རྣམ་གྲངས་ལ་འགུགས་བྱེད་རྒྱུད་དང༌། གཞུ་ཀྲད་དོ། ། |
| གཞུ་རྩ |
གཞུའི་དབྱིབས་དང་འདྲ་བའི་ལུས་རྩའི་བྱེ་བྲག་ཅིག |
| གཞུ་ལས་སྐྱེས |
(མངོན་བརྗོད།) ལྷ་མ་ཡིན། |
| གཞུ་ཤུབས |
གཞུ་འཇུག་སྣོད། |
| གཞུ་སྒྲ |
གཞུ་བཀང་ནས་གློད་སྐབས་བྱུང་བའི་སྐད། |
| གཞུག |
1.རྗེས་མའམ་མཇུག་མའི་མིང་སྟེ། (དཔེར་ན།) ཚིག་གཞུག་དོན་གྱིས་བསུབས། ཁབ་གཞུག་སྐུད་པས་བསུབས། དམག་ཕར་འགྲོའི་སྔོན་མ། ཚུར་འོང་གི་གཞུག་མ་ཞེས་པ་ལྟ་བུ། (བྱེད་འབྲེལ་ལས་ཚིག) འཇུག་གི་མ་འོངས་པ། (དཔེར་ན།) ལུག་རར་གཞུག་བྱའི་ལུག་ཅེས་པ་ལྟ་བུ། |
| གཞུག་གུ |
མཇུག་མའམ་རྔ་མའི་དོན་ཏེ། (དཔེར་ན།) རྟ་མགོ་ལུག་གཞུག མགོ་མེད་གཞུག་མེད། མགོ་གཞུག་ལོག་པ། ཁྱི་ཉལ་སར་གཞུག་གུ་མ་ལུས་པ་དགོས་ཞེས་པ་ལྟ་བུ། |
| གཞུག་ཆུང |
1.རྒྱབ་ཀྱི་མེ་བཙའི་གསང་མིག་སྒལ་ཚིགས་ཉི་ཤུ་པ་མན་ཆད་ཀྱི་རུས་པ་ཝ་གདོང་ཡང་ཟེར་བ་དེའོ། །2.མཇུག་མ་ཐུང་བའམ། གཞུག་གི་ཆུང་བ། |
| གཞུག་ཏོ |
1.སྒལ་ཚིགས་མཇུག་གི་རུས་པ་གཞུག་གུ་ཆུང་ཟེར་བ་དེའི་མིང་གི་རྣམ་གྲངས་ཤིག 2.མཇུག་མའི་རྩེ་སྟེ། (དཔེར་ན།) ཁྱིའི་གཞུག་ཏོ་ཞེས་པ་ལྟ་བུ། |
| གཞུག་ཐུང |
1.སྒལ་རུས་ཀྱི་མཐའ་མ་གསུམ་པོ། 2.མཇུག་མ་ཐུང་ཐུང༌། 3.ཕྱི་ཐག་ཐུང་བ། |
| གཞུག་པ |
ནང་དུ་འཇུག་པའི་དོན་དུ་གོ་བའི་མ་འོངས་པའི་བྱ་མིང་། |
| གཞུག་པ་ལྡེམ་དགོངས |
ལྡེམ་དགོངས་བཞིའི་ཡ་གྱལ་ཞིག་སྟེ། བསྟན་པ་ལ་གཞུག་པའི་དོན་དུ་གང་ཟག་གི་བདག་ཡོད་པར་གསུངས་པ་ལྟ་བུའོ། ། |
| གཞུག་མ |
མཇུག་མའམ་གཞུག་མ་དང་འདྲ། |
| གཞུག་རིལ |
མཇུག་མ་འཁྱིལ་རིལ་ཏེ་ཁྱི་གཞུག་ལྟ་བུ། |
| གཞུང |
1.སྔར་གྱི་དཔོན་ཚང་ངམ་གོང་མ་ཚང་དང་ད་ལྟའི་སྲིད་དབང་ལག་ལེན་བསྟར་བའི་ལས་ཁུངས་ཏེ། (དཔེར་ན།) སྲིད་གཞུང༌། རྒྱལ་པོའི་གཞུང༌། སྡེ་པ་གཞུང༌། བོད་གཞུང༌ཞེས་པ་ལྟ་བུ།2.སྤྱིའམ་ཐུན་མོང་རྒྱལ་ཁབ་བམ། ལས་ཁུངས། ཁེ་ལས། ཚོགས་ཁག་བཅས་གང་རུང་ལ་ཟེར་ཞིང༌། སྒེར་གྱི་ལྡོག་ཟླ། (དཔེར་ན།) གཞུང་ཡིག སྒེར་དོན་དོར་ནས་གཞུང་དོན་སྒྲུབ་ལྟ་བུ། 3.བསྟན་བཅོས་སོགས་དཔེ་ཆའི་རིགས་ཏེ། (དཔེར་ན།) ཚད་ལྡན་གྱི་གཞུང༌། གཞུང་ཤིན་ཏུ་ངན་པ། གཞུང་རྙིང༌། སྨན་གཞུང༌། འཁྲབ་གཞུང༌ཞེས་པ་ལྟ་བུ། 4.སྲིད་དམ་དཀྱུས་ཀྱི་དོན་ཏེ། (དཔེར་ན།) འཕྲེད་གཞུང༌ཆུ་གཞུང༌། གཞུང་རིང༌ཞེས་པ་ལྟ་བུ། 5.དཀྱིལ་ལམ་དབུས་ཏེ། (དཔེར་ན།) མཚོ་གཞུང༌། གཙང་པོའི་གཞུང༌། ལྕེ་གཞུང༌ཞེས་པ་ལྟ་བུ། 6.ངང་རྒྱུད་དམ་གཤིས་ཀ་སྟེ། (དཔེར་ན།) སེམས་ཀྱི་གཞུང༌། གཞུང་ངན། གཞུང་དྲང༌ཞེས་པ་ལྟ་བུ། |
| གཞུང་ཀོ |
ཆུ་བོའི་གཞུང་དུ་གཏོང་བའི་ཀོ་བ་སྟེ། (དཔེར་ན།) གཞུང་ཀོ་བཏང་ནས་འཕུར་བ་ལྟར་འགྲོ་ཞེས་པ་ལྟ་བུ། |
| གཞུང་ཁྲ |
དོན་ཕྲ་ཞིབ་ཕྱོགས་གཅིག་ཏུ་བཀོད་པའི་ཡི་གེ། |
| གཞུང་ཁྲལ་དངོས་གཞི |
སྲིད་གཞུང་རང་ལ་བབས་པའི་ཁྲལ་ངོ་མ། |
| གཞུང་གཉེར |
གཞུང་གིས་བདག་གཉེར་བྱེད་པ། |
| གཞུང་གནས |
སྲིད་གཞུང་གི་དོན་ཏེ། (དཔེར་ན།) གཞུང་གནས་སུ་བདག་གིར་བཞེས་ཞེས་པ་ལྟ་བུ། |
| གཞུང་གཞིས |
སྔར་བོད་སྲིད་གཞུང་ལ་དབང་བའི་གཞིས་ཀ། |
| གཞུང་གཤག |
1.དཀྱུས་སུ་གཤག་པ་སྟེ། (དཔེར་ན།) དགྲ་བོའི་དམག་དཔུང་གཞུང་གཤག་གིས་དཔའ་བོ་རྣམས་མདུན་མཆོངས་བྱེད་ཅེས་པ་ལྟ་བུ། 2.དཀྱིལ་དུ་གཤག་པ། |
| གཞུང་གྲོན |
རྒྱལ་ཁབ་བམ་ཚོགས་ཁག་གིས་བཏང་བའི་འགྲོ་གྲོན། |
| གཞུང་ངན་པོ |
ཕྱི་ཐག་མེད་པ། |
| གཞུང་ཆུ |
1.ལུང་པའི་དཀྱིལ་ནས་རྒྱུག་པའི་ཆུ། 2 བོད་ཀྱི་ལྷ་རི་རྫོང་ཁོངས་ཀྱི་ཆུ་བོ་ཞིག་དང༌། ཡིད་འོང་གཙང་པོའི་ཡན་ལག་ཅིག་ཡིན། |
| གཞུང་ཆེན་མོ |
རིགས་པའི་གཞུང་ལུགས་ཆེན་པོ་སྟེ། (དཔེར་ན།) དབུ་ཕར་འདུལ་མཛོད་སོགས་ཀྱི་གཞུང་ལུགས་ཆེན་པོ་རྣམས་ལྟ་བུ། |
| གཞུང་ཐག |
གུར་གྱི་གཞུང་ཐག |
| གཞུང་ཐིག |
1.དཀྱིལ་ཐིག 2.དཀྱུས་སུ་བཏབ་པའི་ཐིག |
| གཞུང་དངུལ |
གཞུང་ངམ་སྤྱི་པའི་དངུལ་ཏེ། རྒྱལ་ཁབ་དང༌། ལས་ཁུངས། ཁེ་ལས། ཚོགས་ཁག་བཅས་ལ་དབང་བའི་དངུལ། |
| གཞུང་དངོས |
བཤད་རྒྱུའི་གཞུང་དངོས་གཞི། |
| གཞུང་དོན |
1.དཔེ་ཆའི་ནང་དོན་གཙོ་ཆེ་བ།2.རྒྱལ་ཁབ་དང་སྲིད་གཞུང་གི་ལས་དོན་ཏེ། (དཔེར་ན།) གཞུང་དོན་ཕྱོགས་འགྲོ། གཞུང་དོན་གཙོ་བོར་བཟུང་ན། རང་དོན་ཤུགས་ལ་འབྱུང་ཞེས་པ་ལྟ་བུ། |
| གཞུང་དོས |
གཞུང་ངམ་སྤྱི་བར་དབང་བའི་དོས་པོ། |
| གཞུང་ནག |
1.སེམས་ཀྱི་གཤིས་རྒྱུད་ནག་པོ། 2.(མངོན་བརྗོད།) རི་དྭགས་ཤིག |
| གཞུང་པོ་ཏི་ལྔ |
མདོ་ཕྱོགས་ཀྱི་རྒྱ་གཞུང་གཙོ་བོ་ལྔ་ཕར་ཕྱིན་དང༌། དབུ་མ། ཚད་མ་རྣམ་འགྲེལ། འདུལ་བ། མཛོད་དེ་ལྔ། |
| གཞུང་ཕྱོགས |
1.སྲིད་གཞུང་གི་ཕྱོགས་སམ་ངོས། 2.རྒྱུན་ཕྱོགས་སམ་དཀྱུས་ཕྱོགས། |
| གཞུང་བཅད |
1.དར་གོས་སོགས་གཞུང་ནས་བཅད་པ། 2.དཀྱུས་རིང་བའི་ཕྱོགས་བརྒྱུད་ནས་ཕྱིན་པ། |
| གཞུང་བཅད་རིན་གོང |
སྲིད་གཞུང་གིས་གཏན་ལ་ཕབ་པའི་རིན་གོང༌། |
| གཞུང་བཏང་མི་འགྲོ |
སྲིད་གཞུང་ནས་ཕྱོགས་ལ་བཏང་བའི་མི་སྣ། |
| གཞུང་བཞེས |
སྲིད་གཞུང་གིས་བླངས་པ་སྟེ། (དཔེར་ན།) རྒྱུ་ནོར་གཞུང་བཞེས་ཞེས་པ་ལྟ་བུ། |
| གཞུང་བཟང |
ཕྱི་ཐག་རིང་བ། |
| གཞུང་བཟོ་བ |
གཞུང་གི་བཟོ་པ། |
| གཞུང་བསྒྲིགས་པ |
དཔེ་ཆའི་ཚིག་དོན་གྱི་གོ་རིམ་ཕྱོགས་གཅིག་ཏུ་བསྒྲིགས་པའམ་བསྡེབས་པ། |
| གཞུང་བསྲངས |
དོན་གཞུང་དྲང་པོར་བསྲངས་པ་སྟེ། (དཔེར་ན།) དྲང་པོས་གཞུང་བསྲངས་ན་སྒོ་ངས་རྟ་ཁྱོག་ཅེས་པ་ལྟ་བུ། |
| གཞུང་བསྲིངས |
རྒྱུན་ཡུན་རིང་དུ་བཏང་བ་སྟེ། (དཔེར་ན།) གཞུང་བསྲིངས་ནས་མཐུན་སྒྲིལ་དམ་ཟབ་བྱས། མཛའ་མཐུན་འབྲེལ་བ་གཞུང་བསྲིངས་བྱེད་པ་ཞེས་པ་ལྟ་བུ། |
| གཞུང་བུན |
1.སྲིད་གཞུང་གིས་སྒེར་སོ་སོར་བཏང་བའི་བུ་ལོན་ལ་ཟེར། 2.དེང་སྐབས་ནི་རྒྱལ་ཁབ་ཀྱིས་སྤྱི་དམངས་སམ་ཕྱི་རྒྱལ་ནས་གཡར་བའི་བུ་ལོན་ལ་ཟེར། |
| གཞུང་བྱིན་པོ |
དཔེ་ཆའི་གཞུང་ཡོངས་རྫོགས། |
| གཞུང་བྲིས |
གཞུང་རིས་དང་འདྲ། |
| གཞུང་བླ་མ |
འདུལ་བ་ལུང་སྡེ་བཞིའི་ནང་གསེས་ཤིག |
| གཞུང་མ |
དབུས་མའམ། དཀྱིལ་མ། |
| གཞུང་ཚབ |
གཞུང་གི་སྐུ་ཚབ། |
| གཞུང་ཚབ་ཆེན་མོ |
རྒྱལ་ཁབ་སོ་སོའི་སྲིད་གཞུང་གི་སྐུ་ཚབ་ཆེན་མོ། |
| གཞུང་ཚིག |
དཔེ་ཆའི་རྩ་བའི་ཚིག |
| གཞུང་ཚོང |
གཞུང་གི་ཚོང་ལས། |
| གཞུང་ཚོང་པ |
སྲིད་གཞུང་གི་ཚོང་ལས་བྱེད་མཁན། |
| གཞུང་ཞག |
ཉི་སྐར་བརྒྱད་དང་ཆུ་ཚོད་ང་བརྒྱད། སྤྱི་ཟླ་བརྒྱད་པའི་ཚེས་ཉེར་བདུན་སྐོར་ནས་གཞུང་ཞག་ཉེར་གཅིག་འདྲེན། སད་ངེས་པར་ཡོད་པའི་སྐབས་སོ། ། |
| གཞུང་ཞབས |
སྲིད་གཞུང་གི་ལས་དོན་ཅི་རིགས་སྒྲུབ་པར་ཆེད་བསྐོས་ཀྱི་མི། |
| གཞུང་འགྲེལ |
དཔེ་ཆ་གཞུང་ཆེན་མོའི་འགྲེལ་པ། |
| གཞུང་འབུལ |
རྒྱལ་ཁབ་ལ་རྩིས་འབུལ་བ་སྟེ། (དཔེར་ན།) གཞུང་འབུལ་ཁེ་འབབ་ཅེས་པ་ལྟ་བུ། |
| གཞུང་འབྲུ |
རྒྱལ་ཁབ་ཀྱིས་བདག་པའི་འབྲུ་རིགས། |
| གཞུང་ཡིག |
1.གཞུང་དོན་གྱི་ཡི་གེ། 2.ཡིག་གཟུགས་གཞུང་རིས་ཀྱི་རུས་དབྱིབས། |
| གཞུང་རིས |
སྔར་ལྷ་སའི་རྩེ་སློབ་གྲྭ་བས་འབྲི་བའི་ཡིག་གཟུགས། |
| གཞུང་རུ |
སྔར་བོད་སྲིད་གཞུང་ལ་གཏོགས་པའི་རུ་བ། |
| གཞུང་རྐྱང |
མི་ཚང་མི་རྒྱུ་གཉིས་འཛོམས་ལ་རང་ཁོངས་ནས་འབོད་པའི་ཞེ་ཚིག་སྟེ། (དཔེར་ན།) གཞུང་རྐྱང་གི་གཏོང་ཡོང་རྒྱུ་ནོར། གཞུང་རྐྱང་གི་འཚོ་ཚིས་ཞེས་པ་ལྟ་བུ། |
| གཞུང་རྒྱུག |
སྔར་བོད་ཀྱི་སྲིད་གཞུང་རང་ལ་ཁྲལ་འུལ་རྒྱུག་མཁན་མི་སེར། |
| གཞུང་རྒྱུག་མི་རྩ |
སྔར་བོད་ཀྱི་སྲིད་གཞུང་རང་ལ་གཏོགས་པའི་མི་རྩ། |
| གཞུང་རྒྱུག་མི་སེར |
སྔར་བོད་ཀྱི་སྲིད་གཞུང་རང་ལ་གཏོགས་པའི་ཁྲལ་རྒྱུག་མི་སེར། |
| གཞུང་རྒྱུག་འཁྱེར་ཞན |
སྔར་བོད་ཀྱི་སྲིད་གཞུང་གི་གཞུང་རྒྱུག་མི་སེར་དབུལ་ཕོངས། |
| གཞུང་རྒྱུག་ས་འཛིན |
སྔར་བོད་ཀྱི་སྲིད་གཞུང་རང་ལ་ཁྲལ་རྒྱུག་མཁན་གྱི་ཁྲལ་པ། |
| གཞུང་ལམ |
ལམ་ཆེན། |
| གཞུང་ལས |
གཞུང་ངམ་སྤྱི་བའི་ལས་དོན། |
| གཞུང་ལས་ཆེན་མོ |
སྔར་བོད་ཀྱི་སྲིད་གཞུང་སྐབས། ལག་ཤེས་བཟོ་ལས་མི་མང་བསྐོངས་བསྡུས་ཀྱིས་དུས་ཡུན་རིང་པོའི་བར་གླ་ཕོགས་སྣེ་སེལ་ཙམ་སྤྲད་ནས་གཞུང་ལས་སྣ་ཚོགས་བྱེད་དུ་འཇུག་པའི་ཁྲལ་ཆེན་ཞིག |
| གཞུང་ལུགས |
1.མི་རྣམས་ཀྱིས་རང་བྱུང་ཁམས་དང་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ཆོས་ཉིད་ཤེས་པའི་བརྒྱུད་རིམ་དང་ལྡན་པའི་ཤེས་ཡོན་གྱི་མིང་སྟེ། ལག་ལེན་ལས་ཕྱོགས་བསྡུ་བྱས་ཤིང་ལག་ལེན་གྱི་ཁྲོད་དུ་བདེན་དཔང་བྱས་པའི་ཤེས་ཡོན་ནི་ད་གཟོད་གཞུང་ལུགས་རྣམ་དག་ཡིན། (དཔེར་ན།) རིགས་པའི་གཞུང་ལུགས། གཞུང་ལུགས་ཟབ་མོ་ཞེས་པ་ལྟ་བུ། 2.བརྒྱུད་རིམ་དང་ལྡན་པའི་ཤེས་ཡོན་བཤད་པའི་དཔེ་ཆའི་མིང་སྟེ། (དཔེར་ན།) སྨན་གྱི་གཞུང་ལུགས། མཚན་ཉིད་རིག་པའི་གཞུང་ལུགས་ཞེས་པ་ལྟ་བུ། |
| གཞུང་ལུགས་འཛིན |
(མངོན་བརྗོད།) བློན་པོ། |
| གཞུང་ལུགས་ལེགས་བཤད |
དུས་རབས་བཅུ་གསུམ་པར་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་ཕྱི་རོལ་མུ་སྟེགས་པ་དང་ནང་པ་སངས་རྒྱས་པའི་གྲུབ་མཐའ་རྣམས་ཀྱི་འདོད་ཚུལ་རྣམས་གསལ་བར་སྟོན་པའི་གཞུང་ཞིག |
| གཞུང་ལུས |
དཔེ་གཞུང་གི་བརྗོད་བྱ་དངོས་གཞི། |
| གཞུང་ལྡན |
གཤིས་རྒྱུད་ཕུན་སུམ་ཚོགས་པའི་མི། |
| གཞུང་ཤིང |
ཁང་པ་དང༌། སྦྲ་གུར་སོགས་ཀྱི་གཞུང་དུ་བཏང་བའི་གདུང་མ་དང༌། སྲོག་ཤིང༌། |
| གཞུང་ཤེར་ཕྱིན |
ཐེག་ཆེན་གྱི་ལམ་འབྲས་བུ་དང་བཅས་པ་སྟོན་པའི་གསུང་རབ། |
| གཞུང་ས |
སྲིད་གཞུང༌སྟེ། རང་ཉིད་གང་དུ་གཏོགས་པའི་རྒྱལ་ཁབ་ཀྱི་གཞུང་ལ་གཞུང་ས་ཟེར། |
| གཞུང་སེམས |
སྤྱི་པ་ལ་ཕན་པའི་བསམ་བློ་སྟེ། (དཔེར་ན།) གཞུང་སེམས་འགྱུར་མེད། གཞུང་སེམས་རྣམ་དག་ཅེས་པ་ལྟ་བུ། |
| གཞུང་སྒེར |
སྤྱི་དང་སྒེར་ཏེ། (དཔེར་ན།) གཞུང་སྒེར་གཉིས་ལྟ། གཞུང་སྒེར་གཉིས་ཕན། གཞུང་སྒེར་མཉམ་གཉེར་ཞེས་པ་ལྟ་བུ། |
| གཞུང་སྒེར་ཆོས་གསུམ |
སྔར་བོད་ཀྱི་སྲིད་གཞུང་སྐབས་སྲིད་གཞུང་དང༌། སྒེར་པ་མི་དྲག དགོན་སྡེ་ཁག་བཅས་ཏེ་སྡེ་ཁག་ཆེན་པོ་གསུམ། |
| གཞུང་སྒོ |
རྒྱ་སྒོ་སྟེ་སྒོ་ཆེན་གཙོ་བོ། |
| གཞུང་སྣེ |
སྲིད་གཞུང་གི་ལས་སྣེའམ་སྲིད་གཞུང་གི་ལས་བྱེད་པ། |
| གཞུང་སྲོང་བ |
1.ལྷ་མོ་བས་འཁྲབ་གཞུང་གི་ལོ་རྒྱུས་བཤད་པ། 2.གཏམ་དང་ལས་དོན་གྱི་གཞུང་དྲང་པོར་སྲོང་བ། |
| གཞུངས |
1.(རྒྱན་ཚིག) གཡོ་སྒྱུ་མེད་ཅིང་ཁོངས་ཡངས་པའི་དོན་ཏེ། (དཔེར་ན།) ཡིད་གཞུངས་གྲོགས་པོ་ཞེས་པ་ལྟ་བུ། 2.མཐོ་རིམ་སྲོག་ཆགས་ཀྱི་སྒལ་ཚིགས་སྦུ་གུའི་ནང་གི་སྒལ་རྣག་གི་མིང་སྟེ། བརྒྱུངས་པ་ཡང་ཟེར། |
| གཞུངས་པ |
1. སྒལ་རྣག 2.བློ་གསལ་བའམ་མཁས་པ་སྟེ། (དཔེར་ན།) ཡིད་གཞུངས་ཞེས་པ་ལྟ་བུ། |
| གཞུངས་བརྒྱུངས |
གཞུངས་པའམ་བརྒྱུངས་པ་སྟེ། སྒལ་ཚིགས་ནང་གི་ཀླད་པ། |
| གཞུངས་རིང |
ཕྱི་ཐག་རིང་བ་སྟེ། (དཔེར་ན།) གཞུངས་རིང་གི་གྲོགས་པོ་ཞེས་པ་ལྟ་བུ། |
| གཞུན་པོ |
(རྒྱན་ཚིག)1>ལེགས་པ་དང༌། ཡིད་དུ་འོང་བ་སྟེ། (དཔེར་ན།)་གསེར་གཞུན་པོ། སྟོན་ཐོག་གཞུན་པོ་ཞེས་པ་ལྟ་བུ། 2>ཧུར་བརྩོན་དང་ལས་ལ་བཀོལ་བདེ་བ་སྟེ། (དཔེར་ན།) ལས་ཀ་གཞུན་པོ་ཞེས་པ་ལྟ་བུ། འདི་ལ་བཞུན་པོ་ཡང་འབྲི། |
| གཞུམ་པ |
འཇུམ་པའི་མ་འོངས་པ། |
| གཞུའུ |
གཞུ་ཆུང་ཆུང༌། |
| གཞུའུ |
གཞུ་ཆུང་ཆུང་གི་མིང་། |
| གཞུར |
(བྱེད་འབྲེལ་ལས་ཚིག) བཞུར་གྱི་ད་ལྟ་བ་དང་སྐུལ་ཚིག (དཔེར་ན།) ཆུ་རྙོགས་སོགས་དྭངས་སྙིགས་འབྱེད་པ་སྨན་ཁུ་གཞུར་གྱིན་འདུག གཞུར་ཅིག་ལྟ་བུ། |
| གཞུར་བ |
(བྱེད་འབྲེལ་ལས་ཚིག) བཞུར་བའི་ད་ལྟ་བའི་བྱ་མིང་། |
| གཞུར་བརྟག |
(བརྡ་རྙིང་།) ཟུར་ཟ། |
| གཞུར་མེད |
(བརྡ་རྙིང་།) གཞོམ་མེད། |
| གཞུས |
(བྱེད་འབྲེལ་ལས་ཚིག) གཞུ་བའི་འདས་པ་དང་སྐུལ་ཚིག་སྟེ། (དཔེར་ན།) དབྱུག་པ་སོགས་ཀྱིས་བརྒྱབ་པའི་དོན་ཏེ། རྟ་ལ་ལྕག་གིས་གཞུས་ནས་བརྒྱུགས། ལྕག་གཞུས་ཤིག་ལྟ་བུ། |
| གཞེ་ནིང |
ལོ་སྔོན་མའི་སྔོན་མ་སྟེ། (དཔེར་ན།) ད་ལོ། ན་ནིང་། གཞེ་ནིང་ཞེས་པ་ལྟ་བུ། |
| གཞེན |
དྲན་པའི་མིང་སྟེ། (དཔེར་ན།) དྲན་སྐུལ་ལ་གཞེན་སྐུལ་ཟེར་བ་ལྟ་བུ། |
| གཞེན་པ |
(བརྡ་རྙིང་།) དྲན་སྐུལ་གཏོང་བ་སྟེ། (དཔེར་ན།) ལས་ཀ་གཞེན་པ། མ་བརྗེད་པར་གཞེན་པ། དོ་སྣང་དུ་གཞེན་པ་ཞེས་པ་ལྟ་བུ། |
| གཞེན་འདེབས |
དྲན་སྐུལ་ཏེ། (དཔེར་ན།) འཕྲལ་འཕྲལ་གཞེན་འདེབས་བྱེད་ཅེས་པ་ལྟ་བུ། |
| གཞེན་སྐུལ |
ལེགས་པའམ། ཕན་པ་ལ་བསྐུལ་བའི་དྲན་བསྐུལ་ཏེ། (དཔེར་ན།) གྲོགས་པོའི་བསམ་བློ་འཁྱོག་འགྲོ་བ་ལ་དྲང་པོར་སྲོང་བའི་གཞེན་སྐུལ་བྱེད་ཅེས་པ་ལྟ་བུ། |
| གཞེར་བ |
(བརྡ་རྙིང་།) བསྟེན་པའི་དོན་ཏེ། (དཔེར་ན།) ནད་པས་སྨན་པ་གཞེར་ནས་ནད་ལས་གྲོལ་ཞེས་པ་ལྟ་བུ། |
| གཞེས |
1.ཉིན་བཞི་པ་སྟེ། (དཔེར་ན།) དེ་རིང་། སང་ཉིན། གནངས་ཉིན། གཞེས་ཉིན་ཞེས་པ་ལྟ་བུ། 2.འདུག་པའམ་གནས་པའི་ཞེ་ས་སྟེ། (དཔེར་ན།) སྲོག་འཚོ་བ་ལ་འཚོ་གཞེས་པ་ཟེར་བ་ལྟ་བུ། |
| གཞེས་ཀྱི་ལྷ་ཉིན་དཀར་པོ |
གཞེས་ཉིན། |
| གཞེས་ཉིན |
གནངས་ཉིན་གྱི་རྗེས་མ། |
| གཞེས་ནིང |
འདས་ལོ་སྔ་མའི་སྔ་མ་སྟེ། (དཔེར་ན།) གཞེས་ནིང་ལོ་ལྟ་བུ། |
| གཞེས་པ |
(བརྡ་རྙིང་།) གནས་པའམ་བཞུགས་པ་སྟེ། (དཔེར་ན།) འཚོ་ཞིང་གཞེས་པ་ཞེས་པ་ལྟ་བུ། |
| གཞེས་ཕོད |
གནངས་ཕོད་ཀྱི་ལོའི་རྗེས་མ། |
| གཞེས་འཆར |
ཉིན་མོ་བཞི་པའི་ཐོག་གི་དུས་ཚིགས་རེ་མོས་ཏེ། (དཔེར་ན།) ཉི་མ་གཞེས་འཆར་ཐོག་ཚོགས་འདུ་རེ་འཚོག་ལྟ་བུ། |
| གཞེས་འཇགས |
1.གཞེས་ཉིན་ནམ་ཤར། 2.བཞུགས་གདན་འཇགས། |
| གཞོག |
(བྱེད་འབྲེལ་ལས་ཚིག) བཞོགས་ཀྱི་མ་འོངས་པ་དང་ད་ལྟ་བ། གྲི་སོགས་ཀྱིས་དངོས་རྫས་ཕྱི་རིམ་ནས་ལེབ་མོ་རེ་རེ་གཅོད་པ་སྟེ། (དཔེར་ན།) ཤིང་གཞོག་པར་བྱ། ཤིང་གཞོག་གིན་འདུག་ཅེས་པ་ལྟ་བུ། |
| གཞོག་པ |
བཞུར་བ་དང་གཤེག་པའི་དོན་དུ་གོ་བའི་བཞོག་པའི་མ་འོངས་པ། |
| གཞོག་རྒྱག་པ |
(ཡུལ་སྐད།) སྟེའུ་རྩག་གིས་ཤིང་གཞོག་པ། |
| གཞོགས |
1.ལུས་ཀྱི་རྩིབ་ལོགས་ཀྱི་མིང་སྟེ། (དཔེར་ན།) གཞོགས་ཕྱེད་ན་བ། གཞོགས་གཡས་ས་ལ་ཕབ་ནས་ཉལ་ལྟ་བུ། 2. ཟུར་དང་ཉེ་འཁོར་གྱི་མིང་སྟེ། (དཔེར་ན།) དོན་གྱི་གཞོགས་ཙམ་ཞེས་ལྟ་བུ། མདའ་འཕངས་པ་འབེན་གྱི་གཞོགས་ལ་མ་སོང་ལྟ་བུ།3.གཤེག་པའི་དོན་དུ་གོ་བའི་གཞོག་པའི་འདས་པ་དང་སྐུལ་ཚིག |
| གཞོགས་གཡས |
1.ལུས་ཀྱི་གཞོགས་སམ་གློ་གཡས་པ། 2.ཁང་པ་སོགས་ཀྱི་ལོགས་གཡས་པ། |
| གཞོགས་གཡོན |
1.ལུས་ཀྱི་གཞོགས་སམ་གློ་གཡོན་པ། 2.ཁང་པ་སོགས་ཀྱི་ལོགས་གཡོན་པ། |
| གཞོགས་དྲུང |
ཟུར་རམ། འཁྲིས་སམ་འགྲམ་གྱི་དོན་ཏེ། (དཔེར་ན།) ཕྲན་གྱི་གཞོགས་དྲུང་དུ་བཞུགས་པ་འདི་སློབ་གྲྭའི་དགེ་རྒན་རེད་ཅེས་པ་ལྟ་བུ། |
| གཞོགས་ཕྱེད |
1.ལུས་ཀྱི་གཞོགས་ཕྱེད་དེ། (དཔེར་ན།) གཞོགས་ཕྱེད་ན་བ། གཞོགས་ཕྱེད་སྐམ་པ་ཞེས་པ་ལྟ་བུ།2.ཁང་པ་སོགས་ཀྱི་ལོགས་ཕྱེད། |
| གཞོགས་བཤལ |
ལུས་གཞོགས་དྲུད་ནས་འགྲོ་བ། |
| གཞོགས་བསྙེས་པ |
ཟུར་ཕབ་པའི་སྡོད་སྟངས་ཏེ། (དཔེར་ན།) སྙེ་འབོལ་ལ་གཞོགས་གཡས་བསྙེས་ཞེས་པ་ལྟ་བུ། |
| གཞོགས་ཟུར |
ལོགས་སམ་ཟུར། |
| གཞོགས་འགྱེལ |
(ཡུལ་སྐད།) ཚེམ་བུ་གཅིག་བརྒྱབ་ནས་ཕྱོགས་གཅིག་ཏུ་བལྟབས་པའི་ཚེམ་སྲུབ་ཀྱི་མིང༌། |
| གཞོགས་འགྲད |
རྡོག་སྣ་ཐུར་དུ་ཤོར་བ། |
| གཞོགས་འདེགས |
ཕན་ཚུན་རོགས་རམ་སྟེ། (དཔེར་ན།) གཡས་གཞོགས་གཡོན་འདེགས། ང་ཁོང་གི་གཞོགས་འདེགས་སུ་ཡོང་བ་ཡིན་ཞེས་པ་ལྟ་བུ། |
| གཞོགས་འདྲིད |
ཟུར་རམ་ཐབས་མཁས་ཀྱིས་སླུ་བ་སྟེ། (དཔེར་ན།) གཞོགས་འདྲིད་ཀྱི་ཚིག་ཅེས་པ་ལྟ་བུ། |
| གཞོགས་འཕྱས |
ཟུར་ནས་འཕྱ་སྨོད། |
| གཞོགས་སྟེགས |
སྒེག་ཆོས་སམ་སྒེག་ཉམས། |
| གཞོགས་སྨྲས |
ཟུར་ནས་སྨྲས་པ། |
| གཞོགས་སློང |
ལོག་འཚོ་ལྔའི་ཡ་གྱལ་ཞིག་སྟེ། གཞན་ནོར་འཐོབ་ཕྱིར་དེའི་དངོས་རྫས་ལ་བསྟོད་བསྔགས་བྱེད་པ་ཞིག |
| གཞོང་ཁུང |
གཞོང་པ་དང་འདྲ། |
| གཞོང་ཐོགས |
1.རི་རབ་ཀྱི་བང་རིམ་ལ་གནས་པའི་གནོད་སྦྱིན་རིགས། 2.ལག་ན་གཞུང་ཐོགས་ཀྱི་བསྡུས་མིང༌། |
| གཞོང་དབྱིབས་ས་ཁུལ |
གཞོང་པའི་དབྱིབས་འདྲའི་ས་ཕྱོགས། |
| གཞོང་པ |
ཤིང་སོགས་ཀྱི་སྣོད་བྱེ་བྲག་པ་ཞིག་སྟེ། (དཔེར་ན།) ཁྱི་གཞོང༌། རྟ་གཞོང༌ཞེས་པ་ལྟ་བུ། |
| གཞོང་པ་ལྷ་ཆུ |
ལྷ་སའི་ནུབ་ངོས་ཀྱི་སྐྱོར་མོ་ལུང་དུ་ཡོད་པའི་སློབ་དཔོན་པདྨས་ཕྱག་འཁར་གྱིས་གཏེར་དུ་བཏོན་པར་གྲགས་པའི་ཆུ་མིག་ངོ་མཚར་ཅན་ཞིག |
| གཞོང་བ |
དཀྱིལ་ཀོང་བའི་སྣོད་སྡེར་མའི་རིགས་ཀྱི་སྤྱི་མིང་སྟེ། (དཔེར་ན།) ཤིང་གི་གཞོང་བ། གསེར་གྱི་གཞོང་བ་ལ་འཇག་མས་ལྷན་པ་ཞེས་པ་ལྟ་བུ། ཚིག་བསྡུས་ན་གཞོང་ཞེས་འབྲི་ཆོག་སྟེ། (དཔེར་ན།) ཤིང་གཞོང་། ཁྲུས་གཞོང་ཞེས་པ་ལྟ་བུ། |
| གཞོང་བུ |
ཤིང་སྣོད་གཞོང་པ་ཆུང་ཆུང༌། |
| གཞོང་སྒོར |
ཤིང་སོགས་ཀྱི་གཞོང་པ་ཟླུམ་པོ། |
| གཞོངས |
རྒྱ་ཁྱོན་ཆེ་ལ་བདེ་བའི་ས་ཆའི་མིང་སྟེ། (དཔེར་ན།) སྤང་གཞོངས་ཞེས་པ་ལྟ་བུ། |
| གཞོངས་སྤྱོད |
ལྗོངས་སྤྱོད་པའམ་ལྗོངས་རྒྱུ་བ། |
| གཞོན |
(རྒྱན་ཚིག) ལོ་ཚད་ཆུང་བའི་དོན་ཏེ། (དཔེར་ན།) ལོ་ན་གཞོན་པའི་སྒང་། ལུས་ལ་གཞོན་ཤ་ཆགས་ལྟ་བུ། |
| གཞོན་ཁྲལ |
གྲྭ་པ་གསར་པ་བྱས་ནས་ལས་སྣེ་ཞིག་མ་བྱུང་བར་ཆུ་ལེན་རྒྱུ་དང་རྡོག་ཁྲེས་དབོར་རྒྱུ། ཇ་བླུག་རྒྱུ། སྤྱི་ཁང་ལ་གད་ཕྱིས་བྱེད་རྒྱུ་སོགས་ཀྱི་བྱ་བ་བྱེད་དགོས་པར་གཞོན་ཁྲལ་ཟེར། |
| གཞོན་ཉམས |
ན་ཚོད་གཞོན་ནུའི་རྣམ་པ་སྟེ། (དཔེར་ན།) གཞོན་ཉམས་དོད་པོ་ཞེས་པ་ལྟ་བུ། |
| གཞོན་ནུ |
1. བྱིས་པའི་ན་ཚོད་ཡོལ་ནས་དར་མར་མ་སླེབས་བར་གྱི་ལོ་ཆུང་ཕོ་མོ་རྣམས་ཏེ། (དཔེར་ན།) རིག་པ་གཞོན་ནུའི་དུས་སུ་བསླབ་ཅེས་པ་ལྟ་བུ། མིང་གི་རྣམ་གྲངས་ལ་ཐོར་བུ་དང༌། ལང་ཚོ་ཅན་ནོ། 2.(མངོན་བརྗོད།) མིག་དམར། 3.གསར་པའི་དོན་ཏེ། (དཔེར་ན།) རྩྭ་གཞོན་ནུ། ཤིང་གཞོན་ནུ། ཟླ་བ་གཞོན་ནུ། ཉི་མ་གཞོན་ནུ། གཞོན་ནུའི་དཔལ་ཡོན་ཞེས་པ་ལྟ་བུ། |
| གཞོན་ནུ་གདོང་དྲུག |
དབང་ཕྱུག་གི་བུ་ཆུང་བ། |
| གཞོན་ནུ་བུམ་སྐུ |
རྫོགས་པ་ཆེན་པོའི་བཤད་སྲོལ་ཐུན་མོང་མ་ཡིན་པ་ཞིག་ཕྱིར་གསལ་གྱི་ཤེས་པ་ནང་དུ་ལོག་ནས། ནང་གསལ་གདོད་མའི་གཞི་དབྱིངས་ཆེན་པོ་རང་ངོར་སྣང་བ། གཞི་ལས་འཕགས་པ། བྱེ་བྲག་ཕྱེད་པ། ཕྱེད་ཐོག་ཏུ་གྲོལ་བ། གཞན་ལས་མ་བྱུང་བ། རང་སར་གནས་པ་སྟེ་ཁྱད་ཆོས་དྲུག་དང་ལྡན་པ་སྐུ་དང་ཡེ་ཤེས་རྒྱ་མཚོའི་བདག་ཉིད་ཅན་གྱི་ཀུན་ཏུ་བཟང་པོའི་དགོངས་པའོ། ། |
| གཞོན་ནུ་མ |
བུད་མེད་གཞོན་ནུ་མ། |
| གཞོན་ནུ་སྐྱེས |
(མངོན་བརྗོད།) བཻ་ཌཱུརྱ་ཕལ་པ། |
| གཞོན་ནུའི་དུས |
འགྲོ་བ་དང་རྩེ་ནུས་ལ། འདོད་པ་སྤྱོད་མི་ནུས་པའི་བར། |
| གཞོན་ནུའི་ཕྲེང་བ |
(མངོན་བརྗོད།) ཛཱ་ཏིའི་མེ་ཏོག |
| གཞོན་པ |
1.སྐྱེས་པ་ལོ་ན་དར་མ་སྟེ། (དཔེར་ན།) གཞོན་པའི་ཤུགས་ལས་རྒད་པོའི་ཇུས་བཟང༌ཞེས་པ་ལྟ་བུ། 2.ལས་གནས་དང་གོ་སའི་དོན་ཏེ། (དཔེར་ན།) ཚོགས་གཙོ་གཞོན་པ། དྲུང་ཆེ་གཞོན་པ་ཞེས་པ་ལྟ་བུ། |
| གཞོན་མ |
གཞོན་ནུ་མ། |
| གཞོན་རབས |
མི་རབས་གཞོན་པ། |
| གཞོན་ཤ |
གཞོན་ཉམས་ཏེ། (དཔེར་ན།) གཞོན་ཤ་ཆགས་པ་ཞེས་པ་ལྟ་བུ། |
| གཞོན་ཤ་ཅན་གྱི་དཔེ་བྱད |
སངས་རྒྱས་ཀྱི་དཔེ་བྱད་བཟང་པོ་བརྒྱད་ཅུའི་ནང་གསེས་ཤིག་ཆོས་གོ་སླ་བར་སྟོན་པའི་ཕྱིར་སྐུ་ཤིན་ཏུ་གཞོན་ཤ་ཅན། |
| གཞོན་སོ་དཀར |
ལོ་ཆུང་སོ་དཀར་པོའི་དུས་ཏེ། (དཔེར་ན།) གཞོན་སོ་དཀར་དུས་ནས་མ་བརྩོན་ན། རྒས་གཉེར་མས་ཁེངས་དུས་འགྱོད་ཀྱང་ཕྱིས་ཞེས་པ་ལྟ་བུ། |
| གཞོབ |
(བྱེད་འབྲེལ་ལས་ཚིག) སྤུ་རིགས་མེས་ཚིག་པའི་དོན་ཏེ། (དཔེར་ན།) མེ་ལྕེས་བལ་སྤུ་གཞོབ། གཞོབ་དྲེག་ཆགས། གཞོབ་དྲི་འཐུལ་ལྟ་བུ། |
| གཞོབ་དྲི |
སྤུ་དང་ཤ་རུས་སོགས་མེས་ཚིག་ནས་བྲོ་བའི་དྲི་ངན། |
| གཞོབ་པ |
(བྱེད་འབྲེལ་ལས་ཚིག) འཚིག་པ་སྟེ། (དཔེར་ན།) མར་མེའི་མེ་ལྕེས་སྐྲ་གཞོབ་ཡོང༌ཞེས་པ་ལྟ་བུ། |
| གཞོབས |
1.བཞབས་ཀྱི་སྐུལ་ཚིག་སྟེ། (དཔེར་ན།) དར་བའི་ཁར་གཡེང་བའི་མར་གཞོབས་ཤིག་ལྟ་བུ། 2.འཇབ་ཀྱི་མ་འོངས་པར་གཞབ་འབྲི་བའང་ཡོད། གཞབ་ལ་ལྟོས། |
| གཞོམ |
བཅོམ་གྱི་མ་འོངས་པ་སྟེ། (དཔེར་ན།) གཞོམ་བྱའི་དགྲ་རྫོང་གཞོམ་དགོས་ལྟ་བུ། |
| གཞོམ་གཞིག |
འཇིག་པའམ་བཅོམ་ལས་ཀྱི་མིང་སྟེ། (དཔེར་ན།) གཞོམ་གཞིག་མེད་པ་རྡོ་རྗེའི་བྲག་ལྟར་བརྟན། གཞོམ་གཞིག་བྲལ་བའི་ནམ་མཁའི་ཁྱོན་ཀུན་འགེངས་ལྟ་བུ། |
| གཞོར |
1.བཞར་བའི་སྐུལ་ཚིག་སྟེ། (དཔེར་ན།) སྐྲ་གཞོར་ཅིག་ལྟ་བུ། 2.(བརྡ་རྙིང་།) འཇོར་རམ། ཏོག་ཙེ། |
| གཞོར་བུ |
འཇོར་བུའམ། ཏོག་ཙེ་ཆུང་བ། |
| གཞོལ |
1.(བྱེད་མེད་ལས་ཚིག) ཐུར་དུ་འབབ་པའི་དོན་ཏེ། (དཔེར་ན།) རྟ་ལས་བབས་པ་ལ་རྟ་ལས་གཞོལ་ཟེར་བ་དང་། སའི་གཞོལ་ཕྱོགས། ཐུར་དུ་གཞོལ་ཞེས་པ་ལྟ་བུ། 2.(བྱེད་འབྲེལ་ལས་ཚིག) འབད་པ་བྱས་པའི་དོན་ཏེ། (དཔེར་ན།) སློབ་སྦྱོང་ལ་གཞོལ་ལྟ་བུ། |
| གཞོལ་བ |
1.(བྱེད་འབྲེལ་ལས་ཚིག) འབད་རྩོལ་གྱི་དོན་དུ་གོ་བའི་གཞོལ་བའི་བྱ་མིང།2.(བྱེད་མེད་ལས་ཚིག) གཡོལ་བའི་དོན་དུ་གཞོལ་བའི་བྱ་མིང་། |
| གཞོལ་བ་གསུམ་གྱི་བཟླས་པ |
བྱ་རྒྱུད་ཀྱི་བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་གསུམ་སྟེ། གཞི་ལ་གཞོལ་བ། སེམས་ལ་གཞོལ་བ། སྒྲ་ལ་གཞོལ་བའོ། ། |
| གཞོལ་མ |
ལུས་ཀྱི་རྩའི་བྱེ་བྲག་ཅིག |
| གཞོལ་འགྲོ་བ |
1.ཐུར་བབས་ཀྱིས་འགྲོ་བ་སྟེ། (དཔེར་ན།) ཆུ་བོ་ཐམས་ཅད་རྒྱ་མཚོར་གཞོལ་འགྲོ་བ་ཞེས་པ་ལྟ་བུ།2.(མངོན་བརྗོད།) ཆུ། |
| གཞོལ་འབབ |
(མངོན་བརྗོད།) ཆུ། |
| གཞོས |
བཞོས་པའི་སྐུལ་ཚིག་སྟེ། (དཔེར་ན།) བཞོན་མ་གཞོས་ཤིག་ལྟ་བུ། |
| གཟག་པ |
གཟགས་པའི་ད་ལྟ་བ་དང་མ་འོངས་པའི་འབྲི་ཚུལ་གཞན་ཞིག |
| གཟགས |
བཙགས་ཀྱི་ད་ལྟ་བ་ལ་གཟགས་འབྲི་བའང་ཡོད། |
| གཟགས་པ |
(བྱེད་འབྲེལ་ལས་ཚིག) གཡུག་གཡུག་བྱས་ནས་ཤུགས་ཀྱིས་ཕྱིར་འདོན་པ་དང༌གཏིག་པ་སྟེ། (དཔེར་ན།) མདོང་མོའི་ནང་གི་ཇ་གཟགས་པ། ཆུ་ཐིགས་ས་ལ་གཟགས་པ། སྨྱུག་མདོང་ནང་ནས་སྲན་མ་གཟགས་ཞེས་པ་ལྟ་བུ། |
| གཟང |
རྩེ་མོའམ་རྣོ། |
| གཟང་རིང |
རྩེ་རྣོ་ཞིང་རིང་བ་སྟེ། (དཔེར་ན།) ཚེར་མ་གཟང་རིང༌། སྙུང་བུ་གཟང་རིང༌། མདུང་གཟང་རིང༌། གྲི་གཟང་རིང༌ཞེས་པ་ལྟ་བུ། |
| གཟན |
1.གཟན་ཆས་ཀྱི་མིང་སྟེ། (དཔེར་ན།) བྱ་རྒོད་གཟན་ལ་འཁོར། སྔ་དྲོ་གཟན་ལ་འདུར། ཕྱི་དྲོ་ཚང་ལ་འདུར། དྲེད་ཀྱིས་གཟན་འཚོལ་ཞེས་པ་ལྟ་བུ། 2.བཟའ་བའི་རིགས་ཟ་མཁན་ཏེ། (དཔེར་ན།) ལྟོ་གཟན། ཤ་གཟན། རྩྭ་གཟན་ཞེས་པ་ལྟ་བུ། 3.ཟ་མཁན་ནམ་ལེན་མཁན་གྱི་དཔེ་སྟེ། (དཔེར་ན།) དཔོན་ངན་རྒྱུ་གཟན། རྡོ་གསེར་གཟན། གསེར་རྡོ་གཟན་ཞེས་པ་ལྟ་བུ། 4.གྲྭ་བ་སོགས་ཀྱི་སྟོད་གོས་གྲུ་བཞི་རིང་བོ་ཞིག་གི་མིང་། 5.(བྱེད་མེད་ལས་ཚིག) མྱོང་ཚོར་ཡིད་དུ་མི་འོང་བ་འབྱུང་བ་སྟེ། (དཔེར་ན།) བསྒོ་བ་རྣ་ལ་གཟན་པ། ཚིག་རྩུབ་རྣ་བར་གཟན། སྙིང་ལ་གཟན་པའི་ཚིག་ཅེས་པ་ལྟ་བུ།6.(རྒྱན་ཚིག) གདུག་རྩུབ་ཆེ་བའི་དོན་ཏེ། (དཔེར་ན།) ཚིག་གཟན་པོ་ཞེས་པ་ལྟ་བུ། 7.འཛའ་ཡི་མ་འོངས་པར་གཟན་འབྲི་བའང་ཡོད། |
| གཟན་གོད |
ཆུད་ཟོས་སུ་སོང་བ་དང་ཟད་པའི་དོན་ཏེ། (དཔེར་ན།) གྱོན་པ་གཟན་གོད་ཆེན་པོ་འདུག་ཅེས་པ་ལྟ་བུ། |
| གཟན་ཆག |
གཟན་པ་དང་ཆག་གི་བསྡུས་མིང༌། |
| གཟན་ཐག |
གྲྭ་པའི་གཟན་གྱི་ཕྱི་ནས་སྒྲོག་ཐག |
| གཟན་དྲོན |
ཟན་དྲོན་དང་འདྲ། |
| གཟན་པ |
1.(བྱེད་འབྲེལ་ལས་ཚིག) ཆུད་ཟོས་སུ་བཏང་བའི་དོན་དུ་གོ་བའི་གཟོན་པའི་འདས་པ་དང་མ་འོངས་པའི་འབྲི་སྲོལ་གཞན།2.(བྱེད་མེད་ལས་ཚིག) གནོད་པའམ་གཙེས་པ་སྟེ། (དཔེར་ན།) ཚེར་མ་རྐང་པ་ལ་གཟན་པ། སྙན་ལ་གཟན་པ། སྤྱོད་པ་མི་བཟང་བས་གྲོགས་ལ་གཟན་པ་ཞེས་པ་ལྟ་བུ།3.(བརྡ་རྙིང་།) གསན་པ། 4.དོན་མེད་གྲོན་ཆེ་བ་སྟེ། (དཔེར་ན།) ཟས་གོས་གཟན་པ་ལ་ཚོད་མི་འདུག་ཅེས་པ་ལྟ་བུ། |
| གཟན་པ་རྒྱག་པ |
རྟ་དྲེལ་སོགས་ལ་གཟན་པའམ་རྩྭ་སྟེར་བ་སྟེ། (དཔེར་ན།) རྟ་དྲེལ་ལ་ཆུ་བླུད་ནས་གཟན་པ་རྒྱག་ཅེས་པ་ལྟ་བུ། |
| གཟན་པོ |
1.གྲོན་ཆེ་བ་སྟེ། (དཔེར་ན།) ཟས་ལ་གཟན་པོ་ཡོང༌། ཟས་ལ་གཟན་པོ་ཡོང༌ཞེས་པ་ལྟ་བུ། 2.གནོད་པོའམ་རྩུབ་པོ་སྟེ། (དཔེར་ན།) ཚིག་རྩུབ་མོས་རྣ་བར་གཟན་པོ་བྱས་ཞེས་པ་ལྟ་བུ། |
| གཟན་རྒྱག |
ཆུད་ཟའི་གནོད་པ་སྟེ། (དཔེར་ན།) ནོར་རྫས་ལ་གཟན་རྒྱག་མ་བྱེད། གཟན་རྒྱག་ཆེན་པོ་བྱུང་འདུག་ཅེས་པ་ལྟ་བུ། |
| གཟན་རྩྭ |
རྟ་ཟོག་ར་ལུག་སོགས་གསོ་བྱེད་ཀྱི་རྩྭ། |
| གཟན་ཤམ |
གྲྭ་པའི་གཟན་དང་ཤམ་ཐབས་ཀྱི་བསྡུས་མིང༌། |
| གཟན་ཤིང |
གཟན་པ་དང་མེ་ཤིང༌། |
| གཟན་སྐྱུར |
གྲྭ་པའི་གཟན་གྱི་སྣེ་མོ་ཐུར་དུ་འབེབས་པའི་གུས་ཚུལ་ཞིག་སྟེ། (དཔེར་ན།) གྲྭ་པ་ཚོས་གཟན་སྐྱུར་ཕབ་ནས་དགའ་བསུ་གུས་འདུད་ཞུས་པ་ལྟ་བུ། |
| གཟན་སྒྲོག |
གྲྭ་གཟན་སྡོམ་བྱེད་ཀྱི་ཐག་པ། |
| གཟན་སྙིགས |
གནག་ཕྱུགས་ཀྱིས་རྩྭ་བཟས་པའི་སྙིགས་རོའམ་འཕྲོས། |
| གཟན་སྟན |
རབ་བྱུང་གི་གཟན་དང་གདན། |
| གཟན་སྡོམ |
གྲྭ་པའི་གཟན་གྱི་ཕྱི་ནས་སྒྲོག་ཐག |
| གཟན་སྣ་ལྔ |
རྒྱ་ལུ་ཆས་གྱོན་དུས་ཀྱི་གཟན། |
| གཟབ |
(བྱེད་འབྲེལ་ལས་ཚིག) གཟབས་པའི་ད་ལྟ་བ། རིག་པ་བསྒྲིམས་པ་དང་དོགས་ཟོན་བྱེད་པའི་དོན་ཏེ། (དཔེར་ན།) ནད་པས་ཟས་སྤྱོད་གཟབ། དགྲ་ལ་གཟབ། རྒྱུན་དུ་ཁ་ཚིག་གཟབ་ཅེས་པ་ལྟ་བུ། |
| གཟབ་གཟབ |
ནན་ཏན་གྱི་དོ་འཁུར་རམ་སྤྱོད་ལམ་སྒྲིམ་པོ་སྟེ། (དཔེར་ན།) བསམ་བློ་གཟབ་གཟབ་གཏོང་བ། ལམ་འཕྲང་དོག་སར་འགྲོ་དུས་གཟབ་གཟབ་བྱེད་དགོས་ཞེས་པ་ལྟ་བུ། |
| གཟབ་གཟབ་གཟེངས་གཟེངས |
(རྒྱན་ཚིག) དགའ་དགའ་གུས་གུས་སམ་དང་དང་དོད་དོད་དེ། (དཔེར་ན།) ངལ་རྩོལ་གཟབ་གཟབ་གཟེངས་གཟེངས་ཀྱིས་བྱས་པ། གཟབ་གཟབ་གཟེངས་གཟེངས་ཀྱིས་སྣེ་ལེན་ཞུས་པ་ལྟ་བུ། |
| གཟབ་གཟབ་ནན་ནན |
རིག་པ་བསྒྲིམས་པའི་བྱེད་སྟངས་ཏེ། (དཔེར་ན།) དོན་གནད་ཚང་མ་གཟབ་གཟབ་ནན་ནན་གྱིས་ཐག་གཅོད་བྱེད་པ་ལྟ་བུ། |
| གཟབ་གཟེངས |
(རྒྱན་ཚིག) གཟབ་གཟབ་གཟེངས་གཟེངས་ཀྱི་བསྡུས་ཚིག |
| གཟབ་གཤར |
བོད་ཡིག་གཟབ་མ་དབུ་ཅན་དང་གཤར་མ་དབུ་མེད་གཉིས། |
| གཟབ་གསོལ |
བོད་ལུགས་གཟབ་རྒྱས་ཀྱི་ལྷ་གསོལ་ཞིག |
| གཟབ་གོས |
གཟབ་སྤྲོས་རྒྱག་བྱེད་ཀྱི་གོས། |
| གཟབ་གོས |
མཆོར་གོས་ཀྱི་མིང་། |
| གཟབ་ནན |
གཟབ་གཟབ་ནན་ནན་ཏེ། (དཔེར་ན།) གྲོས་སྡུར་གཟབ་ནན་བྱེད་པ། གཟབ་ནན་གྱིས་ཉན་པ་ཞེས་པ་ལྟ་བུ། |
| གཟབ་པ |
(བྱེད་འབྲེལ་ལས་ཚིག) 1.གཟབས་པའི་ད་ལྟ་བའི་བྱ་མིང་། (དཔེར་ན།) ཟས་སྤྱོད་ལ་གཟབ་པ། སྣེ་ལེན་གཟབ་དགོས་ཞེས་པ་ལྟ་བུ།2.གཟོབ་པའི་མ་འོངས་པ། |
| གཟབ་བཞེས |
1.འཁྲི་ཁུར་དང་སྤྱོད་ལམ་གྱི་གཟབ་བརྩོན་ཏེ། (དཔེར་ན།) ཐུགས་ཁུར་གཟབ་བཞེས། འཕྲོད་བསྟེན་གཟབ་བཞེས་ཞེས་པ་ལྟ་བུ། 2.གཟབ་མཆོར་སྤྲས་པ། |
| གཟབ་བརྟན |
གཟབ་ནན་བརྟན་པོ་སྟེ། (དཔེར་ན།) མནོ་བསམ་གཟབ་བརྟན་གཏོང་བ་ཞེས་པ་ལྟ་བུ། |
| གཟབ་བཤར |
གཟབ་གཤར་དང་འདྲ། |
| གཟབ་མ |
ཡི་གེ་དབུ་ཅན་ནམ་ཡིག་དཀར། |
| གཟབ་མཆོར |
རྒྱན་གོས་ཡག་པོ་སྟེ། (དཔེར་ན།) གཟབ་མཆོར་སྤྲས་པ་ཞེས་པ་ལྟ་བུ། |
| གཟབ་འཆོས |
གཟབ་གཟབ་ཀྱིས་བྱ་བ་ལེགས་པོ་ཡོང་ཐབས་བྱེད་པ། |
| གཟབ་ཡིག |
བོད་ཡིག་དབུ་མེད་ཀྱི་ཡིག་གཟུགས་ཤིག་སྟེ། (དཔེར་ན།) བཀའ་ཤོག་སོགས་ལ་གཟབ་ཡིག་འབྲི་ཞེས་པ་ལྟ་བུ། |
| གཟབ་རྒྱས |
གཟབ་གཟབ་ཀྱི་རྒྱས་སྤྲོས་ཏེ། (དཔེར་ན།) གསོལ་སྟོན་གཟབ་རྒྱས་གཤོམ་པ་ཞེས་པ་ལྟ་བུ། |
| གཟབ་ལྷིང |
ལས་ཀ་གཟབ་གཟབ་བམ། བརྟན་པོའམ་ལྷིང་པོ་སྟེ། (དཔེར་ན།) བྲེལ་འཚབ་མེད་པར་གཟབ་ལྷིང་གི་སྒོ་ནས་མདུན་དུ་སྐྱོད་ཅེས་པ་ལྟ་བུ། |
| གཟབ་སྤྲས |
གོས་རྒྱན་སོགས་ལེགས་པར་བགོས་པའི་སྤྱོད་ལམ་སྟེ། (དཔེར་ན།) གར་པས་གཟབ་སྤྲས་བྱས་ལྟ་བུ། |
| གཟབ་སྤྲོས |
རྒྱན་གོས་གཟབ་མཆོར། |
| གཟབས་པ |
གཟོབ་པའི་འདས་པ། |
| གཟའ |
1.ཉི་མ་ཟླ་བ་སོགས་ཀྱི་གཟའ་སྟེ། (དཔེར་ན།) བླ་གཟའ། སྲོག་གཟའ། གཤེད་གཟའ་ཞེས་པ་ལྟ་བུ། 2.(མངོན་བརྗོད།) ཉི་མ་དང༌། ཟླ་བ། མིག་དམར། ལྷག་པ། ཕུར་བུ། པ་སངས། སྤེན་པ་སྟེ་རེས་གཟའ་བདུན་ཡོད་པས་གྲངས་བདུན་མཚོན། |
| གཟའ་ཁྱིམ |
རྒྱུ་སྐར་གཟའི་སྡོད་གནས། |
| གཟའ་གདོན |
རཱ་ཧུ་ལ་སྟེ་གཟའ་གྲིབ་ཀྱི་ནད་གཏོང་མཁན་གདོན་འདྲེ་བྱེ་བྲག་པ་ཞིག |
| གཟའ་གནས་དྲུག |
གཟའ་གནས་དང༌། ཆུ་ཚོད། ཆུ་སྲང༌། དབུགས། རི་རོའི་ཆ་ཤས། རི་མཁའ་རིའི་ཆ་ཤས་ཏེ་དྲུག |
| གཟའ་གྲིབ |
སྒྲ་གཅན་གདོང་ཐུག་གི་གནོད་པ། |
| གཟའ་ངན་པ |
ནག་རྩིས་ཀྱི་བཤད་སྲོལ་ལ་གཤེད་གཟའ་སོགས་བཀྲ་མི་ཤིས་པའི་གཟའ་ལ་ཟེར། |
| གཟའ་ཉི་མ |
1.སྐར་རྩིས་ལུགས་ཀྱི་རེས་གཟའ་བདུན་གྱི་ནང་ཚན་ཐོག་མར་ཉི་མ་ནས་འགོ་འཛིན། ཉི་མ་ཐོག་མར་སྐྱེས་པའམ། སྟོང་པར་ཞུགས་རྗེས་ཐོག་མར་ཉི་མ་ནས་འགོ་འཛིན་པའི་རྒྱུ་མཚན་གྱིས་ཡིན། སྐྱེས་ཁྱིམ་ཀརྐཌ། སྐར་དྲུག་སྟེ་ནབས་སོའི་ཆུ་ཚོད་ཞེ་ལྔ། ཉི་མའི་ཞག་གསུམ་དཀྱིལ་འཁོར་དང་ཡུལ་ལོངས་ཀྱི་ཐད་ལའང་ལྟོས། 2.གཟའ་འཁོར་རེའི་ཞག་བདུན་པ། |
| གཟའ་དག |
རེས་གཟའ་དག་པ་སྟེ་ལྔ་བསྡུས་ཀྱི་ནང་གསེས། ཚེས་ལོངས་རྫོགས་མཚམས་ཀྱི་རེས་གཟའ་དང༌། ཆུ་ཚོད། ཆུ་སྲང་སོགས་གསལ་བར་སྟོན་པའོ། ། |
| གཟའ་དགུ |
ཉི་མ་དང༌། ཟླ་བ། མིག་དམར། ལྷག་པ། ཕུར་བུ། པ་སངས། སྤེན་པ། སྒྲ་གཅན། མཇུག་རིང་སྟེ་གཟའ་དགུ། |
| གཟའ་དགུ་པ |
སྐར་མ་དུ་བ་མཇུག་རིང༌། |
| གཟའ་དུག |
1.རྩི་ཤིང་རིགས་ཤིག་སྲོག་ཆགས་ཉེ་འཁོར་དུ་སོང་བའམ་རེག་ན་དུག་ཕོག་ཅིང་། དུག་སེལ་དང་སྦྱོར་ཐབས་སོགས་འགྲིག་ན་སྨན་ཁྱད་པར་ཅན་ཞིག་ཡིན། བོད་ཉིང་ཁྲིའི་ནགས་གསེབ་ཏུ་ཡོད་ཟེར། 2.རྩ་དཀར་རམ་དབང་རྩ་དང་། ཁྲག་རྩ་དང་ཀླད་པ་སོགས་ལ་ནད་བྱུང་ནས་གློ་བུར་དུ་འགྱེལ་བ་དང་བརྒྱལ་བའམ། རྐང་ལག་བཤལ་བ་དང་དབང་བོ་ཉམས་པའི་ནད་དྲག་པོ་ཞིག་སྟེ། (དཔེར་ན།) གཟགས་ཕོག གཟའ་འཕར། གཟའ་བརྒྱབ་ལྟ་བུ། |
| གཟའ་དྷྲུ |
གཟའི་ཟླ་ལོངས་ཕྱོགས་གཅིག་ཏུ་དྲིལ་བ་ལ་གཟའི་དྷྲུ་ཝ་བརྩི་བྱའི་ཟླ་བ་སྔ་མའི་གནམ་སྟོང་གི་རེས་གཟའ་དང༌། ཚེས་ཞག་དེ་རྫོགས་མཚམས་ཀྱི་ཆུ་ཚོད་རྒྱུན་དང་བཅས་པ། |
| གཟའ་ནད |
གཟའ་བདུད་རཱ་ཧུ་ལས་གཏོང་བར་གྲགས་པའི་ནད་དེ། ཀླད་སྟེང་ཁྲག་རྩ་རྡོལ་ནས་ཁ་ལྐུགས་ཤིང་མིག་སླེ་བ་དང༌། གཞོགས་བཤལ་བ། ཚོར་བ་ཉམས་པ། དྲི་ཆེན་དང་དྲི་ཆུ་དབང་མེད་དུ་འཆོར་བ་བཅས་འབྱུང་བའི་ནད་ཅིག |
| གཟའ་པ་སངས |
1.རེས་གཟའ་བདུན་གྱི་དྲུག་པ། 2.གཟའ་འཁོར་རེའི་ཞག་ལྔ་པ། |
| གཟའ་ཕུར་བུ |
1.རེས་གཟའ་བདུན་གྱི་ནང་ཚན་ལྔ་པ། དེ་ནི་སྐར་མ་དཀར་ལ་དམར་བའི་མདངས་ཅན་ཞིག་ཡིན། སྐྱེས་ཁྱིམ་མེ་བཞིའི་ཆུ་ཚོད་ཐིག་ཉིན་དཀྱིལ་བཞི་སྟོང་སུམ་བརྒྱ་སོ་གཉིས། ཚེས་དཀྱིལ་བཞི་སྟོང་བཞི་བརྒྱ་མདའ་འདོད་དྲག་ཆ་དགུ་སྟོང་ལྔ་བརྒྱ་གྱ་བཞི། 2.གཟའ་འཁོར་རེའི་ཞག་བཞི་པ། 3.ལྷའི་བླ་མ་གཟའ་ཕུར་བུ་ནི་ལྷ་རྣམས་ལ་སྒྲ་རིག་པ་སློབ་མཁན་དགེ་རྒན་ཡིན་སྐད། |
| གཟའ་ཕོག་པ |
གཟའ་ནད་ཐེབས་པ། |
| གཟའ་ཕྱེད་དག་པ |
གཟའ་དག་གི་ཆེད་དུ་གཟའ་བར་ལ་ཟླ་རྐང་གིས་སྣོན་འཕྲི་བྱས་ནས་ཉི་རྐང་གིས་ད་དུང་སྣོན་འཕྲི་མ་བྱས་པས་ན་ཕྱེད་དག་ཟེར། |
| གཟའ་བཅུ |
ཉི་མ་དང༌། ཟླ་བ། མིག་དམར། ལྷག་པ། ཕུར་བུ། པ་སངས། སྤེན་པ། སྒྲ་གཅན། དུས་མེ། མཇུག་རིང་བཅས་བཅུ། |
| གཟའ་བདུད་དཀར་པོ |
གཟའ་དུག་མེ་ཏོག་དཀར་པོ་འཆར་བ་ཞིག་ནུས་པ་གཟའ་དུག་དང་མཚུངས། |
| གཟའ་བདུད་ནག་པོ |
གཟའ་དུག་མེ་ཏོག་སྔོ་ནག་འཆར་བ་ཞིག་ནུས་པ་གཟའ་དུག་དང་མཚུངས། |
| གཟའ་བདུད་མགོ་དགུ |
སྔོ་སྨན་གཟའ་དུག་སྡོང་པོ་གཅིག་ལ་མེ་ཏོག་དགུ་འཆར་བ་ཞིག་ནུས་པ་གཟའ་དུག་དང་མཚུངས། |
| གཟའ་བདུན |
རེས་གཟའ་བདུན་ཏེ་ཉི་མ་དང༌། ཟླ་བ། མིག་དམར། ལྷག་པ། ཕུར་བུ། པ་སངས། སྤེན་པ། |
| གཟའ་བར་བ |
གཟའ་དྷྲུ་ལ་རྟག་ལོངས་བྱིན་པས་གཟའ་བར་གྲུབ་ཀྱང་རྐང་ལོངས་སྣོན་འཕྲི་མ་བྱས་པས་ཉིན་ཞག་དེའི་རེས་གཟའ་དངོས་སུ་འགྱུར་མི་འགྱུར་ལ་ངེས་པ་མེད་པས་ན་བར་བ་སྟེ་ཕུང་གསུམ་པ་ཞེས་པའི་དོན་ནོ། ། |
| གཟའ་བརྒྱད་པ |
རཱ་ཧུ་ལའམ་གཟའ་སྒྲ་གཅན་ཏེ། སྔར་གྱི་བཤད་སྲོལ་ལ་ཉི་མ་ཟླ་བ་ཟ་མཁན་གྱི་གཟའ་ལ་ཟེར། |
| གཟའ་མཇུག་རིང |
སྐར་མ་དུ་བ་མཇུག་རིང༌། |
| གཟའ་མིག་དམར |
1.རེས་གཟའ་བདུན་གྱི་ནང་ཚན་གསུམ་པ། དེ་ནི་སྐར་མ་དམར་པོ་འོད་དམར་གསལ་ལེ་བ་ཞིག་ཡིན། སྐྱེས་ཁྱིམ་མཆུའི་ཆུ་ཚོད་སུམ་ཅུ། ཉིན་ཞག་དཀྱིལ་འཁོར་དྲུག་བརྒྱ་གྱ་བདུན། ཚེས་ཞག་དཀྱིལ་འཁོར་དྲུག་བརྒྱ་གོ་བདུན་མདའ་འདོད་དྲག་ཆ་ཆིག་ཁྲི་ཉིས་བརྒྱ་ཞེ་དགུ། 2.གཟའ་འཁོར་རེའི་ཞག་གཉིས་པ། |
| གཟའ་ཟླ་བ |
1.རེས་གཟའ་བདུན་གྱི་གཉིས་པ། 2.གཟའ་འཁོར་རེའི་ཞག་དང་པོ། |
| གཟའ་འཁོར |
གཟའ་བདུན་རེ་མོས་ཀྱིས་སླེབས་མཚམས། |
| གཟའ་འཛིན |
ཉི་ཟླ་གཟས་སྒྲིབ་པ་སྤྱིར་གནམ་སྟོང་སྟེ་ཉི་ཟླ་གཉིས་ཕྱོགས་གཅིག་ཏུ་འཆར་བའི་དུས་དེར་སྒྲ་གཅན་གདོང་མཇུག་གང་རུང་དང་གསུམ་འཛོམས་ཚེ་ཉི་འཛིན་འབྱུང་སྲིད་ལ། ཉ་གང་སྟེ་ཉི་ཟླ་གཉིས་ཁ་གཏད་དུ་འཆར་བའི་དུས་དེར་སྒྲ་གཅན་གདོང་མཇུག་དང་ཟླ་བ་གཉིས་འཛོམས་ཚེ་ཟླ་འཛིན་འབྱུང་སྲིད་ཀྱང༌། དེ་གསུམ་རླུང་འགྲོས་ཀྱི་བགྲོད་པ་མྱུར་དལ་དང་ལྷོ་དབུས་བྱང་གསུམ་གང་ལ་སྤྱོད་པ་མཐུན་ནམ་མི་མཐུན། སྐར་མ་གང་དང་གང་ལ་གནས་པ་སོགས་ལེགས་པར་བརྟག་དགོས་ཏེ། ས་ཚིགས་སོ་སོའི་དབང་གིས་འཛིན་ཆ་ཆེ་ཆུང་དུས་སྔ་ཕྱི་མཐོང་མི་མཐོང་མི་འདྲ་བ་སྣ་ཚོགས་འབྱུང་ངོ་། ། |
| གཟའ་ཡི་མུ་ཁྱུད |
(མངོན་བརྗོད།) གནམ་གྱི་དགུ་ཚིགས་སམ་གནམ་གྱི་སྐེ་རགས། |
| གཟའ་ཡི་རྟེན |
(མངོན་བརྗོད།) སྐར་མ་བརྟན་པ། |
| གཟའ་ཡི་རྣ་བ་འཛིན |
(མངོན་བརྗོད།) སྒྲ་གཅན། |
| གཟའ་ཡིས་བཟུང |
(མངོན་བརྗོད།) ཟླ་བ་གཟས་བཟུང་བ། |
| གཟའ་རཱ་ཧུ་ལ |
གཟའ་དགུའི་བརྒྱད་པ་སྒྲ་གཅན། |
| གཟའ་རོ |
གཟའ་ནད་བྱུང་ནས་ནད་རོ་ལུས་པའི་མི་ཕྱུགས། |
| གཟའ་རྒོད |
(མངོན་བརྗོད།) གཟའ་སྒྲ་གཅན། |
| གཟའ་ལྔ |
1.ཉི་ཟླ་གཉིས་མ་གཏོགས་པའི་རེས་གཟའ་ལྷག་མ་ལྔའམ་དེ་ལྔའི་བགྲོད་པ་རྩི་པའི་སྐར་རྩིས་རིག་པ་ཞིག་གི་མིང་སྟེ། (དཔེར་ན།) 《གཟའ་ལྔའི་རྩིས》 ཞེས་པ་ལྟ་བུ། 2.ལུས་སྨད་རྒྱ་མཚོར་ཟུག་ཅིང་མགོ་ལུས་ཧྲིལ་བོར་མིག་གིས་ཁེངས་ཕའི་ལྷ་མཐུ་བོ་ཆེ་ཞིག་གི་མིང་། |
| གཟའ་ལྷག་པ |
1.རེས་གཟའ་བདུན་གྱི་ནང་ཚན་བཞི་པ། དེ་ནི་སྐར་མ་དཀར་གསལ་གསེར་འོད་ཅན་ཞིག་ཡིན། ཉིན་དཀྱིལ་གྱ་བདུན་དང་བརྒྱ་ཆ་གོ་བདུན། ཚེས་དཀྱིལ་གྱ་དགུ་དང་བརྒྱ་ཆ་སོ་དྲག་མདའ་འདོད་དྲག་ཆ་དགུ་སྟོང་སུམ་བརྒྱ་དང་བཞི། སྐྱེས་ཁྱིམ་ས་གའི་ཆུ་ཚོད་སུམ་ཅུ། 2.གཟའ་འཁོར་རེའི་ཞག་གསུམ་པ། |
| གཟའ་སྐར |
ཉི་མ་སོགས་གཟའ་དང་བྲ་ཉེ་སོགས་རྒྱུ་སྐར། |
| གཟའ་སྐར་གནས |
(མངོན་བརྗོད།) ནམ་མཁའ། |
| གཟའ་སྐར་བཟང་པོ |
གཟའ་སྐར་གྱི་འཕྲོད་སྦྱོར་བཟང་པོ། |
| གཟའ་སྐར་མཁན |
རྩིས་པ། |
| གཟའ་སྐར་ཚེས་རྩིས |
གཟའ་སོགས་རྩི་ཐབས། |
| གཟའ་སྐར་རྒྱུ་ལམ |
(མངོན་བརྗོད།) གོ་ལའམ་ནམ་མཁའ། |
| གཟའ་སྒྲ་གཅན |
སྔར་གྱི་བཤད་སྲོལ་ལྟར་ཉི་མ་དང་ཟླ་བ་ཟ་མཁན་ཏེ་ལྷ་མ་ཡིན་གྱི་དབང་པོ། |
| གཟའ་སྤེན་པ |
1.རེས་གཟའ་བདུན་གྱི་ནང་ཚན་བདུན་པ། དེ་ནི་སྐར་མ་འོད་ཆུང་དཀར་ཤམ་མེ་བ་ཞིག་ཡིན་ཡང་འགྲོས་དལ་བས་ཕྱིར་ལོག་ལ་བརྟེན་ནས་ཞིབ་བརྟག་བྱས་ན་ངེས་ཐུབ་པ་ཞིག་ཡིན། སྐྱེས་ཁྱིམ་སྣྲུབས་ཀྱི་ཆུ་ཚོད། ཉིན་དཀྱིལ་ཆིག་ཁྲི་བདུན་བརྒྱ་རེ་དྲུག་ཚེས་དཀྱིལ་ཆིག་ཁྲི་དགུ་བརྒྱ་སོ་བདུན་མདའ་འདོད་དྲག་ཆ་ཆིག་སྟོང་བཞི་བརྒྱ་གོ་བདུན། 2.གཟའ་འཁོར་རེའི་ཞག་དྲུག་པ། |
| གཟའི་ཁམས |
ཉི་མ་མིག་དམར་མེ་ཡི་ཁམས། ཟླ་བ་ལྷག་པ་ཆུ་ཡི་ཁམས། པ་སངས་སྤེན་པ་ས་ཡི་ཁམས། ཕུར་བུ་སྒྲ་གཅན་རླུང་གི་ཁམས། ཞེས་པ་ལྟར་སྐར་རྩིས་པ་དང༌། ནག་རྩིས་པ་རྣམས་ཀྱིས་ཕུར་བུ་ཤིང་དང༌། པ་སངས་ལྕགས་ཡིན་པར་འདོད་པ་མ་གཏོགས་གཞན་འདྲའོ། ། |
| གཟའི་དྷྲུ་བ |
གཟའ་དྷྲུ་དང་དོན་གཅིག |
| གཟའི་ནང་གསེས་ཀྱི་བགྲོད་པ |
ཟླ་བའི་རང་འགྲོས་མྱུར་བས་ཉི་མའི་མདུན་ནས་འཆར་ཏེ་རྒྱབ་ཏུ་ནུབ། ལྷག་སངས་མཇུག་རིང་གསུམ་ཉི་མ་དང་ཉེ་བར་འགྲོགས་ཤིང་རང་འགྲོས་ཚུལ་གྱིས་ཉི་མའི་མདུན་རྒྱབ་ཅི་རིགས་ནས་འཆར་ནུབ་བྱེད་པས་སྲོད་དང་ཐོ་རེངས་ཙམ་མ་གཏོགས་མི་མཐོང་ལ། དྲག་གཟའ་གསུམ་རང་འགྲོས་བུལ་བས། ཉི་མའི་རྒྱབ་ནས་འཆར་ཏེ་མདུན་དུ་ནུབ་པས་མཚན་ཕྱེད་ལའང་མཐོང་ངོ་། ། |
| གཟའི་བདག་པོ |
(མངོན་བརྗོད།) ཉི་མ། |
| གཟའི་མུ་ཁྱུད |
གཟའ་ཡི་མུ་ཁྱུད་དང་དོན་གཅིག |
| གཟའི་རྟག་ལོངས |
དེ་ལ་ཞག་གསུམ་གྱི་རྟག་ལོངས་གསུམ་ཡོད་ཅིང༌། དེ་ལས་ཚེས་ཞག་ནི་ཚེས་ཞག་གཅིག་གི་ཡུན་ཚད་ཆ་མཉམ་ན་ཆུ་ཚོད་ང་དགུ། ཆུ་སྲང་གསུམ། དབུགས་བཞི་རི་མཁའ་རིའི་ཆ་ཤས་བཅུ་དྲུག |
| གཟའི་རྟེན |
གཟའ་ཡི་རྟེན་དང་དོན་གཅིག |
| གཟའི་རྣ་བ་འཛིན |
གཟའ་ཡི་རྣ་བ་འཛིན་དང་དོན་གཅིག |
| གཟར |
1.བཟར་གྱི་མ་འོངས་པ་སྟེ། (དཔེར་ན།) གཟར་བྱའི་ལྭ་བ་གཟར་དགོས་ལྟ་བུ། 2.སྒ་འོག་གི་སྟན་གྱི་བྱེ་བྲག་ཅིག |
| གཟར |
1.ཐུར་ལ་འཕྱང་དུ་བཅུག་པའི་དོན་དུ་གོ་བའི་འཛར་གྱི་མ་འོངས་པ། 2.ཆུ་སོགས་འཛག་པའི་དོན་དུ་གོ་བའི་འཛར་གྱི་མ་འོངས་པ། 3.གཟར་བོ་ཡི་ཚིག་བསྡུས་པ། |
| གཟར་ཆེན |
རྟ་སྒའི་འོག་ཏུ་འདིང་རྒྱུའི་གོས་ཆེན་གྱི་སྟན་ཞིག |
| གཟར་ཐག |
ཡོ་བྱད་འགེལ་སའི་ལུང་ཐག་གམ་གཟེར་ཐག |
| གཟར་བ |
(བྱེད་འབྲེལ་ལས་ཚིག) འགེལ་བ་སྟེ། (དཔེར་ན།) བླ་གོས་ཕྲག་པར་གཟར། འབེན་གཟར་བ་ལྟ་བུ། |
| གཟར་བུ |
ཐུག་པ་སོགས་བླུག་བྱེད་ཤིང་ལས་བཟོས་པ་ཞིག་སྟེ། (དཔེར་ན།) དཀའ་ལས་སྐྱ་བས་བརྒྱབ་ནས་ལོངས་སྤྱོད་གཟར་བུས་བྱས་ཞེས་པ་ལྟ་བུ། མིང་གི་རྣམ་གྲངས་ལ་སྐྱོགས་དང༌། ལག་སྐྱོགས། ཤིང་སྐྱོགས་བཅས་སོ། ། |
| གཟར་བུ་མགོ |
(མངོན་བརྗོད།) སྦྲུལ། |
| གཟར་བོ |
(རྒྱན་ཚིག) ཐུར་དུ་བསེགས་ཚད་ཆེ་བའི་དོན་ཏེ། (དཔེར་ན།) རི་གཟར་བོ། ལ་གཟར་བོ་ཞེས་པ་ལྟ་བུ། ཚིག་བསྡུས་ན་གཟར་ཞེས་འབྲི་ཆོག་བྲག་གཟར། རི་གཟར་ཞེས་པ་ལྟ་བུ། |
| གཟར་མགོ |
ཐ་མག་གམ་དུ་བ་འཐེན་སྤྱད་དགང་གཟར་གྱི་མགོ། |
| གཟར་མོ |
གཟར་པོ་དང་དོན་གཅིག |
| གཟར་ཡུ |
ཐ་མག་འཐེན་བྱེད་དགང་གཟར་གྱི་ཀན་ཙེའམ་མདའ། |
| གཟར་རུ |
(ཡུལ་སྐད།) ཤིང་སྐྱོགས་ཏེ། (དཔེར་ན།) རྩམ་པའི་གཟར་རུ། ཐུག་པའི་གཟར་རུ་ཞེས་པ་ལྟ་བུ། |
| གཟར་སྟན |
སྒ་འོག་གི་སྟན། |
| གཟལ་བ |
(བརྡ་རྙིང་།) བཀས་པ། |
| གཟས |
1.(བྱེད་འབྲེལ་ལས་ཚིག་འདས་པ) སྦྱོར་བ་བརྩམས་པའམ་གྲ་སྒྲིག་བྱས་པ་སྟེ། (དཔེར་ན།) རྡེག་པར་གཟས། ཟ་བར་གཟས་ལྟ་བུ། མ་འོངས་པ་དང་ད་ལྟ་བར་གཟའ་འབྲི་རྡེག་པར་གཟའ་གཟའ་བྱས་ལྟ་བུ། 2.(བྱེད་མེད་ལས་ཚིག) དམིགས་ཡུལ་གཅིག་ལ་གཏད་པའི་དོན་ཏེ། (དཔེར་ན།) ཕུགས་འདུན་ལ་གཟས་ནས་སློབ་སྦྱོང་དུ་སོང་། གཟས་ནས་སློབ་གྲྭར་སོང་ལྟ་བུ། |
| གཟས་པ |
(བྱེད་འབྲེལ་ལས་ཚིག) ཁ་གཏོད་པ་དང་སྡིག་པ་དང་རྩོམ་པ་བཅས་ཀྱི་དོན་ཏེ། (དཔེར་ན།) མདའ་འབེན་ལ་གཟས་པ། རྡུང་རྡེག་བྱེད་པར་གཟས་པ། བྱ་བར་གཟས་པ། དེ་ལ་རལ་གྲི་བརྡེག་པར་གཟས་པ་ན། ཐད་དུ་གཟས་པ་ཞེས་པ་ལྟ་བུ། |
| གཟས་འཛིན |
གཟའ་འཛིན་དང་དོན་གཅིག |
| གཟས་ས |
(ཡུལ་སྐད།) འབྲོག་པའི་རྟ་ནོར་ར་ལུག་སོགས་འཚོ་ཡུལ། |
| གཟི |
1.གཏེར་ཁ་ནས་ཐོན་པའི་རིན་པོ་ཆེ་ཁྲ་བོ་ཞིག་གི་མིང་སྟེ། མཆོང་ཡང་ཟེར། 2.འོད་མདངས་སམ་བཀྲག་མདངས་ཀྱི་མིང་སྟེ། (དཔེར་ན།) ཉི་མའི་གཟི་མདངས། གོས་ཀྱི་གཟི་མདངས་ཞེས་པ་ལྟ་བུ། |
| གཟི་དོམ |
གདོན་གནོད་སེལ་ཞིང་མིག་ཁྲག་འཇོམས་པ་དང་གཟི་བྱིན་སྐྱེད་པའི་དོམ་ར་ཁྱད་པར་བ་ཞིག |
| གཟི་པང |
གསེར་རིས་ལ་གཟི་འོད་འདོན་དུས་ལག་གདན་གྱི་པང་ལེབ་བམ་ཤིང་ལེབ། |
| གཟི་བརྗིད |
ཁྱད་པར་དུ་འཕགས་པའི་བཟོ་ལྟ་དང་གོ་དོན་ཁྱད་པར་བའི་མིང་སྟེ། (དཔེར་ན།) ཁང་ཆེན་གཟི་བརྗིད་ཅན། ལུས་གཟི་བརྗིད་འབར་བ། ལས་དོན་གཟི་བརྗིད་ཅན་ཞེས་པ་ལྟ་བུ། |
| གཟི་བརྗིད་ཅན་གྱི་རྒྱན |
དོན་རྒྱན་གྱི་ནང་གསེས་ཤིག་འགའ་ཞིག་དཔའ་བའི་རྒྱན་གྱིས་རང་ཉིད་གཟི་བརྗིད་ཆེ་ཆེ་དང་གཞན་དག་ཉམ་ཆུང་ཆུང་ལྟར་སྟོན་པའི་རྒྱན་ཞིག་ལྟ་བུ། |
| གཟི་བརྗིད་ཆེ་བ |
1.བཀྲག་མདངས་སམ་རྔམ་ཟིལ་ཆེ་བ། 2.མངོན གཞོན་ནུ་གདོང་དྲུག |
| གཟི་བརྗིད་ཆེན་པོ |
1.རྔམ་ཟིལ་ཆེ་བའམ་བཀྲག་མདངས་ཆེན་པོ། 2.སངས་རྒྱས་ཤིག་གི་མཚན། |
| གཟི་བརྗིད་སྐྱེས |
(མངོན་བརྗོད།) གསེར། |
| གཟི་བྱིན |
བཀྲག་མདངས་ཏེ། (དཔེར་ན།) གཟི་བྱིན་གྱི་དཔལ། གཟི་བྱིན་ཉམས་པ། གཟི་བྱིན་ཆེན་པོ་ཞེས་པ་ལྟ་བུ། |
| གཟི་མ |
མིག་ལྕིབས་ཀྱི་མཐར་སྐྱེས་པའི་སྤུའི་མིང་། |
| གཟི་མཐུ |
གཟི་བརྗིད་ཀྱི་ནུས་པ་སྟེ། (དཔེར་ན།) གཟི་མཐུ་ཉིན་རེ་ལས་ཉིན་རེ་ཇེ་ཆེར་འགྲོ་བ་ཞེས་པ་ལྟ་བུ། |
| གཟི་མདངས |
1.ལུས་ཀྱི་བཀྲག་མདངས། 2.ཉི་ཟླ་སོགས་ཀྱི་འོད་ཟེར་ཏེ། (དཔེར་ན།) ནུབ་ཕྱོགས་གངས་རི་དཀར་པོ་གཟི་མདངས་རྒྱས་ཞེས་པ་ལྟ་བུ། 3.སངས་རྒྱས་ཤིག་གི་མཚན། |
| གཟི་མིག་དགུ་པ |
རིན་ཆེན་གཟི་མཆོག་གྱུར་མིག་རིས་དགུ་པ་ཅན། |
| གཟི་ཞགས |
རིན་ཆེན་གཟིའི་ཕྲེང་བ། |
| གཟི་འོད |
གཟི་བརྗིད་དང་འོད་ཟེར་ཏེ། (དཔེར་ན།) ཉི་ཟླའི་གཟི་འོད། གློག་གི་གཟི་འོད་ཅེས་པ་ལྟ་བུ། |
| གཟི་རིས |
གསེར་ཆུ་བྱུགས་པའི་སྟེང་དུ་གཟི་ཡིས་བྲིས་པའི་རི་མོ། |
| གཟི་རྒྱག་པ |
གསེར་རིས་ལ་གཟི་ཡིས་བརྡར་ཏེ་འོད་འདོན་པ། |
| གཟི་རྔམ |
གཟི་བརྗིད་དང་ཟིལ་ཤུགས་ཏེ། (དཔེར་ན།) སེང་གེས་གཅན་གཟན་དང་རི་དྭགས་གཞན་ལ་གཟི་རྔམ་སྟོན་པ་ཞེས་པ་ལྟ་བུ། |
| གཟི་རྙིང |
རྡོ་སྨན་ཞིག |
| གཟི་རྡོ |
1.རྡོ་སྨན་ཞིག 2.རྡོ་སྨན་ཞིག་ནུས་པས་བུ་སྣོད་ཀྱི་དྲོད་སྐྱེད། |
| གཟི་ལོག |
མིག་ཞར་རམ་མིག་བཟོ་དབྱིབས་འཁྱོལ་བ་སྟེ། (དཔེར་ན།) ཕྲུ་གུ་དེའི་མིག་གཟི་ལོག་རེད་ཅེས་པ་ལྟ་བུ། |
| གཟིག |
སྤུ་མདོག་སེར་སྐྱའམ་དམར་སེར་གྱི་སྟེང་དུ་ཐིག་ལེ་ཟླུམ་པོའམ་ཟུར་གསུམ་ནག་ཐིག་སོགས་ཀྱིས་ཁྱབ་པ། མཆོང་མཁས་ཤིང་སྡོང་བོར་འཛེག་ཐུབ་པ། གཟན་དུ་ཤ་བ་དང་སྤྲེའུ་སོགས་བཟའ་བའི་གཅན་གཟན་གཏུམ་པོ་ཞིག་ཡིན། སྐབས་འགར་སྒོ་ཕྱུགས་དང་ཁྱི་ཡང་ཟ། དེའི་པགས་པ་ནི་པགས་རིགས་རྩ་ཆེན་ཞིག་ཡིན། |
| གཟིག་ཐིག་མ |
གཟིག་ལྤགས་ཀྱི་ཐིག་ལེའི་རིས་ཅན་ཏེ། (དཔེར་ན།) སྣམ་བུ་གཟིག་ཐིག་མ། རུམ་གདན་གཟིག་ཐིག་མ་ཞེས་པ་ལྟ་བུ། |
| གཟིག་རིས |
གཟིག་ལྤགས་ཀྱི་ཐིག་རིས། |
| གཟིག་ལྤགས |
གཟིག་གི་པགས་པ་སྟེ། (དཔེར་ན།) གཟིག་ལྤགས་བཀབ་པའི་བོང་བུ་ཡིས། ལོ་ཐོག་ཟོས་མཐར་གཞན་གྱིས་བསད་ཅེས་པ་ལྟ་བུ། |
| གཟིག་ཤུབས |
གཟིག་ལྤགས་ལས་བཟོས་པའི་མདའ་ཤུབས། |
| གཟིག་སྒམ |
(ཡུལ་སྐད།) གཟིག་འཛིན་བྱེད་ས་དོང་ནང་གི་རྡོ་སྒམ། |
| གཟིག་སློག |
གཟིག་ལྤགས་ཀྱི་གྱོན་པ་ཞིག |
| གཟིགས |
(བྱེད་འབྲེལ་ལས་ཚིག) ལྟ་བ་དང་མཐོང་བའི་ཞེ་ས་སྟེ། (དཔེར་ན།) ལྟད་གཟིགས། དམག་གཟིགས་ཞེས་པ་ལྟ་བུ། |
| གཟིགས་པ |
(བྱེད་འབྲེལ་ལས་ཚིག) 1.མཐོང་བ་དང་ལྟ་བའི་ཞེ་ས་སྟེ། (དཔེར་ན།) རྟ་ཐོག་ནས་གྲོག་མ་གཟིགས་པ། བོང་བ་གསེར་གཟིགས། སྤྱན་གྱིས་གཟིགས་ནས་ཞལ་ནས་འདི་སྐད་གསུང༌། གཟིགས་མོར་གཟིགས་ཤིག གཟིགས་འཚལ་ཞེས་པ་ལྟ་བུ། 2.རྟོགས་པའི་ཞེ་ས་སྟེ། (དཔེར་ན།) བདེན་དོན་ཡང་དག་པར་གཟིགས་པ། ཐུགས་རྗེས་གཟིགས་རོགས་གནང༌ཞེས་པ་ལྟ་བུ། 3.ཉོ་བའི་ཞེ་ས་སྟེ། (དཔེར་ན།) ཐུགས་མཁོ་ཡོ་བྱད་ཚང་མ་གཟིགས་གྲུབ་བམ་ཞེས་པ་ལྟ་བུ། |
| གཟིགས་པ་གཡོ་རྟེན |
ཞུ་ཡིག་དང་མཉམ་དུ་འབུལ་རྒྱུའི་ཁ་བཏགས་དང་དངོས་རྫས་ཏེ། (དཔེར་ན།) ཞུ་ཡིག་ལ་གཟིགས་པ་གཡོ་རྟེན་མཚོན་ཙམ་བཅས་གུས་པས་ཕུལ་ཞེས་པ་ལྟ་བུ། |
| གཟིགས་པ་ཆེན་པོ |
1.མཐོང་ཆེན་པོའམ་གཙིགས་ཆེན་པོའམ་ཧ་ཅང་དགའ་པོ་བྱེད་པ། 2.སངས་རྒྱས་ཤིག་གི་མཚན། |
| གཟིགས་པ་རྣམ་པ་ལྔ |
གཟིགས་པ་ལྔ་ལྡན་དང་དོན་གཅིག |
| གཟིགས་པ་ལྔ་ལྡན |
རྒྱལ་བ་དམ་པ་ཏོག་དཀར་གྱི་གཟིགས་པ་ལྔ་སྟེ།་ཡུལ་སེར་སྐྱ་དང༌། རིགས་རྒྱལ་པོ། རུས་བུ་རམ་ཤིང་པ་ཤཱཀྱའི་རྒྱུད། ཡུམ་སྒྱུ་མ་ལྷ་མཛེས། དུས་སྙིགས་མ་ལྔ་བདོ་བཅས་ལ་གཟིགས་པ་ལྔའོ། ། |
| གཟིགས་པ་སྒྲིབ་མེད་དག་པའི་དཔེ་བྱད |
སངས་རྒྱས་ཀྱི་དཔེ་བྱད་བཟང་པོ་བརྒྱད་ཅུའི་ནང་གསེས་ཤིག་ཚིག་གི་དོན་ཤིན་ཏུ་རྣམ་པར་དག་པ་སྟོན་པས་སྤྱན་གྱི་གཟིགས་པ་རབ་རིབ་མེད་ཅིང་རྣམ་པར་དག་པའོ། ། |
| གཟིགས་བཟོས |
བྱས་རྗེས་ཀྱི་ལེགས་སྐྱེས། |
| གཟིགས་བཟོས་གསོལ་རས |
བྱས་རྗེས་ཀྱི་ལེགས་སྐྱེས། |
| གཟིགས་བཟོས་ཉེས་འགེལ |
བྱས་རྗེས་བདག་རྐྱེན་སྤྲོད་པ་དང་བྱས་ཉེས་ལ་ཉེས་ཆད་འགེལ་བ། |
| གཟིགས་བཟོས་ཡིག་རིགས |
བྱས་རྗེས་འཇོག་མཁན་ལ་བདག་རྐྱེན་གནང་བའི་བཀའ་གཏན་ཚིགས། |
| གཟིགས་བཟོས་རྟགས་མ |
བྱས་རྗེས་འཇོག་མཁན་ལ་གནང་བའི་རྟགས་མ། |
| གཟིགས་བཟོས་སྐུལ་ལྕག |
གཟི་བརྗིད་མཚན་སྙན་ནམ་ལེགས་སྐྱེས་གནང་སྟེ་སྐུལ་ལྕག་གཏོང་བ། |
| གཟིགས་བྱང |
ཡི་གེའི་ཁ་བྱང༌། |
| གཟིགས་བྱེད |
(མངོན་བརྗོད།) མིག |
| གཟིགས་མཁྱེན་སྤྲིང་ཡིག |
རྒྱལ་ཁབ་ཅིག་གིས་རང་གི་བསམ་འཆར་རྒྱལ་ཁབ་གཞན་ཞིག་ལ་བཏང་བའི་ཕྱི་འབྲེལ་ཡི་གེ། |
| གཟིགས་མཆན |
དཔེ་ཆའི་རྩ་བ་ཡིག་ཆེན་ལ་ཡིག་ཆུང་གི་མཆན་ཡོད་པ། |
| གཟིགས་མོ |
ལྟད་མོ། |
| གཟིགས་ཚུལ |
ལྟ་སྟངས་སམ་མཁྱེན་ཚུལ་ཏེ། (དཔེར་ན།) གཟིགས་ཚུལ་སྣ་ཚོགས་འབྱུང་སྲིད། དགོངས་དོན་ཟབ་མོར་གཟིགས་ཚུལ་ཅི་ཞིག་བྱུང་ངམ་ཞེས་པ་ལྟ་བུ། |
| གཟིགས་ཞིབ |
མིག་གིས་བལྟས་ཏེ་ཞིབ་འཇུག་བྱེད་པ་སྟེ། (དཔེར་ན།) གཟིགས་ཞིབ་སྡིངས་ཆ་ཞེས་པ་ལྟ་བུ། |
| གཟིགས་འབུལ |
1.གཟིགས་ཞིབ་ཏུ་འབུལ་བ། 2.གཟིགས་མོ་འབུལ་བ། 3.གཟིགས་ཕུད་འབུལ་བ་སྟེ། (དཔེར་ན།) དཔེ་དེབ་གསར་བསྐྲུན་སྣ་ཚོགས་གཟིགས་འབུལ་ཞུ་བ་ལྟ་བུ། |
| གཟིགས་འཚལ |
གཟིགས་པར་མཛོད། |
| གཟིགས་རྟེན |
ཞུ་ཡིག་དང་མཉམ་དུ་འབུལ་རྒྱུའི་ཁ་བཏགས་དང་དངོས་རྫས་ཏེ། (དཔེར་ན།) གཟིགས་རྟེན་སྟོང་མིན་ཙམ་ཞིག་ཕུལ་ཡོད་ཅེས་པ་ལྟ་བུ། |
| གཟིགས་རྟོག |
གཙོ་བོ་མཐོ་གྲས་སོགས་དམག་དཔུང་དང་མི་མང་གི་སྔུན་དུ་ཕེབས་ནས་ལྟ་རྟོག་བྱེད་པའི་ཆོ་ག་ཞིག |
| གཟིགས་སྐྱོང |
བརྩེ་བས་སྐྱོང་བ་སྟེ། (དཔེར་ན།) ནད་པར་གཟིགས་སྐྱོང༌། སྔོན་གཤེགས་དཔའ་བོའི་ཁྱིམ་མི་དང་དམག་མིའི་ནང་མི་རྣམས་ལ་གཟིགས་སྐྱོང་གནང་ཞེས་པ་ལྟ་བུ། |
| གཟིང |
གཟེང་གི་འབྲི་ཚུལ་གཞན། |
| གཟིང་བ |
(བྱེད་མེད་ལས་ཚིག) ཟང་ཟིང་དུ་ལངས་པ་སྟེ། (དཔེར་ན།) སྨ་ར་དང་སྨིན་མ་གྱེན་དུ་གཟིང་བ་ཞེས་པ་ལྟ་བུ། |
| གཟིངས |
1.ཆུ་ཐོག་ཏུ་ཤིང་གདུང་མའམ་སྨྱུག་མ་བསྒྲིགས་ཏེ་བརྩིགས་ནས་འདྲེན་པའི་ཡོ་བྱད་དེ། (དཔེར་ན།) ཤིང་རྣམས་ཆུ་ཐོག་གཟིངས་བཅས་ཏེ་དྲངས་པ་ཡིན་ཞེས་པ་ལྟ་བུ། མིང་གི་རྣམ་གྲངས་ལ་ཆུ་གཏེར་ལམ་དང༌། གཟིངས་ཆེན་ནོ། 2.གྲུ་གཟིངས་སམ་གྲུ་རྫིངས། |
| གཟིངས་པ |
གཟིང་བའི་འདས་པ། |
| གཟིམ |
(བྱེད་འབྲེལ་ལས་ཚིག) གཟིམས་པའི་མ་འོངས་པ་དང་ད་ལྟ་བ། མལ་དུ་ཉལ་བ་དང་གཉིད་ལོག་པའི་ཞེ་ས་སྟེ། (དཔེར་ན།) མལ་དུ་གཟིམ་པར་བྱ། མནལ་དུ་གཟིམ་ལྟ་བུ། |
| གཟིམ་ཁང |
རྒྱུན་དུ་འདུག་སའི་ཁང་བའི་ཞེ་ས། |
| གཟིམ་གཡོག |
སྔར་སྐུ་དྲག་གི་མདུན་ལ་རྒྱུན་དུ་གཡོག་རྒྱུག་མཁན། |
| གཟིམ་ཆུང |
སྡོད་སའི་ཁང་མིག་ཆུང་གྲས། |
| གཟིམ་ཆུང་བ |
གཟིམ་ཁང་བཀོད་སྒྲིག་དང་ཉར་ཚགས་བྱེད་པར་ཆེད་བསྐོས་ཀྱི་མི། |
| གཟིམ་དཔོན |
གཟིམ་ཁང་བཀོད་སྒྲིག་པའི་འགོ་དཔོན། |
| གཟིམ་དམག |
གཟིམ་ཆུང་བ་སྟེ། སྔར་ས་རྟེན་ལ་འཁྲི་བའི་བོད་སྔ་རབས་པའི་ཆས་གོས་ཅན་གྱི་དམག་མི། |
| གཟིམ་པ |
གཟིམས་པའི་ད་ལྟ་བའི་བྱ་མིང་། |
| གཟིམ་འགག |
སྔར་བླ་མ་གོ་གནས་མཐོན་པོ་ཡོད་པ་ཚོའི་སྡོད་སའི་ཁང་པའི་སྒོ་འགྲམ་དུ་ལྟ་སྲུང་བྱེད་མཁན་ཏེ། ཕལ་ཆེ་བ་མི་བྱིངས་ལས་གཟུགས་སྟོབས་ཆེ་བ་ཤ་སྟག་ཡོད། |
| གཟིམས |
1.གཟིམ་པའི་འདས་པ་དང་སྐུལ་ཚིག་སྟེ། (དཔེར་ན།) མལ་དུ་གཟིམས་ནས་ངལ་གསོས་ལྟ་བུ།2.ཉལ་འདུག་དང་འབྲེལ་བའི་མིང་འགའི་སྔོན་དུ་སྦྱར་ནས་ཞེ་སའི་མིང་བཟོ་བའི་ཚིག་གྲོགས་ཤིག་སྟེ། (དཔེར་ན།) གཟིམས་སྒོ། གཟིམས་ཁང༌། གཟིམས་ཆས་ལྟ་བུ། |
| གཟིམས་ཁང |
མལ་སའི་ཁང་པའམ་སྡོད་སའི་ཁང་པ། |
| གཟིམས་ཁེབས |
ཉལ་ཆས་འགེབས་བྱེད། |
| གཟིམས་ཁྲི |
ཉལ་ཁྲི། |
| གཟིམས་གུར |
ཉལ་སའམ་སྡོད་སའི་རས་གུར། |
| གཟིམས་ཆས |
མལ་ཆའམ་ཉལ་ཆས། |
| གཟིམས་ཐུལ |
ཟླ་གམ་མམ་ཐུལ་བ། |
| གཟིམས་པ |
གཟིམས་པའི་འདས་པའི་བྱ་མིང་། |
| གཟིམས་ཕྲུག |
ཉལ་གཟན་སྤུ་རིང་ཅན། |
| གཟིམས་མལ |
ཉལ་གནས་སམ་ཉལ་ས། |
| གཟིམས་མལ་བ |
སྔར་བོད་རྒྱལ་པོའི་ཉལ་ཁང་རང་ལ་གཡོག་བྱེད་མཁན་ཏེ་ཕྱིས་ཀྱི་གཟིམ་དཔོན་དང་འདྲ་བ་ཞིག |
| གཟིམས་འབོག |
མལ་ཆས་བླུག་སྣོད་འབོག་འཇོལ། |
| གཟིམས་རྐྱོང |
ཉལ་བའི་སྐབས་འདིང་རྒྱུའི་རྐྱོང་གདན། |
| གཟིམས་ལམ |
རྨི་ལམ་གྱི་ཞེ་ས་སྟེ། (དཔེར་ན།) གཟིམས་ལམ་བརྟག་པ་ཞེས་པ་ལྟ་བུ། |
| གཟིམས་ཤག |
ཁང་ཁྱིམ་གྱི་ཞེ་ས། |
| གཟིམས་ས |
ཉལ་སའི་ཞེ་ས། |
| གཟིམས་སྒོ་མཚན་འབྱར་མ |
ཁང་པའི་སྒོ་མིང་བྱང་ཅན། |
| གཟིར |
(བྱེད་འབྲེལ་ལས་ཚིག) མནར་བ་དང་ཨར་ལ་གཏད་པ་སྟེ། (དཔེར་ན།) ལུས་སེམས་གདུང་བས་གཟིར། ནད་ཀྱིས་གཟིར། དབུལ་བོ་བུ་ལོན་གྱིས་གཟིར་ལྟ་བུ། |
| གཟིར་བ |
1.(བྱེད་འབྲེལ་ལས་ཚིག) གཟིར་བའི་བྱ་མིང་།2.གཟས་པ་དང་ཁ་གཏོད་པའམ་སྣུན་པ་སྟེ། (དཔེར་ན།) འབེན་ལ་གཟིར་ནས་མེ་སྒྱོགས་རྒྱག་པ། དགྲ་བོའི་སྙིང་ཁར་མཚོན་ཆས་གཟིར་བ་ཞེས་པ་ལྟ་བུ། |
| གཟིར་བལྟས |
སྡིགས་སྟངས་ཀྱིས་བལྟས་པའམ་ཁྲོས་པའི་ལྟ་སྟངས། |
| གཟིལ |
(རྒྱན་ཚིག) སྐྲག་ནས་ལུས་ཀྱི་བ་སྤུ་གཟེངས་པ་དང་མཉམ་དུ་བྱུང་བའི་མྱོང་ཚོར་རིགས་ཤིག་སྟེ། (དཔེར་ན།) གཟིལ་བུན་པ། ལུས་གཟིལ་བུན་པ་ཞིག་བྱུང་ལྟ་བུ། |
| གཟུ |
1.ཕྱུགས་འདོགས་བྱེད་དང་ས་མཚམས་ཀྱི་རྟགས་སོགས་བྱེད་པའི་ཀ་བ་ལྟ་བུའི་མིང་། 2.གཟུ་བོ་ཡི་མིང་མཐའ་བསྡུས་པ། |
| གཟུ་དཔང |
ཤན་འབྱེད་དམ་བར་གྱི་དཔང་པོ། |
| གཟུ་པ |
རྩོད་གླེང་འགྲིག་འདུམ་བྱེད་མཁན་གྱི་མི། |
| གཟུ་བཟང |
རྒྱ་གར་གྱི་རྒྱལ་པོ་ཞིག་གི་མིང༌། |
| གཟུ་བོ |
1. རྩོད་གླེང་བར་འདུམ་བྱེད་མཁན། 2. དྲང་པོ་སྟེ། (དཔེར་ན།) བློ་གཟུ་བོར་གནས་པ། གཟུ་བོའི་ཚིག་ལ་བརྩི་བཀུར་བྱེད་པ། གཟུ་བོའི་བྱ་བ་བྱེད་པ། གཟུ་ལོག་ཁྲིམས་ལོག་ཅེས་པ་ལྟ་བུ། |
| གཟུ་བློ |
སེམས་དྲང་པོ་སྟེ། (དཔེར་ན།) བདག་བསྟོད་གཞན་སྨོད་མི་བྱེད་པར། གཟུ་བློའི་གཏམ་གྱིས་ཐམས་ཅད་དགའ་ཞེས་པ་ལྟ་བུ། |
| གཟུ་བློན |
བདེན་རྫུན་དབྱེ་བའི་བློན་པོ་དྲང་པོ། |
| གཟུ་མས་བཀོད |
གཤམ་འོག་ནས་ཐག་གཅོད་པ་སྟེ། (དཔེར་ན།) ལུགས་དང་འགལ་བའི་གཟུ་མས་བཀོད་བྱས་མི་ཆོག་ཅེས་པ་ལྟ་བུ། |
| གཟུ་འཚོ་མ |
(བརྡ་རྙིང་།) སྨད་འཚོང་མ། |
| གཟུ་ལུམ |
1.ཚུལ་འཆོས། 2.རང་བཟོ་གཟུ་ལུམ་སྨྲ་བ་སྟེ། (དཔེར་ན།) སུམ་རྟགས་དོན་གྱི་བརྡ་སྤྲོད་དང༌འབྲེལ་མེད་གཟུ་ལུམ་ནོར་བ་རེད་ཅེས་པ་ལྟ་བུ། 3.མ་བརྟགས་པའི་སྤྱོད་པ། |
| གཟུ་ལུམ་ཅན |
1.བརྟག་དཔྱད་ཞིབ་འཇུག་མ་བྱས་པར་སྐད་ཆ་བཤད་མཁན་དང་ལས་ཀ་བྱེད་མཁན། 2.རང་བཟོ་ཅན། |
| གཟུག |
1.བཙུགས་པའི་མ་འོངས་པ་སྟེ། (དཔེར་ན།) གཟུག་བྱའི་ཤིང་སྡོང་ཞེས་པ་ལྟ་བུ། 2.ཤ་ཁོག་གཅིག་ཆ་བཞིར་བགོས་པའི་ཆ་གཅིག་སྟེ། ཤ་ཁོག་གཅིག་ལ་སྟོད་གཟུག་གཉིས་དང་སྨད་གཟུག་གཉིས་ཡོད། |
| གཟུགས |
1. གཟུགས་སུ་རུང་བའི་དངོས་པོ་རེག་པས་གཟུགས་སུ་ཡོད་པ་དང༌། ཡུལ་སྤྱད་པས་གཟུགས་སུ་ཡོད་པའི་ཆོས་ཏེ། བེམ་པོ་དང། སྒྲ། དྲི། རོ། རེག་བྱ་སྤྱིའི་མིང་། 2.ལུས་ཕུང་གི་མིང་སྟེ། (དཔེར་ན།) མི་གཟུགས་རིང་། རྟ་གཟུགས་ཆེན་ཞེས་པ་ལྟ་བུ། 3.དབྱིབས་དང་ཁ་དོག་སོགས་དངོས་པོ་སྤྱིའི་མིང་སྟེ།་ (དཔེར་ན།) མིག་གིས་གཟུགས་མཐོང་ལྟ་བུ།4.(མངོན་བརྗོད།) གཟུགས་ཀྱི་ཕུང་པོ་གཅིག་ཏུ་ངེས་པས་གྲངས་གཅིག་མཚོན། |
| གཟུགས་ཀྱི་ཁམས་བཅུ |
ཁམས་བཅོ་བརྒྱད་ལས་གཟུགས་ཀྱི་ཕུང་པོའི་ཆར་གཏོགས་པ་བཅུ་སྟེ། མིག་གི་ཁམས་ནས་ལུས་ཀྱི་ཁམས་བར་གྱི་ཡུལ་ཅན་དབང་པོ་ལྔ་དང༌། གཟུགས་ཀྱི་ཁམས་ནས་རེག་བྱའི་ཁམས་བར་གྱི་ཡུལ་དོན་ལྔ་སྟེ་བཅུའོ། ། |
| གཟུགས་ཀྱི་གླུད |
ནད་པའི་སྲོག་ཚབ་ཏུ་གླུད་དུ་གཏོང་བའི་འདྲ་གཟུགས། |
| གཟུགས་ཀྱི་ཆུང་མཐའ |
རྡུལ་ཕྲ་རབ། |
| གཟུགས་ཀྱི་ཉི་མ |
སྔར་གྱི་གཏམ་རྒྱུད་དུ་དྲང་སྲོང་ཞིག་གི་བུ་མོ་གཟུགས་ཀྱི་ཉི་མ་ཟེར་བ་དེ་རྒྱལ་པོས་བཙན་ཤེད་བྱས་ནས་བཙུན་མོར་ཁྲིད་སྐབས་ཕ་རྒན་གྱི་བསླབ་བྱ་བརྗེད་ཅིང༌། མི་ངན་དང་འགྲོགས་ཏེ་དོགས་ཟོན་མ་བྱས་པས་མགོ་སྐོར་ཐེབས་རྐྱེན་རྒྱལ་པོས་རྒྱང་འབུད་བཏང་བ་དང་ཕྱིས་སུ་མི་ངན་དེ་རྣམས་འགྱོད་སེམས་སྐྱེས་ཏེ་སྔར་བྱས་གཡོ་སྒྱུའི་སྡིག་པ་མཐོལ་བཤགས་ཀྱིས་བུ་མོ་ལ་བཟོད་གསོལ་ཞུས་པ་ལྟར་ཡང་བསྐྱར་ཕོ་བྲང་དུ་ལོག་པའི་སྒྲུང་གི་ལོ་རྒྱུས་གཞིར་བཞག་གིས་བསྒྲིགས་པའི་བོད་ཀྱི་ཟློས་གར་ལྷ་མོ་བའི་འཁྲབ་གཞུང་ཞིག |
| གཟུགས་ཀྱི་ཕུང་པོ |
ཕུང་པོ་ལྔའི་ཡ་གྱལ་ཞིག་སྟེ། རྒྱུ་གཟུགས་དང་འབྲས་གཟུགས་སོགས་གཟུགས་སུ་རུང་བའི་དངོས་པོ་དུ་མ་སྤུངས་པའམ་འདུས་པའོ། ། |
| གཟུགས་ཀྱི་ཟླ་བོ |
མཚུངས་པ་གསལ་བྱེད་ཀྱི་སྒྲ་ཞིག་སྟེ་འདྲ་བ། |
| གཟུགས་ཀྱི་འཇིག་རྟེན |
གཟུགས་ཁམས་ཀྱི་སྣོད་བཅུད། |
| གཟུགས་ཀྱི་རྡུལ་ཕྲ་རབ |
གཟུགས་ཅན་རྣམས་ཀྱི་རྩོམ་གཞིའི་ཕྲ་རྡུལ། |
| གཟུགས་ཀྱི་ལྷ |
ཟླ་དཀྱིལ་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་སྤྲོ་བསྡུས་སངས་རྒྱས་ཀྱི་མཛད་པ་བསྒྲུབས་ཏེ་ཟླ་བ་སྔས་དང་བཅས་པ་ཡོངས་སུ་གྱུར་པ་ལས་སྤྱན་ལ་སོགས་པས་ཕྱེ་བའི་ཞལ་ཕྱག་ཡོངས་སུ་རྫོགས་པའི་རིགས་ཀྱི་ལྷ་དེ་དང་དེའི་གཟུགས་སུ་བསྒོམ་པ། བྱ་རྒྱུད་ལྷ་དྲུག་གི་ནང་གསེས་ཤིག |
| གཟུགས་ཀྱི་སྐྱེ་མཆེད |
ཕྱིའི་སྐྱེ་མཆེད་དྲུག་གི་ནང་གསེས་ཤིག་མིག་ཤེས་ཀྱི་ཡུལ་དུ་གྱུར་པ་དབྱིབས་དང་ཁ་དོག་གིས་བསྡུས་པའི་གཟུགས་རྣམས་སོ། ། |
| གཟུགས་ཀྱི་སྙེ་མ |
(མངོན་བརྗོད།) སྨད་འཚོང་མའི་གཙོ་མོ། |
| གཟུགས་ཀྱིས་འཚོ |
(མངོན་བརྗོད།) སྨད་འཚོང་མ། |
| གཟུགས་ཁམས |
1.ལུས་ཁམས། 2.རི་རབ་ཀྱི་སྟེང་གི་བར་སྣང་ལ་གནས་བཅས་པའི་བསམ་གཏན་དང་པོ་ནས་བཞི་པའི་བར་གྱི་གནས་རིས་རྣམས་ཏེ། དྭངས་པའི་རང་བཞིན་གྱི་འོད་ལུས་དང་ལྡན་པ་དང༌། འདོད་པ་ལས་འདོད་ཆགས་དང་བྲལ་ཞིང་གཟུགས་ལ་འདོད་ཆགས་དང་བཅས་པའོ། ། |
| གཟུགས་ཁམས་ཀྱི་གནས་བཞི |
གཟུགས་ཁམས་ཀྱི་ལྷ་རྣམས་ཀྱི་གནས་བཞི་བསམ་གཏན་དང་པོའི་གནས་དང༌། བསམ་གཏན་གཉིས་པའི་གནས་དང༌། བསམ་གཏན་གསུམ་པའི་གནས་དང༌། བསམ་གཏན་བཞི་པའི་གནས་ཏེ་བཞིའོ། ། |
| གཟུགས་ཁམས་ཀྱི་མཐོང་སྤང་ཉེར་བརྒྱད |
གཟུགས་ཁམས་སུ་ཁོང་ཁྲོ་མེད་པས། འདོད་ཁམས་ཀྱི་མཐོང་སྤང་སོ་གཉིས་ལས་བདེན་བཞིའི་སྤང་བྱ་ཁོང་ཁྲོ་བཞི་དོར་བའི་ལྷག་མ་ཉེར་བརྒྱད། |
| གཟུགས་ཁམས་ཀྱི་ས་བཞི |
གཟུགས་ཁམས་ཀྱི་གནས་བཞི་དང་དོན་གཅིག |
| གཟུགས་ཁམས་ཀྱི་སྒོམ་སྤང་གསུམ |
གཟུགས་ཀྱི་ཁམས་སུ་སྒོམ་ལམ་གྱི་སྤང་བྱ་མ་རིག་པ་དང༌། འདོད་ཆགས། ང་རྒྱལ་བཅས་གསུམ། |
| གཟུགས་ཁམས་ཀྱི་སྒོམ་སྤང་བརྒྱ་བརྒྱད་ཅུ |
གཟུགས་ཁམས་ཀྱི་སྒོམ་སྤང་ལྔ་པོ་དེ་བསམ་གཏན་བཞི་པོ་རེ་རེ་ནས་ཆེན་པོའི་ཆེན་པོ་སོགས་སྒོམ་སྤང་སྐོར་དགུས་ཕྱེ་བས་བརྒྱ་དང་བརྒྱད་ཅུ། |
| གཟུགས་ཁམས་ཀྱི་སྒོམ་སྤང་ལྔ |
གཟུགས་ཀྱི་ཁམས་སུ་སྒོམ་ལམ་གྱིས་སྤང་བར་བྱ་བ་མ་རིག་པ་དང༌། འདོད་ཆགས། ང་རྒྱལ། འཇིག་ལྟ། མཐར་ལྟ་བཅས་སོ། ། |
| གཟུགས་ཁམས་གནས་རིས་བཅུ་བདུན |
བསམ་གཏན་དང་པོའི་གནས་རིས་གསུམ་དང༌། བསམ་གཏན་གཉིས་པའི་གནས་རིས་གསུམ་དང༌། བསམ་གཏན་གསུམ་པའི་གནས་རིས་གསུམ་དང༌། བསམ་གཏན་བཞི་པའི་གནས་རིས་བརྒྱད་དེ་བཅུ་བདུན་ནོ། ། |
| གཟུགས་ཁམས་བཅུ་དྲུག |
དུས་འཁོར་གྱི་ལུགས་སུ། རི་རབ་ཀྱི་དཔྲལ་བའི་ཆ་བཞི་ལ། འོག་མིན་དང༌། ཤིན་ཏུ་མཐོང༌། མི་གདུང་བ། མི་ཆེ་བ་བཅས་བཞི་གནས། སྣ་ཡི་ཆ་བཞིར། འབྲས་བུ་ཆེ། བསོད་ནམས་སྐྱེས། སྤྲིན་མེད། དགེ་རྒྱས་བཅས་བཞི་གནས། ཀོས་ཀོའི་ཆ་བཞི་ལ། ཚད་མེད་དགེ། དགེ་ཆུང༌། འོད་གསལ། ཚད་མེད་འོད་བཅས་བཞི་གནས། མགྲིན་པའི་སུམ་ཆ་ཡན་ལ། འོད་ཆུང༌། ཚངས་ཆེན། མདུན་ན་འདོན། ཚངས་རིས་བཅས་བཞི་གནས། |
| གཟུགས་ཁམས་བཞི |
བསམ་གཏན་དང་པོ་དང༌། གཉིས་པ། གསུམ་པ། བཞི་པ་བཅས་ཀྱི་གནས་བཞི། |
| གཟུགས་གཞི |
མི་སོགས་ཀྱི་ལུས་པོའམ་ཕུང་པོ་སྟེ། (དཔེར་ན།) བདག་ཅག་གཟུགས་གཞི་བདེ་པོ་ཡིན་ཞེས་པ་ལྟ་བུ། |
| གཟུགས་གཤིས |
གཟུགས་ཐང་ལོད་ཀྱི་ཚད་དམ་གཤིས་ཀ། |
| གཟུགས་གྲུབ་རྟགས་མཚན |
མདོག་དབྱིབས་ཅན་གྱི་རྣམ་འགྱུར་རམ་ཡོངས་མཐོང་གི་རྟགས་མཚན། |
| གཟུགས་ངན |
ཡིད་དུ་མི་འོང་བའི་གཟུགས། |
| གཟུགས་ཅན |
གཟུགས་དང་ལྡན་པ་ཐམས་ཅད། |
| གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར |
རྣམ་པར་ཐར་པ་བརྒྱད་ཀྱི་ནང་གསེས་ཤིག་བདག་རང་གི་གཟུགས་སྔར་མ་བཤིག་པར་ཕྱི་རོལ་གྱི་གཟུགས་སྟོང་པར་འཇིག་ཅིང་སུན་འབྱིན་པའི་ཏིང་ངེ་འཛིན་ནོ། ། |
| གཟུགས་ཅན་གྱི་གཟུགས་ཅན |
གཟུགས་ཅན་གྱི་རྒྱན་གྱི་ནང་གསེས་ཤིག་དཔེ་ཅན་དོན་གྱི་དངོས་པོ་ཞིག་དཔེའི་གཟུགས་སུ་བཀོད་ཅིང༌། དེ་ཉིད་ཀྱང་དཔེ་གཞན་གྱི་གཟུགས་ཅན་དུ་སྦྱོར་བའི་རྒྱན་ཞིག |
| གཟུགས་ཅན་གྱི་དངོས་པོ |
རེག་རྒྱུ་དང་མཐོང་རྒྱུ་ཡོད་པ་མཐའ་དག |
| གཟུགས་ཅན་གྱི་རྒྱན |
དཔེ་དང་དོན་གྱི་དངོས་པོ་གཉིས་ཕན་ཚུན་ཐ་དད་མ་ཡིན་པར་གཟུགས་གཅིག་གི་ངོ་བོར་དབྱེར་མེད་དུ་སྦྱོར་བའི་རྒྱན་ཞིག་སྟེ། ནང་གསེས་རྣམ་གྲངས་ཉི་ཤུ་ཐམ་པ་ནི། བསྡུས་པའི་གཟུགས་ཅན། མ་བསྡུས་པའི་གཟུགས་ཅན། བསྡུས་ཤིང་མ་བསྡུས་པའི་གཟུགས་ཅན། མཐའ་དག་གཟུགས་ཅན། ཆ་ཤས་གཟུགས་ཅན། ཆ་ཤས་ཅན་གྱི་གཟུགས་ཅན། ཡན་ལག་གཅིག་པའི་གཟུགས་ཅན། ལྡན་པའི་གཟུགས་ཅན། ལྡན་མིན་གཟུགས་ཅན། མི་མཉམ་པའི་གཟུགས་ཅན། ཁྱད་པར་ཅན་གྱི་གཟུགས་ཅན། འགལ་བའི་གཟུགས་ཅན། རྒྱུའི་གཟུགས་ཅན། སྦྱར་བའི་གཟུགས་ཅན། དཔེའི་གཟུགས་ཅན། ལྡོག་པ་ཅན་གྱི་གཟུགས་ཅན། འགོག་པའི་གཟུགས་ཅན། མཉམ་འཇོག་གི་གཟུགས་ཅན། གཟུགས་ཅན་གྱི་གཟུགས་ཅན། བསྙོན་དོར་གྱི་གཟུགས་ཅན་རྣམས་སོ། ། |
| གཟུགས་ཅན་མ |
(མངོན་བརྗོད།) མཛེས་མ། |
| གཟུགས་ཅན་མ་ཡིན་པ |
དབྱིབས་དང་ཁ་དོག་གི་རྣམ་པ་ཅན་མ་ཡིན་པ་སྟེ་མིག་གིས་མཐོང་རྒྱུ་མེད་པའི་གྲས། |
| གཟུགས་ཅན་མ་ཡིན་པའི་ཕུང་པོ |
ཚོར་བ་དང༌། འདུ་བྱེད། འདུ་ཤེས། རྣམ་ཤེས་ཏེ་བཞི། |
| གཟུགས་ཅན་མ་ཡིན་པའི་སེམས་ཅན |
གཟུགས་མེད་ཁམས་པ། |
| གཟུགས་ཅན་སྙིང་པོ |
སངས་རྒྱས་དང་དུས་མཉམ་པའི་རྒྱལ་པོ་ཞིག |
| གཟུགས་ཐུང |
གཟུགས་དཀྱུས་ཐུང་ཐུང༌། |
| གཟུགས་དང་བ |
རྣམ་པར་ཤེས་པའི་རྟེན་ཅན་གྱི་དབང་པོ། |
| གཟུགས་དབྱིབས |
1.ཐོགས་རེག་བྱར་རུང་བའི་དབྱིབས་གཟུགས་ཏེ། (དཔེར་ན།) གྲུ་བཞི་དང་ཟླུམ་པོ། ལེབ་ལེབ། རིལ་རིལ་སོགས་ལྟ་བུ། 2.ལུས་པོའི་བཟོ་ལྟ་སྟེ། (དཔེར་ན།) ལུས་རིང་པོ་དང་ཐུང་ཐུང༌། མཛེས་པ་དང་མི་མཛེས་པ་སོགས་ལྟ་བུ། |
| གཟུགས་དྭངས་པ |
དབང་པོའི་ཁམས་དྭངས་པ། |
| གཟུགས་པ |
འཛུགས་པའི་མ་འོངས་པ། |
| གཟུགས་པོ |
ལུས་སམ་ཕུང་པོ་སྟེ། (དཔེར་ན།) གཟུགས་པོ་ཐང་པོ། གཟུགས་པོ་སྐྱོ་པོ། གཟུགས་པོ་འོར་ལྷུང༌། གཟུགས་ཁོག་རྒས་པ། གཟུགས་པོ་ལ་བདག་གཅེས་ལེགས་པོ་བྱེད་ཅེས་པ་ལྟ་བུ། |
| གཟུགས་པོ་འཁོར་བ |
(ཡུལ་སྐད།) མའི་མངལ་དུ་ཕྲུ་གུ་ཆགས་པ། |
| གཟུགས་ཕུང |
1.མིའི་རོ། 2.གཟུགས་ཀྱི་ཕུང་པོའི་བསྡུས་མིང༌། |
| གཟུགས་ཕྲ་བ |
རྡུལ་ཕྲ་རབ། |
| གཟུགས་ཕྲ་མོ |
1.ལུས་པོ་ཕྲ་མོའམ་ཆུང་ཆུང༌། 2.རྡུལ་ཕྲན་ལྟ་བུའི་གཟུགས། 3.བར་དོའི་ཡིད་ལུས། 4.འོད་ཀྱི་ལུས། |
| གཟུགས་བཅོས |
1.ལྷ་སྐུ་སོགས་བཟོས་པ། 2.དངོས་གནས་མ་ཡིན་པའི་གཟུགས། |
| གཟུགས་བཟང |
ཡིད་དུ་འོང་བའི་བྱད་གཟུགས། |
| གཟུགས་བརྙན |
1.མེ་ལོང་དང་ཆུ་སོགས་ནང་གི་འཆར་གཟུགས་ཏེ། (དཔེར་ན།) ཁྲོན་པ་ཤིན་ཏུ་གཏིང་རིང་བ་ཞིག་གི་ཁར་སེང་གེ་སོང་བ་ན་ཆུ་ནང་དུ་རང་གི་གཟུགས་བརྙན་མཐོང་ཞེས་པ་ལྟ་བུ།2.མཚུངས་པ་གསལ་བྱེད་ཀྱི་སྒྲ་ཞིག་སྟེ་འདྲ་བ། |
| གཟུགས་བརྙན་གྱི་དཀྱིལ་འཁོར |
གསང་སྔགས་སྒྲུབ་པའི་བྱ་བའམ་རྒྱུད་ཀྱི་དངོས་པོ་ཞིག་རྟེན་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་ཁང་བརྩེགས་ཏོག་དང་བཅས་པ་དང༌། བརྟེན་པ་ལྷའི་ས་བོན་དང༌། ཕྱག་མཚན། ཞལ་ཕྱག་སོགས་རྡུལ་ཚོན་དང༌། རས་བྲིས། ཚོམ་བུའི་རྣམ་པར་བཀོད་པའི་གཟུགས་སོ། ། |
| གཟུགས་བརྙན་གྱི་དགའ་བ |
དགའ་བའི་རྒྱན་གྱི་ནང་གསེས་ཤིག་དགའ་བ་སྐྱེ་བའི་རྒྱུ་དངོས་གཟུགས་མཐོང་བ་མ་ཡིན་པར་གཟུགས་བརྙན་ཙམ་མཐོང་བ་ལས་དགའ་བ་སྐྱེས་པར་སྟོན་པའི་རྒྱན་ཞིག |
| གཟུགས་བརྙན་འཆར་བྱེད |
(མངོན་བརྗོད།) མེ་ལོང༌། |
| གཟུགས་བརྙན་སྐྱེ་གནས |
(མངོན་བརྗོད།) མེ་ལོང༌། |
| གཟུགས་བྱད |
གཟུགས་པོ་དང་གདོང༌སྟེ། (དཔེར་ན།) གཟུགས་བྱད་མཛེས་པ། གཟུགས་བྱད་ངན་པ་ཞེས་པ་ལྟ་བུ། |
| གཟུགས་མང |
(མངོན་བརྗོད།) 1>ཁྱབ་འཇུག 2 >ཉི་མ། 3 >འདོད་ལྷ། 4 >སྤྱན་རས་གཟིགས། 5 >དབང་ཕྱུག་ཆེན་པོ། |
| གཟུགས་མངས |
(མངོན་བརྗོད།) སྤོས་དཀར། |
| གཟུགས་མཆོག |
1.གཟུགས་བཟང་པོ་མཆོག་ཏུ་གྱུར་པ། 2.(མངོན་བརྗོད།) ལོངས་སྤྱོད་རྫོགས་པའི་སྐུ། 3.སངས་རྒྱས་ཤིག་གི་མཚན། |
| གཟུགས་མཉམ |
མཚུངས་པ་གསལ་བྱེད་ཀྱི་སྒྲ་ཞིག་སྟེ་འདྲ་བ། |
| གཟུགས་མཚུངས |
མཚུངས་པ་གསལ་བྱེད་ཀྱི་སྒྲ་ཞིག་སྟེ་འདྲ་བ། |
| གཟུགས་མཛེས |
ཡིད་དུ་འོང་བའི་གཟུགས་ཏེ། མིང་གི་རྣམ་གྲངས་ལ་སྙིང་དུ་སྡུག་པ་དང༌། སྙིང་དུ་འབབ་པ། སྙིང་པོ་ལྡན། བལྟ་བས་ཆོག་མི་ཤེས་པ། བལྟ་བས་མི་ངོམས། ཐུན་མོང་མིན་པ། མཐོང་ན་དགའ། སྡུག་གུ། མིག་ཏུ་འཐད། མིག་ལ་མངར། མཚར་བ། མཚར་སྡུག་མཛེས་སྡུག་གཟུགས་བཟང་བ། ཡན་ལག་མཆོག་ལྡན། ཡིད་གར་འོང༌། ཡིད་དགའ། ཡིད་འཕྲོག་ཡིད་འོང༌། ལུས་མཆོག་ལྡན། ལུས་མཛེས་པ། ལེགས་པ། ཤིན་ཏུ་སྡུག་ཤིན་ཏུ་མཛེས་བཅས་སོ། ། |
| གཟུགས་མི་སྡུག་པ |
ལུས་མི་མཛེས་པ་སྟེ། (དཔེར་ན།) ནང་ལ་ཡོན་ཏན་ཡོད་ན་ཕྱིའི་གཟུགས་མི་སྡུག་ཀྱང་སྐྱོན་མེད་ཅེས་པ་ལྟ་བུ། |
| གཟུགས་མེད་ཀྱི་རྣམ་ཐར་བཞི |
གཟུགས་མེད་སྐྱེ་མཆེད་མུ་བཞིའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ། གཟུགས་ཁམས་དང་རང་ས་འོག་མའི་ཟག་བཅས་ཀྱི་ཆགས་པ་ལས་ཐར་བར་བྱེད་པའི་སྙོམས་འཇུག་བཞི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་ཐར་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་ཐར་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་རྣམ་ཐར་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་རྣམ་ཐར་རྣམས་སོ། ། |
| གཟུགས་མེད་ཁམས |
ནམ་མཁའ་མཐའ་ཡས་ནས་སྲིད་པའི་རྩེ་མོའི་བར་གྱི་སྐྱེ་མཆེད་མུ་བཞི་དེ་དག་ལ་ཡིད་གཟུགས་དྭངས་པ་ཙམ་ལས་རགས་གཟུགས་མེད་ཅིང༌། འདོད་གཟུགས་ལས་འདོད་ཆགས་དང་བྲལ་ཞིང་གཟུགས་མེད་ལ་འདོད་ཆགས་དང་བཅས་པའོ། ། |
| གཟུགས་མེད་ཁམས་ཀྱི་མཐོང་སྤང་ཉེར་བརྒྱད |
གཟུགས་མེད་ཁམས་སུ་ཁོང་ཁྲོ་མེད་པས། འདོད་ཁམས་ཀྱི་མཐོང་སྤང་སོ་གཉིས་ལས་བདེན་བཞིའི་སྤང་བྱ་ཁོང་ཁྲོ་བཞི་དོར་བའི་ལྷག་མ་ཉེར་བརྒྱད་དོ། ། |
| གཟུགས་མེད་ཁམས་ཀྱི་སྒོམ་སྤང་གསུམ |
གཟུགས་མེད་ཁམས་སུ་སྒོམ་ལམ་གྱི་སྤང་བྱ་མ་རིག་པ་དང༌། འདོད་ཆགས། ང་རྒྱལ་བཅས་གསུམ། |
| གཟུགས་མེད་ཁམས་ཀྱི་སྒོམ་སྤང་བརྒྱ་བརྒྱད་ཅུ |
གཟུགས་མེད་ཀྱི་སྒོམ་སྤང་ལྔ་པོ་དེ་གཟུགས་མེད་ཀྱི་ས་བཞི་པོ་རེ་རེ་ནས་ཆེན་པོའི་ཆེན་པོ་སོགས་སྒོམ་སྤང་སྐོར་དགུས་ཕྱེ་བས་བརྒྱད་དང་བརྒྱད་ཅུ། |
| གཟུགས་མེད་ཁམས་ཀྱི་སྒོམ་སྤང་ལྔ |
གཟུགས་མེད་ཁམས་ཀྱི་སྒོམ་ལམ་གྱིས་སྤང་བར་བྱ་བ་མ་རིག་པ་དང༌། འདོད་ཆགས། ང་རྒྱལ། འཇིག་ལྟ། མཐར་ལྟ་བཅས་ལྔ། |
| གཟུགས་མེད་ཁམས་བཞི |
གཟུགས་མེད་སྐྱེ་མཆེད་མུ་བཞི་དང་དོན་གཅིག་ |
| གཟུགས་མེད་གཟུགས་ལ་ལྟ་བའི་རྣམ་ཐར |
རྣམ་པར་ཐར་པ་བརྒྱད་ཀྱི་ནང་གསེས། བདག་རང་གི་གཟུགས་ཆ་ཤས་ཀྱིས་སྟོང་པར་བཤིག་པ་ནི་ནང་གཟུགས་མེད་པར་འདུ་ཤེས་པ་དང༌། ཕྱི་རོལ་གྱི་གཟུགས་སྣམ་བུ་དང་བུམ་པ་ལ་སོགས་པ་སྟོང་པར་སུན་འབྱིན་པའོ། ། |
| གཟུགས་མེད་གྲིབ་ཆགས |
སྐྱོན་མེད་པ་ལ་ཡོད་པར་མངོན་པའི་དཔེ། |
| གཟུགས་མེད་གྲིབ་བཟོ |
སྐྱོན་མེད་སྐྱོན་འདོགས་ཏེ། (དཔེར་ན།) རང་གིས་མངོན་སུམ་མཐོང་ཐོས་མེད་པར་གཟུགས་མེད་གྲིབ་བཟོ་མ་བྱེད་ཅེས་པ་ལྟ་བུ། |
| གཟུགས་མེད་དུ་ཉེ་བར་འགྲོ་བ |
ཕྱིར་མི་འོང་འབྲས་གནས་ཁྱད་པར་ཅན་གྱི་ནང་གསེས། གཟུགས་ཁམས་སུ་མི་འཇུག་པར་གཟུགས་མེད་དུ་སྐྱེས་ནས་འདའ་བའོ། ། |
| གཟུགས་མེད་པའི་ས་བཞི |
གཟུགས་མེད་སྐྱེ་མཆེད་མུ་བཞི་དང་དོན་གཅིག |
| གཟུགས་མེད་བཞི |
ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད་པ། ཡོད་མིན་མེད་མིན་བཅས་བཞི། |
| གཟུགས་མེད་རིགས་བཞི |
ནམ་མཁའ་མཐའ་ཡས་དང༌། རྣམ་ཤེས་མཐའ་ཡས། ཅི་ཡང་མེད། སྲིད་རྩེ་བཅས་བཞིའོ། ། |
| གཟུགས་མེད་རྣམ་ཐར |
ཀུན་དཀྲིས་མངོན་གྱུར་པ་བྲལ་བར་མཐུན་པར་གནས་པའི་ལམ་གྱི་རང་བཞིན་ལ་གཟུགས་མེད་པའི་སྙོམས་འཇུག་བཞིའོ། ། |
| གཟུགས་མེད་སྐྱེ་མཆེད་མུ་བཞི |
ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད། ཅི་ཡང་མེད་པའི་སྐྱེ་མཆེད། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དེ་བཞི། |
| གཟུགས་མེད་སྙོམས་འཇུག |
དམིགས་པའི་སྒོ་ནས་འོག་ས་ལས་འདས་པའི་རིགས་སུ་གནས་པའི་དགེ་སེམས་རྩེ་གཅིག་པའོ། ། |
| གཟུགས་མེད་སྙོམས་འཇུག་བཞི |
ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད་པའི་སྐྱེ་མཆེད། སྲིད་རྩེའི་སྙོམས་འཇུག་སྟེ་གཟུགས་མེད་ཁམས་ཀྱི་སྙོམས་འཇུག་བཞིའོ། ། |
| གཟུགས་མོ |
བྱི་ཐུར་ཅན་ཏེ་སྒང་གཟུགས་སམ་ཟེ་མོ། |
| གཟུགས་མོ་བྱི་ཐུར |
སྤུ་ཁབ་ལྟར་རྣོ་བའི་སྲོག་ཆགས་ཟེ་མོ་སྒང་ཐུར། |
| གཟུགས་འཆར་བྱེད |
(མངོན་བརྗོད།) མེ་ལོང༌། |
| གཟུགས་འཚོང་མ |
(མངོན་བརྗོད།) སྨད་འཚོང་མ། |
| གཟུགས་འཛིན |
(མངོན་བརྗོད།) མིག |
| གཟུགས་འཛིན་དབང་མངོན |
གཟུགས་འཛིན་པའི་དབང་པོའི་མངོན་སུམ་རང་གི་བདག་རྐྱེན་མིག་གི་དབང་པོ་ལས་དངོས་སུ་སྐྱེས་པའི་གཞན་རིག་ཤེས་པ་རྟོག་བྲལ་མ་འཁྲུལ་བ། |
| གཟུགས་འཛིན་པ |
མཛེས་མི་མཛེས་ཆེ་ཆུང་སོགས་གཟུགས་ཀྱི་ཁྱད་པར་མིག་ཤེས་ཀྱིས་ལྟ་བ། |
| གཟུགས་འཛིན་ཡིད་མངོན |
གཟུགས་འཛིན་པའི་ཡིད་ཀྱི་དབང་པོའི་མངོན་སུམ་རང་གི་བདག་རྐྱེན་གཟུགས་འཛིན་ཡིད་ཀྱི་དབང་པོ་ལས་དངོས་སུ་སྐྱེས་པའི་གཞན་རིག་གི་ཤེས་པ་རྟོག་བྲལ་མ་འཁྲུལ་བ། གཟུགས་འཛིན་དབང་མངོན་སྐད་ཅིག་ཕྱི་མ་ལྟ་བུ་རང་གི་གཟུགས་དོན་གྲོགས་སུ་ཡོད་པའི་དབང་མངོན་གཅིག་གིས་དེ་མ་ཐག་རྐྱེན་བྱས་པ་ལས་བྱུང་བའི་གཞན་རིག་གི་ཤེས་པ་རྟོག་བྲལ་མ་འཁྲུལ་བའོ། ། |
| གཟུགས་ཡས |
གྲངས་གནས་ཤིག་སྟེ། གྲངས་ཀྱི་གནས་དྲུག་ཅུའི་རྩི་སྟངས་གཞན་ཞིག་གི་ནང་ཡོད་པའི་གྲངས་ཀའི་མིང༌། |
| གཟུགས་རགས་པ |
1.ཤ་ཁྲག་ཡོད་པའི་གཟུགས་ཕུང༌། 2.ས་རྡོ་སོགས་མིག་གིས་མཐོང་ཐུབ་པའི་དངོས་པོ། |
| གཟུགས་རྒྱན |
1.ཚིག་རྒྱན་རིག་པས་དཔེ་དང་དཔེ་ཅན་གཉིས་ལ་མཚུངས་པ་གསལ་བྱེད་ཀྱི་སྒྲ་སྦྱར་མེད་པའི་རྒྱན་གྱི་རིགས་ལ་གཟུགས་རྒྱན་ཟེར། 2.བཙུགས་ཀྱི་མ་འོངས་པ་ལ་གཟུགས་འབྲི་བའང་ཡོད། |
| གཟུགས་རྗེས་གྲིབ་འབྲང |
ཕན་ཚུན་མི་འབྲལ་བའི་དཔེ། (དཔེར་ན།) གོ་མིང་དང་ལས་འགན་གཟུགས་རྗེས་གྲིབ་འབྲང་ལྟ་བུ་རེད་ཅེས་པ་ལྟ་བུ། |
| གཟུགས་སུ་ཉེ་བར་འགྲོ་བ |
ཕྱིར་མི་འོང་འབྲས་གནས་ཁྱད་པར་ཅན་གྱི་ནང་གསེས་ཤིག་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གང་གཟུགས་ཁམས་སུ་ངེས་པར་སྐྱེ་བ་བླངས་ནས་མྱང་འདས་ཐོབ་པའོ། ། |
| གཟུགས་སུ་ཉེ་བར་འགྲོ་བ་གསུམ |
ཕྱིར་མི་འོང་འབྲས་གནས་ཁྱད་པར་ཅན་ལས་གཟུགས་སུ་ཉེ་བར་འགྲོ་བ་གསུམ་བར་དོར་འདའ་བ་དང༌། སྐྱེས་ནས་འདའ་བ་དང༌། གོང་དུ་འཕོ་བ་རྣམས་སོ། ། |
| གཟུང་ཐག་རྡོ་རྗེ |
སྔགས་ཆོག་བུམ་སྒྲུབ་སོགས་ལ་དགོས་པའི་ཡོ་བྱད་ཅིག་ཚོན་སྣ་ལྔ་ལྡན་གྱི་ཐིག་སྐུད་རྡོ་རྗེར་དཀྲིས་པ་ཞིག |
| གཟུང་བ |
1.འཛིན་པའི་མ་འོངས་པ། 2.ཡུལ་ཏེ་གཟུགས། སྒྲ། དྲི། རོ། རེག་བྱ། ཆོས་བཅས་དྲུག་པོ་མཚན་ཉིད་རིག་པས་ཕྱི་རོལ་གྱི་ཡུལ་ལ་གཟུང་བ་དང་ནང་གི་ཡུལ་ཅན་ལ་འཛིན་པ་ཟེར།2.(མངོན་བརྗོད།) བུ་ལོན། |
| གཟུང་བ་བདག་མེད |
ཡུལ་རང་ངོས་ནས་བདེན་པར་མ་གྲུབ་པ། |
| གཟུང་བ་ཡུལ |
ཕྱི་རོལ་ཡུལ་དུ་ཡོད་པའི་དངོས་པོ། |
| གཟུང་བ་རྡུལ་ཕྲན་ཆ་མེད |
ཡུལ་གྱི་དངོས་པོའི་ཆུང་མཐའ་ཕྱོགས་མཚམས་ཀྱི་ཆ་དབྱེ་མི་ཐུབ་པ་ཞིག་སྟེ། བྱེ་བྲག་སྨྲ་བས་འདོད་པའི་ཕྱི་དོན་རྩོམ་བྱེད་དོ། ། |
| གཟུང་བའི་རྩ |
ལུས་ཀྱི་རྩའི་བྱེ་བྲག་ཅིག |
| གཟུང་བྱའི་ཡུལ |
ཕྱི་རོལ་གྱི་དངོས་པོ། |
| གཟུང་མ |
ཆུང་མ། |
| གཟུང་མོ |
(བརྡ་རྙིང་།) གཟུགས་མོ་དང་དོན་གཅིག |
| གཟུང་འཛིན |
ཡུལ་དང་ཡུལ་ཅན་གཉིས་བསྡུས་པའི་མིང༌། |
| གཟུང་འཛིན་རྟོག་པ |
ཆོས་དང་གང་ཟག་གཉིས་ཀྱི་བདག་འཛིན་ནམ་ཡུལ་དང་ཡུལ་ཅན་གཉིས་སུ་བདེན་པར་ཞེན་པའི་རྣམ་རྟོག |
| གཟུང་ཡུལ |
འཛིན་བྱེད་ཀྱི་བློས་གཟུང་བར་བྱ་བའི་ཡུལ་ཏེ། བློ་ངོར་སྣང་བའི་ཆོས་བུམ་པ་དང༌། བུམ་པའི་དོན་སྤྱི་ལྟ་བུའོ། ། |
| གཟུང་རྣམ |
ཁ་ཕྱིར་ཕྱོགས་ཏེ་གཟུང་བ་ཡུལ་གྱི་རྣམ་པར་སྐྱེ་བ་མིག་ཤེས་སོགས་གཞན་རིག་གི་ཤེས་པ་རྣམས་སོ། ། |
| གཟུངས |
ཆོས་ཀྱི་ཚིག་དོན་མི་བརྗེད་པར་འཛིན་པའི་དོན་ཏེ། ངོ་བོ་དྲན་པ་དང་ཤེས་རབ་ཁྱད་པར་ཅན་གྱིས་བྱེད་ལས་དགེ་བའི་ཆོས་རྣམས་འཛིན་ཅིང་མི་དགེ་བའི་ཆོས་རྣམས་སེལ་བའི་མཐུ་དང་ལྡན་པའོ། ལྭ་བ་སོགས་ཀྱི་སྲུབས་མི་འཕར་བའམ་ཡ་སྡེབ་མི་འཆོར་བར་སྦྲེལ་བྱེད་ཀྱི་སྐུད་པ་སོགས་ཀྱི་མིང་ལྭ་བ་ལ་གཟུངས་བཏབ(ཨབ་བརྒྱབ)ཁབ་གཟུངས་ཞེས་པ་ལྟ་བུ། |
| གཟུངས་ཀྱི་ཚིག |
མདོ་དང་རྒྱུད་སྡེ་སོགས་ནས་ཕྱུང་བའི་གཟུང་སྔགས། |
| གཟུངས་ཀྱི་སྒོ་བཞི |
བཟོད་པའི་གཟུངས་དང༌། སྔགས་ཀྱི་གཟུངས། ཚིག་གི་གཟུངས། དོན་གྱི་གཟུངས་བཅས་བཞིའོ། ། |
| གཟུངས་ཀྱི་སྟོབས |
ཆོས་ཀྱི་ཚིག་དོན་མི་བརྗེད་པར་འཛིན་པའོ། ། |
| གཟུངས་ཁེབས |
གཟུངས་སྔགས་ཀྱི་ཤོག་དྲིལ་ལ་གཡོག་རྒྱུའི་དར་གོས། |
| གཟུངས་གཞུག |
མཆོད་རྟེན་དང་སྐུ་འདྲའི་ནང་ལ་འཇུག་རྒྱུའི་རིང་བསྲེལ་དང་གཟུངས་སྔགས་སོགས་རྟེན་གྱི་སྙིང་པོ། ། |
| གཟུངས་གཞུག་འབུལ་བ |
1.མཆོད་རྟེན་ནམ་སྐུ་འདྲའི་ནང་དུ་རིང་བསྲེལ་སོགས་འཇུག་པ། 2.མགོ་བསྐོར་བཏང་ནས་ཁོག་པ་བརྒྱངས་པ། |
| གཟུངས་གཟེར |
སྒོའི་མཇོ་སྣ། |
| གཟུངས་གསུམ |
རྣམ་སྨིན་གྱིས་ཐོབ་པའི་གཟུངས། ཐོས་བསམ་གོམས་པས་ཐོབ་པའི་གཟུངས། སྒོམ་བྱུང་ཏིང་ངེ་འཛིན་གྱིས་ཐོབ་པའི་གཟུངས་བཅས་གསུམ་མོ། ། |
| གཟུངས་ཆེན་གྲྭ་ལྔ |
སྟོང་ཆེན་རབ་འཇོམས་མ་དང༌། རྨ་བྱ་ཆེན་མོ། གསང་སྔགས་རྗེས་འཛིན་མ། བསིལ་བའི་ཚལ་ཆེན་མོ། སོ་སོར་འབྲང་མ་བཅས་ཀྱི་གཟུངས་སྔགས། |
| གཟུངས་ཆེན་པོ |
གཟུངས་ཀྱི་རྣམ་གྲངས་ཤིག |
| གཟུངས་ཐག |
གཟུང་ཐག་རྡོ་རྗེ་དང་དོན་གཅིག |
| གཟུངས་ཐོབ་པ |
མི་བརྗེད་པའི་གཟུངས་ཐོབ་པའམ་དབང་ཐོབ་པ། |
| གཟུངས་དཔག་ཏུ་མེད་པ |
གཟུགས་སྔགས་ཀྱི་གྲངས་མཐའ་ཡས་པ། |
| གཟུངས་མ |
ཕྱག་རྒྱ་མ་སྟེ་ཤེས་རབ་མ། |
| གཟུངས་འདུས |
ཇོ་ནང་ཏཱ་ར་ན་ཐས་མདོ་རྒྱུད་ཁག་ནས་བཏོན་པའི་གཟུངས་སྔགས་དང་ཆོས་ཚན་གྱི་གླེགས་བམ་ཞིག |
| གཟུངས་འདེབས |
1.སྔགས་ཕྲེང་གི་སྐུད་པས་རྒྱས་བཏབ་སྟེ་བྱིན་གྱིས་རློབ་པ། 2.གཟུངས་སྔགས་བཟླས་པའི་ཕུས་འདེབས་པ། |
| གཟུངས་རིང |
གཟུངས་སྔགས་རིང་བའི་གྲས་ཏེ། (དཔེར་ན།) རྣམ་རྒྱལ་མའི་གཟུངས་རིང་ལྟ་བུའོ། ། |
| གཟུངས་རྒྱག |
གོས་ཀྱི་ཐོག་ལ་ལྷན་པ་རྒྱག་སྐབས་སྔོན་ལ་ལྷན་པའི་སྟེང་དུ་རོབ་རྒྱག་པ། |
| གཟུངས་རྟེན |
སྐུ་འདྲའི་གཟུངས་སྔགས་སོགས་ཀྱི་ནང་རྟེན། |
| གཟུངས་ལྔ |
ཟུང་འཇུག་འབུལ་རྒྱུའི་གཟུངས་ལྔ་གཙུག་ཏོར་རྣམ་རྒྱལ་དང༌། གཙུག་ཏོར་དྲི་མེད། གསང་བ་རིང་བསྲེལ། བྱ་བ་རྒྱན་འབུམ། རྟེན་འབྲེལ་རྙིང་པོ་རྣམས་སོ། ། |
| གཟུངས་སུ་བཟུང་བ |
ཚིག་དོན་མ་བརྗེད་པར་བྱས་པ་སྟེ། (དཔེར་ན།) བསླབ་བྱ་ཚང་མ་གཟུངས་སུ་བཟུང་བ་ལྟ་བུ། |
| གཟུངས་སྔགས |
ལྷའི་སྐུ་དང་གསུང་རྡོ་རྗེ་གཙོ་བོར་སྒྲུབ་བྱེད་བདེ་སྟོང་ཡི་གེར་ཤར་བའི་སྔགས། |
| གཟུངས་སྤོབས |
སྔར་ཐོས་པའི་ཚིག་དོན་མི་བརྗེད་པར་འཛིན་པ་ནི་གཟུངས་དང༌། ཆོས་ཀྱི་ཚིག་དོན་བཤད་པ་ལ་ཐོགས་པ་མེད་པ་ནི་སྤོབས་པའོ། ། |
| གཟུངས་སྦྱིན |
1.གྲངས་གནས་ཆེན་པོ་ཞིག 2.གཟུངས་ཀྱི་ལུང་འབོག་པ། |
| གཟུད |
འཛུད་ཀྱི་མ་འོངས་པ་སྟེ། (དཔེར་ན།) ཡང་དག་པའི་ལམ་དུ་གཟུད་དགོས་ལྟ་བུ།ྶ |
| གཟུད་པ |
འཛུད་པའི་མ་འོངས་པའི་བྱ་མིང་། |
| གཟུམ |
བཙུམ་ལ་གཟུམ་འབྲི་བའང་ཡོད། |
| གཟུར |
1.(བྱེད་མེད་ལས་ཚིག) འཛུར་གྱི་མ་འོངས་པ། མདའ་སོགས་ལ་འབྱོལ་བའི་དོན་ཏེ། (དཔེར་ན།) གཟུར་བྱའི་མདའ། གཟུར་བར་བྱ་ཞེས་པ་ལྟ་བུ།2.གཟུ་བོར་ཞེས་པའི་རྣམ་དབྱེ་བསྡུས་པ། |
| གཟུར་གནས |
ཕྱོགས་སུ་མ་ལྷུང་བར་དྲང་པོར་གནས་པའམ་གཟུ་བོར་གནས་པ་སྟེ། (དཔེར་ན།) བློ་གཟུར་གནས་ཀྱི་སྒོ་ནས་ལས་དོན་བྱེད་པ། གཟུར་གནས་སྐྱེས་བུ་ཉིན་གྱི་སྐར་མ་ལྟར་དཀོན་ཞེས་པ་ལྟ་བུ། |
| གཟུར་གནས་དྲང་འབྲེལ |
ཕྱོགས་རིས་མེད་པ། |
| གཟུར་བ |
1.འཛུར་བའི་མ་འོངས་པ། 2.(བརྡ་རྙིང་།) ལུད་པ། |
| གཟུས |
བོད་ཀྱི་རུས་ཤིག |
| གཟེ |
1.སྡོད་གནས་དང་ཚང་གི་མིང་ལ་འཇུག་སྟེ། (དཔེར་ན།) སྟག་ཚང་ལ་སྟག་གཟེ་ཟེར་བ་ལྟ་བུ། 2.ཁལ་རྟ་ལ་འགེལ་རྒྱུའི་སླེ་བོའི་མིང་དུ་བཤད་པའང་ཡོད། |
| གཟེ་ཆུང |
རྣོ་མེད་པའི་དོན་ཏེ། (དཔེར་ན།) སྙུང་བུ་གཟེ་ཆུང༌ཞེས་པ་ལྟ་བུ། |
| གཟེ་མ |
ཐང་སྨན་གྱི་རིགས་ཤིག་རོ་མངར། ཞུ་རྗེས་དྲོད། ནུས་པས་མཁལ་ནད་དང༌། གཅིན་འགག་པ། གྲུམ་བུ་བཅས་ལ་ཕན། ལུས་སྟོབས་སྐྱེད། མིང་གི་རྣམ་གྲངས་ལ་རྒྱ་མཚོའི་མཐའ་ཅན་དང༌། ངུ་བྱེད་མ། ཆུ་མེད་སྐྱེས། མཐའ་རྙེད་དཀའ། རེག་པ་དཀའ། རེག་བྱ་ངན་བཅས་སོ། ། |
| གཟེ་མ་ར་མགོ |
གཟེ་མ་དང་དོན་གཅིག |
| གཟེ་མའི་འབྲུ |
ཚེར་མ་གཟེ་མ་ར་མགོའི་འབྲས་བུ། |
| གཟེ་མོ |
(ཡུལ་སྐད།) གཟུགས་མོ། |
| གཟེ་ཚོང |
(བརྡ་རྙིང་།) ཚོང་ལས། |
| གཟེ་རུ |
གཟེར་བུ། |
| གཟེག |
འཛེག་གི་མ་འོངས་པ་ལ་གཟེག་འབྲི་བའང་ཡོད། |
| གཟེག་ཆ |
བཟོད་བསྲན། |
| གཟེགས་མ |
ཟེགས་མ་དང་འདྲ། |
| གཟེགས་ཟན་པ |
སྔར་རྒྱ་གར་གྱི་དྲང་སྲོང་ཞིག་སྟེ། དེས་གཞན་གྱིས་བོར་བའི་གཟེགས་མ་ཟ་ཞིང་བརྟུལ་ཞུགས་ལ་སྤྱོད་མཁན་ཞིག་ཡིན་པས་མིང་དེ་ལྟར་གྲགས། |
| གཟེང |
(བྱེད་མེད་ལས་ཚིག) གཟེངས་པའི་མ་འོངས་པ་དང་ད་ལྟ་བ། སྤུ་སོགས་གྱེན་དུ་ལང་བ་སྟེ། (དཔེར་ན།) སྐྲ་ཁམ་སེར་གྱེན་དུ་གཟེང་། སྤུ་གཟེང་བ། སྐྲ་གཟེང་བ་ཞེས་པ་ལྟ་བུ། |
| གཟེངས |
1.གཟེང་བའི་འདས་པ་སྟེ། (དཔེར་ན།) བྱི་ལ་གཉིས་སྤུ་གཟེངས་ནས་འཐབ་ཅེས་པ་ལྟ་བུ།2.དཔངས་ཀྱི་དོན་ཏེ། (དཔེར་ན།) དཔྲལ་བའི་དབྱེས་ཆེ་ཞིང་ཤངས་ཀྱི་གཟེངས་མཐོ་བ་ཞེས་པ་ལྟ་བུ། |
| གཟེངས་གཟེངས |
(རྒྱན་ཚིག) འགྲེང་འགྲེང་ངམ་ཡར་ཟིང་ཟིང༌ཡིན་པ་སྟེ། (དཔེར་ན།) སྨིན་མ་གྱེན་དུ་གཟེངས་གཟེངས་བྱས་ནས་ལྟ་ཞེས་པ་ལྟ་བུ། |
| གཟེངས་ཅན |
དྲང་སྲོང་ཞིག་གི་མིང༌། |
| གཟེངས་པ |
1. (བྱེད་འབྲེལ་ལས་ཚིག) གྱེན་དུའམ་ཡར་འདེགས་པའམ་རྐྱོང་བའི་དོན་ཏེ། (དཔེར་ན།) སྦྲུལ་མགོ་གྱེན་དུ་གཟེངས་པ། རལ་གྲི་གནམ་དུ་གཟེངས་པ། བང་མེད་ཀྱང་ཐུ་བ་གཟེངས་གཟེངས་ཟེས་པ་ལྟ་བུ། 2(བརྡ་རྙིང་།) གཟི་བྱིན། |
| གཟེངས་པོ |
1.དཔངས་མཐོ་པོ་སྟེ། (དཔེར་ན།) རི་བོའི་རྩེ་མོ་གཟེངས་པོ་གནམ་ལ་སྙེག་ལྟ་བུ། 2.ཕུལ་བྱུང་དང་ཁྱད་འཕགས་ཏེ། (དཔེར་ན།) བྱས་རྗེས་གཟེངས་པོ། ཡོན་ཏན་གཟེངས་པོ་ཞེས་པ་ལྟ་བུ། |
| གཟེངས་བསྟོད |
བསྔགས་བརྗོད་དང༌། གཟིགས་བཟོས་ཏེ། (དཔེར་ན།) གཟེངས་བསྟོད་འཕར་མ། འོས་བབས་ཀྱི་གཟེངས་བསྟོད། གཟེངས་བསྟོད་ལག་འཁྱེར་ཞེས་པ་ལྟ་བུ། |
| གཟེངས་མཐོ་བ |
གཞན་ལས་ལྷག་པའམ་ལེགས་པ་སྟེ། (དཔེར་ན།) བྱས་རྗེས་གཟེངས་མཐོ་བ། བཞུགས་ཁྲི་གཟེངས་མཐོ་བ། འབུལ་བ་གཟེངས་མཐོ་བ་ཞེས་པ་ལྟ་བུ། |
| གཟེངས་ཞྭ |
ཞྭ་རྩེ་མོ་རིང་པོ་ཞིག |
| གཟེངས་སུ་ཐོན་པ |
གཞན་ལས་ཁྱད་དུ་ཐོན་པ། |
| གཟེད |
(བྱེད་མེད་ལས་ཚིག) སྣེ་གཅིག་ཡར་བཀལ་ནས་སྣེ་གཞན་ནམ་ཁུག་སོ་མར་འཕྱང་བའི་དོན་ཏེ། (དཔེར་ན།) སློག་པའི་ཐུ་བ་གཉིས་གཡས་གཟེད་དང་གཡོན་གཟེད་བྱས། མཛོའི་སྣ་ཐིག་རྭ་མགོར་གཟེད་ལྟ་བུ། འཛེད་ཀྱི་མ་འོངས་པ་ལ་གཟེད་འབྲི་བའང་ཡོད། |
| གཟེད་པ |
1.(བྱེད་འབྲེལ་ལས་ཚིག) བཟེད་ཀྱི་མ་འོངས་པ་སྟེ། (དཔེར་ན།) སྣོད་ཀྱི་ཁ་གཟེད་སྐབས་ནང་དུ་འབྲུ་རིགས་བླུགས་དགོས། སྐེ་ཁྱེར་ནས་ཞགས་པ་གཟེད་ལྟ་བུ། 2.(བརྡ་རྙིང་།) སྐས། |
| གཟེན |
(རྒྱ་སྐད།) སྣུམ་གྱིས་བཙོས་པའི་བཟའ་བྱ་ཞིག |
| གཟེབ |
1.གུར། 2.ལྕུག་མ་སོགས་ཀྱིས་སླེས་པའི་སྒྲོམ་དྲ་མིག་ཅན་གྱི་མིང་སྟེ། (དཔེར་ན།) སྨྱུག་མས་གཟེབ་ཅིག་སླེས། གཟེབ་ཏུ་བྱིའུ་བཅུག་ལྟ་བུ། ར་བ་དྲ་མིག་ཅན་གྱི་མིང་ཁང་བ་གཟེབ་དྲ་ཅན་ཞེས་པ་ལྟ་བུ། |
| གཟེབ་ཀྱི་སྤྲོག་མ |
སྨྱུག་མ་སོགས་ལས་བཟོས་པའི་གཟེབ་སྣོད། |
| གཟེབ་མ |
1.སྨྱུག་མས་བཟོས་པའི་སྣོད་དབྱིབས་གྲུ་བཞི་ཞིག་སྟེ། (དཔེར་ན།) ནེ་ཙོ་སྨྲ་བས་གཟེབ་མར་ཚུད་ཅེས་པ་ལྟ་བུ། 2.གཟེབ་སྣོད་དང་འདྲ། |
| གཟེབ་སྣོད |
སྨྱུག་མའམ་ཤིང་གི་ལྕུག་མའི་སྒམ་སྒྲོམ་ཁ་སྦྱར་ལྟ་བུའི་སློ་མ། |
| གཟེམ |
འཛེམ་གྱི་མ་འོངས་པ། |
| གཟེམ་པ |
འཛེམ་པའི་ད་ལྟ་བའི་འབྲི་སྲོལ་གཞན་ཞིག |
| གཟེར |
1.(བྱེད་མེད་ལས་ཚིག) ན་ཟུག་སྐྱེ་བའི་དོན་ཏེ། (དཔེར་ན།) རྒྱུ་མ་གཟེར། མགོ་བོ་གཟེར་ལྟ་བུ། 2.འོད་གཟེར། 3.ལྕགས་ཀྱིས་བཟོས་པའི་འཛུགས་བྱེད་རྣོན་པོ་ཞིག་སྟེ། (དཔེར་ན།) ལྕགས་གཟེར། གཅུས་གཟེར། སྨྱུག་གཟེར། གཟེར་གྱིས་འདེབས་པ་ཞེས་པ་ལྟ་བུ། |
| གཟེར་ཁ |
ན་ཟུག་གི་དོན་ཏེ། (དཔེར་ན།) རྩིབ་ནད་ཀྱི་གཟེར་ཁ་རྒྱག་པ་ཞེས་པ་ལྟ་བུ། |
| གཟེར་གདན |
གཟེར་དང་འོག་གཞིའི་བར་གྱི་གདན། |
| གཟེར་ཐུང |
1.ཡུན་ཐུང་ནད་ཀྱི་གཟེར། 2.སྟོད་གཟེར་གློ་ཚད་ཅེས་པ་གཉན་རིགས་བཅོ་བརྒྱད་ཀྱི་ནང་གསེས་ཤིག 3.ལྕགས་གཟེར་ཐུང་ཐུང༌། |
| གཟེར་ཐེབས |
གཟེར་བུ་བཏབ་ནས་ཟུག་པ་སྟེ། (དཔེར་ན།) ལས་དོན་མི་འགྱུར་བའི་གནད་གཟེར་ཐེབས་པ་ཞེས་པ་ལྟ་བུ། |
| གཟེར་དམིགས |
ན་ཚ་ཡོད་སའི་གནད་གསང༌། |
| གཟེར་ནད |
གཟེར་ཟུག་རྒྱག་པའི་ན་ཚ་སྟེ། (དཔེར་ན།) གློ་བུར་གཟེར་ནད་བྱུང་ཞེས་པ་ལྟ་བུ། |
| གཟེར་བ |
1.ན་བའི་དོན་དུ་གོ་བའི་གཟེར་བའི་བྱ་མིང་།2.(ཡུལ་སྐད།) སྐོན་པ་དང༌། འགེལ་བ། འཛུགས་པ་བཅས་ཀྱི་དོན་ཏེ། (དཔེར་ན།) སྐེད་པར་གྲི་གཟེར། གོང་བར་ཁབ་གཟེར། རྣ་བར་སྨྱུ་གུ་གཟེར་ཞེས་པ་ལྟ་བུ། |
| གཟེར་བུ |
གཟེར་ཆུང་ངུ་། |
| གཟེར་མ |
དངོས་རྫས་དབྱིབས་ནར་མོ་སྣེ་རྣོ་བའི་མིང་སྟེ། (དཔེར་ན།) ལྕགས་ཀྱི་གཟེར་མ། ཟངས་ཀྱི་གཟེར་མ་ཞེས་པ་ལྟ་བུ། ཚིག་བསྡུས་ན་གཟེར་ཞེས་འབྲི་ཆོག་སྟེ། (དཔེར་ན།) ལྕགས་གཟེར། ཟངས་གཟེར་ཞེས་པ་ལྟ་བུ། |
| གཟེར་མགོ |
གཟེར་གྱི་མགོ། |
| གཟེར་མིག |
1.ལུས་ཀྱི་ཁག་ཆུང་ངུ་ཞིག་གམ་ལུས་ཀྱི་གསང་མིག་ན་ཡོད་པའི་ན་ཟུག་གི་མིང་། 2.འཛར་གྱི་སྐུལ་ཚིག3.ན་ཟུག་གི་གནད། 4.གཟེར་བུ་རྒྱག་ཡུལ་ཨི་ཁུང༌། |
| གཟེར་ཚོམ |
སྐུད་པས་ཚེམ་སྟངས་ཤིག |
| གཟེར་ཟུག |
1.ནད་ཀྱི་ཟུག་རྔུ། 2.གཟེར་བུ་ཟུག་པ་སྟེ། (དཔེར་ན།) རྐང་པར་གཟེར་ཟུག་པ་ལྟ་བུ། |
| གཟེར་འདེབས |
1.གཟེར་ཁ་རྒྱག་པ་སྟེ། (དཔེར་ན།) ཤིང་ལ་ལྕགས་ཀྱི་གཟེར་འདེབས་ཞེས་པ་ལྟ་བུ། 2.ན་བའམ་ནད་གོས་པ་སྟེ།་ (དཔེར་ན།) ལུས་ལ་ནད་ཀྱི་གཟེར་འདེབས་པ་ལྟ་བུ། |
| གཟེར་སྡོམ |
གཟེར་གྱིས་མཉམ་དུ་སྡོམ་པ་སྟེ། (དཔེར་ན།) ཤོག་ལྷེ་མང་པོ་བརྩེགས་པའི་མཐའ་སྣེར་གཟེར་སྡོམ་བརྒྱབ་ཅེས་པ་ལྟ་བུ། |
| གཟོ |
(བྱེད་འབྲེལ་ལས་ཚིག) གཟོས་ཀྱི་མ་འོངས་པ་དང་ད་ལྟ་བ། དྲིན་ལན་འཇལ་བའམ་བཟང་ལན་བཟང་གིས་འཇལ་བ་སྟེ། (དཔེར་ན།) དྲིན་གཟོ་བ། བྱས་པ་གཟོ་བ(བཟང་བྱས་པར་བཟང་ལན་འཇལ་བ)ཞེས་པ་ལྟ་བུ། |
| གཟོགས |
གཟགས་པའི་སྐུལ་ཚིག |
| གཟོང |
བུ་གའམ་ཁུང་བུ་རྐོ་བྱེད་ཀྱི་ཡོ་བྱད་རིགས་ཤིག་གི་མིང་སྟེ། (དཔེར་ན།) རྡོ་གཟོང(རྡོ་བཟོའི་རྡོ་གཏག་བྱེད་ཀྱི་རྣོ་ལྕགས་ཀྱི་ཕུར་བ)རྣོ་གཟོང་ཞེས་པ་ལྟ་བུ། |
| གཟོང་ཁ |
ཨི་ཁུང་འབིགས་བྱེད་ལག་ཆའི་སོ། |
| གཟོང་ཁ་གཅིག་སྒྲིལ |
གཟོང་ལ་ཁ་གཉིས་ཡོད་མི་རུང་བ་ལྟར་གཅིག་སྒྲིལ་དགོས་པའི་དཔེ། |
| གཟོང་ཆག |
ཤིང་བཟོ་བའི་གཟོང་གི་བྱེ་བྲག་ཅིག |
| གཟོང་བུ |
ཤིང་བཟོ་བས་ཤིང་འབིགས་བྱེད་ཀྱི་གཟོང་ཆུང་ཆུང༌། |
| གཟོང་རིལ |
ལྕགས་རིགས་ལ་ཨི་ཁུང་འབིགས་བྱེད་ཀྱི་གཟོང༌། |
| གཟོད |
1.(བསྣན་ཚིག) རྒྱུན་དུ་ད་གཟོད་ཅེས་བཀོལ་བ་ཁྱབ་ཆེ་ཞིང་རྒྱུ་མཚན་སྟོན་པའི་ན་ཡིག་དང་འབྲེལ་ནས་བཀོལ་ཏེ། (དཔེར་ན།) འཐབ་རྩོད་བྱས་ན་ད་གཟོད་རྒྱལ་ཁ་ལེན་ཐུབ། དགྲ་བོ་ལ་འཐབ་རྩོད་བྱས་ན། ད་གཟོད་དགྲ་བོ་ཕམ་པར་བྱེད་ཐུབ་ལྟ་བུ། 2.གཟོད་མ་ཞེས་པའི་ཚིག་བསྡུས་པ། |
| གཟོད་མ |
ཐོག་མའམ་དང་པོ་སྟེ། (དཔེར་ན།) ནམ་མཁའ་གཟོད་མ་ནས་མཐའ་མེད་པ་ཡིན་ལྟ་བུ། ཚིག་བསྡུས་ན་གཟོད་ཅེས་འབྲི་ཆོག་སྟེ། (དཔེར་ན།) གཟོད་ནས་དྭངས་པ་ཞེས་པ་ལྟ་བུ། |
| གཟོན |
1.འཛའ་ཡི་སྐུལ་ཚིག་སྟེ། ཡོངས་གྲགས་ལ་ཆུད་ཟོས་སུ་གཏོང་། བཏང་། ཐོངས་ཞེས་འབྲི། འཛའ་ཡི་ད་ལྟ་བ་ལ་གཟོན་འབྲི་བའང་ཡོད། 2.རྩུབ་པའམ་ཡིད་དུ་མི་འོང་བའི་དོན་ཏེ། (དཔེར་ན།) བསྒོ་བ་རྣར་གཟོན་ལྟ་བུ། |
| གཟོན་པ |
1.(བྱེད་འབྲེལ་ལས་ཚིག) ཆུད་ཟོས་པ་སྟེ། (དཔེར་ན།) རྒྱུ་དངོས་རྣམས་ཆུད་གཟོན་པར་ངོ་རྒོལ་བྱེད་པ་ཞེས་པ་ལྟ་བུ། 2.(བརྡ་རྙིང་།) མི་ཉན་པ་དང་ཉན་འདོད་མེད་པ་སྟེ། (དཔེར་ན།) བསྒོ་བ་རྣར་གཟོན་པ་ཞེས་པ་ལྟ་བུ། |
| གཟོབ |
གཟབ་ཀྱི་འབྲི་ཚུལ་གཞན། |
| གཟོབ་པ |
(བྱེད་འབྲེལ་ལས་ཚིག) བློ་བསྒྲིམས་ནས་བག་ཟོན་བྱེད་པ་སྟེ། (དཔེར་ན།) བརྟགས་ཏེ་གཟབ་པ། ལས་སྟབས་གཟོབ་པར་བྱེད་པ། རིག་པ་གཟོབ་གཟོབ་པ། བློན་པོར་མངའ་གསོལ་བ་ལ་ཤིན་ཏུ་གཟབས་པ་ཞེས་པ་ལྟ་བུ། |
| གཟོབ་པོ |
བག་ཟོན་གྱི་དོན་ཏེ། (དཔེར་ན།) སྟབས་གཟོབ་པོ་ཞེས་པ་ལྟ་བུ། |
| གཟོབས |
1.གཟབས་པའི་སྐུལ་ཚིག་སྟེ། (དཔེར་ན།) དགྲའི་ཟོལ་སྦྱོར་ལ་གཟོབས་ཤིག་ལྟ་བུ། 2.མགྲོན་པོ་སོགས་ལ་སྣེ་ལེན་གང་ལེགས་བྱེད་པ་སྟེ། (དཔེར་ན།) མགྲོན་པོའི་སྣེ་ལེན་ལ་གཟབས་ལྟ་བུ། |
| གཟོལ་བ |
(བརྡ་རྙིང་།) བཀས་ནས་གས་པ། |
| གཟོས |
གཟོ་བའི་འདས་པ་དང་སྐུལ་ཚིག་སྟེ། (དཔེར་ན།) དྲིན་གཟོས། བྱས་པ་གཟོས་ལྟ་བུ། |
| གའུ |
1.ལྷ་སྐུ་འཇོག་སའི་ཟེའུ་ལྷ་ཁང༌། མིང་གི་རྣམ་གྲངས་ལ་ཁ་སྦྱར་དང་ཟ་མ་ཏོག་གོ། །2.ཕོ་མོའི་རྒྱན་ཞིག་སྟེ། (དཔེར་ན།) སྐྲའི་གའུ། སྐེའི་གའུ་ཞེས་པ་ལྟ་བུ། |
| གའུ་ཁ་སྦྱར |
སྟེང་འོག་གམ། རྒྱབ་མདུན་ཁ་སྦྱར་གྱི་སྣོད་སྒྲོམ་མམ་པར་བུ། |
| གའུ་གསུམ་སྒྲོམ |
སྔར་བོད་ཀྱི་ལྷ་ལྕམ་གྱི་གཟབ་སྤྲོས་སྐེ་རྒྱན་བྱེ་བྲག་ཅིག་གསེར་གྱིས་བཟོས་པའི་གའུ་ཆེ་བ་གཅིག་དང་ཆུང་བ་གཉིས་ཀྱི་བར་ལ་གཡུ་དང་མུ་ཏིག་སོགས་སྐུད་པར་བརྒྱུས་ནས་བྲང་ཁར་འདོགས་ཤིང༌། གོང་གི་ཆུང་བ་གཉིས་ནུ་མའི་སྟེང་དང༌། འོག་གི་ཆེ་བ་དེ་སྐེད་པར་སླེབས་པ་ཞིག་ཡོད། |
| གའུ་ལེ |
1.ལས་ཀའི་གོ་རིམ་འགོད་སའི་དེབ་ཆུང༌། 2.ཡིག་རིགས་འཇུག་སྣོད་ཤོག་ཤུབས། |
| གའུ་ལེ་མཚུངས་པ |
ལས་ཀའི་གོ་རིམ་གྱི་སྒྲིག་སྟངས་འདྲ་བ། |
| གཡག |
1.གཡག་དང་འབྲི་བཤོས་པ་ལས་སྐྱེས་པའི་ཕོ་ཕྱུགས་ཏེ། (དཔེར་ན།) རྟ་གཡག་མགོ་སྦྲེལ། གཡག་ཆད་གཅིག་གིས་གཡག་ཆད་བརྒྱ། ཚིག་པ་གཡག་ལ་བཟས་ནས་རྡོག་རྒྱག་བེའུ་ལ་གཞུས། གཡག་གིས་ཆུ་འཐུང་མ་འདོད་ན། གཉའ་ནས་མནན་པས་ཅི་ལ་ཕན། གཡག་རྒན་གྱིས་གདང་འཚོ་མ་ཟིན་ན། གདང་གི་སྐེད་པ་འཁྱོག་ཉེན་ཡོད་ཅེས་པ་ལྟ་བུ།2.(ཡུལ་སྐད།) འོག་རླུང༌། |
| གཡག་གྭ་པ |
གཡག་གདོང་དཀར་པོ། |
| གཡག་ཆད་ལ |
མདོ་ཁམས་ཁྲོ་ཆུ་རྫོང་དུ་ཡོད་པའི་ལ་ཞིག |
| གཡག་ཐེར |
གཙང་ཁུལ་གྱི་ས་གནས་སྟོད་གཡག་སྡེ་ས་ཁུལ་ནས་ཐོན་པའི་ཐེར་མ། |
| གཡག་པ |
1.གཡག་རྫི། 2.(ཡུལ་སྐད།) ཁ་བ་འཕྱག་བྱེད་དང༌། གཡུལ་ལས་གཏོང་སྐབས་འབྲུ་བསྡུ་བྱེད་ཀྱི་ལག་ཆ་ཞིག |
| གཡག་བཀལ་མཚོ |
མཚོ་ཞིག་སྟེ། བོད་ཀྱི་དཔལ་མགོན་རྫོང་གི་དབུས་ཁུལ་དུ་ཡོད། |
| གཡག་མགོ་རླུང་ཚུབ |
རེས་འགའ་ནུབ་ནས་འཆར་བའི་གཟའ་ཞིག་གི་མིང༌། སྒྲ་གཅན་གྱི་སྤྲུལ་བར་གྲགས། |
| གཡག་ཡུ་བོ |
རྭ་ཅོ་མེད་པའི་གཡག |
| གཡག་རུ |
གཡག་གི་རྭ་ཅོ། |
| གཡག་རུ་དགྲ་ཆོས |
གཡག་རྭ་གཡོན་མ་ཞིག་གི་ནང་དུ་མནན་གཏད་ཀྱི་རྫས་རྣམས་བཅུག་སྟེ། དགྲ་བོར་མནན་གཏད་བྱེད་པའི་དྲག་པོའི་ལས་སྦྱོར་གྱི་ཆོ་ག་ཞིག |
| གཡག་རོག་ཞོལ་ཆེན |
སྤུ་རྩིད་རིང་པོ་ཞོལ་ལེར་ཡོད་པའི་གཡག་ནག་པོ་འོག་ཅན་ནམ་ཁྱུ་པ། |
| གཡག་རོང་གཉིས |
ས་སྐྱ་པའི་མདོ་ཕྱོགས་ཀྱི་བསྟན་འཛིན་གཡག་ཕྲུག་སངས་རྒྱས་དཔལ་དང༌། རོང་སྟོན་ཤེས་བྱ་ཀུན་གཟིགས་གཉིས། |
| གཡག་རྒོད |
1.རྣམ་པ་གཡག་དང་འདྲ་བའི་མདོ་དབུས་མཐོ་སྒང་གི་རི་དྭགས་འབྲོང་གི་མིང་གཞན། 2.བོད་སྙེ་བོའི་ས་ཆ་ཞིག་གི་མིང་སྟེ། མིང་ཡོངས་རྫོགས་ལ་སྙེ་མོ་གཡག་སྡེ་རྫོང་ཟེར། |
| གཡག་རྔ |
1.གཡག་གི་རྔ་མ། 2.སྲོག་བཞིན་སྲུང་བའི་གངས་གཡག་གི་རྔ་མ། |
| གཡག་ལ |
བོད་ཀྱི་ཁང་དམར་རྫོང་གི་ལྷོ་རྒྱུད་དུ་ཡོད། |
| གཡག་ལག |
ཕྱོགས་འགྲོ་སྐབས་གཡག་པ་མི་གཅིག་གིས་བདག་བཟུང་བྱེད་རྒྱུའི་གནག་ཕྱུགས་ཉི་ཤུ་ཐམ་པའི་ཚོ་གཅིག |
| གཡག་ཤད |
ལོ་གསུམ་ལོན་པའི་གཡག་སྟེ། (དཔེར་ན།) ལུང་པ་ཕུ་ཐུང་གི་ཚད་ཙམ་ལ། ཨ་བྲ་གཡག་ཤད་ཙམ་གྱི་ཚད་ཅེས་པ་ལྟ་བུ། |
| གཡག་ཤི་འབྲོང་ཆད |
ཨུ་ཚུགས་མཐར་སྐྱེལ་བའི་དཔེ། |
| གཡག་ཤུག |
(ཡུལ་སྐད།) སྡོང་པོ་ཐུང་ཞིང་ཚེར་མ་ཅན་གྱི་ཤུག་པ། |
| གཡག་སྒ |
(ཡུལ་སྐད།) གཡག་ལ་བསྟད་རྒྱུའི་ཁལ་སྒ་སྟེ། (དཔེར་ན།) གཡག་སྒ་འཁོར་བཅས་ཞེས་པ་ལྟ་བུ། |
| གཡག་སྡེ |
གཙང་ཁུལ་གྱི་ས་གནས་གཡག་སྡེ། |
| གཡག་ཨ་ཡུ |
རྭ་ཅོ་མེད་པའི་གཡག |
| གཡང |
1.རྒྱུ་ནོར་ལོངས་སྤྱོད་སོགས་ཀྱི་སྤྱི་མིང་སྟེ། (དཔེར་ན།) རྟ་ནོར་ལུག་གསུམ་གྱི་གཡང་འཁོར། འབྲུ་སྣ་ལྔའི་གཡང་འཁོར་ཞེས་པ་ལྟ་བུ། 2.བྲག་གཟར་དང་ངོས་གཟར་གྱི་མིང་སྟེ། (དཔེར་ན།) བྲག་གཡང་། གཡང་རོང(ལུང་གྲོག)གད་གཡང་། གཡང་ས། གྲོག་གཡང་ཞེས་པ་ལྟ་བུ། 3.ཕྱུག་པོ་ཡོང་ཆེད་དུ་འདོན་པའི་ཆོ་ག་ཞིག་སྟེ། ཕྱྭ་གཡང་ཟེར། |
| གཡང་ཁ |
1.གཡང་གཟར་པོའི་མཐའ། 2.གཡང་སྒམ་གྱི་ཁ་སྟེ། (དཔེར་ན།) གཡང་ཁ་བསྡམས་པ་ཞེས་པ་ལྟ་བུ།3.བསོད་ནམས་སམ་བཅུད་ཀྱི་ཚད། |
| གཡང་ཁང |
གཡང་སྒྲུབ་བྱེད་པའི་ཁང་པའམ་གཡང་སྒམ་འཇུག་པའི་ཁང་པ། |
| གཡང་ཁུག |
1.གཡང་བཀུག་ནས་ཁུག་པ་སྟེ་བསོད་ནམས་སམ་བཅུད་འཕེལ་བ། 2.གཡང་རྫས་བླུག་པའི་ཁུག་མ། |
| གཡང་གཞི |
1.མི་ལྤགས་སྦུབས་བཤུས་ཆ་ཚང་གི་མིང༌། 2.སྲོག་ཆགས་ཀྱི་མགོ་སུག་གི་པགས་པ་ཆ་ཚང་བ་ཡོད་པའི་པགས་གདན། |
| གཡང་གཟའ |
གཟའ་སྤེན་པ། |
| གཡང་གསོལ |
གཡང་གནས་པར་བྱེད་པ། |
| གཡང་གྲོད་རལ་བ |
(ཡུལ་སྐད།) བསོད་ནམས་ཅན་གྱི་མི་རྒན་ཤི་བ། |
| གཡང་ཆགས་པ |
ཕུན་སུམ་ཚོགས་པའི་བཅུད་དང་ལྡན་པ་སྟེ། (དཔེར་ན།) གཡང་ཆགས་པ་རྒྱ་མཚོའི་ནོར་བུ་འདྲ་ཞེས་པ་ལྟ་བུ། |
| གཡང་ཊི |
(རྒྱ་སྐད།) རྡོ་རིགས་རིན་པོ་ཆེའི་གྲས་ཤིག་སྟེ། (དཔེར་ན།) གཡང་ཊི་དཀར་པོ། གཡང་ཊི་སྔོ་ཟླུམ། གཡང་ཊི་སྔོན་པོ། གཡང་ཊི་ལྗང་གུ། གཡང་ཊིའི་ནག་པོ། གཡང་ཊི་ཡག་པོ། གཡང་ཊི་དཀར་ཡོལ། ས་ཕག་རིལ་པོ་ལས། གཡང་ཊི་དུམ་བུ་དགའ་ཞེས་པ་ལྟ་བུ། |
| གཡང་དཀར |
ལུག་གི་མིང་གཞན་ཏེ། གཡང་མོ་ཡང་ཟེར་ཞིང་། ཡོངས་གྲགས་ལ་གཡང་དཀར་ལུག་ཟེར། |
| གཡང་དར |
1.གཡང་མདར་གདགས་བྱའི་ཁ་བཏགས་ཏེ། (དཔེར་ན།) གཡང་དར་ཁ་བཏགས་ལྟ་བུ། 2.གཡང་རྫས་ཀྱི་གོས་དར། |
| གཡང་བཞག |
གཡང་ཤ་དང་འདྲ། |
| གཡང་བུམ |
1.ས་བཅུད་བུམ་པ། 2.གཡང་རྫས་འཇུག་སྣོད་དམ། ནོར་གཡང་བསྒྲུབས་ཏེ་རྒྱ་བསྡམས་ཟིན་པའི་བུམ་པ། |
| གཡང་བྲེ |
གཡང་རྫས་ཀྱི་བྲེ། |
| གཡང་མདའ |
གཡང་རྫས་ཀྱི་མདའ། |
| གཡང་མོ |
གཡང་དཀར་དང་དོན་གཅིག |
| གཡང་ཟ་བ |
འཇིགས་སྣང་སྐྱེ་བ་སྟེ། (དཔེར་ན།) ཉེན་ཁའི་གནས་དང་འཕྲད་དུས་གཡང་ཟ་བའི་རྣམ་པ་མི་སྟོན་པ་ཞེས་པ་ལྟ་བུ། |
| གཡང་ཟེ |
གྲོག་རོང་སྟེང་ཕྱོགས་ཀྱི་མཐའ། |
| གཡང་འགུགས |
ཟས་ནོར་ལོངས་སྤྱོད་འགུགས་བྱེད་ཀྱི་ཆོ་ག་ཞིག |
| གཡང་རོང |
གཡང་གཟར་པོའི་གྲོག་རོང༌། |
| གཡང་རྟེན |
ཕུན་ཚོགས་སམ་བསོད་ནམས་ཀྱི་བཅུད་འཁོར་སའི་རྫས། |
| གཡང་རྩེ |
གཡང་གི་རྩེ་མོ་སྟེ་ཧ་ཅང་ཡག་པོ། (དཔེར་ན།) གཡང་རྩེའི་སྒང་ལ་ཡས་སྒྲོན་ཞེས་པ་ལྟ་བུ། |
| གཡང་རྩེ |
རྒྱུ་མཚན་བཤད་པའི་ཚིག་གི་མིང་སྟེ། (དཔེར་ན།) ཆང་དཀར་ཡོལ་གཡང་རྩེ་དང་བཅས་ཞེས་པ་ལྟ་བུ། |
| གཡང་རྫས |
རིན་པོ་ཆེའི་རིགས་དང་འབྲུ་སྣ་སོགས་གཡང་རྫས་སྤྱིའི་མིང༌། |
| གཡང་ལུག |
གཡང་རྟེན་གྱི་ལུག དེས་མི་ཕྱུགས་གཉིས་འཕེལ་མཚོན་པ་དང༌། ནམ་ཡང་མི་གསོད་ཅིང༌། དེའི་རྭ་དང་སྐེད་པ་སོགས་རྟག་ཏུ་དར་ཚོན་གྱིས་བརྒྱན་ནས་འཇོག་པ་ཞིག་ཡིན། |
| གཡང་ལུགས |
སྐ་རགས་མ་བཅིངས་པར་གོས་ལྷུག་ལྷུག་ཏུ་གྱོན་སྟངས་ཏེ། (དཔེར་ན།) གོས་གཡང་ལུགས་སུ་གྱོན་ཅེས་པ་ལྟ་བུ། |
| གཡང་ལྦ |
(ཡུལ་སྐད།) ལུས་ལ་མི་གནོད་པའི་སྐེའི་ལྦ་བ། |
| གཡང་ལྷ |
1.གཡང་གི་ལྷའམ་ནོར་ལྷ། 2. (ཡུལ་སྐད།) ནོར་ཕྱུགས་ལ་བྱམས་པོ་བྱེད་པའི་ཚིག |
| གཡང་ཤ |
གཡང་རྫས་ལུག་ཤ་ལག་གཡས། |
| གཡང་ས |
གཅོང་རོང་སྟེ༌། (དཔེར་ན།) གཡང་ས་ལས་འཛིན་པ། གཡང་སར་རྟ་ཁ་བཀག་ཅེས་པ་ལྟ་བུ། |
| གཡང་སྐར་གཉིས |
དཔྱིད་ཚུགས་དང་སྟོན་ཚུགས་རྗེས་ཀྱི་ས་ཕོ་ལྔ་པའི་ཉིན་ཏེ། ཞིང་ཕར་འདེབས་དང་སྟོན་ཐོག་ཚུར་སྡུད་ཀྱི་རྟེན་འབྲེལ་སྒྲིག་པའི་ཉིན། |
| གཡང་སྒམ |
གཡང་འབོད་བླ་མས་གཡང་འགུགས་བཏོན་ནས་གཡང་རྫས་རྣམས་སྒམ་ནང་དུ་རྒྱས་བཏབ་རྒྱུ་ནོར་འཕེལ་ཐབས་བྱེད་པར་དམིགས་ནས་ཡར་རྟེན་མཆོད་པའི་གནས་སུ་བཞག་པའི་སྒམ་ཞིག |
| གཡང་སྒྲོམ |
གཡང་སྒམ་དང་འདྲ། |
| གཡན་དགབ |
འཚོ་བའི་ཡོ་བྱད་བཅུ་གསུམ་གྱི་ནང་གསེས། གཡན་པའི་ནད་ཅན་གྱིས་ཤ་ལ་སྦྱར་ནས་གྱོན་པར་བྱ་བ། ཚད་སྲིད་དུ་ཁྲུ་དྲུག་དང་ཞེང་དུ་ཁྲུ་གསུམ་ཡོད་པའི་ཡོ་བྱད་ཅིག |
| གཡན་དགབ་ཚད་ལས་ལྷག་པའི་ལྟུང་བྱེད |
ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས། གཡན་པ་དགབ་སྲིད་དུ་ཁྲུ་དྲུག་དང་ཞེང་དུ་ཁྲུ་གསུམ་ལས་ལྷག་པ་འཆང་བ། |
| གཡན་པ |
ཟ་འཕྲུག་འབྱུང་ཞིང་ཆུ་སེར་འཛག་པའི་པགས་ནད་ཅིག་སྟེ། ནང་གསེས་སུ་དབྱེ་ན་ཚ་གྲང་གཉིས་མཆིས། (དཔེར་ན།) གཡན་པ་ཟ་བ། གཡན་པ་འཕྲུག་པ་ཞེས་པ་ལྟ་བུ། |
| གཡན་པ་དགབ་པ |
གཡན་དགབ་དང་དོན་གཅིག |
| གཡན་པ་རྒྱ་ཐོར |
ཟ་འཕྲུག་ཅན་གྱི་ཤུ་ཐོར། |
| གཡན་སྐྱོ་བ |
(བརྡ་རྙིང་།) འཛེམ་མེད་དུ་སྤྱོད་པའམ་ཅོ་འདྲི་བ། |
| གཡབ |
1.རླུང་འགུགས་ཡོ་བྱད་ཅིག་སྟེ། (དཔེར་ན།) སྦྲང་གཡབ། བསིལ་གཡབ། རླུང་གཡབ་ཅེས་པ་ལྟ་བུ། 2.སྐྱིབས་ཏེ། (དཔེར་ན།) བྱ་གཡབ། གསེང་གཡབ། མདའ་གཡབ། གཡབ་སྟེང༌ཞེས་པ་ལྟ་བུ། 3.(ཡུལ་སྐད།) འཁྲིག་པ་སྤྱོད་པ། 4.(བྱེད་འབྲེལ་ལས་ཚིག) གཡབས་ཀྱི་མ་འོངས་པ། བསིལ་ཡབ་དང་ལག་པ་སོགས་གཡུག་པའི་དོན་ཏེ། (དཔེར་ན།) གཡབ་བྱའི་བསིལ་ཡབ་ཅེས་པ་ལྟ་བུ། ད་ལྟ་བར་གཡོབ་དང་། འདས་པ་ལ་གཡབས། སྐུལ་ཚིག་ལ་གཡོབས་འབྲི། |
| གཡབ་གཡུག |
1.གཡབ་མོ་གཡབ་ཅིང་གཡུག་པ་སྟེ། (དཔེར་ན།) ལག་པས་མེ་ཏོག་གི་ཆུན་པོ་བཟུང་ནས་གཡབ་གཡུག་རྒྱག་པ་ལྟ་བུ།2.ཚུར་ཤོག་ཅེས་པའི་ལག་བརྡ། |
| གཡབ་གཡོབ |
གཡབ་མོ་གཡོབ་ཚུལ། |
| གཡབ་དར |
གཡོབ་པའམ་གཡུག་རྒྱུའི་དར། རྡོ་རྗེ་སོགས་ཀྱི་སྣེར་བཏགས་པའི་དར། |
| གཡབ་པ |
1.གཡོབ་པའི་མ་འོངས་པའི་བྱ་མིང་།2. (ཡུལ་སྐད།) འབྲུ་སོགས་འཕྱག་སྟེ་རུག་རུག་བཟོ་བྱེད་ཅིག |
| གཡབ་མོ |
འདི་རུ་ཤོག་ཅེས་པའི་བརྡ་གཏོང་བའི་དར་ཆ་དང་ལག་པ་སོགས་ཏེ། (དཔེར་ན།) གྱོད་ལ་གཡབ་མོ་འདེབས་མི་རེད། ཆགས་སྒོ་རིན་གྱིས་ཉོ་མི་རེད་ཅེས་པ་ལྟ་བུ། |
| གཡབས |
གཡབ་ལ་ལྟོས། |
| གཡབས་པ |
གཡོབ་པའི་འདས་པ། |
| གཡམ |
1.རྗེས་དང་ཞོར་གྱི་མིང་སྟེ། (དཔེར་ན།) བརྟག་དཔྱད་མེད་པར་གཞན་གྱི་ཚིག་རྗེས་འབྲངས་པ་ལ་གཡམ་ལ་བརྒྱུགས་པ་ཟེར་བ་ལྟ་བུ། 2.རྡོ་གཡའ་མའི་ཚིག་བསྡུས་པ་སྟེ། (དཔེར་ན།) གཡམ་རྡོ། གཡམ་སྟེགས་ཟེར་བ་ལྟ་བུ། |
| གཡམ་པ |
རང་བཞིན་གྱིས་ཆགས་པའི་རྡོ་ལེབ་ཅིག་སྟེ། (དཔེར་ན།) གཡམ་སྒྲོམ། རྡོ་གཡམ་པའི་སྟེང་ལ་མ་ཎི་བརྐོས་པ། མགོ་ཐོག་གཡམ་སེལ་ཞེས་པ་ལྟ་བུ། |
| གཡམ་བཟང་བཀའ་བརྒྱུད |
གཡའ་བཟང་བཀའ་བརྒྱུད་ཀྱི་འབྲི་སྲོལ་གཞན་ཞིག |
| གཡའ |
1.དྲི་མ་ལྕགས་ཟངས་སོགས་ཀྱི་ངོས་ལ་ཆགས་པའི་ནག་ནོག་སྟེ། (དཔེར་ན།) དཀར་གཡའ། གཡའ་བརྒྱབ་པ། གཡའ་ཆག་པ། གཡའ་ལང་བ། ཧ་ཡང་གི་གཡའ་བསངས་པ། ལྕགས་གཡའ་སྨན། ཟངས་གཡའ་དུག ནམ་མཁའ་གཡའ་དག་ཅེས་པ་ལྟ་བུ།2.བག་གམ་ཞད་དེ། (དཔེར་ན།) འཁོར་གཡོག་གི་གཡའ་དྲི་བྲོ་བ། མི་ངན་རྒྱལ་པོར་བསྐོས་ན་སྤྲེའུའི་གཡའ། ཆམ་པ་ཕོག་པའི་གཡའ་བྱུང་བ། གནམ་དྭངས་པོ་ཡོང་གཡའ་འདུག ཐན་པ་གཏང་གཡའ་གསལ་པོ་ཤར་བ། འཆི་འགྲོ་བའི་གཡའ་ཞེས་པ་ལྟ་བུ།3.གཡའ་མ་ཡི་ཚིག་བསྡུས་པ། |
| གཡའ་ཀྱི |
སྔོ་སྨན་གྱི་རིགས་ཤིག་སྟེ། རོ་ཁ། ཞུ་རྗེས་བསིལ། ནུས་པས་སྣོད་མཁྲིས་རྒྱས་པ་ཞི། མཁྲིས་ནད་གྱེན་དུ་སྐྱུག་པ་དང༌། ཐུར་དུ་བཤལ་བ་སོགས་བྱེད། མིང་གི་རྣམ་གྲངས་ལ་ཁྲག་དར་ཡ་ཀན་དང༌། གངས་ཀྱི་ལྷ་མོ། རྒྱལ་པོ་ཟླ་བསིལ། དར་ཡ་ཀན། བདུད་རྩི་རབ་བསིལ། གཡའི་བཅུད་བཅས་སོ། ། |
| གཡའ་ཀྱི་མ |
རྩྭ་སྨན་ཞིག |
| གཡའ་ཁྲོད |
རྡོ་གཡམ་ཡོད་པའི་རིའི་ཁྲོད་དེ། (དཔེར་ན།) གཡའ་ཁྲོད་དང་གངས་ཁྲོད་འགྲིམས་ཞེས་པ་ལྟ་བུ། |
| གཡའ་གྲོ |
ཨ་བི་ཥ་ཡི་མིང་གཞན་ཞིག |
| གཡའ་ཆུ |
གཡའ་རི་ལས་འབབ་པའི་ཆུ། |
| གཡའ་དག་པ |
1.ཟངས་ལྕགས་སོགས་ཀྱི་གཡའ་དག་པ། 2.གློ་བུར་གྱི་སྒྲིབ་བྱེད་དག་པ། 3.ནམ་མཁའ་ལ་དུ་བ་དང་སྤྲིན་པ་ཐལ་བ་སོགས་མེད་པ། |
| གཡའ་དུག |
ཟངས་གཡའ་སོགས་ལས་བྱུང་བའི་དུག |
| གཡའ་ནད |
1.གཡན་པའམ་ཟ་འཕྲུག་གི་ནད། 2.ཟངས་གཡའ་སོགས་ཀྱིས་བསྐྱེད་པའི་ཕོ་ནད། |
| གཡའ་ཕིང |
(རྒྱ་སྐད།) ཉལ་ནས་འཐེན་པའི་ཐ་མག་དུག་ཅན་ཞིག |
| གཡའ་བ |
1. (བྱེད་མེད་ལས་ཚིག) 1>ཟ་འཕྲུག་ལང་བ་སྟེ། (དཔེར་ན།) ལུས་ཀྱི་པགས་པ་གཡའ་བ་ལྟ་བུ། 2>འདར་སྙམ་བྱེད་པ་སྟེ། (དཔེར་ན།) སྐྱི་གཡའ་བ་ཞེས་པ་ལྟ་བུ། 2.(བརྡ་རྙིང་།) ཉེ་འཁོར། |
| གཡའ་བག |
1.ལྷང་ངམ་བག་ཆགས་ཀྱི་གཤིས། 2.ལྕགས་རིགས་ཀྱི་གཡའ། |
| གཡའ་བཟང |
བོད་དབུས་ཀྱི་ལྷོ་ཁ་ས་ཁུལ་ཁོངས་སྣེ་གདོང་རྫོང་གི་ལུང་པ་སྔར་བོད་ཁྲི་སྐོར་བཅུ་གསུམ་གྱི་ཡ་གྱལ་ཞིག |
| གཡའ་བཟང་ཆོས་རྗེ་ཆོས་ཀྱི་སྨོན་ལམ |
རབ་བྱུང་གསུམ་པའི་ས་གླང་ལོ་གཙང་ཞལ་གྱི་དམར་མོར་འཁྲུངས། (1169-1233) གདུང་རུས་གནུབས། འགྲོ་མགོན་ཕག་གྲུའི་བུ་ཆེན་བཞིའི་ཡ་གྱལ་ཟྭ་ར་བ་སྐལ་ལྡན་ཡེ་ཤེས་སེང་གེའི་སློབ་མར་གྱུར། དགུང་ལོ་སོ་བརྒྱད་པ་མེ་སྟག་ལ་ཡར་ཀླུངས་གཡའ་བཟང་དགོན་པ་བཏབ་ནས་རྒྱུན་བཞུགས་མཛད། དེ་ནས་རིམ་པར་བརྒྱུད་པ་རྣམས་ལ་གཡའ་བཟང་བཀའ་བརྒྱུད་ཅེས་གྲགས། འདུལ་བའི་བཤད་པ་དང་ལག་ལེན་གཙོ་བོར་མཛད་པས་གནུབས་འདུལ་འཛིན་དུ་ཡང་གྲགས། དགུང་ལོ་རེ་ལྔ་པ་ཆུ་སྦྲུལ་ལོར་འདས། |
| གཡའ་བཟང་དགོན་པ |
གཡའ་བཟང་ཆོས་རྗེ་ཆོས་ཀྱི་སྨོན་ལམ་གྱིས་རབ་བྱུང་གསུམ་པའི་མེ་སྟག་ལོ་ལ་ཡར་ཀླུངས་སྟོད་ཤམ་པོའི་གངས་རིའི་ཉེ་འདབས་སུ་བཏབ་པའི་དགོན་པ་ཞིག་དེ་ནས་བརྒྱུད་པའི་གདམས་པའི་བརྒྱུད་འཛིན་ལ་གཡའ་བཟང་བཀའ་བརྒྱུད་ཟེར། |
| གཡའ་བཟང་བཀའ་བརྒྱུད |
རབ་བྱུང་བཞི་པར་འགྲོ་མགོན་ཕག་མོ་གྲུ་པའི་སློབ་མ་ཟྭ་ར་སྐལ་ལྡན་ཡེ་ཤེས་སེང་གེ་དང་དེའི་སློབ་མ་གཡའ་བཟང་ཆོས་རྗེ་ཆོས་ཀྱི་སྨོན་ལམ་ནས་རིམ་བཞིན་བརྒྱུད་པའི་བཀའ་བརྒྱུད། |
| གཡའ་བྲག |
གཡའ་རི་དང་བྲག་རི། |
| གཡའ་མ |
རྡོ་གཡའ་མ་སྟེ་བསྡུས་ན། (དཔེར་ན།) རྡོ་གཡམ། གཡའ་མ་ཉིལ་བ་རྫ་ནས་ཉིལ། རྫ་མེད་ན་གཡའ་མ་ཉིལ་དོན་མེད་ཅེས་པ་ལྟ་བུ། |
| གཡའ་མ་ལུང |
བོད་ཀྱི་ལྷོ་ཁ་ས་ཁུལ་ཁོངས་གྲྭ་ནང་རྫོང་གི་རྙིང་མའི་དགོན་པ་ཞིག |
| གཡའ་མཁྲང་བ |
ཟ་འཕྲུག་གི་ནད་ལ་ཕུར་ཕུར་བཏང་ནས་མཁྲེགས་པོ་ཆགས་པ། |
| གཡའ་མཚམས |
གཡའ་རི་དང་སྤང་རིའམ་གངས་རིའི་མཚམས། |
| གཡའ་རི |
རྡོ་སྔོ་མདོག་ཅན་དང་གཡའ་མ་ལེབ་མོས་གྲུབ་པའི་རི་བོ། |
| གཡའ་ཤིང |
(ཡུལ་སྐད།) སྒོའི་གཏན་ཤིང་ངམ་ཨ་ཤིང༌། |
| གཡའ་ཤིང |
ལོ་མ་ལྟུང་བའི་ཤིང་སྡོང་ཞིག་རྒྱ་སྐད་དུ་ཧྥེང་ཧྲུ་ཟེར། |
| གཡའ་སེལ |
ལྷད་ཞུགས་པ་སེལ་བ་སྟེ། (དཔེར་ན།) བསྟན་འགྲོར་གཅེས་ན་གཡའ་སེལ་སོགས། བསྟན་བཅོས་རྣམ་དག་གཟིགས་ན་མཁྱེན་ཅེས་པ་ལྟ་བུ། |
| གཡའ་སྐུད |
1.ལྕགས་རིགས་ཀྱི་ཡོ་བྱད་སྟེང་དུ་བསྐུས་པའི་སྣུམ་གྱི་མིང་སྟེ། (དཔེར་ན།) ཁྲོ་ཟངས་ལ་གཡའ་སྐུད་བཏང་ལྟ་བུ། 2.དྲི་མ་ནག་ནོག་གམ་ན་བུན་དང་སྐྱོ་བའི་རྣམ་འགྱུར་གྱི་མིང་སྟེ། (དཔེར་ན།) དགུང་སྔོན་གཡའ་དག་པ། དགའ་ནས་ངོའི་གཡའ་དག་ལྟ་བུ། |
| གཡའ་སྒོག |
1.རེག་ནས་གད་མོ་སློང་བ་དང་ག་ག་ཚིལ་སྒོག་པ། 2.གཡའ་རི་ལས་སྐྱེས་པའི་སྒོག་པ། |
| གཡའ་སྤང |
གཡའ་རི་དང་སྤང་རིའི་བསྡུས་ཚིག་སྟེ། (དཔེར་ན།) གཡའ་སྤང་ལ་གནས་པའི་རི་དྭགས་ཞེས་པ་ལྟ་བུ། |
| གཡར |
1.(བརྡ་རྙིང་།) 1>ཞལ་ཏེ། ཁའམ་ངོ་གདོང་གི་ཞེ་ས་སྟེ། (དཔེར་ན།) གཡར་ཚ་བ། གཡར་གཟིགས་པ། གཡར་གྱིས་ལེན་པ་ཞེས་པ་ལྟ་བུ། 2>སྤྱན་ཏེ་མིག་གི་ཞེ་ས་སྟེ། (དཔེར་ན།) གཡར་འདྲེན་པ། གཡར་བསྟར་ཞུ་བ་ཞེས་པ་ལྟ་བུ།2.(བྱེད་འབྲེལ་ལས་ཚིག) གཡོར་གྱི་མ་འོངས་པ་དང་འདས་པ། གཞན་གྱི་དངོས་རྫས་གནས་སྐབས་སུ་བེད་སྤྱད་པ་སྟེ། (དཔེར་ན།) ངས་དགེ་རྒན་གྱི་དཔེ་ཆ་གཡར་ནས་བལྟས། གཡར་བྱའི་དཔེ་ཆ་ཞེས་པ་ལྟ་བུ། |
| གཡར་ཁང |
1.གཡར་པོའི་ཁང་པ། 2.(མངོན་བརྗོད།) ལུས། |
| གཡར་ཁམས |
སྐུ་ཁམས་ཏེ། (དཔེར་ན།) གཡར་ཁམས་བདེ་བ་ཞེས་པ་ལྟ་བུ། |
| གཡར་ཁྲལ |
ངོ་ཁྲལ་ལམ། ཁ་ཁྲལ་ཏེ། མི་གཞན་གྱི་ངོ་མ་བཟློག་པར་བྱས་པའི་ལས་ཀ། (དཔེར་ན།) གཡར་ཁྲལ་སྤྲོད་པ་ཞེས་པ་ལྟ་བུ། |
| གཡར་གཟིགས |
(བརྡ་རྙིང་།) 1>ཟས། 2>གཟིགས་མོ། 3>ཁ་ངོ་ལ་ལྟ་བ། |
| གཡར་གླ |
དངོས་པོ་གཡར་སྐབས་དངོས་བདག་ལ་སྤྲོད་དགོས་པའི་དངུལ་ཏེ། (དཔེར་ན།) ཁང་པ་གཡར་གླ། འཛིན་ཆས་གཡར་གླ་ཞེས་པ་ལྟ་བུ། |
| གཡར་ངོ |
(ཡུལ་སྐད།) ཁའམ་གདོང༌། |
| གཡར་ཆབ |
(བརྡ་རྙིང་།) ཆུ། |
| གཡར་དངོས |
ཚུར་གཡར་པོ་བླངས་པའམ་ཕར་གཡར་པོ་བཏང་བའི་དངོས་པོ། |
| གཡར་དམ |
ཁས་བླངས་པའམ་དམ་བཅས་པའི་ལས་དོན་གྱི་མིང་སྟེ། (དཔེར་ན།) མི་ཚེ་འདིར་མི་དྲང་མོ་ཞིག་བྱེད་པར་གཡར་དམ་བཅས་ལྟ་བུ། |
| གཡར་པོ |
གཡར་པའི་དངོས་རྫས་ཏེ། (དཔེར་ན།) ཕར་གཡར་པོ་ཕུལ། ཚུར་གཡར་པོ་ཞུ། གཡར་པོ་བདག་རེངས། གཡར་པོ་རིང་ཐུང་བྱེད་པ། གཡར་པོ་ཡུན་རིང་ན་བདག་པོའི་ཚུལ་ཞེས་པ་ལྟ་བུ། |
| གཡར་པོ་བདག་རེངས |
གཡར་བའི་དངོས་པོ་ཕྱིར་མི་སྤྲོད་པ་སྟེ་ཧམ་བཟུང་བྱེད་པའི་དཔེ། |
| གཡར་བ |
(བྱེད་འབྲེལ་ལས་ཚིག) གཡར་བའི་བྱ་མིང་། |
| གཡར་བཏང |
གཡར་པོ་བཏང་བ། |
| གཡར་མ |
1.གཡར་བའི་དངོས་པོ་སྟེ། (དཔེར་ན།) རྟ་གཡར་མ། དཔེ་ཆ་གཡར་མ་ཞེས་པ་ལྟ་བུ། 2.སྔོན་ལ་ཁ་སྦྱར་ན་རྒྱུ་མཚན་རྣམ་དག་མ་ཡིན་པ་ཞིག་འཚོལ་བའི་དོན་ཏེ། (དཔེར་ན།) ཟམ་པ་བསྐྲུན་པའི་དུས་ཡུན་ཐུང་བ་ལ་ཁ་གཡར་ནས་ཟམ་པའི་རྒྱུ་སྤུས་ཇེ་ཞན་དུ་གཏོང་མི་རུང་ལྟ་བུ། ཡུལ་སྐད་དུ་ཁག་འཇོག་ས་ཟེར་བ་དང་དོན་འདྲ། 3.ཁའམ་ངོ་དང་མདུན་གྱི་བརྡ་རྙིང་སྟེ། (དཔེར་ན།) གཟུགས་ཁམས་ལ་གཡར་ཁམས་དང་། ངོ་ཚ་བ་ལ་གཡར་ཚ་བ་ཟེར་བ་ལྟ་བུ། |
| གཡར་མོ་ཐང |
1.སྔོ་སྨན་མེ་ཏོག་གི་རིགས་ཤིག་རོ་མངར་ཁ། ཞུ་རྗེས་སྙོམས། ནུས་པས་རྨ་གསོ། སྐྲངས་པ་འཇོམས། མིང་གི་རྣམ་གྲངས་ལ་གཡར་མོ་ཐང་པ་དང༌། ལུ་གུ་མེ་ཏོག་བསིང་མ་དམར་པོ་བཅས་སོ། 2 གཡེར་མོ་ཐང་གི་འབྲི་སྲོལ་གཞན་ཞིག |
| གཡར་ཚ་བ |
(བརྡ་རྙིང་།) ངོ་ཚ་བ། |
| གཡར་ཚུས |
(བརྡ་རྙིང་།) ཞལ་ཚུས་སམ་ཁ་ཟས་ཏེ། (དཔེར་ན།) གཡར་ཚུས་འདྲེན་པ་ཞེས་པ་ལྟ་བུ། |
| གཡར་ཞལ |
ཞལ་རས། |
| གཡར་འཛིན |
དངོས་པོ་གཡར་སྐབས་བཞག་པའི་འཛིན་ཡིག |
| གཡར་ལམ |
(བརྡ་རྙིང་།) 1>རྨི་ལམ། 2 >སྤྱན་སྔ་དང་མདུན། |
| གཡར་སྐྱི |
ཕར་ཚུར་གཡར་བ་དང་སྐྱི་བ་སྟེ། (དཔེར་ན།) རང་ལ་དངུལ་མེད་ཀྱང་གཞན་གྱི་ས་ནས་གཡར་སྐྱི་བྱས་ཆོག་ཅེས་པ་ལྟ་བུ། |
| གཡར་སྔར |
(བརྡ་རྙིང་།) 1>ལག་རྟགས། 2>སྐུ་དྲུང་དུ། |
| གཡལ |
གླལ་བརྒྱང་བྱས་པ་སྟེ། (དཔེར་ན།) གཉིད་ཁུག་ན་གཡལ་བ་འོང་ཞེས་པ་ལྟ་བུ། |
| གཡལ་བ |
(བྱེད་མེད་ལས་ཚིག) དོན་མེད་དུ་ཁ་གདངས་ཏེ་སྐད་སྒྲ་དང་བཅས་དབུགས་ཕྱིར་འབྱིན་པའི་རླུང་ནད་ལྡང་བའི་རྣམ་འགྱུར་ཞིག |
| གཡལ་ཞིང་འདར་བ |
ནད་ཅིག |
| གཡལ་རྨྱོང |
དོན་མེད་དུ་ཁ་གདང་ཞིང་སྐད་འབྱིན་པ་གཡལ་བ་དང༌། རྐང་ལག་རྣམས་ཤད་དུ་བརྐྱང་དགོས་པའི་བྱ་རྨྱོང་བྱེད་པ་གཉིས་ཀྱི་བསྡུས་མིང༌། |
| གཡལ་སྟོང |
(ཡུལ་སྐད།) གླལ་བའམ་གཡལ་བ་ཨ་སྟོང༌། |
| གཡས |
1.རང་གི་ཁ་བྱང་ཕྱོགས་སུ་གཏད་ན་ཤར་ཕྱོགས་ནི་གཡས་ཡིན་ལ་ནུབ་ཕྱོགས་ནི་གཡོན་ཡིན། 2.ཆབ་སྲིད་བསམ་བློའི་ཐོག་རྙིང་ཞེན་དང་ལོག་སྤྱོད་ལ་གཏོགས་པའི་དོན་ཏེ། (དཔེར་ན།) གཡས་ལྷུང་པ། གཡས་ཕྱོགས་པ་ཞེས་པ་ལྟ་བུ། 3.བོད་ཀྱི་རུས་ཤིག |
| གཡས་ཁག་གཡོན་དཀྲི |
སོ་སོའི་བྱ་ངན་གྱི་ཁག་གཞན་ལ་དཀྲི་བ། |
| གཡས་ཁྱིམ་གྱི་ནུ་བོ |
(བརྡ་རྙིང་།) མ་མི་གཅིག་པའི་སྤུན་ནུ་བོ། |
| གཡས་གཞོགས་གཡོན་འདེགས |
ཕན་ཚུན་རམ་འདེགས་སམ་རོགས་རམ་གྱི་དོན་ཏེ། (དཔེར་ན།) ལས་དོན་འདི་ང་ཚོ་ཐུན་མོང་གིས་གཡས་གཞོགས་གཡོན་འདེགས་བྱས་ཏེ་སྔ་ཙམ་འགྲུབ་ཐུབ་པ་བྱེད་དགོས་ཞེས་པ་ལྟ་བུ། |
| གཡས་གཡོན |
1གཡས་ཕྱོགས་དང་གཡོན་ཕྱོགས་ཀྱི་བསྡུས་ཚིག2.སྐབས་འགར་ཕན་ཚུན་ནམ་ཅིག་ཤོས་ཉིས་ཤོས་སུའང་གོ་སྟེ། (དཔེར་ན།) གཡས་གཡོན་ལ་ལྟ་བ། གཡས་གཡོན་དུ་འཁྱོར་བ། གཡས་འཇགས་གཡོན་ལངས། གཡས་འགྲོ་གཡོན་སྐྱོད། གཡས་བསྐུམ་གཡོན་བརྐྱང༌། གཡས་བྱས་གཡོན་ཤོར། གཡས་ལེན་གཡོན་འཇོག གཡས་བཤད་གཡོན་བཤད། ཞབས་བྲོ་འཁྲབ་དུས་ཁ་གཡས་ཕྱོགས་གཡོན་ཕྱོགས་སུ་སྐོར་བ། རྐང་མགྱོགས་ཀྱི་བློན་པོ་དེས་ཐུ་བ་ནག་པོ་གཡས་བརྫེས་དང་གཡོན་བརྫེས་བྱས། གྲི་གུ་ནག་པོ་གཡས་འདོགས་དང་གཡོན་འདོགས་བྱས། གོམ་ལ་རིང་ཐུང་མེད་པ་བརྒྱབ་སྟེ་སོང་ངོ་ཞེས་པ་ལྟ་བུ། |
| གཡས་གྲལ |
གཡས་ངོས་སུ་བསྒྲིགས་པའི་གྲལ། |
| གཡས་ཆུང |
སྣང་ཆུང་ངམ་མཐོང་ཆུང༌། |
| གཡས་དཀར་གཡོན་ནག |
དྲང་པོ་མིན་པ་ཕྱོགས་རིས་ཀྱི་དཔེ། |
| གཡས་པ |
1.ཁ་ཤར་ཕྱོགས་སུ་གཏོད་སྐབས་ཀྱི་ལྷོ་ངོས་ཏེ། (དཔེར་ན།) ཁང་མིག་གཡས་པ། ལག་གཡས་བརྐྱངས་པ། རྐང་གཡས་བསྐུམ་པ། གཡས་འཁྱོར་གཡོན་འཁྱོར། གཡས་ཕྱོགས་གཡོན་འདེགས། གཡས་ཕྱག་རྒྱ་བྱེད་དུས། གཡོན་བུམ་པ་ཤོར། གཡས་ལོག་གཡོན་ལོག་ཅེས་པ་ལྟ་བུ།2.(བརྡ་རྙིང་།) གཡར་བའམ་བརྙན་པ་སྟེ། (དཔེར་ན།) སྐྱེད་ལྕིའི་བུ་ལོན་གཡས་པ། ཆང་གཡས་ཆུས་འཇལ་ཞེས་པ་ལྟ་བུ། |
| གཡས་ཕྱོགས |
1.ལག་པ་གཡས་པའི་ཟུར། 2.ཤོག་ཐོག་གི་གཡས་ཕྱོགས་དང་གཡོན་ཕྱོགས་ངོས་འཛིན་བྱེད་སྟངས་ལ་རྒྱ་ལུགས་དང་བོད་ལུགས་གཉིས་མི་འདྲ་བ་ཡོད་དེ། རྒྱ་ལུགས་ལ་དཔེ་ཆ་དང་རི་མོ་ལྟ་མཁན་གྱི་ལུས་པོ་གཙོ་བོར་བཞག་ནས་དེའི་ལག་པ་གཡས་གཡོན་ཤོག་ཐོག་གི་གཡས་གཡོན་དུ་བརྩི་རྒྱུ་དང༌། བོད་ལུགས་ལ་ནི་དཔེ་དེབ་དང་ཐང་ག་ཉིད་གཙོ་བོར་བཞག་ནས་དེ་དག་གི་གཡས་ཟུར་དང༌། གཡོན་ཟུར་ཤོག་ཐོག་གི་གཡས་གཡོན་དུ་བརྩི་རྒྱུ། |
| གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པའི་དཔེ་བྱད |
སངས་རྒྱས་ཀྱི་དཔེ་བྱད་བཟང་པོ་བརྒྱད་ཅུའི་ནང་གསེས་ཤིག་སྐོར་ཕྱོགས་ཀྱི་ལམ་དང་མཐུན་པར་གཤེགས་པ་ཉིད་ཀྱིས་གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པ། |
| གཡས་མ |
(མངོན་བརྗོད།) རྐུན་པོའམ་ཇག་པ། |
| གཡས་འཁྱིལ |
ཆུ་དང་རི་མོ་དབྱིབས་སོགས་གཡས་སྐོར་དུ་འཁྱིལ་བའི་མིང༌སྟེ། (དཔེར་ན།) དུང་དཀར་གཡས་འཁྱིལ། གྲོང་པའི་ཕྱི་རོལ་ཏུ་རྒྱུག་ཆུ་གཡས་འཁྱིལ་འབབ་ཅེས་པ་ལྟ་བུ། |
| གཡས་རུ |
1.བར་དབུས་གཙང་རུ་བཞིའི་ནང་གསེས་ཤིག་སྟེ། ལྟེ་བ་རྣམ་གླིང་ཁོངས་ཤངས་ཀྱི་གཞོང་པ་ཚལ་ལ་བཞག་ནས་ཤར་བྲགས་ཀྱི་གླང་མ་གུར་ཕུབ་དང༌། ལྷོ་གཉའ་ནང་གཡག་པོའི་སྣ། ནུབ་བྱེ་མ་ལ་དགུ། བྱང་སྨྲི་ཏི་ཆུ་ནག་བཅས་སོ་སོའི་བར་དུ་ཡོད་པའི་ས་ཡུལ་གྱི་མིང་རྙིང༌། 2.རུ་གཡས་གཡོན་གཉིས་སུ་ཕྱེ་བའི་ནང་ནས་གཡས་རུ་སྟེ། (དཔེར་ན།) དམག་གི་གཡས་རུ། གཡས་རུའི་ཤོག་ཁ་ཞེས་པ་ལྟ་བུ། |
| གཡས་རུ་གཙང་པོ |
འབབ་ཆུ་ཞིག་སྟེ། བོད་ཀྱི་གཏིང་སྐྱེས་རྫོང་གི་ཁོངས་སུ་ཡོད། དེའི་ཆུ་འགོ་ཧི་མ་ལ་ཡའི་བྱང་ངོས་ནས་བྱུང་ཞིང་དིང་རི་རྫོང་གི་ཁུལ་དུ་བུམ་ཆུའི་ནང་དུ་འབབ། |
| གཡས་རྡར་གཡོན་རྡར |
གཟོང་གི་བྱེ་བྲག་ཅིག |
| གཡས་ལོགས |
གཡས་ཀྱི་ཕྱོགས། |
| གཡས་ལྷུང |
རྙིང་ཞེན་གྱི་བསམ་བློའམ་ལོག་སྤྱོད་དབང་ཤུགས་ལ་འོས་མེད་འགྲིག་ཐབས་སམ་མགོ་འདོགས་པ། |
| གཡས་ཤོག |
གཡས་རུ། |
| གཡས་སྐོར |
1.ཞབས་བྲོ་འཁྲབ་དུས་གཡས་ཕྱོགས་སུ་བསྐོར་བའི་གོམ་སྟངས། 2.རང་ལུས་ཀྱི་གཡས་ངོས་ལྟེ་གནས་དང་ཉེ་བར་སྦྱར་ནས་སྐོར་བ། 3.ཡིག་ཕྲེང་དང༌། རིས་ཐིག་སོགས་འགོ་གཡོན་ནས་ཚུགས་ཏེ་གཡས་སུ་བྲིས་པའི་ཕྱོགས། |
| གཡས་སྡེ |
ཡུལ་གྱི་གཡས་སུ་ཡོད་པའི་སྡེ་ཁག |
| གཡས་སྡོད |
(མངོན་བརྗོད།) ཤིང་རྟའི་ཁ་ལོ་པ། |
| གཡས་སྤྱན་གཡོན་མིག |
གཡས་པར་སྤྱན་དང་གཡོན་མར་མིག་ཅེས་དྲང་པོ་མིན་པར་ཕྱོགས་སུ་ལྷུང་བའི་དཔེ། |
| གཡི |
གཟུགས་དབྱིབས་བྱི་ལ་དང་ཕྱོགས་ཙམ་མཚུངས་ཤིང་དེ་ལས་ཆེ་ལ་སྤུ་མདོག་སེར་སྐྱ། རྔ་མ་ཐུང་ཞིང་རྣ་རྩེར་སྤུ་རིང་བོ་ནག་པོ་སྤུ་རྭ་ལྟ་བུ་ཞིག་ཡོད་པའི་གཅན་གཟན་ཞིག་ཡིན། དེའི་པགས་པ་ནི་པགས་རིགས་རྩ་ཆེན་ཞིག་ཡིན། |
| གཡི་སྤྱང |
གཡི་དང་སྤྱང་ཀིའི་བསྡུས་མིང༌། |
| གཡི་སྦུག་ཚྭ་ཁ |
བོད་ཀྱི་ཤན་རྩ་རྫོང་གི་དབུས་ཁུལ་དུ་ཡོད། |
| གཡིག་པ |
(བྱེད་མེད་ལས་ཚིག) གཡིགས་པའི་ད་ལྟ་བའི་བྱ་མིང་། སྒྲེགས་པའམ་སྐྱིགས་བུ་བྱེད་པ་སྟེ། (དཔེར་ན།) གཡེར་མས་མིད་པ་གཡིག་གི་འདུག་ཅེས་པ་ལྟ་བུ། |
| གཡིགས |
(བྱེད་མེད་ལས་ཚིག) གཡིག་པའི་འདས་པ། གཡེར་མ་ཟོས་ནས་མིད་པ་སྦྲིད་པ་སྟེ། (དཔེར་ན།) གཡེར་མས་མིད་པ་གཡིགས་ལྟ་བུ། |
| གཡིགས་པ |
(བརྡ་རྙིང་།) བདར་བ། |
| གཡིགས་བུ |
སྐྱིགས་བུ། |
| གཡིའུ |
གཡག་ཆུང་བ། |
| གཡིས |
(ཡུལ་སྐད།) འབྲུ་རིགས་བཙིར་བའི་སྣུམ་གྱི་མིང་སྟེ། (དཔེར་ན།) ཟར་གཡིས། ལོག་གཡིས། གཡིས་སྣོད་ཅེས་པ་ལྟ་བུ། |
| གཡུ |
1.གཏེར་ཁ་ནས་ཐོན་པའི་རིན་པོ་ཆེ་མདོག་ལྗང་གུ་དང་དབྱིབས་སྣ་ཚོགས་ཡོད་པ། རྡོ་ལྟར་སྲ་བ། རྒྱན་ཆ་བྱེད་ཆོག་པ་ཞིག་ཡིན། 2.མདོག་ལྗང་གུ་མཚོན་པ་སྟེ། (དཔེར་ན།) གཡུ་མཚོ། གཡུ་ལོ་ཞེས་པ་ལྟ་བུ། |
| གཡུ་གཤོངས |
སྔོ་ཐིང་ངེར་ཆགས་པའི་ལྗོངས། |
| གཡུ་ཐོག |
གཡུའི་རྒྱ་ཕིབས་ཏེ། (དཔེར་ན།) གཡུ་རྩི་ཅན་གྱི་ཐོག་ཕིབས་ཞེས་པ་ལྟ་བུ། |
| གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ |
གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ནས་བརྩིས་པའི་གདུང་རབས་བཅུ་གསུམ་པ་རབ་བྱུང་གཉིས་པའི་ནང་གཙང་ཉང་སྟོད་སྒོ་བཞི་རེ་ཐང་དུ་འཁྲུངས། དགུང་ལོ་བརྒྱད་ཀྱི་སྟེང་གསོ་རིག་ལ་ཐུགས་གཞོལ་ཏེ་གསན་བསམ་མཛད་པས་མཁས་པར་གྱུར། དགུང་ལོ་བཅུའི་ཐོག་མང་མཁར་ཚ་ལུང་བ་རོག་སྟོན་དཀོན་མཆོག་སྐྱབས་ལས་དཔལ་ལྡན་རྒྱུད་བཞི་རྫོགས་པར་ཞུས། དགུང་ལོ་བཅོ་བརྒྱད་པ་ནས་རྒྱ་གར་ལ་རིམ་བཞིན་ཐེངས་དྲུག་ཕེབས་ཏེ་མཁའ་འགྲོའི་གཙོ་མོ་དཔལ་ལྡན་ཕྲེང་བ་དང༌། དྲང་སྲོང་ཙ་ར་ཀ་སོགས་བསྟེན་ནས་གསོ་དཔྱད་ཀྱི་གཞུང་ལུགས་ཐམས་ཅད་ཐུགས་སུ་ཆུད་པར་གསན་པས་མཁས་པའི་གྲགས་པས་ཕྱོགས་ཀུན་ལ་ཁྱབ་པར་གྱུར། རྡོ་རྗེ་གདན་དུ་པཎ་ཆེན་བརྒྱ་ཕྲག་དུ་མའི་ཚོགས་དཔོན་མཛད། སླར་བོད་དུ་ཕེབས་ནས་ལུས་ཅན་དུ་མ་ན་བ་དང་འཆི་བ་ལས་སྐྱོབ་པར་མཛད་ཅིང༌། ཕྱི་རབས་ཀྱི་རྗེས་འཇུག་དང་བུ་སློབ་རྣམས་ཀྱི་དོན་དུ་བརྒྱད་པ་ཆེ་ཆུང་གི་སྙིང་པོ་བསྡུས་པ་དང༌། དཔའ་བོའི་སྙིང་པོ་བསྡུས་པའི་མདོ་གནས་ཀྱི་འགྲེལ་པ་མཐོང་བའི་མེ་ལོང་སོགས་བརྩམས། ཁྱད་པར་དུ་དཔལ་ལྡན་རྒྱུད་བཞི་འདི་ཉིད་གསོ་དཔྱད་ཀུན་གྱི་ཡང་རྩེར་གཟིགས་ནས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་སྟེ་གསེར་མཆན་དང༌། ཟོང་མཆན་གཉིས་བཏབ། གཞན་ཡང་ཡུལ་དུས་སོགས་དགོས་ཁྱད་ཀྱི་དབང་གིས་སྐབས་སུ་བབ་པའི་ཞལ་སྐོང་ཅི་རིགས་མཛད། རྒྱུད་ཀྱི་གཞུང་འགྲེལ་མན་ངག་ཁ་སྐོང་དང་བཅས་པའི་གོ་ཆོད་དུ་ཆ་ལག་བཅོ་བརྒྱད་ལེགས་པར་བསྒྲིགས་ནས་སྐལ་ལྡན་གྱི་ཐུགས་སྲས་ཡེ་ཤེས་གཟུངས་ལ་གདམས། རྗེ་འདི་ཉིད་ལ་རྒྱུད་འཛིན་གྱི་བུ་སློབ་གྲངས་ལས་འདས་པ་བྱུང་བའི་གཙོ་བོ་ནི་སུམ་སྟོན་ཡེ་ཤེས་གཟུངས་ཀྱིས་དབུ་མཛད་པའི་ལྗང་སྨན་ལེབ་སེ་དང༌། འབལ་སྨན་ཉི་མ། སྟོན་པ་ཨ་ཚེས། ཤ་རམས་པ་ཉི་མ་དཔལ། གཡུ་ཐོག་བསོད་ནམས་སེང་གེ། དགེ་བཤེས་རོག་ཆུང་སོགས་མཁས་པ་མིང་དོན་མཚུངས་པ་སུམ་བརྒྱར་ཉེ་བ་བྱུང༌། དགུང་ལོ་བདུན་ཅུ་རྩ་བདུན་སྟེང་དུ་ཕེབས་པའི་ཚེ་ཞིང་དུ་གཤེགས། |
| གཡུ་ཐོག་ཟམ་པ |
སྔར་ལྷ་སའི་གཙུག་ལག་ཁང་གི་ནུབ་ཕྱོགས་སུ་ཡོད་པའི་ཟམ་པ་ཞིག་སྟེ། རྒྱ་ལུགས་གྱོ་རྩི་ལྗང་གུའི་རྒྱ་ཕིབས་ཅན་ཞིག |
| གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ |
སྤྱི་ལོའི་དུས་རབས་བརྒྱད་པའི་ས་མོ་སྦྲུལ་གྱི་ལོར་སྟོད་ལུང་སྐྱིད་སྣ་རུ་ཡབ་གཡུ་ཐོག་ཁྱུང་པོ་རྡོ་རྗེ་དང༌། ཡུམ་རྒྱ་པ་ཆོས་སྒྲོན་གཉིས་ཀྱི་སྲས་སུ་སྤྲེལ་ཟླའི་ཚེས་བཅོ་ལྔ་ཉིན་སྐུ་འཁྲུངས། དགུང་ལོ་གསུམ་གྱི་ཐོག་རང་གི་ཡབ་ལས་ཡི་གེ་འབྲི་ཀློག་དང༌། གསོ་དཔྱད་ཀྱི་གཞུང་ལུགས་གསན་པས་ཚེགས་མེད་དུ་མཁྱེན་ཏེ་ནད་པ་བསྐྱངས། དགུང་ལོ་ལྔ་པར་ཡབ་ལས་བདུད་རྩི་སྨན་སྒྲུབ་དང༌། སྨན་བླའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ཞུས། དགུང་ལོ་བཅུའི་ཐོག་ཆོས་རྒྱལ་མེས་ཨག་ཚོམ་གྱིས་སྤྱན་དྲངས་ནས་བསམ་ཡས་སུ་ཕེབས། རྒྱལ་པོས་ཉམས་སད་བླང་ཕྱིར་བྲང་ཏི་རྒྱལ་གཉེར་མཁར་ཕུག་སོགས་བོད་ཀྱི་མཁས་པ་རྣམས་དང་རྩོད་དུ་བཅུག་པས་ཀུན་ལས་རྣམ་པར་རྒྱལ་ཏེ་བོད་སྨན་མཁས་པ་མི་དགུའི་གཙོ་བོར་གྱུར། རྒྱ་གར་གྱི་སྨན་པ་ཤནྟི་གརྦྷ་དང༌། རྒྱ་ནག་གི་སྨན་པ་སྟོང་གསུམ་གང་བ་སོགས་ཡུལ་ཕྱོགས་གཞན་ནས་གདན་དྲངས་པའི་བླ་སྨན་མཁས་པ་མི་དགུས་དྲི་བ་མི་འདྲ་བ་བཏོན་པས་དེ་དག་ལ་སྒྲ་ཚད་རིག་པའི་སྒོ་ནས་དེ་དང་མཐུན་པའི་ལན་བཏབ་རྒྱ་བོད་མཁས་པ་ཡོངས་ཀྱི་གཙུག་ཏུ་བཀུར་ནས་མི་ཡུལ་དུ་བྱོན་པའི་སངས་རྒྱས་སྨན་བླ་ཞེས་གྲགས། ཆོས་རྒྱལ་མེས་ཨག་ཚོམ་དང༌། ཁྲི་སྲོང་ལྡེ་བཙན་གཉིས་ཀྱི་བླ་སྨན་པ་མཛད། དགུང་ལོ་ཉེར་ལྔ་ཐོག་རྒྱ་གར་དུ་ཐེངས་དང་པོ་ཕེབས་པ་དང་རིམ་བཞིན་ཐེངས་གསུམ་ཕེབས་ཏེ་པཎ་ཆེན་ཙནྡྲཱ་བྷཱི་དང༌། མཁས་པ་མེ་དབང་སོགས་སློབ་དཔོན་དུ་མ་བསྟེན་ནས་དཔལ་ལྡན་རྒྱུད་བཞིའི་ཁ་སྐོང་མུ་ཏིག་ཕྲེང་བ་དང༌། ཐུར་དཔྱད་གནད་ཀྱི་ལྡེ་མིག་སོགས་གདམས་ངག་མང་པོ་གསན། རྒྱ་ནག་རི་བོ་རྩེ་ལྔར་ཐེངས་གཅིག་ཕེབས་ཏེ་འཕགས་པ་འཇམ་དཔལ་གྱི་མདུན་ནས་སྦྱོར་བའི་ཕྲེང་བ་དང༌། བྱང་ཁོག་དོན་འགྲེམས་སོགས་གདམས་ངག་དུ་མ་ཞུས་ནས་བོད་དུ་ཕེབས་ཏེ་གངས་ཅན་བོད་ཡུལ་གྱི་སྨན་གྱི་རིག་པས་གཞི་བྱས། དེའི་སྟེང་རྒྱ་གར་ནག་གྱི་སློབ་དཔོན་རྣམས་ཀྱི་གདམས་ངག་དང༌། བེ་རོ་ཙ་ནས་བསྒྱུར་པའི་ཕྱོགས་གཞན་གྱི་གསོ་བ་རིག་པའི་འགྱུར་དག་གི་དགོངས་བཅུད་རྣམས་བླངས་ནས་ཁ་སྣོན་མཛད་དེ་དཔལ་ལྡན་རྒྱུད་བཞི་ཞེས་པའི་མ་ཕྱི་བསྐྲུན། བལ་པོའི་རྒྱལ་པོ་ཧ་རྡ་རུ་གྲང་བ་ཐུར་འབབས་ཀྱི་ནད་བཅོས་པ་སོགས་སྐུ་ཚེ་གང་པོར་གསོ་རིག་བསྟན་དོན་ཁོ་ན་མཛད། གདུང་རྒྱུད་འཛིན་པའི་སྲས་འབུམ་སེང་དང༌། དཔལ་འབུམ། དགའ་དགའ་གསུམ་འཁྲུངས། ཀོང་པོ་བདེ་རྒྱལ་སོགས་སློབ་མའི་ཚོགས་ཀྱིས་བོད་ཡུལ་གྱི་ས་ཆེན་པོ་འདི་གང་བར་བསྐྲུན། དགུང་ལོ་བརྒྱ་དང་ཉི་ཤུ་རྩ་ལྔའི་ཐོག་འདས། |
| གཡུ་དྲུག་དམར |
དམར་མདངས་ཅུང་ཟད་ཡོད་པའི་གཡུའི་རིགས་ཤིག |
| གཡུ་ཕྲ |
གཡུའི་ཕྲ་རྒྱན། |
| གཡུ་བཤད |
(ཡུལ་སྐད།) སྔར་བག་མ་གཏོང་ཡུལ་གྱི་མ་ཡིས་མནའ་མའི་མགོར་གཡུ་བཏགས་ཏེ་མི་གཞན་ཞིག་གིས་བཤད་པ་རྒྱག་པ། |
| གཡུ་བུར |
(ཡུལ་སྐད།) 1>གཡུ་དང་བྱུར། 2>རྣ་བར་རྒྱན་བྱེད་ཀྱི་གཡུ་རྡོག་ཆུང་ངུ། |
| གཡུ་བྱུར |
གཡུ་དང་བྱུ་རུའི་བསྡུས་མིང༌། |
| གཡུ་མདོག |
གཡུའི་ཁ་དོག་སྟེ། (དཔེར་ན།) ལོ་མ་གཡུ་མདོག་ཅན་ཞེས་པ་ལྟ་བུ། |
| གཡུ་མཚོ |
གཡུ་མདོག་ཅན་ལས་མིང་ཐོགས་པའི་མཚོ་སྟེ། (དཔེར་ན།) ཡར་འབྲོག་གཡུ་མཚོ། མ་ཕམ་གཡུ་མཚོ་ཞེས་པ་ལྟ་བུ། |
| གཡུ་ཞགས་སྒོར་མོ |
མིག་ཁུང་འཁྱོག་པོར་ཡོད་པའི་གཡུ་རྡོག |
| གཡུ་འབྲུག |
འབྲུག་གི་མིང༌སྟེ། (དཔེར་ན།) གཡུ་འབྲུག་སྔོན་མོ། རྒྱ་སྟག་དང་གཡུ་འབྲུག གཡུ་འབྲུག་ནམ་མཁར་ལྡིང་ཡང༌། སྤར་རྡོ་ས་ལ་མི་ལྷུང༌ཞེས་པ་ལྟ་བུ། |
| གཡུ་རལ |
རལ་པ་སྔོན་པོ། |
| གཡུ་རལ་ཅན |
(མངོན་བརྗོད།) སེང་གེ། |
| གཡུ་རྩི |
རྒྱ་ཕིབས་དང་ཁོག་མ་སོགས་རྫའི་རིགས་ལ་གཏོང་རྒྱུའི་རྩི། |
| གཡུ་ལོ |
གཡུ་མདོག་ཅན་གྱི་ལོ་མ། |
| གཡུ་ལོ་བཀོད་པའི་ཞིང་ཁམས |
རྗེ་བཙུན་སྒྲོལ་མའི་ཞིང་ཁམས། |
| གཡུ་སྤུར |
གཡུ་ཡི་རྣ་རྒྱན། |
| གཡུ་སྦྲང |
གཡུ་མདོག་ཅན་གྱི་སྦྲང་བུ། |
| གཡུག |
(བྱེད་འབྲེལ་ལས་ཚིག) གཡུགས་པའི་མ་འོངས་པ་དང་ད་ལྟ་བ། ཕར་འཕེན་པ་སྟེ། (དཔེར་ན།) གཡུག་བྱའི་རྡོ། རྡོ་གཡུག་མཁན་ཞེས་པ་ལྟ་བུ། |
| གཡུག་པ |
1.(བྱེད་འབྲེལ་ལས་ཚིག) གཡུགས་པའི་ད་ལྟ་བའི་བྱ་མིང་། 2.བསྐྱོད་པའམ་གཡོ་བ་སྟེ། (དཔེར་ན།) རླུང་ཤར་ནས་གཡུག་ན་འབབ་རྟགས་རེད། རླུང་ནུབ་ནས་གཡུག་ན་ཐང་རྟགས་རེད་ཅེས་པ་ལྟ་བུ། 3.བོར་བརླག་ཏུ་འཇུག་པ་སྟེ། (དཔེར་ན།) རྒྱུ་ནོར་ཚང་མ་གཡུག་གི་འདུག་ཅེས་པ་ལྟ་བུ། |
| གཡུགས |
1.གཡུག་པའི་འདས་པ་དང་སྐུལ་ཚིག་སྟེ། (དཔེར་ན།) རྡོ་ཕར་གཡུགས། རྡོ་འདི་ཕར་གཡུགས་ཤིག་ལྟ་བུ། 2.དོར་བ་སྟེ། (དཔེར་ན།) གྲོགས་ངན་གཡུགས་ཤིག་ལྟ་བུ། |
| གཡུགས་པ |
གཡུག་པའི་འདས་པའི་བྱ་མིང་། |
| གཡུང |
1.(རྒྱན་ཚིག) རྒོད་པའི་ལྡོག་ཟླ་རྟ་གཡུང་མོ་སྟེ། (དཔེར་ན།) རྟ་རྒོད་གཡུང་ལ་ཕབ་ལྟ་བུ། 2.གནའ་བོའི་རྒྱ་གར་གྱི་གྲལ་རིམ་མམ་མི་རིགས་ཤིག་གི་མིང་། གཡུང་པོའི་རིགས་ཟེར། |
| གཡུང་གི་མི་སྡེ |
སྲོང་བཙན་སྒམ་པོའི་སྐབས་སུ་རྒྱལ་པོར་དགོས་མཁོ་སྒྲུབ་མཁན་འབངས་མིའམ་བྲན་གཡོག་དྲག་གྲས། |
| གཡུང་དགོན |
གཡུང་ཧོ་ཀོང་དགོན་པ་སྟེ། རབ་བྱུང་བཅུ་གཉིས་པའི་ཤིང་ཁྱི་ལོར་བཞེངས། ཐོག་མར་གོང་མ་གཡུང་ཀྲེང་རྒྱལ་སྲས་སྐབས་ཀྱི་བཞུགས་ཤག་ཡིན་ཞིང༌། ཤིང་སྦྲུལ་ལོར་དགོན་པར་བསྒྱུར། འདི་ནི་པེ་ཅིན་ས་ཁུལ་དུ་ད་ལྟར་ཡོད་པའི་དགོན་པ་ཆེ་ཤོས་ཤིག་ཡིན། |
| གཡུང་དྭགས |
རྟ་ཕྱུགས་སོགས་མི་ལ་འཁོར་བའི་སེམས་ཅན་སྤྱིའི་མིང༌། |
| གཡུང་དྲུང |
1.རྟག་པའམ་འགྱུར་བ་མེད་པ། 2.བཀྲ་ཤིས་པའི་རི་མོའི་བྱེ་བྲག |
| གཡུང་དྲུང་ཅན |
(མངོན་བརྗོད།) ཁྱབ་འཇུག |
| གཡུང་དྲུང་པ |
བོན་པོ། |
| གཡུང་དྲུང་འཁྱིལ་བ |
(མངོན་བརྗོད།) རྒྱལ་པོའི་ཕོ་བྲང༌། |
| གཡུང་དྲུང་ལག་འཁྱུད |
གཡུང་དྲུང་གི་རི་མོ་མུ་འབྲེལ་མ། |
| གཡུང་དྲུང་ལམ |
བོན་ལུགས་ཀྱི་སྒྲུབ་ཐབས། |
| གཡུང་དྲུང་ལྟུང་བཤགས |
བོན་གྱི་ལྟུང་བཤགས། |
| གཡུང་དྲུང་སེམས་དཔའ |
བོན་པོའི་བྱང་སེམས་ཀྱི་མིང༌། |
| གཡུང་དྲུང་སྐུ |
རྟག་པའམ་འགྱུར་མེད་ཀྱི་སྐུ། |
| གཡུང་པོ |
1.གདོལ་རིགས་ཏེ། སྔར་རྒྱ་གར་གྱི་རིགས་དམན་པ་ཞིག 2.སྡིག་སྲིན་དང་སྦལ་པ་ལྕོང་མོ་སོགས་ཟ་མཁན་གྱི་མི་རིགས་ལ་དམའ་འབེབས་བྱས་པའི་མིང༌། 3. གཡུང་བ་དང་འདྲ། |
| གཡུང་བ |
1.སྐྲུན་པའམ་ཐུལ་བ་མི་འདྲོག་པ་དང་བརླིང་པོའམ་འདྲིས་གོམས་ཐོན་པ་སྟེ། (དཔེར་ན།) རྟ་གཡུང་བ། མཛོ་གཡུང་མ། རྒོད་གཡུང༌ཞེས་པ་ལྟ་བུ། 2.གཟུགས་པོ་ཞན་པ། 3.དངོས་རིགས་ཞན་པ་སྟེ། (དཔེར་ན།) གཡུང་བའི་དངོས་པོ་ཞེས་པ་ལྟ་བུ། |
| གཡུང་བབ་པ |
1.ཐུལ་བའམ་ལྷིང་བབས་པ་སྟེ། (དཔེར་ན།) རྟ་བཏུལ་ནས་གཡུང་བབས་པར་གྱུར་ཞེས་པ་ལྟ་བུ། 2.ཆུ་རྒྱུན་དལ་བུས་བབས་པ། |
| གཡུང་མ |
གཡུང་བ་དང་འདྲ། |
| གཡུང་མཚོ |
བོད་ཀྱི་སྣ་དཀར་རྩེ་རྫོང་ཁོངས་ཡར་འབྲོག་གཡུ་མཚོའི་ལྷོ་ནུབ་ངོས་སུ་ཡོད། |
| གཡུང་མོ |
1.སྔར་རྒྱ་གར་གྱི་བཤན་པའི་རིགས་ཀྱི་བུད་མེད། 2.བུད་མེད་རིགས་ངན་ནམ་འཆལ་མོ། 2. གཡུང་བ་དང་འདྲ། |
| གཡུང་ཟ |
(བརྡ་རྙིང་།) 1>རུས། 2>མི་དང་འདྲིས་པའི་རི་དྭགས། |
| གཡུང་ལ |
རི་བོ་ཞིག་སྟེ། བོད་ཀྱི་རྒྱལ་རྩེ་རྫོང་གི་བྱང་ངོས་ན་ཡོད་ཅིང༌། དེའི་མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་4720 ཡོད། |
| གཡུར |
(བྱེད་མེད་ལས་ཚིག) གཉིད་ལོག་པའི་དོན་ཏེ། (དཔེར་ན།) གཉིད་དུ་གཡུར་བ་ཞེས་པ་ལྟ་བུ། འདི་ལ་ཡུར་ཞེས་ཀྱང་འབྲི། |
| གཡུར་བ |
ཡུར་བའི་འབྲི་སྲོལ་གཞན་ཞིག་ |
| གཡུར་ཟ་བ |
(རྒྱན་ཚིག) འབྲས་བུ་མང་བོ་ཆགས་པའི་དོན་ཏེ། (དཔེར་ན།) སིལ་ཏོག་གཡུར་ཟ་བ། འབྲས་བུ་གཡུར་དུ་ཟ་བ་ཞེས་པ་ལྟ་བུ། |
| གཡུལ |
དམག་འཁྲུག་གི་མིང་སྟེ། (དཔེར་ན།) དཔའ་བོ་གཡུལ་དུ་ཆས་པ། དམག་དཔུང་གཡུལ་དུ་ཆས་ལྟ་བུ། |
| གཡུལ་ཁ |
1.དམག་འཁྲུག་རྒྱག་ས་སྟེ། (དཔེར་ན།) དཔུང་གི་ཚོགས་བགྲང་དུ་མེད་པ་གཡུལ་ཁར་ཆས་ཞེས་པ་ལྟ་བུ།2.སྟོན་ཐོག་ཚར་མའི་ལས་ཀ་བྱེད་ས་སྟེ། (དཔེར་ན།) གཡུལ་ཁ་གཅོག་པ། གཡུལ་ཁ་གྱང་བསྐོངས། གཡུལ་ཁ་སྲུང་བ་ཞེས་པ་ལྟ་བུ། |
| གཡུལ་གཞི |
ལོ་ཏོག་རྡུང་སའི་གཞི་སྟེ་ཕལ་སྐད་དུ་གཡུལ་ཁ་ཟེར། |
| གཡུལ་གཤོམ |
དམག་གྲ་དངོས་སུ་སྒྲིག་པ་སྟེ། (དཔེར་ན།) དགྲ་བོས་བདག་ཅག་ལ་ཡང་ནས་ཡང་དུ་གཡུལ་གཤོམ་བྱས་ཞེས་པ་ལྟ་བུ། |
| གཡུལ་གྱི་ཁ་ལོ་པ |
དམག་འཐབ་བཀའ་བཀོད་པ། |
| གཡུལ་གྱི་ངོ |
1.དམག་ས། 2.དམག་འཁྲུག་ཡོང་བའི་སྔ་ལྟས། |
| གཡུལ་གྲུ |
དམག་གྲུ། |
| གཡུལ་ངོ |
དམག་ས་སྟེ། (དཔེར་ན།) གཡུལ་ངོར་འདོང་བ། གཡུལ་ངོར་ཞུགས་པ། གཡུལ་ངོར་ལྷུང་བའི་རལ་གྲི་དེ། སུ་ཡི་གྲོགས་འགྱུར་ངེས་པ་མེད། གཡུལ་ངོར་ཡང་ཡང་འཐབ་པའི་མི། དཔའ་རྩལ་སྙིང་སྟོབས་ལྡན་པར་གྱུར་ཞེས་པ་ལྟ་བུ། |
| གཡུལ་ངོར་བརྟེན |
(མངོན་བརྗོད།) དཔའ་བོ། |
| གཡུལ་ཆས |
དམག་མཁོའི་དངོས་རྫས། |
| གཡུལ་ཐང |
1.དམག་རྒྱག་ཡུལ་གྱི་ཐང༌། 2.སྟོན་ཐོག་གཡུལ་ལས་བྱེད་སའི་ཐང༌། |
| གཡུལ་ཐོན |
1.གཡུལ་ལས་བཏང་ཚར་བའི་སྟོན་མོ། 2.དམག་ལ་ཆས་པ། |
| གཡུལ་དུ་འཛིན |
(མངོན་བརྗོད།) མཚོན་ཆ། |
| གཡུལ་དུས |
1.སྟོན་ལས། 2.དམག་ལས་ཀྱི་དུས་སམ་དམག་འཐབ་ཀྱི་དུས། |
| གཡུལ་ན་བརྗིད |
(མངོན་བརྗོད།) དཔའ་བོ། |
| གཡུལ་བཟློག |
ཚུར་རྒོལ་བྱེད་མཁན་གྱི་དགྲ་བོ་ཕམ་པར་བྱས་པ། |
| གཡུལ་བྲེས |
གཡུལ་སྤྲོད་དང་དོན་གཅིག་ |
| གཡུལ་འཁྲུག |
དམག་འཁྲུག |
| གཡུལ་འགྱེད |
དམག་འཐབ་གཡུལ་འགྱེད་ལས་རྒྱལ་བ་སྟེ། (དཔེར་ན།) དམག་གསོ་ཉིན་སྟོང༌། གཡུལ་འགྱེད་དུས་གཅིག་ཅེས་་པ་ལྟ་བུ། |
| གཡུལ་རྒྱགས |
དམག་མཁོའི་བཟའ་བཅའ། |
| གཡུལ་རྒྱལ་ཕྱིར་ལོག |
དམག་ལ་རྒྱལ་ཁ་ལོན་ནས་རང་གནས་སུ་ལོག་པ། |
| གཡུལ་ལས |
1.དམག་གི་ལས་ཀ་སྟེ། (དཔེར་ན།) གཡུལ་ལས་ལ་ཞུགས་ཏེ་རྒྱལ་བ་ཞེས་པ་ལྟ་བུ། 2.གཡུལ་ཁའི་སྙེ་མ་བརྡུང་བསལ་གྱི་ལས་ཀ་སྟེ།་ (དཔེར་ན།) གཡུལ་ལས་བྱེད་པ་ཞེས་པ་ལ་བུ། |
| གཡུལ་ལོག |
ཕ་རོལ་གྱི་དགྲ་དམག་ལོག་པ། |
| གཡུལ་ས |
དམག་ས། |
| གཡུལ་སྤྲོད |
དམག་རྒྱག་པ། |
| གཡེ |
མི་མེད་ས་སྟོང་གི་མིང་། |
| གཡེ་ཐང |
དབེན་གནས་ཐང་གི་མིང་སྟེ། གྲོང་ལས་འདོམ་ལྔ་བརྒྱ་ཕན་ཆད་སོང་བའི་ས་ཆར་དགོན་པ་དང༌། དེ་ལས་རིང་བར་བརྒལ་བ་ན་གཡེ་ཐང་ཟེར། |
| གཡེ་བྱས་པ |
ཨ་མདོའི་ཁ་སྐད་དུ་མི་ཤི་ནས་དུར་ཁྲོད་དུ་བསྐྱལ་བའི་དོན། |
| གཡེང་ |
1.(བྱེད་འབྲེལ་ལས་ཚིག) གཡེངས་པའི་མ་འོངས་པ་དང་ད་ལྟ་བ། སེམས་རྩེ་གཅིག་མི་བྱེད་པ་སྟེ། (དཔེར་ན།) སེམས་གཞན་ལ་གཡེང་། མིག་ལྟད་མོ་ལ་གཡེང་ལྟ་བུ། 2.(བྱེད་མེད་ལས་ཚིག) གཡེངས་པའི་མ་འོངས་པ་དང་ད་ལྟ་བ། ཆུའི་གཏིང་དུ་མི་ནུབ་པར་ཆུ་ངོས་སུ་གནས་པ་སྟེ། (དཔེར་ན།) ཤིང་ཆུ་ཁར་གཡེང་ཞེས་པ་ལྟ་བུ། |
| གཡེང་གཏམ |
དོན་མེད་ངག་འཁྱལ་ཏེ། (དཔེར་ན།) གཡེང་གཏམ་ལབ་ཏུ་ཁོམ་པ་མེད་ཅེས་པ་ལྟ་བུ། |
| གཡེང་གཡེང་བ |
བག་མེད་བྱེད་བཞིན་པ་སྟེ། (དཔེར་ན།) སེམས་དང་དབང་པོ་ཕྱི་ནང་གི་ཡུལ་ལ་ཡང་ཡང་གཡེང་གཡེང་བ་ཞེས་པ་ལྟ་བུ། |
| གཡེང་བ |
1. (བྱེད་མེད་ལས་ཚིག) ཆུ་སོགས་ཁར་གཡེངས་པའི་དོན་དུ་གོ་བའི་ད་ལྟ་བའི་བྱ་མིང་། 2.(བྱེད་འབྲེལ་ལས་ཚིག) བག་མེད་ཀྱི་དོན་དུ་གོ་བའི་ད་ལྟ་བའི་བྱ་མིང་། |
| གཡེང་བག |
རྣམ་གཡེང་དང་བག་མེད་ཀྱི་བསྡུས་མིང༌། |
| གཡེང་རྩེད |
རྣམ་གཡེང་དང་རྩེད་མོའི་བསྡུས་མིང༌། |
| གཡེངས |
1.གཡེང་བའི་འདས་པ་དང་སྐུལ་ཚིག་སྟེ། (དཔེར་ན།) སེམས་མ་གཡེངས་པར་སློབ་ཁྲིད་ལ་མཉན་ལྟ་བུ། 2.(བྱེད་མེད་ལས་ཚིག) གོས་སོགས་བཀྲམ་པའི་དོན་ཏེ། (དཔེར་ན།) པགས་པ་ཉི་མར་གཡེངས། སྐྲ་རྣམས་རྒྱབ་ལ་གཡེངས་ལྟ་བུ། |
| གཡེངས་པ |
གཡེང་བའི་འདས་པ། |
| གཡེན |
དབྱེན་གྱི་འབྲི་ཚུལ་གཞན། |
| གཡེན་པ |
(བརྡ་རྙིང་།) 1>བསྡིགས་པ་དང་འདེད་པ། 2>ངོ་ཚ་བ། ཟས་ལ་གཡེན་པ། |
| གཡེན་སྤྱོ་བ |
1.སྡང་བ། 2.ཅོ་འདྲི་བ། 3.ཕྲ་མ་བྱེད་པ། 4.བསྡིགས་པ། 5.དེད་པ། |
| གཡེན་སྦྱོར |
ཕྲ་མ་སྟེ། (དཔེར་ན།) ཕན་ཚུན་མཐུན་པའི་བར་དུ་གཡེན་སྦྱོར་བྱེད་ཅེས་པ་ལྟ་བུ། |
| གཡེམ |
(བྱེད་འབྲེལ་ལས་ཚིག) ཚུལ་མིན་གྱི་འཁྲིག་པ་སྤྱོད་པའི་དོན་ཏེ། ལོག་གཡེམ་དང་དོན་འདྲ། |
| གཡེམ་པ |
(བྱེད་འབྲེལ་ལས་ཚིག) འཁྲིག་ལོག་སྤྱོད་པ་སྟེ། (དཔེར་ན།) ལོག་པར་གཡེམ་པ། གཡེམ་ལ་དགའ་བ་ཞེས་པ་ལྟ་བུ། |
| གཡེམ་མ |
1.སྨད་འཚོང་མ། 2.ཁྱོ་ག་གཏན་འཁེལ་མེད་པའི་བུད་མེད་ལའང་གོ་བར་བཤད། |
| གཡེར |
1.(རྒྱན་ཚིག) བྱིས་པ་ག་ཆད་དུ་ངུས་པ་སྟེ། (དཔེར་ན།) བྱིས་པས་གཡེར་བྱས་ལྟ་བུ།2.(བརྡ་རྙིང་།) སྙོམ་པ། |
| གཡེར་ཁ |
དྲིལ་བུ་ཆུང་ཆུང་གཡེར་མའི་ཁ་ལྟ་བུ་སྟེ། (དཔེར་ན།) རྒྱན་གཡེར། བྱི་བ་མང་པོ་གྲོས་བྱས་ནས་ཞུམ་བུའི་སྐེ་ལ་གཡེར་ཁ་གཡོགས་ཞེས་པ་ལྟ་བུ། |
| གཡེར་ཆུང |
གཡེར་ཁ་ཆུང་ངུ། |
| གཡེར་པོ |
1.(རྒྱན་ཚིག)1.མཁས་པ་དང་ཤེས་རིག་གྲུང་པོའམ་ཤེས་རབ་དྭངས་གསལ་ཅན། 2.གཟབ་མཆོར་སྤྲོས་པར་དགའ་མཁན། 3.མཐོང་གཡེལ་ཆེ་བ། ཁང་པ་གཡེར་པོ། གནམ་གཡེར་པོ། 4. གྲིམས་པོའི་དོན་ཏེ། (དཔེར་ན།) ཤེས་རིག་གཡེར་པོ་ཞེས་པ་ལྟ་བུ། |
| གཡེར་པོ་ཆེ |
སྐད་གྲགས་ཆེན་པོ་སྟེ། (དཔེར་ན།) དཔའ་རྩལ་གཉིས་ལྡན་གྱི་མི་གཡེར་པོ་ཆེ་ཞེས་པ་ལྟ་བུ། |
| གཡེར་བ |
1.མཆོར་སྒེག་ཆེ་བ་སྟེ། (དཔེར་ན།) རྒྱན་ཆས་མཛེས་ཤིང་གཡེར་བ། བུད་མེད་གཡེར་མོ་ཞེས་པ་ལྟ་བུ།2.སྣོད་ཀྱི་ཁ་ཕྱིར་གྱེས་པ། 3.ནམ་མཁའ་གཡེར་བ། |
| གཡེར་བག |
(བརྡ་རྙིང་།) 1>རྒོད་བག་གམ་སེམས་འཕངས་མཐོ་བ། 2>བཞད་གད་ཆེ་བ། 3>སྣང་བ་ཆེ་ས། 4>དབེན་གནས། |
| གཡེར་མ |
ཤིང་སྨན་གྱི་རིགས་ཤིག་རོ་ཚ། ཞུ་རྗེས་དྲོད། ནུས་པས་རྩ་ཁ་འབྱེད། སྲིན་ནད་གསོད། ཟས་འཇུ། ཟ་འཕྲུག་ཞི། ཆང་ནད་ལ་ཕན། མིང་གི་རྣམ་གྲངས་ལ་ཁ་གདངས་དང༌། སྤོར་ཚ། རྩ་འབྱེད། ཤིང་ཨ་ཙ་ར་བཅས་སོ། ། |
| གཡེར་མོ |
1.(རྒྱན་ཚིག) ས་ཁུལ་ཁྱོན་ཡངས་པའི་དོན་ཏེ། (དཔེར་ན།) ཁང་བ་གཡེར་མོ། ས་ཆ་གཡེར་མོ་ཞེས་པ་ལྟ་བུ། 2.བུད་མེད་གཟབ་སྤྲོས་ལ་དགའ་མཁན། |
| གཡེར་མོ་ཐང |
སྔར་མདོ་སྨད་ཅེས་པའི་མིང་གི་རྣམ་གྲངས། |
| གཡེར་ཤིང་པ |
སྔོ་སྨན་གྱི་རིགས་ཤིག་རོ་ཚ་ལ་བསྐ། ཞུ་རྗེས་བསིལ། ནུས་པས་འབྲུམ་བུའི་ནད་ཀྱིས་ཚ་བ་རྒྱས་པར་ཕན། |
| གཡེར་ཤིང་བ |
འབྲས་བུའི་དབྱིབས་གཡེར་མ་དང་མཚུངས་ཤིང་གཡེར་དྲི་བྲོ་བའི་ལྡུམ་རིགས་ཤིག་ཡིན། |
| གཡེལ |
1.(བྱེད་འབྲེལ་ལས་ཚིག) ཁས་བླངས་པ་ཡལ་བར་དོར་བའི་དོན་ཏེ། (དཔེར་ན།) ཁས་བླངས་དམ་བཅའ་གཡེལ་མི་རུང་ལྟ་བུ། 2.ལྭ་བའི་ཐུ་བ་ཁ་ཕྱེ་བ་སྟེ། (དཔེར་ན།) དང་ག་མ་གཡེལ། ལྭ་བའི་ཐུ་བ་མ་གཡེལ་ལྟ་བུ། 3.ལྷོད་གཡེང་བྱས་པ་སྟེ།་ (དཔེར་ན།) སློབ་སྦྱོང་གཡེལ་མི་རུང་། གཡེལ་བ་མེད་པར་སློབ་སྦྱོང་བྱས་ལྟ་བུ། |
| གཡེལ་ཅན |
གཡེལ་བག་ཅན་གྱི་བསྡུས་ཚིག |
| གཡེལ་བ |
1. (བྱེད་མེད་ལས་ཚིག) གཡེང་བ་སྟེ། (དཔེར་ན།) སེམས་པ་གཞན་དུ་མ་གཡེལ་ཞིག ཉིན་མཚན་དུས་ཀུན་ཏུ་སྐད་ཅིག་ཀྱང་མི་གཡེལ་བར་གཟིགས་ཞེས་པ་ལྟ་བུ།2.བརྗེད་པ་སྟེ། (དཔེར་ན།) ལས་དོན་བྱ་རྒྱུའི་ཁས་ལེན་བྱས་ནས་དགོས་དུས་གཡེལ་ནས་མི་འདུག་ཅེས་པ་ལྟ་བུ། 3.འབྲལ་བ་དང་སྙོམ་ལས་སམ་བརྩོན་པ་ཞན་པའི་དོན་ཏེ། (དཔེར་ན།) བག་མེད་གཡེལ་བ། ལས་ཀར་གཡེལ་བ་བྱེད་པ་ཞེས་པ་ལྟ་བུ། 4. གུ་ཡངས་པོ་སྟེ། (དཔེར་ན།) རྣམ་པར་གཡེལ་བའི་ཤེས་རིག་ཅེས་པ་ལྟ་བུ། |
| གཡེལ་བག་ཅན |
རྩེད་མོར་དགའ་མཁན། |
| གཡེལ་མ |
(མངོན་བརྗོད།) 1>བུད་མེད་འདོད་ལྡན་མ། 2>སྨད་འཚོང་མ། |
| གཡོ |
1.(བྱེད་འབྲེལ་ལས་ཚིག) གཡོས་ཀྱི་མ་འོངས་པ་དང་ད་ལྟ་བ། ཟས་གཡོ་སྐོལ་དང་འདམ་བརྫི་བྱེད་པའི་དོན་ཏེ། (དཔེར་ན།) ཇ་མས་ཟས་གཡོ་ལྟ་བུ། 2.(བྱེད་མེད་ལས་ཚིག) གཡོས་ཀྱི་མ་འོངས་པ་དང་ད་ལྟ་བ། དངོས་གཟུགས་འགུལ་བའི་དོན་ཏེ། (དཔེར་ན།) གཞན་ཕན་བསམ་པ་གཡོ་མེད་རི་ལྟར་བརྟན་ལྟ་བུ།3.གཞན་བསླུ་བའིབསམ་པ་དང་བྱ་སྤྱོད་ཀྱི་མིང་སྟེ། (དཔེར་ན།) མི་གཡོ་ཅན། གཡོ་སྒྱུ། གཡོ་ཐབས། གཡོ་ཟོལ་ཞེས་པ་ལྟ་བུ། 4.བྱ་སྤྱོད་བཅོས་མའི་མིང་སྟེ། (དཔེར་ན།) ཤི་གཡོ་བྱས། སྲིན་བུ་ལ་ལས་ཀྱང་ཤི་གཡོ་བྱེད་ཤེས་ཞེས་པ་ལྟ་བུ།5.རྙེད་བཀུར་སོགས་ལ་ཆགས་པས་རང་གི་ཉེས་པ་སྦས་ཏེ་ཉེས་རྒྱུན་སྐྱོང་བའི་སེམས་གྱ་གྱུ་བ་ཆགས་སྡང་གཏི་མུག་གི་ཆར་གཏོགས་པ། ཉེ་ཉོན་ཉི་ཤུའི་ནང་གསེས་ཤིག |
| གཡོ་ཁྲམ |
གཡོ་སྒྱུ་དང་ཁྲམ་པའི་བསྡུས་མིང༌། (དཔེར་ན།) ལྐོག་ཟ་གཡོ་ཁྲམ་བྱེད་པ་ཞེས་པ་ལྟ་བུ། མིང་གི་རྣམ་གྲངས་ལ་གྱ་གྱུ་དང༌། འགེབས། སྒྱུ། ངན་ཀྱོག་ངན་ཐབས། ངན་གཡོ། བཅོས་མ། ལྕེ་གཉིས། མ་རུང་བ། ཟོག་ཟོལ། རྫུ་བཅས་སོ། ། |
| གཡོ་ཁྲམ་ཅན |
གཡོ་སྒྱུ་ཅན་རྒྱབ་མདུན་མི་མཚུངས་པ། |
| གཡོ་ཅན |
1.མི་གཡོ་སྒྱུ་ཅན། (དཔེར་ན།) གཡོ་ཅན་ཁ་ནས་བདེན་བདེན་ཅི་ཡང་བཤད་ཅེས་པ་ལྟ་བུ།2.(མངོན་བརྗོད།) 1> དུང༌། 2> བྱི་ལ། |
| གཡོ་ཅན་དྲང་བརྫུ |
མགོ་སྐོར་གཏོང་ཚུལ་ཞིག་སྟེ། (དཔེར་ན།) གཡོ་ཅན་དྲང་བརྫུས་ཀྱིས་རང་དོན་གཉེར་ཞེས་པ་ལྟ་བུ། |
| གཡོ་བ |
གཡོས་པའི་ད་ལྟ་བའི་བྱ་མིང་། |
| གཡོ་བ་ཅན |
(མངོན་བརྗོད།) འདོད་པས་དྲེགས་པའི་གླང་པོ། |
| གཡོ་བ་བཅུད་ཀྱི་སེམས་ཅན |
སྐྱེ་འགྲོ་སྤྱིའམ་འགྲོ་བ་རིགས་དྲུག་སྲོག་ཆགས་ཀྱི་རིགས་ཡོད་ཚད། |
| གཡོ་བཀོལ |
གཡོ་སྒྱུའི་སྒོ་ནས་གཞན་བྲན་དུ་བཀོལ་བ། |
| གཡོ་བཀྱེ |
དུས་རྟག་ཏུ་གཡོ་བྱེད་མཁན། |
| གཡོ་བཙོངས |
རྫུ་བག་བསྟན་པ། |
| གཡོ་བའི་འོད |
(མངོན་བརྗོད།) 1>སྨིག་རྒྱུ། 2>གློག |
| གཡོ་བའི་སྡོང་པོ |
(མངོན་བརྗོད།) སྤོས་དཀར་ཤིང༌། |
| གཡོ་བསྐོར |
མགོ་སྐོར་བཏང་བ་སྟེ། (དཔེར་ན།) ཁ་བདེ་ལྕེ་བདེ་མགོ་བདེ་དྲན་འཕྲུལ་གྱིས་མི་གཞན་ལ་གཡོ་བསྐོར་བྱས་ཞེས་པ་ལྟ་བུ། |
| གཡོ་བསྒུལ |
བསྒུལ་བསྐྱོད། |
| གཡོ་བྱེད |
(མངོན་བརྗོད།) 1>སྨན་པི་པི་ལིང༌། 2>བུང་བ། 3>རླུང་ངམ་ལྷགས་པ། |
| གཡོ་བྱེད་མ |
(མངོན་བརྗོད།) བུད་མེད། |
| གཡོ་བྱེད་མགོན |
(མངོན་བརྗོད།) རླུང་ལྷ། |
| གཡོ་མཁན |
1.ཟས་གཡོས་སྦྱོར་བྱེད་མཁན། 2.གཡོ་སྒྱུ་ཅན། |
| གཡོ་མེད |
1.བརྟན་པོའི་དོན་ཏེ། (དཔེར་ན།) གཡོ་མེད་བརྟན་པོར་གནས། རི་ལྟར་གཡོ་མེད་གནས་ཞེས་པ་ལྟ་བུ། 2.དྲང་པོ་སྟེ། (དཔེར་ན།) བློ་སེམས་གཡོ་མེད་ཅེས་པ་ལྟ་བུ། 3.(མངོན་བརྗོད།) ཁྱབ་འཇུག |
| གཡོ་མེད་གླང་རྫི |
(མངོན་བརྗོད།) ཁྱབ་འཇུག |
| གཡོ་མེད་སྔོན་སྐྱེས |
(མངོན་བརྗོད།) ཁྱབ་འཇུག་གི་ཕུ་བོ་སྟོབས་བཟང་གི་མིང༌། |
| གཡོ་ཟོལ |
1.གཡོ་རྫུ་སྟེ། (དཔེར་ན།) གཡོ་ཟོལ་མེད་པའི་གྲོགས་པོ་ཞེས་པ་ལྟ་བུ། 2.སྒྱིད་ལུག་ལེ་ལོ། |
| གཡོ་འགུལ |
འགུལ་སྐྱོད་དེ། (དཔེར་ན།) གཡོ་འགུལ་གཏོང་མི་ཐུབ་པ། སེམས་ལ་གཡོ་འགུལ་ཐེབས་པ། གླིང་ཆེན་ལྔ་པོར་གཡོ་འགུལ་ཐེབས་ཤིང་རླུང་དང་གནམ་ལྕགས་ཤུགས་དྲག་ཆེ་ལྟ་བུ། |
| གཡོ་འདར |
ལུས་སོགས་གཡོ་བ་དང་འདར་བ་སྟེ། (དཔེར་ན།) ཁོང་ཁྲོ་ལངས་ནས་གཟུགས་པོ་གཡོ་འདར་ཤོར་ལྟ་བུ། |
| གཡོ་འཕར |
ལུས་སོགས་གཡོ་བ་དང་འཕར་བ་སྟེ། (དཔེར་ན།) སྙིང་རྩ་གཡོ་འཕར་ཞེས་པ་ལྟ་བུ། |
| གཡོ་འཕྲུལ |
གཡོ་སྒྱུ་དྲན་འཕྲུལ། |
| གཡོ་འཕྲོག |
གཡོ་ཇུས་ཀྱི་སྒོ་ནས་ལེན་པ། |
| གཡོ་རུ |
བར་དབུས་གཙང་རུ་བཞིའི་ནང་གསེས་ཤིག་ལྟེ་བ་ཡར་ཀླུངས་ཁྲ་འབྲུག་ལ་བཞག་ནས་ཤར་ཀོང་ཡུལ་བྲེས་སྣ་དང༌། ལྷོ་ཤ་འུག་སྟག་སྒོ། ནུབ་ཁ་རག་གངས་རྩེ། བྱང་རྨ་ལ་ལ་བརྒྱུད་བཅས་ཀྱི་བར་དུ་ཡོད་པའི་ས་ཡུལ་གྱི་མིང་རྙིང༌། |
| གཡོ་རྒན |
1.གཡོ་ཁོ་ན་བྱེད་མཁན། 2.གཡོ་ཅན་རྒན་པོ། |
| གཡོ་རྩོལ |
འགུལ་བ་དང་ཤུགས་སྐྱེད་པ། |
| གཡོ་རྫུན |
མགོ་སྐོར་ཐབས། |
| གཡོ་ལྡན |
1.ནུབ་བ་ལང་སྤྱོད་ཀྱི་བྱང་ལ་ཡོད་པའི་གླིང་གཡོག་སྟེ་གླིང་ཕྲན་བརྒྱད་ཀྱི་ཡ་གྱལ་ཞིག 2.(མངོན་བརྗོད།) 1> བུད་མེད། 2> འབབ་ཆུ། 3> གཡོ་སྒྱུ་ཅན། |
| གཡོ་ལྷད |
གཡོ་སྒྱུའི་སྐྱོན་ལྷད་དེ། (དཔེར་ན།) གཡོ་ལྷད་མེད་པ། གཡོ་ལྷད་ཞོར་འཛུལ་ཞེས་པ་ལྟ་བུ། |
| གཡོ་སྐོལ |
བཟའ་བ་གཡོ་བ་དང་བཏུང་བ་སྐོལ་བ། |
| གཡོ་སྐྱོད |
གཡོ་འགུལ་ཏེ། (དཔེར་ན།) གཡོ་སྐྱོད་ཙམ་ཡང་མི་བྱེད་པར་དྲང་པོར་སྡོད་ཅེས་པ་ལྟ་བུ། |
| གཡོ་སྒུལ |
གཡོ་བར་བྱེད་པའི་ལས་ཀྱི་མིང་སྟེ། (དཔེར་ན།) གཡོ་སྒུལ་བཏང་ལྟ་བུ། |
| གཡོ་སྒྱུ |
རང་སྐྱོན་སྦ་ཞིང་གཞན་མགོ་སྐོར་བའི་བསམ་སྦྱོར་ཞིག་སྟེ། (དཔེར་ན།) གཡོ་སྒྱུ་མགོ་སྐོར། གཡོ་ཅན་ཝ་མོ། གཡོ་སྒྱུ་མེད་པ། གཡོ་སྒྱུས་ཚོད་མི་ཟིན་པ། གཡོ་སྒྱུ་མེད་ཅིང་ཀུན་ལ་བྱམས་པ། གཡོ་སྒྱུ་མེད་པའི་ཝ་དང༌། མི་ཤ་མི་ཟ་བའི་སྟག་མེད། ཝ་མོ་གཡོ་སྒྱུ་ཆེ་རུང༌། རྔོན་པའི་ལག་ནས་མི་ཐར་ལྟ་བུ། |
| གཡོ་སྒྱུ་ཁྲམ་གསུམ |
སྐྱོན་སྦེད་པ། ཡོན་ཏན་ངོམ་པ། ཧམ་པའམ་རྫུན་གཏམ་བཤད་པ་སྟེ་གསུམ། |
| གཡོ་སྣོད |
ཟས་གཡོ་སྣོད། |
| གཡོག |
ཞབས་འདེགས་སམ་གཞན་ལ་རོགས་ཕན་བྱེད་པ་དང་། རང་ཉིད་ཀྱི་འཚོ་བའི་ཆེད་དུ་གཞན་གྱི་ལས་དོན་དམའ་རིམ་སྒྲུབ་པའི་བྱ་ལས་ཀྱི་མིང་སྟེ། (དཔེར་ན།) ནད་གཡོག་བྱས་ལྟ་བུ། |
| གཡོག་གླ |
གཡོག་པོའི་ལས་ཀའི་གླ། |
| གཡོག་ནང་ཟན |
སྦྱིན་བདག་གི་ནང་དུ་ལྟོ་ཟ་མཁན་གྱི་གཡོག་པོ། |
| གཡོག་པ |
(བྱེད་འབྲེལ་ལས་ཚིག) གཡོགས་པའི་ད་ལྟ་བ་དང་མ་འོངས་པའི་བྱ་མིང་། ཕྱི་ངོས་མི་མངོན་པར་འགེབ་པའི་དོན་ཏེ། (དཔེར་ན།) ཁ་བས་རི་མགོ་གཡོག་སྲིད། ལུས་པོ་གོས་ཀྱིས་གཡོག་དགོས་ལྟ་བུ། |
| གཡོག་པོ |
བྲན་ནམ་ཁོལ་པོ་སྟེ། (དཔེར་ན།) བྲན་གཡོག དཔོན་གཡོག ཕ་རྗེས་བུ་རབས་ཀྱི་གཡོག་པོ་ཞེས་པ་ལྟ་བུ། |
| གཡོག་བཞུན་པོ |
ཁ་ལ་ཉན་པོའི་བྲན་ནམ་ལས་ཀ་བསྐུལ་བདེ་བའི་གཡོག་པོ། |
| གཡོག་བྱེད་པ |
1.བྲན་གྱི་ལས་ཀ་བྱེད་པ་སྟེ། (དཔེར་ན།) ལུས་བཙོངས་གཞན་གཡོག་བྱེད་པ་ལྟ་བུ། 2.བདག་གཅེས་བྱེད་པ་སྟེ། (དཔེར་ན།) ཞིང་ཁར་གཡོག་བྱེད་པ་ཞེས་པ་ལྟ་བུ། |
| གཡོག་མོ |
བྲན་མོའམ་ཁོལ་མོ། |
| གཡོག་ཞིང |
སྔར་གཡོག་པོ་རྒྱུག་རྟེན་དུ་སྤྲད་པའི་ས་རྟེན། |
| གཡོག་འཁོར |
1.གཡོག་པོ་དང་འཁོར། 2.གཡོག་པོ། |
| གཡོགས |
བཀབ་པའི་དོན་དུ་གོ་བའི་གཡོག་པའི་སྐུལ་ཚིག་དང་འདས་ཚིག |
| གཡོགས་པ |
གཡོག་པའི་འདས་པའི་བྱ་མིང་། |
| གཡོགས་མ |
རྒྱབ་ཤའམ་ཕྱི་ཤ་ལྡན་པའི་གོས་གདན་སོགས་ཏེ། (དཔེར་ན།) སློག་པ་གཡོགས་མ། པགས་གདན་གཡོགས་མ་ཞེས་པ་ལྟ་བུ། |
| གཡོད |
1.ཕྱུགས་ཀྱི་རྒྱུ་མ་ལ་རྒྱུ་ནག་དང་རྒྱུ་དཀར་གཉིས་ཡོད་པའི་རྒྱུ་དཀར་གྱི་མིང་གཞན་ཏེ། མཚོ་སྔོན་ཁ་སྐད་དུ་གཡོས་ཟེར། 2.ཕྱུགས་བཤས་པའི་རྒྱུ་དཀར་གྱི་ནང་དུ་ཟས་རིགས་བརྫངས་ནས་བཟོས་པའི་ཟས་ཀྱི་མིང་། |
| གཡོན |
གཡས་ཀྱི་ལྡོག་ཕྱོགས་ཀྱི་མིང་སྟེ། (དཔེར་ན།) ལག་གཡོན། ལག་པ་གཡོན་པ་ཞེས་པ་ལྟ་བུ། |
| གཡོན་གཏམ |
གཡོ་ཁྲམ་གྱི་སྐད་ཆ། |
| གཡོན་གྱི་ལྷ |
(མངོན་བརྗོད།) དབང་ཕྱུག་ཆེན་པོ། |
| གཡོན་གྲལ |
གཡོན་ངོས་སུ་བསྒྲིགས་པའི་གྲལ། |
| གཡོན་ཅན |
1. གཡོ་སྒྱུ་ཅན། (དཔེར་ན།) གཡོན་ཅན་ཚོགས་ཀྱིས་བསླུ་བར་བརྩོན་ཞེས་པ་ལྟ་བུ།2.(མངོན་བརྗོད།) 1> ཞུམ་བུའམ་བྱི་ལ། 2> བདུད། |
| གཡོན་པ |
1. ཁ་ཤར་ཕྱོགས་སུ་གཏོད་སྐབས་ཀྱི་བྱང་ངོས་ཏེ། (དཔེར་ན།) ལག་པ་གཡོན་པ། གཡོན་དུ་བརྐྱང་བསྐུམ་ཡང་ཡང་བྱེད་པ་ཞེས་པ་ལྟ་བུ།2. མི་བརྟན་པ་དང་འཁྱོག་པའི་དོན་ཏེ། (དཔེར་ན།) རང་བཞིན་གཡོན་པའི་བྱ་སྤྱོད་ཅེས་པ་ལྟ་བུ། |
| གཡོན་པ་མ |
སྙིང་ཁའི་རྩ་འདབ་ཅིག |
| གཡོན་པོ |
བརྟན་པོ་མེད་པའམ་འཁྱོག་པོའི་དོན་ཏེ། (དཔེར་ན།) བྱ་བ་གཡོན་པོ། སྐད་ཆ་གཡོན་པོ་བཤད་པ་ཞེས་པ་ལྟ་བུ། |
| གཡོན་ཕྱོགས |
1.ལག་པ་གཡོན་པའི་ཟུར། 2.ཤོག་ཐོག་གི་གཡས་ཕྱོགས་དང་གཡོན་ཕྱོགས་ངོས་འཛིན་བྱེད་སྟངས་ཀྱི་དོན་དུ་གོ་བའི་གཡས་ཕྱོགས་དང་དོན་གཅིག |
| གཡོན་མ |
1.བུད་མེད། 2.འཕྱོན་མ། 3.ལག་པ་གཡོན་པ། |
| གཡོན་མིག་མ |
(མངོན་བརྗོད།) བུད་མེད་མཆོག |
| གཡོན་རུ |
1.རུ་གཡས་གཡོན་གཉིས་སུ་ཕྱེ་བའི་ནང་ནས་གཡོན་རུ་སྟེ། (དཔེར་ན།) དམག་གི་གཡོན་རུ། གཡོན་རུའི་ཤོག་ཁ་ཞེས་པ་ལྟ་བུ།2.རུ་ལག་གི་མིང་གསར། 3.སོག་པོ་ཨོ་རོད་ཚོ་བཞིའི་ནང་གསེས་ཀྱི་ཇུན་གར་གྱི་མིང་གཞན་ཞིག |
| གཡོན་རོལ |
གཡོན་ཕྱོགས། |
| གཡོན་ལག |
1.ལག་པ་གཡོན་པས་ལས་ཀ་གཙོ་བོར་བྱེད་མཁན། 2.ལག་པ་གཡོན་པ། |
| གཡོན་ལམ |
གཡོ་སྒྱུའི་ལམ་སྲོལ། |
| གཡོན་ལོགས |
གཡོན་གྱི་གཞོགས་སམ་ཕྱོགས། |
| གཡོན་ལྷུང |
ཆབ་སྲིད་ཀྱི་བསམ་བློ་ཡར་ཐོན་ནམ་སྔོན་ཐོན་དུ་བསྐྱོད་ཐལ་ཆེ་བ། |
| གཡོན་སྐོར |
1.ཞབས་བྲོ་སོགས་འཁྲབ་དུས་གཡོན་ཕྱོགས་སུ་སྐོར་བའི་གོམ་སྟབས། 2.རང་ལུས་ཀྱི་གཡོན་ངོས་ལྟེ་གནས་དང་ཉེ་བར་སྦྱར་ནས་སྐོར་བ། 3.ཡིག་ཕྲེང་དང་རིས་ཐིག་སོགས་འགོ་གཡས་ནས་ཚུགས་ཏེ་གཡོན་དུ་བྲིས་པའི་ཕྱོགས། |
| གཡོན་སྐྱེས |
(མངོན་བརྗོད།) འདོད་ལྷ། |
| གཡོན་སྡོད |
(མངོན་བརྗོད།) ཁ་ལོ་པ། |
| གཡོབ |
གཡབ་ཀྱི་ད་ལྟ་བ། |
| གཡོབ་པ |
(བྱེད་འབྲེལ་ལས་ཚིག) ཕྱོགས་གཅིག་ཏུ་སྡུད་པ་སྟེ། (དཔེར་ན།) རྡུལ་དང་གད་སྙིགས་ཕྱོགས་གཅིག་ལ་གཡོབ་པ་ལྟ་བུ། |
| གཡོབ་བྱེད |
1.(མངོན་བརྗོད།) གྲུ་སྒུལ་བྱེད་དབྱུག་པ། 2.གཡང་མདའ་སྟེ་མདའ་དར་ཡང་ཟེར། 3.རྔ་གཡབ། 4.རླུང་གཡབ། |
| གཡོབས |
གཡོབ་པའི་སྐུལ་ཚིག |
| གཡོབས |
གཡབ་ཀྱི་སྐུལ་ཚིག |
| གཡོམ་པ |
(བརྡ་རྙིང་།) གཡོ་བའམ་འགུལ་བ། |
| གཡོར |
1.གཡར་བའི་སྐུལ་ཚིག 2. ཕོན་འབོར་ཏེ། (དཔེར་ན།) གཡོར་ཆེ་བ། ཚོང་ཟོག་གཡོར་ཆེན་ཞིག་འཕར་བ་ཞེས་པ་ལྟ་བུ། |
| གཡོར་གྲུ |
རླུང་ཤུགས་དང་བསྟུན་ཏེ་གཡོར་མོ་འཐེན་ནས་འགྲོ་བའི་གྲུ། |
| གཡོར་དག |
ཟས་སྦྱོར་ཏེ། (དཔེར་ན།) གཡོར་དག་ཕུན་སུམ་ཚོགས་པ་བྱས་ཞེས་པ་ལྟ་བུ། |
| གཡོར་པོ |
1.གཡར་པོ་གཏོང་ལེན་བྱེད་མཁན་གཉིས་ཀར་གོ་བའི་མིང༌། 2.བོད་ལྷོ་ཁའི་གྲྭ་ཕྱི་དང་གྲྭ་ནང་རྒྱུད་ཀྱི་ས་ཁུལ་གྱི་མིང༌། |
| གཡོར་བ |
(བྱེད་འབྲེལ་ལས་ཚིག) གཡོགས་པའམ་བསྒྲིབས་པའམ་འགེབས་པ་སྟེ། (དཔེར་ན།) ཤིང་གི་གྲིབ་མས་ཉི་མ་གཡོར་བ་ཞེས་པ་ལྟ་བུ། |
| གཡོར་བོ |
བོད་ཀྱི་ཡུལ་ཞིག |
| གཡོར་མ་སོ |
(བརྡ་རྙིང་།) ཧ་ཅང་མང་པོ། |
| གཡོར་མོ |
གྲུ་གཟིངས་ཀྱི་དར་པོ་ཆེ་སྟེ། (དཔེར་ན།) རླུང་གཡོར། གཡོར་གྲུ། གཡོར་ཤིང༌ཞེས་པ་ལྟ་བུ། |
| གཡོལ་བ |
(བྱེད་འབྲེལ་ལས་ཚིག) གཟུར་བའམ་འབྱོལ་བ་སྟེ། (དཔེར་ན།) ཚ་གཡོལ། རླུང་གཡོལ། ལས་འགན་གཡོལ་བ། ལྕི་གཡོལ་ཡང་ལེན། དཀའ་གཡོལ་སླ་འཚང༌། གཡོལ་ཐབས་མེད་པ། གཞུང་ལམ་ལ་གཡོལ་ནས་ལམ་ལོག་ཏུ་ཕྱིན་པ། ཆུ་འོག་བྲག་རྡོ་ལས་གཡོལ་བ་ཞེས་པ་ལྟ་བུ། |
| གཡོས |
1. (བྱེད་འབྲེལ་ལས་ཚིག) འགུལ་བའི་དོན་དུ་གཡོ་བའི་སྐུལ་ཚིག 2.ལུས་ཀྱི་ལོང་ག། 3.བཙོས་ཟིན་པའི་བཟའ་བྱའི་རིགས་ཏེ། (དཔེར་ན།) མེ་བཏང་གཡོས་བྱེད། བཟའ་བཏུང་གི་གཡོས་ཕུན་སུམ་ཚོགས་པར་ལོངས་སྤྱོད་བྱས། 4.འདས་པ་དང་སྐུལ་ཚིག་སྟེ། (དཔེར་ན།) ཟས་གཡོས། རྩིག་ལས་པས་ཨར་འདམ་གཡོས་ལྟ་བུ། |
| གཡོས་ཁང |
ཐབ་ཚང༌། |
| གཡོས་ཐབ |
ལྟོ་བཟོ་སའི་ཐབ། |
| གཡོས་དཔོན |
མ་ཆེན་གྱི་གཙོ་བོ། |
| གཡོས་པ |
1. གཡོ་བའི་འདས་པ། 2. རྙིང འདོད་པ། |
| གཡོས་མ |
མ་ཆེན། |
| གཡོས་མལ |
1.ཐབ་ཚང༌། 2.ཐབ་ཚང་དང་ཉལ་ཁང་གཉིས་ཀྱི་བསྡུས་མིང༌། |
| གཡོས་ར་མ |
(ཡུལ་སྐད།) ནང་ཁྲོལ་བཤང་ལམ་གྱི་རྒྱུ་མའི་ཤ། |
| གཡོས་སྣོད |
ལྟོ་བཟོ་སྣོད་དམ་བླུག་སའི་ཡོ་བྱད། |
| གཡོས་སྦྱོར |
ལྟོ་ཆས་བཟོ་བ་སྟེ། (དཔེར་ན།) གཡོས་སྦྱོར་གཟབ་པ། བཟའ་བཏུང་གཡོས་སྦྱོར་གྱི་ལག་འབྲས་གཙང་ཞིང་ཞིམ་ཞེས་པ་ལྟ་བུ། |
| གར |
ཉམས་འགྱུར་གྱི་གོ་རིམ་ངེས་ཅན་ལྟར་ལུས་འགུལ་བའི་རྣམ་འགྱུར་གྱི་མིང་སྟེ། (དཔེར་ན།) གླུ་ལེན་གར་རྩེད་བྱེད། གར་འཁྲབ། གར་བསྒྱུར། གར་འཆམ་ལྟ་བུ། |
| གར་གྱི་ཆ་བྱད་དགུ |
སྒྱུ་རྩལ་དྲུག་ཅུ་རེ་བཞིའི་ནང་གསེས་ཤིག་གར་འཁྲབ་སྐབས་ཀྱི་རྣམ་འགྱུར་ལ་སྒེག་པ་དང༌། དཔའ་བ། མི་སྡུག་པ་ནི་ལུས་ཀྱི་ཉམས་གསུམ། དྲག་ཤུལ་དང༌། བཞད་གད། འཇིགས་རུང་ནི་ངག་གི་ཉམས་གསུམ། སྙིང་རྗེ་དང༌། རྔམ་པ། ཞི་བ་ནི་ཡིད་ཀྱི་ཉམས་གསུམ། |
| གར་གྱི་ཉམས་དགུ |
གར་གྱི་ཆ་བྱད་དགུ་དང་དོན་གཅིག |
| གར་གྱི་ཉམས་བརྒྱད |
ཉམས་ལ་ལྟོས། |
| གར་གྱི་དབང་པོ |
(མངོན་བརྗོད།) རྨ་བྱ། |
| གར་གླུ |
1.ཟློ་གར་གྱི་གླུ།2.༸རྒྱལ་དབང་སྐུ་འཕྲེང་ལ་ཆེད་གཏོང་གླུ་དབངས་ཤིག |
| གར་གླུ་རོལ་གསུམ |
དགེ་ཚུལ་གྱི་སྤང་བྱ་བླངས་འདས་སོ་གསུམ་གྱི་ནང་གསེས། རྩེད་མོའི་རིགས་བྱེད་གླུ་དང༌། གར་དང༌། རོལ་མོ་སྟེ་གསུམ་མོ། ། |
| གར་ཅིག |
(བརྡ་རྙིང་།) གང་ཞིག |
| གར་ཆང |
ཆང་གར་པོ། |
| གར་ཉམས |
གར་འཁྲབ་སྐབས་ལུས་ཀྱི་རྣམ་འགྱུར། |
| གར་ཐབས |
གར་གྱི་འཁྲབ་སྟངས། |
| གར་ཐིག་དབྱངས་གསུམ |
གར་ནི་འབག་དང་འཆམ་གོས་གྱོན་ནས་འཆམ་རྒྱག་པ་དང༌། ཐིག་ནི་དཀྱིལ་འཁོར་འབྲི་བ། དབྱངས་ནི་ངག་ནས་གྱེར་བའི་གདངས་རྣམས་སོ། ། |
| གར་ཐོད་ཐོད |
(རྒྱན་ཚིག) གང་བྱུང་བྱུང༌སྟེ། (དཔེར་ན།) ཁེ་ཉེན་བསམ་བློ་མ་བཏང་བར་ལས་ཀ་གར་ཐོད་ཐོད་མ་བྱེད་ཅེས་པ་ལྟ་བུ། |
| གར་དགོས་འུ་ལག |
སྔར་དགོས་གལ་གར་བྱུང་ལ་སྐུལ་འདེད་བྱེད་རྒྱུའི་དམིགས་སུ་བཀར་བའི་ཁྲལ་པ་ཚོ་ཆུང་ཞིག |
| གར་དཔོན |
ཟློས་གར་པའི་འགོ་ཁྲིད། |
| གར་ནག |
ཕག་པའི་སྐྱག་པ་མེ་ལ་བསྲེགས་པའི་ཐལ་བ། |
| གར་པ |
བྲོ་གར་འཁྲབ་མཁན། |
| གར་པོ |
(རྒྱན་ཚིག) 1.སླ་པོ་མིན་པ་སྟེ། (དཔེར་ན།) ཆང་གར་པོ། ཇ་གར་པོ། ཐུག་པ་གར་པོ། གར་ཚད། གར་སླ་འཚམས་པོ་ཞེས་པ་ལྟ་བུ། 2.གྱོང་པོ་སྟེ། (དཔེར་ན།) གླགས་མི་རྙེད་པའི་མི་གར་པོ་ཞིག་ཅེས་པ་ལྟ་བུ། 3.གཞི་ཆེན་པོ་སྟེ། (དཔེར་ན།) རྩོད་པ་གར་པོ། ཁ་མཆུ་གར་པོ་ཞེས་པ་ལྟ་བུ། |
| གར་ཕྲུག |
1.ཕ་མ་གར་པ་ཡིན་པའི་བུ་ཕྲུག2.གར་འཁྲབ་མཁན་བྱིས་པ། |
| གར་བ |
གར་པོ་དང་འདྲ། |
| གར་བབ |
འགྲོ་གནས་སྡོད་གནས་ངེས་མེད་གང་དུ་ཁེལ་ཁེལ། |
| གར་བུ |
1.གོང་བུའམ་གཅིག་ཏུ་འགྲིལ་བའི་རྡོག་པོ་སྟེ། (དཔེར་ན།) ལྕགས་ཀྱི་གར་བུ་ཞེས་པ་ལྟ་བུ། 2.(མངོན་བརྗོད།) ལྕགས། 3.(བརྡ་རྙིང་།) ལྕེ། |
| གར་བོ |
(རྒྱན་ཚིག) ཆུ་སོགས་གཤེར་ཁུའི་ནང་ལ་རྫས་གཞན་འདྲེས་ནས་ནུར་བོ་ཡིན་པའི་དོན་ཏེ། (དཔེར་ན།) ལྡེ་གུ་གར་སླ་རན་པ། ཆང་གར་བོ། གར་ཆང་ཞེས་པ་ལྟ་བུ། |
| གར་བྲོ |
ཟློས་གར་བྲོ་གཞས། |
| གར་མ |
1. གར་མཁན་མ། 2. སླ་པོ་མིན་པ་སྟེ། (དཔེར་ན།) ཐུག་པ་གར་མ། ཇ་གར་མ་ཞེས་པ་ལྟ་བུ། |
| གར་མཁན |
1.གར་འཁྲབ་མཁན། མིང་གི་རྣམ་གྲངས་ལ་གར་པ་དང༌། ཟློས་གར་མཁན། རོལ་སྒེག་མ། རོལ་རྩེད་མ་བཅས་སོ། །2.(མངོན་བརྗོད།) རྨ་བྱ། |
| གར་མཁན་ཆེ |
(མངོན་བརྗོད།) དབང་ཕྱུག་ཆེན་པོ། |
| གར་མཁན་མ |
1.གར་འཁྲབ་མཁན་བུད་མེད། 2.(མངོན་བརྗོད།) ལྡོང་རོས། |
| གར་མོ |
གར་པོ་དང་འདྲ། |
| གར་འགྲོས |
1.གར་རྩེད་ཀྱི་འགྲོ་སྟངས། 2.བང་རྩལ་མྱུར་འགྲོས། གར་མཁས་པའི་འགྲོ་སྟངས་ཀྱི་མིང་། |
| གར་འཆམ |
1.ལུས་སྒེག་འགྱིང་གི་ཉམས་ལྡན་པའི་གར། 2.གར་དང་འཆམ་གཉིས། |
| གར་འཕྱགས |
སྔར་སྲིད་གཞུང་ལ་གར་འཁྲབ་མཁན་གྱི་མི་བསྡུ་བའི་ཁྲལ་ལས། |
| གར་འབག |
གར་འཆམ་གྱི་གདོང་འབག |
| གར་རོལ་པ |
གར་འཁྲབ་མཁན་དང་རོལ་ཆ་གཏོང་མཁན། |
| གར་རྒྱན |
1.ཟློས་གར་གྱི་ཡོ་སྤྱད་རྒྱན་ཆ། 2.(མངོན་བརྗོད།) བ་བླ། |
| གར་རྩེད |
གར་འཁྲབ་པའི་རྩེད་མོ། |
| གར་ལོ |
གར་ལྷམ་དང་དོན་གཅིག་ |
| གར་ལོག |
སྔར་ཁ་ཆེ་ཡུལ་གྱི་མི་རིགས་ཏུ་རུ་ཀའི་ནང་གསེས་ཡན་ལག་ཅིག་ཡིན་ཞིང༌། དུས་རབས་བཅུ་གཅིག་པར་དེའི་རྒྱལ་པོ་ཞིག་གིས་ལྷ་བླ་མ་ཡེ་ཤེས་འོད་བཀྲོངས་པ། |
| གར་ལྷམ |
(ཡུལ་སྐད།) བོད་ལྷམ་གྱི་རིགས་ཤིག |
| གར་ཤ |
མཐེ་བོང་དང་མཛུབ་མོའི་བར་གྱི་ཤ། |
| གར་སོང་ཆ་མེད |
གང་དུ་སོང་བ་སོགས་ཅུང་ཟད་ཙམ་ཡང་ཤེས་དཀའ་བའི་དོན་ཏེ། (དཔེར་ན།) སྤྲིན་ནག་རླུང་གིས་གཏོར་བ་བཞིན་གར་སོང་ཆ་མེད་དུ་གྱུར་ཅེས་པ་ལྟ་བུ། |
| གར་སོང་རྗེས་མེད |
གར་སོང་འདིར་སོང་མེད་པ། |
| གར་སྟབས |
གར་གྱི་སྟངས་སྟབས་སམ་གར་འཁྲབ་སྟངས་ཏེ། (དཔེར་ན།) གར་སྟབས་ལིང་ལིང་བསྒྱུར་ལྟ་བུ། |
| གར་སྟེགས |
གར་འཁྲབ་སའི་སྡིངས་ཆ། |
| གར་སླ |
གར་བ་དང་སླ་བའི་བསྡུས་མིང༌སྟེ། (དཔེར་ན།) རྩམ་ཐུག་གར་སླ་འཚམས་པོ་ཞིག་འཐུང་བ། ཐང་སྨན་གར་སླ་རན་པོ་སྦྱོར་དགོས་ཞེས་པ་ལྟ་བུ། |
| གལ |
1.རྒྱའམ། རྙི། 2.གནད་འགག་གམ་རྩ་བ་སྟེ། (དཔེར་ན།) གལ་ཆེན་དུ་འཛིན་པ། ལས་དོན་གྱི་གལ་ཆེ་ཆུང་ལ་གཞིགས་ནས་སྔ་རྟིང་གི་གོ་རིམ་སྒྲིག་པ། རྩག་རྩིག་གལ་ཆུང་བའི་གྲས་ལ་ཧ་ཅང་ལྟ་དགོས་དོན་མི་འདུག ད་རེས་གལ་ཆེ་ལ་ཐུག་སྟབས་མི་ཞུ་ཀ་མེད་བྱུང༌ལྟ་བུ། |
| གལ་གྱིས |
(བརྡ་རྙིང་།) ནན་གྱིས་ཞེས་པའི་དོན་ཏེ། (དཔེར་ན།) ཉེས་ཅན་ལ་གལ་གྱིས་ངལ་རྩོལ་བྱེད་འཇུག་པ། གལ་གྱིས་གཅུན་པ་ཞེས་པ་ལྟ་བུ། |
| གལ་ཆེ་བ |
དཀྱུས་མ་མིན་པའི་དོན་ཏེ། (དཔེར་ན།) ལས་དོན་གལ་ཆེན། གལ་ཆེ་བའི་བྱ་བ་མང་པོ་བསྒྲུབས་ལྟ་བུ། |
| གལ་ཆེན་སྦྱོང་བའི་ས |
སྔགས་རྙིང་མའི་གཞུང་དུ། རྣལ་འབྱོར་གཉིས་པའི་སྐབས་སུ་ཐོབ་པའི་ས་གསུམ་པ་སྦྱོར་ལམ་དུ་མཐོང་ལམ་དོན་གྱི་འོད་གསལ་ལ་སྒྲིབ་པའི་མངོན་རྒྱུའི་བག་ཆགས་ཐམས་ཅད་སྦྱོང་བས་གལ་ཆེན་སྦྱོང་བའི་ས་ཞེས་བྱའོ། ། |
| གལ་ཏ |
རེ་ལྡེ་ལས་བཟོས་པའི་རྒྱགས་ཆས་བླུག་སྣོད་ཅིག |
| གལ་ཏ་མགོ་སྦྲེལ |
རེ་ལྡེ་ལས་བཟོས་པའི་རྒྱགས་ཕྱེ་བླུག་སྣོད་མགོ་སྦྲེལ་ཏེ། (དཔེར་ན།) དཔེ་རེ་བཤད་ན་དོན་རེ་ཡོད། དཔེ་དོན་གལ་ཏ་མགོ་སྦྲེལ་ཡིན་ལྟ་བུ། |
| གལ་ཏེ |
བརྟག་པ་མཐའ་བཟུང་གི་སྒྲའམ་མ་ངེས་པ་བརྟག་པའི་ཚིག་ཕྲད་ཅིག་སྟེ། (དཔེར་ན།) ཚང་མས་ཕྱར་བ་གྲུ་འདེགས་བྱེད་དགོས་པ་ལས། གལ་ཏེ་མི་གཅིག་གིས་དེ་ལྟར་མ་བྱས་ན་ལས་དོན་ལ་འཐུས་ཤོར་ཡོང༌། ཁྱོད་ཀྱིས་གལ་ཏེ་བྱེད་མ་ཐུབ་ན་ངས་རོགས་ཞུ་ཆོག་ཅེས་པ་ལྟ་བུ། |
| གལ་དུ་འཛིན་པ |
1.སུན་འབྱིན་པ། 2.ཁས་ལེན་པ། 3.དོན་དམ་པོར་འཛིན་པ། |
| གལ་པོ་ཆེ |
རྩ་འགངས་ཆེན་པོ་སྟེ། (དཔེར་ན།) གལ་པོ་ཆེ་ལ་ནན་ཏན་དང་དམ་པའི་ཆོས་ལ་བརྒྱ་ཚར་ཞེས་པ་ལྟ་བུ། |
| གལ་བཟུང |
(བརྡ་རྙིང་།) ཁས་ལེན་དང་སུན་འབྱིན། |
| གལ་བཟུང་བ |
རྩོད་པ་བྱེད་སྐབས་རང་གི་འདོད་ཚུལ་གསལ་བར་བསྟན་པའི་དོན་ཡིན། འདི་ལ་གལ་འཛུགས་ཀྱང་ཟེར། རང་གི་འདོད་ཚུལ་འགྲིག་ཡོད་པའི་རྒྱུ་མཚན་དྲངས་པ་ལ་གཞུང་འཛུགས་པ་ཟེར། |
| གལ་བསྡོམས |
དོན་གྱི་སྙིང་པོ་བསྡུས་པ་སྟེ། (དཔེར་ན།) གནད་དོན་གལ་བསྡོམས་སྨྲས་ན་ཚིག་ཚོགས་ཉུང༌ཞེས་པ་ལྟ་བུ། |
| གལ་བོ་ཆེ |
གོ་དོན་ཆེན་པོ་དང་ལྡན་པའི་དོན་ཏེ། (དཔེར་ན།) གལ་བོ་ཆེ་ལ་ནན་ཏན། ལས་དོན་གལ་བོ་ཆེ་ཞེས་པ་ལྟ་བུ། |
| གལ་མདོ |
གནད་འགག་གམ་སྙིང་པོ་སྟེ། (དཔེར་ན།) རྒྱལ་ཕམ་དབྱེ་འབྱེད་ཀྱི་གལ་མདོ། ཚ་གྲང་ནད་ཀྱི་གལ་མདོ་ཞེས་པ་ལྟ་བུ། |
| གལ་འགག |
གནད་ཆེ་བའི་འགག་སྒོའི་དོན་ཏེ། (དཔེར་ན།) རྒྱལ་ཕམ་གྱི་གལ་འགག་ནི་ལམ་ཕྱོགས་ལ་རག་ལས་ཡོད། ནད་པ་འཆི་གསོན་གྱི་གལ་འགག་ལ་ཐུག་དུས་སྨན་པ་བཟང་པོ་གལ་ཆེ་ལྟ་བུ། |
| གལ་འགངས |
རྩ་འགངས་ཀྱི་དོན་ཏེ། (དཔེར་ན།) དོན་གནད་གལ་འགངས་ཆེ་རིགས་ཙམ་དུ་མ་ཟད། གལ་འགངས་ཆུང་བའི་སྐོར་ལའང་གཟབ་ནན་བྱེད་དགོས་ཞེས་པ་ལྟ་བུ། |
| གལ་འཛིན་པ |
1.རྔོན་པ། 2.(བརྡ་རྙིང་།) དགག་པ་རྒྱག་པའི་དོན་ཏེ། (དཔེར་ན།) གལ་འཛིན་པ་ལས་རྒྱལ་བ་ཞེས་པ་ལྟ་བུ། |
| གལ་འཛུགས་པ |
1.རྙི་འཛུགས་པ། 2.ཡ་ལ་འཛུགས་པ། |
| གལ་རོ |
སྙིགས་མ་ལྟ་བུའི་དངོས་རྫས་མཁོ་མེད་ཀྱི་མིང་སྟེ། (དཔེར་ན།) ལྕགས་གལ་རོ་བཏུས་ནས་ངར་ལྕགས་སྦྱངས། དངོས་རྫས་གལ་རོ་བསྡུས་ནས་ལས་སྣོན་བྱས་ལྟ་བུ། |
| གལ་ལ |
(བརྡ་རྙིང་།) བུ་རམ་དྭངས་མ། |
| གལ་སྲིད |
ཐེ་ཚོམ་གྱི་ཚིག་གམ་བརྟག་པའི་ཚིག་སྟེ། (དཔེར་ན།) དྲང་བདེན་གྱི་བྱ་གཞག་ལ་གལ་སྲིད་འཕྲལ་དུ་རྒྱལ་ཁ་མ་ཐོབ་ཀྱང༌། མཐར་དེ་ལྟར་འཐོབ་རྒྱུ་ངེས་ཅན་ཡིན། ཁང་པའི་ནང་དུ་གལ་སྲིད་སྡོད་མཁན་གཞན་མེད་ནའང༌། ཁང་པ་སྲུང་མཁན་གཅིག་ཡོད་པ་ཐག་ཆོད། གལ་སྲིད་བརྒྱ་ཐམ་པ་མེད་ཀྱང༌། དགུ་བཅུ་ཐམ་པ་ཏན་ཏན་ཡོད་ཅེས་པ་ལྟ་བུ། |
| གཤག |
(བྱེད་འབྲེལ་ལས་ཚིག) གཤགས་པའི་མ་འོངས་པ་དང་ད་ལྟ་བ། དངོས་རྫས་ཧྲིལ་བོ་སིལ་བུར་བྱེད་པའི་དོན་ཏེ། (དཔེར་ན།) གཤག་བྱའི་ཤོག་བུ། རས་གཤག་མཁན་ཞེས་པ་ལྟ་བུ། |
| གཤག་གཟོང |
རྡོ་ཆེན་གཤག་བྱེད་ཀྱི་ལྕགས་གཟོང་སྟེ་རྡོ་གཤག་མཁན་གྱི་ལག་ཆ་ཞིག |
| གཤག་པ |
གཤོག་པའི་མ་འོངས་པ། |
| གཤག་བཅོས |
སྨན་དཔྱད་ཀྱི་རིགས་ཤིག་སྟེ། ནད་པའི་ལུས་ཀྱི་ཆ་ཤས་གཤགས་ནས་ནད་འབྱིན་པའི་དཔྱད་བཅོས་ཀྱི་མིང་། |
| གཤགས |
1.གཤག་པའི་འདས་པ་སྟེ། (དཔེར་ན།) རས་གཤགས་ནས་སྐེ་རགས་བཅིངས་ལྟ་བུ། 2.(བྱེད་མེད་ལས་ཚིག) 1>དམ་པོར་གྱུར་པའི་དོན་ཏེ། (དཔེར་ན།) ཐག་པའི་མདུད་པ་གཤགས། གཤགས་མདུད་ཅེས་པ་ལྟ་བུ། 2>ཤན་ཞུགས་ཟབ་པས་སྣང་ངོར་ཡང་ཡང་ཤར་བའི་དོན་ཏེ། (དཔེར་ན།) སྒྲ་སྙན་རྣ་བར་གཤགས། བདེན་གཏམ་ཡིད་ལ་གཤགས་ལྟ་བུ། 3>དངོས་རྫས་བརྡུངས་ནས་ཞིབ་མོ་བྱས་པའི་དོན་ཏེ། (དཔེར་ན།) ཚྭ་བརྡུངས་ནས་གཤགས་ལྟ་བུ། |
| གཤགས་ངན |
ཁ་གཤགས་ངན་པ། |
| གཤགས་པ |
གཤོག་པའི་འདས་པའི་བྱ་མིང་། |
| གཤགས་པའི་རྨ |
བློ་བུར་གྲི་མཚོན་སོགས་ཕོག་པ་ལས་བྱུང་བའི་རྨ་རིགས་བརྒྱད་ཀྱི་ནང་ཚན་ཤ་གྱེན་ཐུར་དུ་གཤགས་པའི་རྨ། |
| གཤགས་བཀྱེ |
གཏམ་གྱི་འཐབ་རྩོད་བྱས་པ་དེང་སང་ཁ་འཐབ་ཟེར་བ་དང་དོན་མཚུངས། |
| གཤགས་མ |
གཞུང་གཤགས་མང་པོ་བཏང་བའི་མེ་ཤིང༌། |
| གཤགས་འགྱེད |
གཤགས་བཀྱེ་དང་དོན་གཅིག |
| གཤགས་རལ |
ཁ་ཤགས་བཀྱེ་བ། |
| གཤགས་རྒྱལ་བ |
གཏམ་གྱི་རྩོད་པ་ལས་རྒྱལ་བའམ་ཁ་རྒྱལ་བ། |
| གཤགས་ལས |
ཁོག་པ་སོགས་གཤགས་ཏེ་སྨན་བཅོས་བྱེད་ཐབས། |
| གཤང |
བོད་ཀྱི་གནའ་བོའི་རོལ་ཆས་དཀྲོལ་བ་ལས་སྒྲ་འབྱིན་པ་ཞིག་གི་མིང་ཟངས་དང་ལི་རིགས་ཀྱིས་བཟོས་པའི་སྡེར་མའི་དབྱིབས་ཅན་དཀྱིལ་ལ་རྡོག་པོ་སྲ་མོ་བཏགས་ནས་དཀྲོལ་ཆོག་པ་ཞིག་ཡིན། |
| གཤང་གཤོང |
(རྒྱན་ཚིག) ངོས་སྙོམ་པོ་མིན་པའི་དོན་ཏེ། (དཔེར་ན།) ས་འབར་འབུར་གཤང་གཤོང་ཞེས་པ་ལྟ་བུ། |
| གཤང་ངེ་གཤོང་ངེ |
(རྒྱན་ཚིག) ས་མཐོ་དམའ་སྒང་གཤོང་ཡོད་པ་སྟེ། (དཔེར་ན།) ས་ཆ་གཤང་ངེ་གཤོང་ངེ་ཞེས་པ་ལྟ་བུ། |
| གཤན་པ |
ཤན་པ་དང་འདྲ། |
| གཤམ |
འོག་མ་དང་རྗེས་མ་དང་སྨད་མ་ཞེས་པའི་དོན་ཏེ། (དཔེར་ན།) སྒབ་གཤམ། འོག་གཤམ། དོན་ཚན་གཤམ་གསལ་ལྟར། རི་མོའི་གོང་གཤམ་ཞེས་པ་ལྟ་བུ། |
| གཤམ་ཐབས |
ཤམ་ཐབས་དང་འདྲ། |
| གཤམ་བུ |
སྐར་ཁུང་གི་སྟེང་ཁྱམས་ཀྱི་རས་ཀྱི་གཤམ་བུ། |
| གཤམ་མ |
འོག་མ་སྟེ། (དཔེར་ན།) གཤམ་མར་འཁོད་པ་ཞེས་པ་ལྟ་བུ། |
| གཤམ་འཛར |
འོག་ཏུ་འཕྱང་བའམ། སྒབ་ཏུ་འཕྱང་བ་སྟེ། (དཔེར་ན།) སྟོང་སྐུད་ཀྱི་གཤམ་འཛར་ཞེས་པ་ལྟ་བུ། |
| གཤམ་འོག |
འོག་རིམ། |
| གཤམ་རིམ |
འོག་རིམ། |
| གཤའ |
དབུས་སྐད་ཀྱི་ཤག་ཅེས་པའི་དོན་དང་འདྲ་སྟེ། (དཔེར་ན།) སྐུ་ཁམས་གསལ་དྭངས་ཡིན་གཤའ། ཞུ་འཕྲིན་ཕྱག་སོན་བྱུང་གཤའ་ལགས་ཞེས་པ་ལྟ་བུ། |
| གཤའ་མ |
(རྒྱན་ཚིག) རྣམ་དག་གམ་ཡང་དག་དང༌། རྣལ་མ་དང༌། ལེགས་པོ་དང་ཟོལ་མེད་པ་སོགས་ཀྱི་དོན་ཏེ། (དཔེར་ན།) ལས་ཁུར་ཟོལ་མེད་གཤའ་མ་ལེན་གྱི་ཡོད། སློབ་སྦྱོང་གཤའ་མ་བྱས་པ། ཡང་ཡང་དཔྱད་ན་ཡིན་ལུགས་གཤའ་མ་རྟོགས་ཡོང༌ཞེས་པ་ལྟ་བུ། |
| གཤའ་ཚེ |
ལྕགས་རིགས་དངུལ་མདོག་ཅན་སྲ་ལ་མཉེན་པ་ཞིག་ཡིན་ཞིང་། བ་མ་དང་སྡེར་མ་སོགས་བཟོ་བྱེད་ཀྱི་རྒྱུ་ཆ་ཡིན། ཡུལ་སྐད་ལ་ལར་ཧ་ཡང་ཟེར། ཚིག་བསྡུས་ན་གཤའ་ཞེས་འབྲི་ཆོག་སྟེ། (དཔེར་ན།) གཤའ་སྡེར་ཞེས་པ་ལྟ་བུ། |
| གཤའ་ཚེ་དཀར་པོ |
གཤའ་ཚེ་དང་དོན་གཅིག |
| གཤའ་རིང |
ལག་ངར་གྱི་འོག་ཏུ་ཡོད་པའི་བད་ཀན་གཤའ་རིང་དང༌། མཁྲིས་པ་གཤའ་རིང༌། ཆུ་སེར་གཤའ་རིང་ཞེས་པའི་གཏར་དམིགས་གསུམ་གྱི་མིང༌། |
| གཤར |
(བྱེད་མེད་ལས་ཚིག) བཤར་གྱི་ད་ལྟ་བ། གཅིག་རྗེས་སུ་གཅིག་འབྲངས་ནས་འགྲོ་བའི་དོན་ཏེ། (དཔེར་ན།) དམག་གཤར་གྱིན་འདུག ལུག་རྣམས་ཆུ་ཁར་གཤར་ལྟ་བུ། |
| གཤར་བ |
(བྱེད་འབྲེལ་ལས་ཚིག) རིམ་གྱིས་འགྲོ་བ་སྟེ། (དཔེར་ན།) ལམ་འཕྲང་དོག་པོར་འགྲུལ་པ་དང་རྟ་དྲེལ་རྣམས་གཤར་གྱིན་འདུག ཁྱོད་ཚོ་འཚང་ག་མ་བརྒྱབ་པར་རིམ་གྱིས་གཤོར་ཅིག་ཅེས་པ་ལྟ་བུ། |
| གཤར་མ |
དབུ་མེད་འཁྱུག་ཡིག |
| གཤར་མ |
བོད་ཡིག་དབུ་མེད་རིགས་ཤིག་གི་མིང་གཤར་བྲིས་སམ་གཤར་ཡིག་ཀྱང་ཟེར། |
| གཤར་ཡིག |
དབུ་མེད་ཀྱི་ཡི་གེ། |
| གཤར་རྒྱག་པ |
ཚེམ་བུ་བས་གོས་ཀྱི་ནང་ཤ་སོགས་ལ་སྟེང་གནོན་གྱི་ཚུགས་སམ་གཤར་ཐོར་རེ་བ་རྒྱག་པ། |
| གཤར་སྦྱང |
1.དཔེ་ཆའི་ཚིག་སོགས་ཡང་ཡང་བཏོན་ནས་བློ་ལ་ངེས་པར་བྱེད་པའི་ཐབས་ཤིག་གི་མིང་སྟེ། (དཔེར་ན།) དགུ་མཐའི་རྩ་ཚིག་གཤར་སྦྱང་བྱས་ལྟ་བུ། 2.བསླབ་བྱའི་ནང་དོན་ཡིད་ལ་ངེས་ཆེད་དུ་བཀོད་པའི་དོན་ཚན་གྱི་མིང་སྟེ། (དཔེར་ན།) སློབ་ཚན་གྱི་གཤར་སྦྱང་ཞེས་པ་ལྟ་བུ། |
| གཤལ |
(བྱེད་འབྲེལ་ལས་ཚིག) བཤལ་གྱི་མ་འོངས་པ་དང་ད་ལྟ་བ། ཆུའི་ཤུགས་ལ་བརྟེན་ནས་དྲི་མ་སོགས་དག་པར་བྱེད་པའི་དོན་ཏེ། (དཔེར་ན།) ཟས་ཟོས་རྗེས་ཁ་གཤལ་དགོས། དྲི་མ་ཆུ་ལ་གཤལ་གྱིན་འདུག་ལྟ་བུ། |
| གཤལ་གོས་པ |
སྐྱོན་གོས་པའམ་ངན་གཡའ་ཕོག་པ། |
| གཤས་མ |
གཤའ་མ་དང་དོན་འདྲ། |
| གཤིན |
1.གཤིན་པ་ལ་ལྟོས། 2.གཤིན་པོ་ལ་ལྟོས། |
| གཤིན་གནས |
དུར་ཁྲོད། |
| གཤིན་གྱི་ནགས |
དུར་ཁྲོད། |
| གཤིན་ཆོག |
གཤིན་པོ་རྗེས་འཛིན་བྱེད་པའི་ཆོ་ག་ཞིག |
| གཤིན་དཀོར |
ཤི་པོའི་དོན་དུ་དགེ་འདུན་པ་ལ་ཕུལ་བའི་ནོར་རྫས། |
| གཤིན་དགེ |
གཤིན་པོར་དམིགས་པའི་དགེ་རྩ། |
| གཤིན་པ |
1.(རྒྱན་ཚིག) དགའ་ཞིང་ཤ་ཚ་བ་བའི་དོན་ཏེ། (དཔེར་ན།) ཐུགས་མཉེས་ཤིང་གཤིན་པ། སེམས་གཤིན་པའི་སྒོ་ནས་སྙིང་གཏམ་གླེང་ལྟ་བུ། ཚིག་བསྡུས་ན་གཤིན་ཞེས་འབྲི་ཆོག་མཉེས་གཤིན་སྙིང་རྗེའི་སེམས་ཀྱིས་ནད་པ་བསྐྱབས་ལྟ་བུ། 2. བཅུད་དང་ལྡན་པའི་དོན་ཏེ། (དཔེར་ན།) གཟན་ཆག་གཤིན་པ་ཞེས་པ་ལྟ་བུ།3. ས་ཞིང་སོགས་ས་གཤིས་བཟང་བའི་དོན་ཏེ། (དཔེར་ན།) ཞིང་ས་གཤིན་པ་ལས་ལོ་ཡག་འབྱུང་ལྟ་བུ། འཇམ་པོ་དང་དུལ་བའི་དོན་དུ་གོ་བའི་གཤིན་པོ་དང་འདྲ། |
| གཤིན་པོ |
ཚེ་ལས་འདས་པོའི་མིང་སྟེ། (དཔེར་ན།) གཤིན་པོའི་གྱོན་པ། གཤིན་པོའི་བྱང་ཡིག བླ་མ་རང་མགོ་མ་ཐོན་པར། གཤིན་པོའི་ཡར་འདྲེན་ཕར་བཞག་རེད་ཅེས་པ་ལྟ་བུ། |
| གཤིན་ཟན |
གཤིན་ཟས་དང་འདྲ། |
| གཤིན་ཟས |
1.ཤི་མཁན་གྱི་རྒྱུ་དངོས་ཐོག་ནས་བཟོས་པའི་ཟས། 2.ཤི་མཁན་གྱི་དོན་དུ་དམིགས་ནས་གཏོང་བའི་དངོས་རྫས། |
| གཤིན་འདྲེ |
མི་ཤི་ནས་གསོན་པོར་སྡོད་མཁན་ལ་གནོད་པ་སྐྱེལ་བའི་འདྲེ་ལ་ཟེར། |
| གཤིན་ཡུལ |
གཤིན་པོའི་ཡུལ་ཏེ་ཤི་ནས་སྐྱེ་བ་མ་བླངས་བར་གྱི་ཡུལ་ལམ་གནས། |
| གཤིན་རྗེ |
1.གཤིན་པོ་ཀུན་གྱི་རྗེ་བོ་སྟེ། (དཔེར་ན།) ཕོར་པ་གཏིང་རིང་ལ་མདོག་སྐྱ་བ་གཤིན་རྗེའི་གདོང་འདྲ་བ་ཞིག་གཡར་བྱུང༌ཞེས་པ་ལྟ་བུ། མིང་གི་རྣམ་གྲངས་ལ་ལྔ་པའི་བདག་དང༌། ཉི་མའི་བུ། ཆོས་ཀྱི་རྒྱལ་པོ། འཆི་བདག་མཐར་བྱེད། དུས་འཛིན། ཕ་གཤིན་བདག་བེ་ཅོན་འཆང༌། དབྱུག་འཛིན། མ་ཧེའི་རྒྱལ་མཚན་ཅན། མཚུངས་འཇུག་མཚུན་གྱི་ལྷ། མཚུན་ལ་རོལ། འཚེ་བའི་དབང་ཕྱུག་ཡ་མུ་ནའི་སྤུན། གསོད་བྱེད། ལྷོ་ཡི་ཕྱོགས་སྐྱོང་བཅས་སོ། །2.(མངོན་བརྗོད།) གཤིན་རྗེ་ལ་ཕོ་མོ་གཉིས་ཡོད་པས་གྲངས་གཉིས་མཚོན། |
| གཤིན་རྗེ་གཤེད |
དཔལ་རྡོ་རྗེ་འཇིགས་བྱེད་དེ། གསང་སྔགས་བླ་མེད་ཕ་རྒྱུད་ཀྱི་ཡི་དམ་ཞིག |
| གཤིན་རྗེ་ཆོས་རྒྱལ |
1.དམ་ཅན་ཆོས་རྒྱལ།2.འཆི་བདག་གཤིན་རྗེ། |
| གཤིན་རྗེ་མོ |
(མངོན་བརྗོད།) སྐར་མ་བྲ་ཉེ། |
| གཤིན་རྗེའི་ཁྲམ |
འཆི་བདག་གིས་འཆི་བརྡ་གཏོང་བའི་རྟགས་སམ་མཚན་མ་སྟེ། (དཔེར་ན།) ཁྱོད་གཤིན་རྗེའི་ཁྲམ་ལ་མ་བཏབ་ན། ང་དཔའ་མིང་བཏགས་པ་སྟོང་གཏམ་གྱིས་ཞེས་པ་ལྟ་བུ། |
| གཤིན་རྗེའི་ནགས |
(མངོན་བརྗོད།) དུར་ཁྲོད་རོ་གནས། |
| གཤིན་རྗེའི་ཕྱོགས |
(མངོན་བརྗོད།) ལྷོ་ཕྱོགས། |
| གཤིན་རྗེའི་བ་དན |
(མངོན་བརྗོད།) གཟའ་སྤེན་པ། |
| གཤིན་རྗེའི་བཞོན་པ |
(མངོན་བརྗོད།) མ་ཧེ། |
| གཤིན་རྗེའི་བུ |
(མངོན་བརྗོད།) གྲོག་མ། |
| གཤིན་རྗེའི་སྐྱེས་བུ |
དམྱལ་བའི་ལས་མཁན། |
| གཤིན་རྗེའི་སྲིང་མོ |
1.(མངོན་བརྗོད།) ཆུ་བོ་པཀྵུ། 2.གཤིན་རྗེའི་ཡུམ། |
| གཤིན་རྩིས |
གཤིན་པོའི་དོན་དུ་རྒྱག་པའི་རྩིས། |
| གཤིན་རྫས |
གཤིན་པོའི་ནོར་རྫས། |
| གཤིན་ས |
1.ཞིང་ས་འབོལ་པོ་དུལ་མ། 2.མཐུན་པོ་བྱེད་ས། |
| གཤིན་སྟོང |
གནའ་དུས་བོད་ཀྱི་ཁྲིམས་སྲོལ་ལྟར་བསད་པའི་མི་སྲོག་གི་ཁྲིམས་འཇལ་ཞིག |
| གཤིན་སྦྱང |
གཤིན་པོ་རྣམས་ཀྱི་རྣམ་ཤེས་གནས་སྤོར་བྱེད་པའི་ཆོ་ག། |
| གཤིབ |
(བྱེད་འབྲེལ་ལས་ཚིག) བཤིབས་པའི་ད་ལྟ་བ། དངོས་པོ་གཉིས་ཡན་དྲང་ཐིག་གཅིག་ལ་བསྒྲིགས་པའི་དོན་ཏེ། (དཔེར་ན།) དཔུང་བ་མཉམ་གཤིབ། ལྷན་དུ་གཤིབ་མཁན་ཞེས་པ་ལྟ་བུ། |
| གཤིབ་པ |
གཤིབ་པའི་ད་ལྟ་བའི་བྱ་མིང་། |
| གཤིབས |
གཤིབ་ཀྱི་སྐུལ་ཚིག་སྟེ། (དཔེར་ན།) མཉམ་དུ་གཤིབས་ཤིག་ལྟ་བུ། འདིའི་མ་འོངས་པར་གཤིབ་དང་། ད་ལྟ་བར་གཤིབས་འབྲི་བའང་ཡོད། |
| གཤིབས་གཤིབས |
རུག་རུག་གམ་ཉེ་བར་བཅར་ནས་བསྒྲིགས་པ། |
| གཤིབས་པ |
གཤིབ་པའི་འདས་པ། |
| གཤིས |
1.གཤིས་ཀ་དང་རང་བཞིན་ནམ་ངོ་བོའི་མིང་སྟེ། (དཔེར་ན།) རང་གཤིས། མིའི་རང་གཤིས། གཤིས་ཀ་འཇམ་པོ། ས་གཤིས་གཤིན་པོ་ཞེས་པ་ལྟ་བུ། 2.རྒྱུ་མཚན་སྟོན་པའི་ཚིག་ཅིག་སྟེ། (དཔེར་ན།) གནམ་གྲུར་བསྡད་པ་ཡིན་གཤིས་མགྱོགས་པོ་སླེབས་ཐུབ་པར་ཐག་ཆོད། དོན་དམ་པའི་ལྷ་ཆོས་ལ་སྦྱར་གཤིས་གོ་དཀའ་བ་འདུག་ཅེས་པ་ལྟ་བུ། |
| གཤིས་ཀ |
རང་བཞིན་ནམ་རྒྱུ་དག་སྟེ། (དཔེར་ན།) གོམས་གཤིས། མི་གཤིས། གནམ་གཤིས། ས་གཤིས། གཤིས་ཀ་བཟང་ངན། གཤིས་རྩུབ་ཁ་ཚ་ཞེས་པ་ལྟ་བུ། |
| གཤིས་རྒྱུད |
རང་བཞིན་ནམ་རྒྱུ་དག་སྟེ། (དཔེར་ན།) གཤིས་རྒྱུད་གྱོང་པོ། གཤིས་རྒྱུད་རྩིང་པོ། གཤིས་རྒྱུད་བཙན་པོ། རང་གི་གཤིས་རྒྱུད་བཟང་པོ་ཇི་ལྟ་བ་བཞིན་དུ་གཞན་དག་ཀྱང་དེ་ལྟ་བུའོ་སྙམ་པ་ནི་ནོར་རོ་ཞེས་པ་ལྟ་བུ། |
| གཤིས་ལུགས |
1.གོམས་སྲོལ། 2.ཆོས་རྣམས་ཀྱི་རང་བཞིན་སྟོང་ཉིད། |
| གཤིས་ལུགས |
ངོ་བོའམ་རང་གཤིས་ཀྱི་མིང་སྟེ། (དཔེར་ན།) སྟག་གིས་ཤ་ཁྲག་བཟའ་བ་གཤིས་ལུགས་ཡིན་ལྟ་བུ། |
| གཤུ |
བཤུས་ཀྱི་ད་ལྟ་བ་སྟེ། (དཔེར་ན།) ཤུན་པ་གཤུ་བཞིན་འདུག པགས་པ་གཤུ་མཁན་ཞེས་པ་ལྟ་བུ། |
| གཤུང |
བཤུང་གི་འབྲི་ཚུལ་གཞན། |
| གཤུང་བ |
1.(བྱེད་འབྲེལ་ལས་ཚིག) སྨོད་ནས་ལྐོག་ཏུ་ཁ་གཏོང་བ་སྟེ། (དཔེར་ན།) གཤུང་བར་དམོད་པ། གཤིས་ལུགས་གཤུང་བ་ཞེས་པ་ལྟ་བུ། 2.(བརྡ་རྙིང་།) རང་གཞན་གྱི་སྐྱོན་དངོས་སུ་བརྗོད་པ། |
| གཤུད |
(བྱེད་འབྲེལ་ལས་ཚིག) བཤུད་ཀྱི་མ་འོངས་པ་དང་ད་ལྟ་བ། ལུས་ཀྱི་སྐྱི་མོ་བརྡར་ནས་རྨས་པའི་དོན་ཏེ། (དཔེར་ན།) རྐང་བ་ལྷམ་གྱིས་གཤུད། ལག་པ་རྡོ་ལ་ཐོགས་ན་གཤུད་ཉེན་ཆེ་ལྟ་བུ། |
| གཤུམ |
བཤུམ་གྱི་འབྲི་ཚུལ་གཞན། |
| གཤུར |
(བྱེད་འབྲེལ་ལས་ཚིག) བཤུར་གྱི་ད་ལྟ་བ་དང་སྐུལ་ཚིག་སྟེ། (དཔེར་ན།) དངོས་རྫས་སྲབ་མོར་གཞོག་པའི་དོན་ཏེ། ཤིང་གཤུར། ལ་ཕུག་གཤུར་དགོས། མར་རྡོག་གཤུར་ཅིག་ལྟ་བུ་ཞེས་པ་ལྟ་བུ། |
| གཤེ |
(བྱེད་འབྲེལ་ལས་ཚིག) གཤེས་ཀྱི་མ་འོངས་པ་དང་ད་ལྟ་བ། སྡིགས་མོ་བྱེད་པའི་དོན་ཏེ། (དཔེར་ན།) གཤེ་གཤེ་བཏང་། སྤྱི་ནོར་བརླགས་པར་ཀུན་གྱིས་གཤེ་བར་འོས་ལྟ་བུ། |
| གཤེ་གཤེ་གཏོང་བ |
ཚིག་རྩུབ་བརྗོད་པ། |
| གཤེ་བ |
(བྱེད་འབྲེལ་ལས་ཚིག) གཤེས་པའི་ད་ལྟ་བའི་བྱ་མིང་། |
| གཤེག་པ |
གཤོག་པའི་ད་ལྟ་བའི་འབྲི་སྲོལ་གཞན་ཞིག |
| གཤེགས |
1.(བྱེད་མེད་ལས་ཚིག) སོང་བའི་དོན་ཏེ། (དཔེར་ན།) ཡུལ་གཞན་ལ་གཤེགས་ལྟ་བུ། 2.ཤི་བའི་ཞེ་ས་སྐུ་གཤེགས་ལྟ་བུ། |
| གཤེགས་གཏོར |
ལྷ་ཕེབས་པའི་སྐབས་དང་བསྟུན་པའི་གཏོར་མ། |
| གཤེགས་པ |
(བྱེད་མེད་ལས་ཚིག) 1.ཕེབས་པ་སྟེ། (དཔེར་ན།) ཡུལ་ལྗོངས་མང་པོར་གཤེགས་པ། གཤེགས་སུ་གསོལ། རང་གནས་སུ་གཤེགས་པ། ཉེ་ཞོ་མེད་པར་བདེ་བར་གཤེགས་ཞེས་པ་ལྟ་བུ། 2.འདས་པའི་དོན་ཏེ། (དཔེར་ན།) བདེ་བར་གཤེགས་པ། དེ་བཞིན་གཤེགས་པ། མར་མེ་གཤེགས་སོང༌། གནམ་དུ་གཤེགས་པ། སྐུ་གཤེགས་པའི་བྱེད་སྒོ་ཞེས་པ་ལྟ་བུ། |
| གཤེགས་མགྲོན |
བསུ་སྐྱེལ་སྟོན་མོ་སོགས་བྱེད་དགོས་པའི་ཚུར་ཡོང་ཕར་འགྲོའི་མགྲོན་པོ་གལ་ཆེ། |
| གཤེགས་རྫོངས |
འདས་མཆོད་དེ་ཤི་ཚར་བའི་རྗེས་སུ་གཤིན་པོའི་ཆེད་དུ་ཡར་དཀོན་མཆོག་ལ་མཆོད་པ་དང༌། བར་དགེ་འདུན་ལ་བསྙེན་བཀུར། མར་ངན་སློང་ལ་སྦྱིན་གཏོང་སོགས་རྣམ་དཀར་དགེ་སྒྲུབ་གང་རུང་བྱས་པའི་དོན། |
| གཤེགས་སྐྱེམས |
ཡུལ་གཞན་དུ་ཕེབས་ཁར་འབུལ་རྒྱུའི་བཏུང་བ་ཇ་ཆང་སོགས། ཕེབས་ཆང་ཡང་ཟེར། |
| གཤེགས་སྟངས་བདུན |
དཔེ་བྱད་བཟང་པོ་བརྒྱད་ཅུའི་གྲས་ཤིག་སེང་གེའི་སྟབས་སུ་གཤེགས་པ་དང༌། གླང་པོ་ཆེའི་སྟབས་སུ་གཤེགས་པ་དང༌། ངང་པའི་སྟབས་སུ་གཤེགས་པ་དང༌། ཁྱུ་མཆོག་གི་སྟབས་སུ་གཤེགས་པ་དང༌། གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པ་དང༌། མཛེས་པར་གཤེགས་པ་དང༌། དྲང་པོར་གཤེགས་པ་བཅས་བདུན་ནོ། ། |
| གཤེད |
མི་མཐུན་པའི་ཕྱོགས་སམ་དགྲ་ཟླའམ་དགྲ་བོ་སྟེ། (དཔེར་ན།) དགྲ་གཤེད། ལོ་གཤེད་ཅེས་པ་ལྟ་བུ། |
| གཤེད་མ |
1.སྲོག་གཅོད་མཁན། 2.གཤིན་རྗེའི་ཕོ་ཉ། |
| གཤེད་མ |
1.གསོད་ཁྲིམས་ལག་ལེན་ལ་འདེབས་མཁན་གྱི་མིང་། 2.འདྲེ་ཞིག་གི་མིང་། |
| གཤེན |
བོན་གྱི་སྟོན་པ་གཤེན་རབ་ཀྱི་རུས་མིང༌། |
| གཤེན་རབ |
སྔར་སངས་རྒྱས་ཤཱཀྱ་ཐུབ་པ་དང་དུས་མཚུངས་སུ་བོད་མངའ་རིས་ཞང་ཞུང་ཡུལ་གྱི་འོལ་མོ་ལུང་རིང་དུ་བྱུང་བའི་བོན་པོའི་སྟོན་པ་ཞིག |
| གཤེན་རབ་མི་བོ་ཆེ |
ཞང་ཞུང་གི་ཡུལ་དུ་འཁྲུངས་པའི་བོན་གྱི་སྟོན་པ་ཞིག |
| གཤེན་རབས |
གཤེན་རབ་དང་འདྲ། |
| གཤེན་རབས་མི་བོ་ཡེ་གཤེན |
བོན་སྲོལ་ཐོག་མར་གཏོད་མཁན་གྱི་སྟོན་པ། |
| གཤེན་ལྷ |
བོན་ལྷ། |
| གཤེན་སྲས |
བོན་གྱི་བྱང་ཆུབ་སེམས་དཔའི་མིང༌། |
| གཤེར |
1.(བྱེད་འབྲེལ་ལས་ཚིག) ཆུས་བརླན་པར་བྱས་པའི་དོན་ཏེ། (དཔེར་ན།) ཆར་བ་བབས་ནས་ས་གཞི་གཤར་ལྟ་བུ། 2.(རྒྱན་ཚིག) དངོས་རྫས་ཀྱི་ནང་དུ་ཆུའི་ཆ་ཤས་མང་བའམ་རླན་པའི་དོན་ཏེ། (དཔེར་ན།) ས་གཤེར་ས—ས་བརླན་ས་ཞེས་པ་ལྟ་བུ། 3.གཤེར་བ་སྟེ་ཆུ་དང་ཆུའི་རྣམ་པ་ཅན་གྱི་དངོས་རྫས་ཀྱི་མིང་སྟེ། (དཔེར་ན།) གཤེར་ཁུ་ཞེས་པ་ལྟ་བུ། 4.བཤེར་གྱི་མ་འོངས་པ་དང་ད་ལྟ་བ། (དཔེར་ན།) གྱོད་གཞི་གཤེར་དགོས། གཤེར་བྱ་ཞེས་པ་ལྟ་བུ། |
| གཤེར་ཚག |
མིག་ནད་གཤེར་ཚག་མིག་ནས་མཆི་མ་འཛག་ཅིང་གཟུགས་ལ་ལྟ་མི་བཟོད་པར་ན་བའི་མིག་ནད་ཅིག |
| གཤེར་འཛིན |
(མངོན་བརྗོད།) 1>ཆུ། 2>སྤྲིན། |
| གཤེར་ལྡན |
(མངོན་བརྗོད།) ཟླ་བ། |
| གཤེར་ས |
རླན་གཤེར་རམ་བཞའ་ཚན་ཡོད་པའི་ས། |
| གཤེས |
གཤེ་བའི་འདས་པ་དང་སྐུལ་ཚིག་སྟེ། (དཔེར་ན།) ཀུན་གྱིས་གཤེས་ནས་སྤྱོད་ངན་བསྒྱུར་ལྟ་བུ། |
| གཤོ |
1.གཏན་དུ་འཁེལ་བའི་ལམ་སྲོལ་ཏེ། (དཔེར་ན།) གཤོ་དོད་པ། གཤོ་ལམ་ཆགས་པ། གཤོ་ངན་ཚུགས་པ་ཞེས་པ་ལྟ་བུ།2.བྱོ་ཡི་འབྲི་སྲོལ་གཞན། 3.གཤོས་ཀྱི་མ་འོངས་པ་དང་ད་ལྟ་བ། |
| གཤོ |
གཤོས་པའིམ་འོངས་པ་དང་ད་ལྟ་བ་སྟེ། (དཔེར་ན།) ཆུ་རྐ་གཤོ་རུ་མ་འཇུག ཆུས་ས་གཤོ་ཐུབ་ལྟ་བུ། |
| གཤོ་བ |
(བྱེད་འབྲེལ་ལས་ཚིག) གཤོ་བའི་ད་ལྟ་བའི་བྱ་མིང་། |
| གཤོག |
1.དཔུང་ངམ་སྟོབས། 2.གྲོང་ཚོ་ཆེན་པོ། 3.གཤགས་ཀྱི་སྐུལ་ཚིག་སྟེ། (དཔེར་ན།) ཤིང་གཤོག གཤོག་ཅིག་ལྟ་བུ།3.གཤོག་པ་ཡི་ཚིག་བསྡུས་པ། |
| གཤོག་ཀ |
1.སྔོན་གྱི་གྲོང་གསེབ་ཀྱི་སྲིད་འཛིན་ས་ཁུལ་ཞིག་གི་མིང་ད་ལྟའི་ཡུལ་ཚོ་དང་འདྲ། 2.མི་ཁག་གཅིག་གི་མིང་སྟེ། (དཔེར་ན།) མི་གཤོག་ཀ་གཅིག་ཅེས་པ་ལྟ་བུ། |
| གཤོག་ཆགས |
བྱ་རིགས། |
| གཤོག་དཀར |
(མངོན་བརྗོད།) ངང་པ། |
| གཤོག་པ |
བྱའམ་ཉ་ཡི་འདབ་མ་སྟེ། (དཔེར་ན།) གཤོག་པ་རྡེབ་པ། གཤོག་པ་གཡུག་པ། གཤོག་པ་གཡོབ་པ། གཤོག་པ་ལྷེབ་ལྷེབ། བྱ་གཤོག་ལྷེབ་ལྷེབ་བྱས་ཏེ་འཕུར། བྱ་ནམ་མཁར་འཕུར་བ་ལ་གཤོག་པ་གཉིས་དགོས་ཞེས་པ་ལྟ་བུ། |
| གཤོག་པ་ཅན |
(མངོན་བརྗོད།) 1>རྟ། 2>བྱ། |
| གཤོག་བཀྲ |
(མངོན་བརྗོད།) བྱ་སྲེག་པ། |
| གཤོག་འགྲོ |
(མངོན་བརྗོད།) བྱ་སྤྱིའི་མིང༌། |
| གཤོག་རྩལ |
བྱའི་གཤོག་པའི་འཕུར་རྩལ་ཏེ། (དཔེར་ན།) རྒོད་ཕྲུག་ལ་གཤོག་རྩལ་རྒྱས་པ་དང༌། ངང་ཕྲུག་ལ་རྐྱལ་རྩལ་རྫོགས་པ་བཞིན་མགོ་ཐོན་པ་ཞེས་པ་ལྟ་བུ། |
| གཤོག་ལྗང |
(མངོན་བརྗོད།) ནེ་ཙོ། |
| གཤོག་ལྡན |
(མངོན་བརྗོད།) བྱ། |
| གཤོག་སྒྲ |
གཤོག་ཟུང་འཐབ་པའམ་རྡེབ་པའི་སྒྲ་སྟེ། (དཔེར་ན།) ངང་པའི་ཁྱུ་ཚོགས་གཤོག་སྒྲ་དིར་དིར་སྒྲོག་བཞིན་འཕུར་ཞེས་པ་ལྟ་བུ། |
| གཤོག་སྒྲོ |
བྱའི་གཤོག་པའམ་སྒྲོ་སྟེ། (དཔེར་ན།) གཤོག་སྒྲོ་དར་གྱི་སྐུད་པས་བསྡམས་གྱུར་ན། རྒོད་པོ་ཡིན་ཡང་ནམ་འཕངས་གཅོད་ཐབས་མེད་ཅེས་པ་ལྟ་བུ། མིང་གི་རྣམ་གྲངས་ལ་འགེབས་བྱེད་དང༌། སྒྲོ། འདབ་མ། འདབ་གཤོག་ལུས་འདེགས། གཤོག་པ་བཅས་སོ། ། |
| གཤོགས |
1.གཤོག་པའི་སྐུལ་ཚིག2.བཤག་གི་ད་ལྟ་བ་ལ་གཤོགས་འབྲི་བའང་ཡོད། |
| གཤོང |
1.དམའ་ཞིང་བདེ་བའི་ས་ཆའི་མིང་སྟེ། (དཔེར་ན།) གཤོང་ས། ཁུལ་གཤོང་། ཟི་ཁྲོན་གཤོང་ས་ཞེས་པ་ལྟ་བུ། འདི་ལ་གཤོངས་འབྲི་བའང་ཡོད། 2.གཤོང་བ་ཞེས་པའི་ཚིག་བསྡུས་པ། 3.གཤོངས་ཀྱི་ད་ལྟ་བ། |
| གཤོང |
བཤངས་པའི་ད་ལྟ་བ་སྟེ། (དཔེར་ན།) གྲི་ཤུབས་ནས་གཤོང་མཁན་ཞེས་པ་ལྟ་བུ། |
| གཤོང་གཤོང |
(རྒྱན་ཚིག) དམའ་མོའམ་ཀོང་ཀོང༌སྟེ། (དཔེར་ན།) ས་གཞི་གཤོང་གཤོང་རྣམས་སུ་ཆུ་འཁྱིལ་འདུག་ཅེས་པ་ལྟ་བུ། |
| གཤོང་ཆུ |
ས་ཀོང་མོར་ཡོད་པའི་ཆུ། |
| གཤོང་བ |
1.ཁ་ཡངས་ཤིང་དཔང་དམའ་བའི་སྣོད་སྡེར་མ་ལྟ་བུའི་རིགས་ཀྱི་མིང་སྟེ། (དཔེར་ན།) རྫ་མའི་གཤོང་བ། ཤིང་གི་གཤོང་བ་ཞེས་པ་ལྟ་བུ། ཚིག་བསྡུས་ན་གཤོང་ཞེས་འབྲི་ཆོག་རྫ་གཤོང་། ཤིང་གཤོང་། གཤོང་རྐོ། ལྕགས་གཤོང་ཞེས་པ་ལྟ་བུ།2.(བྱེད་འབྲེལ་ལས་ཚིག) འདྲུ་བ་དང་སེལ་བ་སྟེ། (དཔེར་ན།) གད་སྙིགས་གཤོང་བ། གཙང་པོ་གཤོང་བ་ལྟ་བུ། |
| གཤོང་བུ |
ས་གཞི་ཀོང་ཀོང་ངམ་ཀྱོང་ཀྱོང༌སྟེ། (དཔེར་ན།) མི་ལ་ཡར་དུས་མར་དུས་ཡོད། ས་ལ་སྒང་རེ་གཤོང་རེ་ཡོད་ཅེས་པ་ལྟ་བུ། |
| གཤོང་ཞིང |
ཐང་ལ་ཡོད་པའི་ཞིང༌སྟེ། (དཔེར་ན།) སྒང་ཞིང་གྲོ་སྙེ་སེར་འཁྱིལ་འཁྱིལ། གཤོང་ཞིང་འབྲས་མྱུག་སྔོ་ཐིང་ཐིང༌ཞེས་པ་ལྟ་བུ། |
| གཤོངས |
(བྱེད་འབྲེལ་ལས་ཚིག) བཤངས་ཀྱི་སྐུལ་ཚིག དངོས་རྫས་ཤུབས་སོགས་ཀྱི་ནང་ནས་ཕྱི་ལ་བཏོན་པ་སྟེ། (དཔེར་ན།) གྲི་རིང་ཤུབས་ནས་གཤོངས་ལྟ་བུ། |
| གཤོམ |
1.བཤམ་གྱི་ད་ལྟ་བར་གཤོམ་འབྲི་བའང་ཡོད།2.གྲ་སྒྲིག་བྱེད་པ་དང་འགོད་པ་སྟེ། (དཔེར་ན།) གྲབས་གཤོམ། སྒྲིག་གཤོམ། གཡུལ་གཤོམ་པ་ཞེས་པ་ལྟ་བུ། 3.ཕྱིར་འདོན་པ་སྟེ། (དཔེར་ན།) རལ་གྲི་གཤོམ་པ་ཞེས་པ་ལྟ་བུ། |
| གཤོམ་ར |
1.གྲ་སྒྲིག 2.དངོས་རྫས་སྒྲིག་འགོད་བྱེད་ས། |
| གཤོམ་ར་འཐེན་པ |
(ཡུལ་སྐད།) ཡོད་ཉམས་དང་ཡིན་ཉམས་སྟོན་པའི་དོན། |
| གཤོམས་པ |
གཤོམ་པའི་ད་ལྟ་བའི་འབྲི་སྲོལ་གཞན་ཞིག |
| གཤོར |
1.གཤར་བ་དང་གཤོར་བའི་སྐུལ་ཚིག 2.(བརྡ་རྙིང་།) 1>ཡུར་བ། 2>སྣོད་ཅིག 3>ཐོད་པ། 3.བྲེ་སྲང་ལ་འཇལ་བའི་དོན་ཏེ། (དཔེར་ན།) ལྕི་ཡང་སྲང་ལ་གཤར། འབྲུ་རིགས་བྲེ་ལ་བཤར་ནས་བླངས་ལྟ་བུ། 4.ཚིག་ཡང་ཡང་བཏོན་པའི་དོན་ཏེ། (དཔེར་ན།) དཔེ་ཆ་བློ་ལ་གཤར། བློ་ལ་གཤོར་ཅིག་ལྟ་བུ། |
| གཤོར |
གཤེར་གྱི་སྐུལ་ཚིག |
| གཤོར |
1.(བྱེད་འབྲེལ་ལས་ཚིག) བཤོར་གྱི་ད་ལྟ་བ་དང་སྐུལ་ཚིག ཤ་པགས་སོགས་ལེན་ཆེན་དུ་རི་དྭགས་འཛིན་པ་དང་གསོད་པའི་དོན་ཏེ། (དཔེར་ན།) རི་དྭགས་གཤོར་མཁན། རི་དྭགས་གཤོར་ཅིག་ཅེས་པ་ལྟ་བུ། 2.སྐྱོར་སྦྱོང་གི་དོན་དུ་གོ་བའི་གཤར་གྱི་སྐུལ་ཚིག 3.རྟོག་དཔྱོད་ཀྱི་དོན་དུ་གོ་བའི་བཤེར་གྱི་སྐུལ་ཚིག |
| གཤོར་ཁ་རྒྱག་པ |
འབྲུ་སྲན་སོགས་ཚད་འཇལ་བ། |
| གཤོར་བ |
1.(བྱེད་འབྲེལ་ལས་ཚིག) 1> རི་དྭགས་རྔོན་པའམ་རྔོན་རྒྱག་པ་སྟེ། (དཔེར་ན།) ཉ་གཤོར་བ། ཤ་བ་གཤོར་བ་ཞེས་པ་ལྟ་བུ།2. ཚད་འཇལ་བ་སྟེ། (དཔེར་ན།) འབྲུ་རིགས་འབོ་དང་བྲེ་ལ་གཤོར་བ་ཞེས་པ་ལྟ་བུ། 3..རྩུབ་པོའམ་འཇམ་པོ་མིན་པ་སྟེ། (དཔེར་ན།) དབུ་སྐྲ་གཤོར་བ་ཞེས་པ་ལྟ་བུ། |
| གཤོར་བྲེ |
འབྲུ་སོགས་འཇལ་བྱེད་ཀྱི་བྲེ་སྟེ། (དཔེར་ན།) མང་ཉུང་གཤོར་བྲེ་ལ་འཇལ། ལྗིད་ཡང་རྒྱ་སྲང་ལ་འདེགས་ཞེས་པ་ལྟ་བུ། |
| གཤོལ |
1.ཞིང་ཁ་རྨོ་སློག་བྱེད་པའི་ཡོ་བྱད་ཅིག་སྟེ། (དཔེར་ན།) ཐོང་གཤོལ། གཤོལ་གྱིས་རྨོ་བ་ལྟ་བུ། 2.བཤལ་གྱི་སྐུལ་ཚིག་སྟེ། (དཔེར་ན།) དྲི་མ་རྣམས་ཆུས་གཤོལ་ཅིག་ལྟ་བུ། |
| གཤོལ་ཅན |
(མངོན་བརྗོད།) མ་ཧེ། |
| གཤོལ་པོ |
1.རྨོ་སྤྱད་ཐོང་གཤོལ། 2.རྒྱུ་སྐར་བྱེ་བྲག་པ་ཞིག |
| གཤོལ་བཏབ་པ |
1.ཕྱིར་འཐེན་བྱེད་དུ་བཅུག་པ། 2.ཐོང་གཤོལ་ཞིང་ཁར་བཙུགས་པ། |
| གཤོལ་མགོ |
ཞིང་ཁ་རྨོ་བྱེད་གཤོལ་གྱི་མགོ། |
| གཤོལ་མདའ |
གཤོལ་འཐེན་བྱེད་ཀྱི་ཡུ་བའི་མིང་། |
| གཤོལ་མདའ་འཛིན |
གསེར་གྱི་རི་བདུན་གྱི་ཡ་གྱལ་རིའི་རྩེ་མོ་གསེར་གྱི་གཤོལ་མདའ་ལྟ་བུར་ཡོད་པ། ངོས་རེར་དཔག་ཚད་བཞི་འབུམ་བཞི་ཁྲི་དང༌། མཐའ་སྐོར་དུ་ས་ཡ་གཅིག་དང་བདུན་འབུམ་དྲུག་ཁྲི་ཡོད་པ་ཞིག |
| གཤོལ་རྟེན |
ཐོང་གཤོལ་གྱི་མདའ་རྟེན་ཤིང་རིང་པོ། |
| གཤོལ་ལྕགས |
ཐོང་གཤོལ་གྱི་རྩེ་ལྕགས། |
| གཤོལ་ལྡན |
(མངོན་བརྗོད།) 1>བེ་ཏའི་ཤིང༌། 2>མ་ཧེ། |
| གཤོལ་སྤྱད |
ཐོང་གཤོལ་གྱི་ཡན་ལག |
| གཤོས |
1.(བྱེད་འབྲེལ་ལས་ཚིག) གཤོ་ཡི་འདས་པ། ཆུའི་ཤུགས་ཀྱིས་ས་ལ་ཤུལ་བཏོད་པའི་དོན་ཏེ། (དཔེར་ན།) ཆུས་ས་གཤོས་ནས་གྲོ་མོ་བྱུང་། ཆུས་རྐ་གཤོས་ལྟ་བུ།2.(བརྡ་རྙིང་།) འཁྲིག་པ། 3.བཤོ་ཡི་འདས་པ་དང་སྐུལ་ཚིག་ལ་གཤོས་འབྲི་བའང་ཡོད། |
| གས |
1.སེར་ཁའི་མིང་སྟེ། (དཔེར་ན།) ཤིང་གི་གས་ཁ། གྱང་གི་གས་སྲུབས་ཞེས་པ་ལྟ་བུ། 2.(བྱེད་མེད་ལས་ཚིག) དངོས་རྫས་ལ་སེར་ཁ་བྱུང་བའི་དོན་ཏེ། (དཔེར་ན།) ཤིང་གས། རྡོ་གས་སྲིད་ལྟ་བུ། |
| གས་ཁ |
སེར་ཀའི་གས་སྲུབས་ཏེ། (དཔེར་ན།) སྒོའི་གས་ཁ་ནས་ཡར་བལྟས་ཞེས་པ་ལྟ་བུ། |
| གས་ཆག |
སེར་གས་དང་ཆག་གྲུམ་སྟེ། (དཔེར་ན།) དཀར་ཡོལ་གས་ཆག་ཅན་ཞེས་པ་ལྟ་བུ། |
| གས་པ |
(བྱེད་མེད་ལས་ཚིག) འགས་པའི་འདས་པ། |
| གས་འཕན |
སེར་ཁ་གས་པའི་སྐྱོན། |
| གས་འཕུལ |
སྔོན་འཇུག་ག་ཡིག་འཇུག་རུང་བའི་ཡེ་གེ |
| གས་སྲུབས |
སེར་ག་སྟེ། (དཔེར་ན།) ། དཀར་ཡོལ་དེ་ཚོའི་ནང་ནས་གས་སྲུབས་མེད་པ་ཞིག་ཁྱེར་ཤོག རྩིག་པ་དེར་གས་སྲུབས་ཆེན་པོ་བྱུང་འདུག་ཅེས་པ་ལྟ་བུ། |
| གསག |
1.(བརྡ་རྙིང་།) 1>མ་ཚོར་བ། 2>མྱུར་བ། 2.ཟུར་གྱི་དོན་ཏེ། (དཔེར་ན།) གསག་གིས་འགྲོ་བ་ལྟ་བུ། 3.(བྱེད་འབྲེལ་ལས་ཚིག) །གསོག་གི་མ་འོངས་པའི་འབྲི་ཚུལ་གཞན། |
| གསག་གཅོད |
པར་རྐོ་བའི་ཡིག་རིས་དངོས་གཞི་རྐོ་སྤྱད་ཅིག |
| གསག་གསིར |
1.(བརྡ་རྙིང་།) བང་བརྒྱུགས་ཏེ་མཆོང་བ། (རྒྱན་ཚིག) སྒྲ་གྲགས་ཚུལ་ཞིག་སྟེ། (དཔེར་ན།) མེ་ནང་དུ་ཆུ་བླུགས་པས་གསག་གསིར་གྲགས་ཞེས་པ་ལྟ་བུ། |
| གསགས་ཀ |
གསེག་ཀ་དང་འདྲ། |
| གསང |
1.(བྱེད་འབྲེལ་ལས་ཚིག) གསོང་བའི་མ་འོངས་པ་དང་འདས་པ། སྦེད་པ་དང་ཀུན་ལ་ཤེས་སུ་འཇུག་མི་རུང་བའི་དོན་ཏེ། (དཔེར་ན།) དམག་དོན་དགྲ་ཟླ་ལ་གསང་དགོས། གསང་བྱའི་དམག་དོན། རང་སྐྱོན་གསང་ནས་གཞན་སྐྱོན་མ་བཤད་ལྟ་བུ། 2.ཀུན་ལ་ཤེས་སུ་འཇུག་མི་རུང་བའི་གནས་དང་བྱ་སྤྱོད་ཀྱི་མིང་སྟེ། (དཔེར་ན།) གསང་དོན། གསང་ཁེབས། གསང་ཡི་ཅེས་པ་ལྟ་བུ། |
| གསང་ཁང |
1.གསང་བའི་ཁང་པ། 2.གསང་སྤྱོད་དམ། ཕྱི་ས་ཁང༌། |
| གསང་ཁུང |
1.བཤང་ལམ། 2.གསང་སྤྱོད་ཀྱི་བཤང་གཅི་འདོར་སའི་བུག་པ། |
| གསང་ཁེབས |
འདོམས་སོགས་ལུས་ཀྱི་ཆ་ཤས་སྒྲིབ་བྱེད་ཀྱི་ལྭ་བའི་རིགས་ཀྱི་སྤྱི་མིང་། |
| གསང་གཏམ |
གསང་བའི་སྐད་ཆ་སྟེ། (དཔེར་ན།) གསང་གཏམ་འགྲོལ་བ། གསང་གཏམ་གཞན་ལ་མ་བཤད་ཅེས་པ་ལྟ་བུ། |
| གསང་གནད |
ཡོངས་གྲགས་མིན་པའི་གནད་འགག |
| གསང་གནས |
1.ཕོ་མོའི་མཚན་མ། 2.གསང་བའི་ས་གནས། |
| གསང་གནས་བདེ་སྐྱོང་གི་འཁོར་ལོ |
གསང་གནས་ཐད་ཀྱི་དབུ་མ་ལས་གྱེས་པའི་རྩ་འདབ་སོ་གཉིས་གདུགས་ཀྱི་རྩིབས་མ་ལྟར་ཁ་མར་ཕྱོགས་པ། |
| གསང་གྲོས |
གསང་བའི་གྲོས་མོལ། |
| གསང་ཆ |
1.སྦ་གསང༌། གསང་ཆ་བྱེད་པ། 2.ལྐོག་ནས་བཏང་བའི་ཡིག་ཆའམ་འཕྲིན། |
| གསང་ཆབ |
གཅིན་པའི་དོན་ཏེ། (དཔེར་ན།) གསང་ཆབ་གསིལ་བ་ཞེས་པ་ལྟ་བུ། |
| གསང་ཆེན་བསྟན་པའི་གསལ་བྱེད |
གསང་སྔགས་འཛིན་སྤེལ་བྱེད་མཁན། |
| གསང་ཉུལ |
གསང་བའི་སྒོ་ནས་གཞན་གྱི་བྱ་སྤྱོད་ལ་སོ་ལྟ་ཚོད་ཉུལ་བྱེད་མཁན། |
| གསང་ཐག |
གཞན་གྱིས་མི་མངོན་པར་གློད་འཐེན་བྱེད་པའི་ཐག་པ། |
| གསང་དབང |
1.མཆོག་དབང་གོང་མ་གསུམ་གྱི་ཡ་གྱལ་ཞིག་བླ་མ་ཡབ་ཡུམ་གྱི་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་སློབ་མའི་ངག་ལ་བསྐུར་ཞིང་ངག་གི་དྲི་མ་དག་ལམ་རྩ་རླུང་གི་རྣལ་འབྱོར་བསྒོམ་པ་དང་སྔགས་བཟླ་བ་ལ་དབང༌། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་བ་རྒྱུད་ལ་འཇོག་བྱེད་ཀྱི་དབང༌། 2.(མངོན་བརྗོད།) ཕྱག་ན་རྡོ་རྗེ། |
| གསང་དོན |
གསང་བའི་དོན་གནད་དེ། (དཔེར་ན།) གསང་དོན་ནང་མ་ཞེས་པ་ལྟ་བུ། |
| གསང་པོ |
ཡངས་པོའམ་འཁྲོལ་པོ་སྟེ། (དཔེར་ན།) སྐད་གསང་པོ། ཁ་གསང་པོ་ཞེས་པ་ལྟ་བུ། |
| གསང་ཕུ |
སྐྱིད་ཤོད་སྨད་ཀྱི་གསང་ཕུ་ཞེས་པའི་ཡུལ་དང་དགོན་པ། |
| གསང་ཕུ་དགོན་པ |
གསང་ཕུ་ནེའུ་ཐོག་དང་དོན་གཅིག |
| གསང་ཕུ་ནེའུ་ཐོག |
རབ་བྱུང་དང་པོའི་ཆུ་གླང་ལོར་ཨ་ཏི་ཤའི་དགེ་ཕྲུག་རྔོག་ལེགས་པའི་ཤེས་རབ་ཀྱིས་བཏབ་ཅིང༌། རྗེས་སུ་ཨ་ཏི་ཤའི་དགེ་ཕྲུག་བློ་ལྡན་ཤེས་རབ་ཀྱིས་བསྐྱར་འདེབས་བྱས་པའི་དགོན་པ་ཞིག |
| གསང་ཕུའི་དབྱར་ཆོས |
གསང་ཕུ་ནེའུ་ཐོག་དགོན་པར་དབྱར་དུས་འཚོགས་པའི་ཆོས་ར། |
| གསང་བ |
1.(བྱེད་འབྲེལ་ལས་ཚིག) གཞན་ལ་སྦེད་པའི་དོན་དུ་གོ་བའི་འདས་དང་མ་འོངས་པའི་བྱ་མིང་།2.གཞན་ལ་མངོན་མི་རུང་བའི་དོན་དང་བྱ་སྤྱོད་དེ། (དཔེར་ན།) གསང་བའི་དམག་དོན། གསང་བའི་བྱ་སྤྱོད་ཅེས་པ་ལྟ་བུ། |
| གསང་བ་གསུམ |
སྐུའི་གསང་བ་དང༌། གསུང་གི་གསང་བ། ཐུགས་ཀྱི་གསང་བའོ། ། |
| གསང་བ་དབང་བསྒྱུར་ཐབས་ཀྱི་ཐེག་པ |
མ་ཧཱ། ཨ་ནུ། ཨ་ཏི་གསུམ་སྟེ་རྙིང་མའི་ཐེག་པ་རིམ་དགུའི་ནང་གསེས་ཤིག |
| གསང་བ་དམ་པོ |
1.ཧ་ཅང་གསང་བ། 2.གཞན་ལ་མི་སྟོན་པའི་དངོས་པོའམ་ནང་དོན། |
| གསང་བ་ཟབ་མོའི་དབང་གསུམ |
མ་ཧཱ་ཡོ་གའི་འཇུག་སྒོ་སྤྱོད་པའི་བརྟུལ་ཞུགས་ཅན་ལ་གསང་དབང༌། རིག་པའི་བརྟུལ་ཞུགས་ཅན་ལ་ཤེས་རབ་ཡེ་ཤེས་ཀྱི་དབང༌། མཉམ་པའི་བརྟུལ་ཞུགས་ཅན་ལ་དབྱེར་མེད་བདེ་བ་ཆེན་པོའི་དབང་བཅས་གསུམ། |
| གསང་བ་འདུས་པ |
བླ་མེད་ཕ་རྒྱུད་ཀྱི་ལམ་དང་འབྲས་བུའི་གསང་བའི་གནད་ཐམས་ཅད་འདུས་པའི་རྒྱུད་དང༌། དེའི་ཡི་དམ་ཞིག |
| གསང་བ་འཛིན |
(མངོན་བརྗོད།) ཕྱག་ན་རྡོ་རྗེ། |
| གསང་བདག |
1.གསང་བའི་བདག་པོ། 2.(མངོན་བརྗོད།) རྣམ་ཐོས་སྲས། |
| གསང་བའི་གསུང |
ལྐོག་ཏུ་གདམས་པའི་བཀའ་དང་ནང་དོན་གྱི་བསླབ་བྱ། |
| གསང་བའི་ཐེག་པ |
གསང་སྔགས་ནི་ཉན་ཐོས་སོགས་སྣོད་མིན་ལ་སྦ་བའི་ཕྱིར་གསང་བའི་ཐེག་པ་ཞེས་བྱའོ། ། |
| གསང་བའི་ནད |
སྐྱེས་པ་དང་བུད་མེད་ཀྱི་མཚན་མའི་ནད། |
| གསང་བའི་པད་མ |
(མངོན་བརྗོད།) བུད་མེད་ཀྱི་རྟགས། |
| གསང་བའི་བདག་པོ |
(མངོན་བརྗོད།) 1>རྣམ་ཐོས་སྲས། 2>ཕྱག་ན་རྡོ་རྗེ། |
| གསང་བའི་བླ་མ |
(མངོན་བརྗོད།) ལྷ་དབང་ཕྱུག་ཆེན་པོ། |
| གསང་བའི་འཁོར་ལོ |
(མངོན་བརྗོད།) མོ་མཚན། |
| གསང་བའི་ལྷོང |
གེགས་སམ་བར་ཆད་དེ་ཁྲོ་བ་དང་ཡིད་མུག་པ་ལྟ་བུ། |
| གསང་བའི་སྙིང་པོ |
1.གང་བྱུང་ལ་མི་སྟོན་པའི་གནད་འགག 2.གསང་བའི་གཟུངས་སྔགས། |
| གསང་བརྡ |
ལྐོག་ནས་གཏོང་བའི་བརྡའམ་གཞན་ལ་དོ་སྣང་འདྲེན་དཀའ་བའི་ཆེད་བཀོད་བརྡ་རྟགས་སོགས་ཀྱི་དོན་ཏེ། (དཔེར་ན།) གསང་བརྡ་གཏོང་བ། གསང་བརྡ་སྤྲད་པ་ཞེས་པ་ལྟ་བུ། |
| གསང་མཚན |
གསང་སྔགས་ཀྱི་དབང་བསྐུར་སྐབས་བཏགས་པའི་མིང༌། |
| གསང་མཛོད |
1.ཐུགས་དགོངས་སུ་ཡོད་པའི་གསང་བའི་བང་མཛོད་དེ། (དཔེར་ན།) མན་ངག་སློབ་དཔོན་ཐུགས་ལ་གནས། དགོངས་པའི་གསང་མཛོད་ལོན་ཐབས་འཚལ་ཞེས་པ་ལྟ་བུ།2.གཞན་གྱི་མི་ཤེས་སར་སྦས་པའི་མཛོད་ཁང་། |
| གསང་ཚིག |
1.གསང་བའི་སྐད་ཆ། 2.སྔགས་ཀྱི་བརྡ་སྐད། |
| གསང་འདུས |
གསང་བ་འདུས་པའི་བསྡུས་ཚིག |
| གསང་ཡུམ |
སྔགས་ལུགས་ཀྱི་བླ་སྤྲུལ་གྱིས་བསྟེན་པའི་བདག་མོ། |
| གསང་རྒྱ |
གསང་བ་དམ་པོའི་དོན་ཏེ། (དཔེར་ན།) གསང་རྒྱ་འགྲོལ་བ། གསང་རྒྱ་བསྡམས་པ་ཞེས་པ་ལྟ་བུ། |
| གསང་རྟགས |
མི་མངོན་པའི་རྟགས་མཚན། |
| གསང་ས |
1.ས་གནད་ཀྱི་འདུས་མདོ། 2.སྦ་གསང་བྱ་སའི་ཡུལ། |
| གསང་སྐུད |
གསང་བའི་སྒོ་ནས་བརྡ་གཏོང་ངམ། གློད་འཐེན་བྱེད་པའི་སྐུད་པ་སྟེ། (དཔེར་ན།) གསང་སྐུད་འཐེན་པ། ཕོ་མོའི་བར་གསང་སྐུད་འཐེན་མཁན་ཞེས་པ་ཞེས་པ་ལྟ་བུ། |
| གསང་སྒྲོ |
གསང་གནས་ཀྱི་གཤམ་དུ་འཕྱང་བའི་སྒྲོ་བ་སྐྱེས་པའི་རླིག་པའི་མིང་གི་རྣམ་གྲངས་ཤིག |
| གསང་སྔགས |
ཤེས་རབ་སྟོང་པ་ཉིད་དང་ཐབས་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པའི་སྒོ་ནས་ཡིད་མཚན་རྟོག་ལས་སྐྱོབ་པར་བྱེད་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཏེ། གསང་ཞིང་སྦས་པས་འགྲུབ་ལ། སྣོད་མིན་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས་གསང་སྔགས་ཞེས་བྱའོ། ། |
| གསང་སྔགས |
སངས་རྒྱས་ཆོས་ལུགས་ཀྱི་ཡ་གྱལ་ཞིག་གི་མིང་། |
| གསང་སྔགས་ཀྱི་ཁྱད་ཆོས་བཞི |
རྒྱུ་མཚན་ཉིད་ཀྱི་ཐེག་པ་ལས་འབྲས་བུ་སྔགས་ཀྱི་ཐེག་པ་ཁྱད་དུ་འཕགས་པའི་ཆོས་བཞི་མཐར་འབྲས་སངས་རྒྱས་དོན་དུ་གཉེར་བར་གཅིག་པ་ཡིན་ཀྱང༌། ལམ་གྱི་འཇུག་སྒོ་དབང་སྐུར་བ་སྔོན་དུ་སོང་ནས་ལྷ་སྒོམ་ཞིང་སྔགས་བཟླ་བ་སོགས་ཐབས་ཀྱི་ཆ་ལ་མ་རྨོངས་པ་དང༌། གདུལ་བྱའི་ཁམས་དབང་དང་མཐུན་པར་བྱ་སྤྱོད་རྣལ་འབྱོར་སོགས་རྒྱུད་སྡེའི་དབྱེ་སྒོ་མཐའ་ཡས་པའི་ཕྱིར་ཐབས་མང་བ་དང༌། དཀའ་ཐུབ་སོགས་ཚེགས་ཆེན་པོ་ལ་མ་སྟོས་པར་ཐབས་ཀྱི་སྤྱོད་པས་དཀའ་བ་མེད་པར་ས་ལམ་བགྲོད་པ་དང༌། དབང་རྣོན་ཐེག་པ་ཆེན་པོའི་རིགས་ཅན་གྱི་ཡུལ་དུ་གྱུར་པ་རྣམས། |
| གསང་སྔགས་ཀྱི་གདུལ་བྱ་བཞི |
གསང་སྔགས་རྒྱུད་སྡེ་བཞིའི་ལམ་གྱིས་གདུལ་བར་བྱ་བའི་ཡུལ་ནི་རིགས་བཞི་ལྟ་བ་དང༌། དགོད་པ། ལག་བཅངས། གཉིས་གཉིས་འཁྱུད་པ་སྟེ་འདོད་ཡོན་ལ་ཆགས་པ་ལམ་དུ་བྱེད་ཚུལ་མི་འདྲ་བ་བཞིའོ། ། |
| གསང་སྔགས་ཀྱི་དམ་ཚིག |
རྡོ་རྗེ་འཆང་གིས་ཇི་ལྟར་གསུངས་པའི་བཅས་པ་ལས་མི་འདའ་བར་ཉམས་སུ་ལེན་པའི་ཁས་ལེན་དམ་བཅའ། |
| གསང་སྔགས་ཀྱི་བབས་སོ་གསུམ |
གངས་རིའི་ཁྲོད་དུ་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་དང་པོ་གཉགས་ཛྙཱ་ན་ཀུ་མ་ར་ལ་བབས། བར་དུ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ལ་བབས། མཐའ་མར་ཟུར་ཤཱཀྱ་འབྱུང་གནས་ལ་བབས། དེ་ལས་གཉགས་དང་གནུབས་རྣམ་གཉིས་ནི་དུས་རབས་བརྒྱད་པ་དང༌། ཟུར་ནི་དུས་རབས་བཅུ་པར་བྱུང༌། |
| གསང་སྔགས་ཀྱི་རྣལ་འབྱོར་པ |
གསངས་སྔགས་ཀྱི་ཆོས་ཉམས་སུ་ལེན་མཁན། |
| གསང་སྔགས་ཀྱི་སྡོམ་པ |
རྡོ་རྗེ་འཆང་གིས་འདི་དང་འདི་བྱ་དགོས་སོ་ཞེས་གསུངས་པ་ལྟར་མི་བྱེད་པ་དང༌། འདི་དང་འདི་མི་བྱའོ་ཞེས་གསུངས་པ་ལས་ལྡོག་ནས་བྱེད་པའི་ཉེས་སྤྱོད་རྣམས་བསྲུང་ཞིང་སྡོམ་པར་བྱེད་པའི་ཚུལ་ཁྲིམས། |
| གསང་སྔགས་ཀྱི་སྣོད |
གསང་སྔགས་ཀྱི་ཆོས་བསྟན་བྱའི་ཡུལ་ལམ་གདུལ་བྱའི་གང་ཟག་འབྲས་བུ་མྱུར་དུ་འགྲུབ་པའི་ལམ་ལ་འཇུག་པས་དབང་པོ་རྣོ་བ་དང༌། དབང་གིས་རྒྱུད་སྨིན་པར་བྱས་པ་དང༌། རྩ་བ་དང་ཡན་ལག་གི་དམ་ཚིག་བསྲུང་བ་མཚན་ཉིད་དེ་གསུམ་དང་ལྡན་པའི་གང་ཟག་ནི་གསང་སྔགས་ཀྱི་སྣོད་དུ་རུང་བའོ། ། |
| གསང་སྔགས་གསར་མ |
དུས་རབས་བཅུ་གཅིག་པར་ལོ་ཙཱ་བ་རིན་ཆེན་བཟང་པོ་ཕྱིན་ཆད་དུ་བསྒྱུར་པའི་རྒྱུད་རྣམས། |
| གསང་སྔགས་གསར་མ་པ |
ལོ་ཆེན་རིན་བཟང་གི་དུས་ཚུན་དུ་བསྒྱུར་པའི་གསང་སྔགས་ཀྱི་གྲུབ་མཐའ་འཛིན་མཁན་སྤྱི། |
| གསང་སྔགས་ཆོས་རྫོང |
ས་མིང་ཞིག་སྟེ། བོད་ཀྱི་རྫ་ཡུལ་རྫོང་གི་མིང་རྙིང༌། |
| གསང་སྔགས་རྒྱལ |
(མངོན་བརྗོད།) རྡོ་རྗེ་འཆང༌། |
| གསང་སྔགས་རྗེས་འཛིན་མ |
གཟུངས་ཆེན་གྲྭ་ལྔའི་ནང་ཚན་ཞིག |
| གསང་སྔགས་རྙིང་མ |
སྤྱི་ལོའི་དུས་རབས་བདུན་པའི་འགོར། རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་རྒྱ་གར་གྱི་སློབ་དཔོན་ཀུ་སཱ་ར་སོགས་གདན་དྲངས་ནས་གསང་སྔགས་ཀྱི་ཆོས་མང་པོ་བསྒྱུར། དེ་རྗེས་དུས་རབས་བརྒྱད་པའི་ནང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་རྒྱ་གར་ནས་སློབ་དཔོན་པད་མ་སམ་བྷ་བ་དང༌། པཎ་ཆེན་བི་མ་ལ་མི་ཏྲ་སོགས་རྒྱ་གར་གྱི་སློབ་དཔོན་མང་པོ་བོད་དུ་གདན་དྲངས་ནས་གསང་སྔགས་ཀྱི་ཆོས་མང་པོ་བསྒྱུར། དེ་ནས་དུས་རབས་བཅུ་པའི་མཇུག་པཎྜི་ཏ་སྨྲི་ཏི་བོད་དུ་སླེབས་པའི་བར་བསྒྱུར་པའི་གསང་སྔགས་ཀྱི་ཆོས་རྣམས་ལ་གསང་སྔགས་རྙིང་མ་ཟེར། |
| གསང་སྔགས་རྡོ་རྗེ་ཐེག་པ |
བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་བཅས་ཀྱི་བསྟན་དོན་འབྲས་བུ་སྔགས་ཀྱི་ཐེག་པ། |
| གསང་སྟེ་སྟོན་པའི་སློབ་དཔོན |
ཁ་སྐོང་གི་ཆོས་དང་ལྡན་ཞིང༌། འགྲོ་བ་བཞི་དང་བྲལ་བ་ལྐོག་ཏུ་བར་ཆད་དྲི་བ་ལ་མཁས་པ་དགེ་འདུན་གྱིས་གསོལ་བ་འབའ་ཞིག་པའི་ལས་ཀྱི་གསང་སྟོན་དུ་བསྐོས་ནས་བསྒྲུབ་བྱ་ལ་ལྐོག་ཏུ་བར་ཆད་དྲིས་ཏེ་དགེ་འདུན་ལ་གོ་བར་བྱེད་པའི་དགེ་སློང་ངོ་། ། |
| གསང་སྟོན |
བསྙེན་རྫོགས་ཀྱི་ཆོ་ག་ལག་ལེན་བྱེད་སྐབས་ཀྱི་མཁན་པོ་གཉིས་པའི་མིང་། |
| གསང་སྤྱོད |
1.བཤང་གཅི་འདོར་སའི་ཁང་པ་སྟེ། (དཔེར་ན།) གཡང་གྲལ་སྒྲིག་སྐབས་ཕྱི་མ། གསང་སྤྱོད་འདོན་དུས་ནང་མ་ཞེས་པ་ལྟ་བུ། 2.འཁྲིག་པ། |
| གསང་སྦེད |
མི་མངོན་པར་སྦེད་པ་སྟེ། (དཔེར་ན།) རང་གི་བསམ་བློ་གསང་སྦེད་མི་བྱེད་ཅེས་པ་ལྟ་བུ། |
| གསང་སློབ |
དགེ་སློང་གི་སྡོམ་པ་གནང་མཁན་ཞིག་སྟེ། གསང་སྟེ་སྟོན་པའི་སློབ་དཔོན། |
| གསངས་པ |
གསང་བའི་འདས་པ། |
| གསད |
བསད་པའི་མ་འོངས་པ་སྟེ། (དཔེར་ན།) གསད་བྱའི་སྤྱང་ཀི་གསད་དགོས་ལྟ་བུ། |
| གསད་པ |
གསོད་པའི་མ་འོངས་པ། |
| གསན |
གསོན་པའི་མ་འོངས་པ་དང་འདས་པ་སྟེ། (དཔེར་ན།) གསན་བྱའི་སྒྲ་སྙན། སྒྲ་སྙན་ལ་གསན་ནས་སྤྲོ་བ་སྐྱེས་ལྟ་བུ། |
| གསན་པ |
ཉན་པའི་དོན་དུ་གོ་བའི་འདས་པ་དང་མ་འོངས་པའི་བྱ་མིང་། |
| གསན་བཞེས |
ཉན་འཇོག་གི་དོན་ཏེ། (དཔེར་ན།) བསམ་འཆར་གསན་བཞེས་གནང་ཞེས་པ་ལྟ་བུ། |
| གསབ |
(བྱེད་འབྲེལ་ལས་ཚིག) བསབས་པའི་ད་ལྟ་བ་སྟེ། (དཔེར་ན།) ཁ་གསབ་མཁན། ཁ་གསབ་ཀྱིན་འདུག་ལྟ་བུ། |
| གསབ་ཆ |
ཁ་གསབ་བྱེད་དངོས་རིགས་ཏེ། (དཔེར་ན།) འཚོ་བའི་གསབ་ཆ། གུན་གསབ་དངོས་རྫས་ཞེས་པ་ལྟ་བུ། |
| གསབ་པ |
བསབས་པའི་ད་ལྟ་དང་མ་འོངས་པའི་བྱ་མིང་། |
| གསབ་ཚིག |
ཁ་སྐོང་གི་ཚུལ་དུ་བྲིས་པའི་ཚིག |
| གསའ |
རྫ་རི་མཐོ་སར་ཡོད་པའི་གཟིག་གི་རིགས་ཤིག་ཡུལ་སྐད་དུ་རྩྭ་གཟིག་དང་། སྲོག་ཆགས་རིག་པའི་ནང་དུ་གངས་གཟིག་ཟེར། |
| གསའ་མ་གཟིག |
གཅན་གཟན་ཞིག |
| གསའ་ཡས |
གྲངས་གནས་ཤིག |
| གསར |
(རྒྱན་ཚིག) གསར་རྙིང་གི་གསར་བ་སྟེ། (དཔེར་ན།) འོ་མ་གསར་བ། ཤ་གསར་ཞེས་པ་ལྟ་བུ། |
| གསར་གཏོད |
སྔར་མེད་ཀྱི་ཐབས་ཚུལ་གསར་དུ་འདོན་པ་སྟེ། (དཔེར་ན།) གསར་གཏོད་པ། ལམ་ལུགས་གསར་གཏོད་བྱས་པ། ཡིག་སྲོལ་གསར་གཏོད། མཚོ་ལམ་གསར་གཏོད་ཅེས་པ་ལྟ་བུ། |
| གསར་གྲོགས |
གསར་དུ་འགྲོགས་པའི་གྲོགས། |
| གསར་ངད |
དྲི་ངད་གསར་བ་སྟེ། (དཔེར་ན།) གྱོན་པའི་གསར་ངད། གསར་ངད་ཉམས་པ་ཞེས་པ་ལྟ་བུ། |
| གསར་ཐོག |
1.སྟོན་ཐོག་གསར་པ། 2.གསར་པའི་སྒང་ངམ་གསར་དུས། |
| གསར་དར |
གསར་དུ་དར་འཕེལ་བྱུང་བ། |
| གསར་པ |
སོ་མ་དང་དང་པོ་སྟེ། (དཔེར་ན།) མི་གསར་པ། གྱོན་པ་གསར་པ། ལོ་གསར། མི་རྙིང་པ་དགའ། གོས་གསར་པ་དགའ། དམག་དཔུང་གི་བཀོད་པ་གསར་པ་ཞིག་བསྒྲིགས་ཞེས་པ་ལྟ་བུ། |
| གསར་པ་གསར་རྐྱང |
ཐོན་མ་ཐག་ལ་གསར་ངད་མ་ཡལ་བ་སྟེ། (དཔེར་ན།) རླངས་འཁོར་གསར་པ་གསར་རྐྱང༌། གྱོན་པ་འདི་བཟོས་མ་ཐག་པའི་གསར་པ་གསར་རྐྱང་ཡིན་ཞེས་པ་ལྟ་བུ། |
| གསར་བཅོས |
གསར་དུ་བཅོས་པ། |
| གསར་བཏོད |
མིའི་རྩོལ་བར་བརྟེན་ནས་སྔར་མེད་གསར་དུ་སྲོལ་བཏོད་པའམ་འབྱུང་དུ་བཅུག་པའི་བྱ་དངོས་ཀྱི་མིང་སྟེ། (དཔེར་ན།) པར་རྒྱག་པའི་ལག་རྩལ་ནི་ནུབ་ཕྱོགས་མི་དམངས་ཀྱིས་ཐོག་མར་གསར་བཏོད་བྱས་པ་ཞིག་རེད་ལྟ་བུ། |
| གསར་བཟོས |
གསར་དུ་བསྐྲུན་པའི་དངོས་པོ། |
| གསར་བརྗེ |
བརྟན་ཆགས་པའི་ལུགས་སྲོལ་ལ་བཅོས་བསྒྱུར་གྱིས་རྙིང་ཚབ་གསར་པར་བརྗེ་བ་སྟེ། (དཔེར་ན།) རིག་གནས་གསར་བརྗེ། ཆབ་སྲིད་གསར་བརྗེ་ཞེས་པ་ལྟ་བུ། |
| གསར་བུ |
གཉེན་སྒྲིག་གི་ན་ཚོད་ནས་དར་མའི་བར་རམ། ལས་དོན་ཞིག་སྒྲུབ་པར་ཞུགས་ནས་ཡུན་རིང་མ་ལོན་པའི་དོན་ཏེ། (དཔེར་ན།) བྱིས་པ་དང་གསར་བུ། བཟོ་ཕྲུག་གསར་བུ་པ་ཞེས་པ་ལྟ་བུ། |
| གསར་བུ་བ |
གསར་བུ་དང་འདྲ། |
| གསར་མ |
1.སངས་རྒྱས་ཆོས་ལུགས་ཀྱི་ཡ་གྱལ་གསང་སྔགས་ལ་གསར་རྙིང་གཉིས་ཡོད་པའི་གསར་མ། 2.ལུགས་སྲོལ་དང་གྲུབ་མཐའ་སོགས་རྙིང་བ་བཅོས་ནས་གསར་བ་བཙུགས་པ་སྟེ། (དཔེར་ན།) སྨན་གཞུང་གསར་མ་ཞེས་པ་ལྟ་བུ། |
| གསར་མ་བ |
ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་མན་ཆད་གསང་སྔགས་ཀྱི་རྒྱུད་བོད་དུ་བསྒྱུར་པའི་སྲོལ་འཛིན་པ་པོ་རྣམས་ལ་གསར་མ་བ་ཟེར། |
| གསར་ཚེས |
ལོ་ཟླ་ཞག་དུས་སོགས་ཀྱི་འགོ་གསར་དུ་ཤར་བ་སྟེ། (དཔེར་ན།) གནམ་ལོ་གསར་ཚེས། དུས་རབས་གསར་ཚེས། གསར་བཟོ། གསར་དུ་བཟོ་བ། ལ་ལམ་མེད་ལ་ལམ་བུ་གསར་དུ་བཟོས། ཆུ་ཟམ་མེད་ལ་ཟམ་པ་གསར་དུ་བཙུགས་ལྟ་བུ། |
| གསར་འགྱུར |
གནས་ཚུལ་དང་འགྱུར་ལྡོག་གསར་པ་སྟེ། (དཔེར་ན།) གསར་འགྱུར་ཁང༌། གསར་འགྱུར་འགོད་མཁན། གསར་འགྱུར་མདོར་བསྡུས། གསར་འགྱུར་ཕྱོགས་བསྡུས་ཞེས་པ་ལྟ་བུ། |
| གསར་འགྲོགས་པ |
ཨ་གསར་ཅན། |
| གསར་འཐོམ་པ |
སྔར་གྲྭ་པ་གསར་ཞུགས་མཁན་ལ་སྨད་པའི་ཚིག |
| གསར་འོངས |
(མངོན་བརྗོད།) མགྲོན་པོ། |
| གསར་རྐྱང |
རྙིང་བའི་གཡའ་དག་པའི་དོན་ཏེ། (དཔེར་ན།) གྱོན་གོས་གསར་པ་གསར་རྐྱང༌། བཟོ་དབྱིབས་གསར་རྐྱང༌ཞེས་པ་ལྟ་བུ། |
| གསར་རྙིང |
གསར་པ་དང་རྙིང་བའི་བསྡུས་ཚིག |
| གསར་སྐྱེས |
1.མི་ཕྱུགས་སོགས་ཀྱི་ཕྲུ་གུ། 2.ཐོལ་སྐྱེས་ཏེ། (དཔེར་ན།) དྲན་བློ་གསར་སྐྱེས། ལྗང་མྱུག་གསར་སྐྱེས། གསར་སྐྱེས་བུ་ཕྲུག གསར་སྐྱེས་སྟོབས་ཤུགས་ཞེས་པ་ལྟ་བུ། 3.(མངོན་བརྗོད།) ལོ་ཏོག་དང་མེ་ཏོག་སོགས་ཀྱི་མྱུ་གུ། |
| གསར་སྐྲུན |
གསར་དུ་བཟོ་བ་སྟེ། (དཔེར་ན།) ཆུ་བེད་གསར་སྐྲུན་བྱས་པ། འཕྲུལ་འཁོར་གསར་སྐྲུན་བྱས་པ་ལྟ་བུ། |
| གསར་སྤྲོས |
དང་ཐོག་མེད་བཞིན་དུ་གསར་སྐྱེད་བྱས་པ་སྟེ། (དཔེར་ན།) ཁྲལ་ལུགས་གསར་སྤྲོས། དཔེ་དབྱིབས་གསར་སྤྲོས། སྔར་མེད་གསར་སྤྲོས་ཞེས་པ་ལྟ་བུ། |
| གསར་སྦོལ |
ས་ཞིང་ཚལ་ཞིང་སོགས་གསར་དུ་ཕྲུ་སློག་རྒྱག་པ་སྟེ། (དཔེར་ན།) ས་སྟོང་འབོར་ཆེན་གསར་སྦོལ་བྱས་པ། གསར་སྦོལ་ས་ཞིང༌ཞེས་པ་ལྟ་བུ། |
| གསལ |
(རྒྱན་ཚིག) 1>འོད་སྣང་ཆེ་བའི་དོན་ཏེ། (དཔེར་ན།) ཉི་མ་འོད་གསལ་བ། འོད་གསལ་བའི་ལམ་ཆེན་ལ་འགྲོ། གློག་སྒྲོན་རབ་ཏུ་གསལ་ལྟ་བུ།2>སྒྲིབ་བྱེད་དང་ནག་ནོག་མེད་པའི་དོན་ཏེ། (དཔེར་ན།) དཔེ་ཆ་འདིའི་ཡི་གེ་ཧ་ཅང་གསལ། ཡི་གེ་ཧ་ཅང་གསལ་བོ་རེད། དཔེ་ཆ་གསལ་མོ་ལ་བལྟས། གསལ་བར་མངོན། གསལ་རྗེན་དུ་ཕྱུང་ལྟ་བུ། 3.གོ་སླ་བའི་དོན་ཏེ། (དཔེར་ན།) ཚིག་བདེ་ཞིང་ཁ་གསལ་བ་ཞེས་པ་ལྟ་བུ། |
| གསལ་ཁ |
ལྐོག་ཏུ་གྱུར་པ་མ་ཡིན་པའམ་ཐེ་ཚོམ་མེད་པའི་དོན་ཏེ། (དཔེར་ན།) དོན་དེ་ངས་གསལ་ཁ་ཤེས། གསལ་ཁ་མཐོང་ལྟ་བུ། |
| གསལ་ཁ་གཏོད་པ |
ཤེས་ཟིན་པའི་ལས་དོན་གང་ཞིག་སླར་ཡང་བཤད་ནས་གསལ་འདེབས་བྱེད་པའམ་གསལ་པོར་སྟོན་པ། |
| གསལ་ཁུང |
བུག་པའམ་བུ་གའི་མིང༌སྟེ། (དཔེར་ན།) གྱང་ལ་གསལ་ཁུང་བརྟོལ་བ། ཤར་ངོས་ལ་གསལ་ཁུང་གཅིག་འདུག་ཅེས་པ་ལྟ་བུ། |
| གསལ་གནས |
(མངོན་བརྗོད།) 1>ཕྱོགས། 2>ནམ་མཁའ། |
| གསལ་གསལ་རྗེན་རྗེན |
(རྒྱན་ཚིག) སྒྲིབ་གཡོགས་མེད་པ་སྟེ། (དཔེར་ན།) གནད་དོན་གསལ་གསལ་རྗེན་རྗེན་དུ་ཐོན་པ་ཞེས་པ་ལྟ་བུ། |
| གསལ་གྲགས |
ཐུན་མོང་དུ་གསལ་བའམ་ཡོངས་སུ་ཐོས་པའི་སྐད་གྲགས་ཏེ། (དཔེར་ན།) མཁས་པའི་གསལ་གྲགས་ཞེས་པ་ལྟ་བུ། |
| གསལ་ཆ |
མངོན་གསལ་ཆེ་ཆུང་གི་ཚད་དེ། (དཔེར་ན།) ཁང་པའི་གསལ་ཆ། གསལ་ཆ་ཆུང་བ། གསལ་ཆ་ཆེ་བ། གསལ་ཆ་མེད་པ་ཞེས་པ་ལྟ་བུ། |
| གསལ་ཆ་ཐོན་པ |
ཐོག་མར་དེ་ཡིན་དེ་མིན་གསལ་པོ་མ་བྱུང་བ་གང་ཞིག་གསལ་པོར་བྱུང་བ། |
| གསལ་ཐེབས |
དྲན་སྐུལ་ཐེབས་པ་དང་དོན་བསམས་ཏེ་ཡིད་ལ་ཤར་བ་སྟེ། (དཔེར་ན།) ཁྱེད་ཀྱིས་བཤད་རྗེས་ངའི་སེམས་ལ་གསལ་ཐེབས་བྱུང༌ཞེས་པ་ལྟ་བུ། |
| གསལ་པོ |
སྒྲིབ་མེད་མངོན་པའི་དོན་དུ་གོ་བའི་གསལ་བ་དང་འདྲ། |
| གསལ་བ |
1.མངོན་པར་གྱུར་པ་སྟེ། (དཔེར་ན།) གཞུང་དུ་གསལ་བ། གོང་གསལ། གཤམ་གསལ། སེམས་ལ་མི་གསལ་བ། བདེན་རྫུན་གསལ་བར་བྱེད་པ། ཕྱི་གསལ་ནང་གསལ། གསེར་ས་འོག་ཏུ་ཡོད་ན་འོད་ནམ་མཁར་གསལ་ཞེས་པ་ལྟ་བུ།2.སྒྲིབ་མེད་མངོན་པ་སྟེ། (དཔེར་ན།) སྐུ་དཀྱིལ་གསལ་དྭངས། སྒྲ་སྡེབ་གསལ་བ། ཐུགས་དག་ཅིང་རྙོག་མེད་གསལ་བ། སྐད་ཆ་གསལ་བ། རིག་པ་གསལ་བ། ཡིག་རིས་གསལ་བ། གཞུང་དོན་གསལ་བར་ཁོང་དུ་ཆུད་པ། གསལ་བར་མངོན་པ། གསལ་སྟོན། གསལ་རྟོགས། སྒྲ་གསལ་ལ་མ་གསལ་ཞིག་ཐོས་བྱུང༌། དཔེ་ཆ་གསལ་ལ་མ་གསལ། གསལ་ལ་དྭངས་པ། གསལ་ལ་སིང་དག བློ་རིག་གསལ་བ། ཉིན་མོར་བྱེད་པའི་སྣང་བ་ལྟར་གསལ་བ། ཡར་ངོའི་ཟླ་བ་ལྟར་ཇེ་གསལ། དབྱར་ཁའི་ཆུ་བོ་ལྟར་ཇེ་རྒྱས་ཞེས་པ་ལྟ་བུ།3.བསྒྲུབ་བྱའི་ཆོས་སམ་དམ་བཅའ། (དཔེར་ན།) བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པ་ན། མི་རྟག་པ་ཞེས་པ་གསལ་བའོ། །4.སྤྱི་དང་བྱེ་བྲག་གི་ཟླས་ཕྱེ་བའི་བྱེ་བྲག་ལ་ལ་ཡང་གསལ་བ་ཟེར། |
| གསལ་བ་ཅན |
(མངོན་བརྗོད།) 1>མཁས་པ། 2>མཐིང༌། |
| གསལ་བ་འོད་ཀྱི་གླིང |
བོན་སྟོན་པ་གཤེན་རབས་ཀྱི་འཁྲུངས་ཡུལ། |
| གསལ་བཀྲོལ |
འགྲེལ་བཤད་ཞིབ་གསལ་བརྒྱབ་པ་སྟེ། (དཔེར་ན།) དཔེ་ཆའི་ནང་དོན་གསལ་བཀྲོལ་བྱས་ལྟ་བུ། |
| གསལ་བཏབ |
དྲན་གསོ་བྱས་པའམ་དྲན་པར་བྱས་པ། |
| གསལ་བའི་ནོར་བུ |
(མངོན་བརྗོད།) ཉི་མ། |
| གསལ་བའི་སྒོ |
(མངོན་བརྗོད།) མཁས་པ། |
| གསལ་བསྒྲགས |
མངོན་གསལ་དོད་པོས་ཁྱབ་བསྒྲགས་བྱས་པ། |
| གསལ་བྱེད |
1.རང་གྲོགས་དབྱངས་དང་སྦྱར་བ་ལ་བརྟེན་ནས་རང་གི་བརྗོད་དོན་གསལ་བར་བྱེད་པའི་ཆ་ནས་བཞག་པའི་ཡི་གེ། 2.བརྗོད་བྱ་སོགས་གསལ་བར་བྱེད་པ། 3.(མངོན་བརྗོད།) 1>མིག 2>ཉི་མ། 3>འོད། 4>མེ། 5>མེ་ལྷ། |
| གསལ་བྱེད་ཀྱི་ཚོགས |
ཡི་གེའི་ཚོགས། |
| གསལ་བྱེད་ཀྱི་རྒྱན |
རིགས་དང༌། བྱ་བ། ཡོན་ཏན། རྫས་ཏེ་བརྗོད་བྱ་དོན་གྱི་དངོས་པོ་བཞི་གང་རུང་སྟོན་པའི་རྗོད་བྱེད་ཀྱི་ཚིག་གཅིག་ཚིགས་བཅད་ཀྱི་རྐང་པ་ཐོག་མཐའ་བར་གསུམ་གང་དུ་གནས་པ་དེས། རང་ཚིག་སྔ་ཕྱིའི་ངག་རྒྱུན་ཀུན་ལ་ཕན་ཞིང་གསལ་བར་བྱེད་པའི་རྒྱན་ཞིག་ནང་གསེས་རྣམ་གྲངས་བཅུ་གཉིས་ནི། རིགས་བརྗོད་ཐོག་མའི་གསལ་བྱེད། བྱ་བ་ཐོག་མའི་གསལ་བྱེད། ཡོན་ཏན་ཐོག་མའི་གསལ་བྱེད། རྫས་བརྗོད་ཐོག་མའི་གསལ་བྱེད། རིགས་བརྗོད་བར་གྱི་གསལ་བྱེད། བྱ་བ་བརྗོད་པ་བར་གྱི་གསལ་བྱེད། རིགས་བརྗོད་མཐའི་གསལ་བྱེད། བྱ་བ་བརྗོད་པ་མཐའི་གསལ་བྱེད། ཕྲེང་བའི་གསལ་བྱེད། འགལ་དོན་གསལ་བྱེད། དོན་གཅིག་གསལ་བྱེད། སྦྱར་བའི་གསལ་བྱེད་བཅས་སོ། ། |
| གསལ་བྱེད་ངེས་པའི་བྱ་དཀའི་རྒྱན |
ཚིགས་བཅད་གཅིག་གི་ཚིག་རྐང་རེ་རེའམ། བཞི་ག་ལ་དབྱངས་དང་མ་འབྲེལ་བར་གསལ་བྱེད་ཁོ་ནའི་སྒྲའི་ངེས་པ་སྦྱར་ཏེ་སྟོན་པའི་རྒྱན་ཞིག |
| གསལ་བྱེད་དབྱངས་བཅས |
གསལ་བྱེད་སུམ་ཅུ་པོར་དབྱངས་ཨི་སོགས་བཞི་མཚོན་བྱེད་ཀྱི་གི་གུ་སོགས་བཞི་ཡོད་པ། |
| གསལ་བྱེད་དབྱངས་མེད |
གསལ་བྱེད་སུམ་ཅུ་པོར་དབྱངས་ཨི་སོགས་བཞི་མཚོན་བྱེད་ཀྱི་གི་གུ་སོགས་བཞི་པོ་མེད་པ། |
| གསལ་བྱེད་མཚམས་སྦྱོར |
ལེགས་སྦྱར་ཡི་གེའི་གསལ་བྱེད་རྣམས་སྡེབ་གཅིག་ཏུ་སྦྱར་ནས་འདོན་པའི་ཚུལ། |
| གསལ་བྱེད་ཡི་གེ |
མིང་ཚོགས་དེ་དག་ཡི་གེས་གསལ་བས་ན་གསལ་བྱེད་ཡི་གེ་ཀ་ཁ་སོགས་སུམ་ཅུ་ཐམ་པ། |
| གསལ་བྱེད་རྐྱང་པ |
དབྱངས་དང་མི་ལྡན་པའི་གསལ་བྱེད་ཡི་གེ། |
| གསལ་བྱེད་སུམ་ཅུ |
ཀཱ་ལི་སུམ་ཅུ། |
| གསལ་བྱེད་སོ་བཞི |
ལེགས་སྦྱར་སྐད་ཀྱི་གསལ་བྱེད་སོ་བཞི། ཀ་ཁ་ཁ་གྷ་ང། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ། ཥ་ས་ཧ་ཀཥ། |
| གསལ་མཆོག |
འོད་སྣང་གསལ་བའི་མཆོག་ཏུ་གྱུར་པ། |
| གསལ་མཐོང |
1.གསལ་པོར་མཐོང་བ། 2.ཀླུ་རྒྱལ་ཞིག |
| གསལ་མཛད |
1.གསལ་བར་བྱེད་པ། 2.བྱང་སེམས་ཤིག་གི་མཚན། |
| གསལ་མིག |
1.བུག་པའམ་བུ་གའི་མིང༌། 2.ལྟ་བྱེད་ཀྱི་མིག་གསལ་པོ། |
| གསལ་མེ |
སྣང་གསལ་མར་མེ། |
| གསལ་ཞག |
སྤྱི་ཞག་དེའི་རེས་གཟའ་དང་གཟའ་དག་གི་རེས་གཟའ་མཐུན་ནམ་མི་མཐུན་བརྟགས་ནས་མཐུན་པར་བྱས་པའི་སྤྱི་ཞག་ལ་གསལ་ཞག་ཅེས་བརྗོད། |
| གསལ་འདེབས |
བརྗེད་པའི་དོན་ནམ་སེམས་ན་གསལ་པོ་མེད་པའི་དོན་རྣམས་སེམས་ལ་དྲན་དུ་འཇུག་པའམ། སེམས་ལ་གསལ་བར་འཆར་དུ་འཇུག་པའི་དོན་ཏེ། (དཔེར་ན།) སྔར་གྱི་ལས་དོན་མི་དྲན་ན་ང་ཡིས་ཁྱོད་ལ་གསལ་ཞིག་གདབ། ཁོས་ང་ལ་གསལ་བཏབ་ནས་ངས་དོན་དེ་ཡིད་ལ་དྲན་ལྟ་བུ། |
| གསལ་ཡས |
གྲངས་གནས་ཤིག |
| གསལ་རྒྱལ |
རྒྱལ་པོ་གསལ་རྒྱལ་གྱི་བསྡུས་ཚིག |
| གསལ་རྗེན |
སྒྲིབ་མེད་མངོན་སུམ་ཏེ། (དཔེར་ན།) རང་གི་བསམ་ཚུལ་གསལ་རྗེན་དུ་སྟོན་པ་ཞེས་པ་ལྟ་བུ། |
| གསལ་རྟོགས |
ཞིབ་གསལ་ཤེས་པའིད་དོན་ཏེ། (དཔེར་ན།) ས་ཆའི་གནས་ཚུལ་གསལ་རྟོགས་བྱུང་བ་ཞེས་པ་ལྟ་བུ། |
| གསལ་ལམ་ལམ |
(རྒྱན་ཚིག) མངོན་པར་གསལ་བའི་དོན་ཏེ། (དཔེར་ན།) ཚིག་དོན་བློ་ལ་གསལ་ལམ་ལམ་དྲན་པ་ཞེས་པ་ལྟ་བུ། |
| གསལ་ལེ |
(རྒྱན་ཚིག) 1>འོད་སྣང་མིག་ལ་གསལ་བར་ཤར་བ་སྟེ། (དཔེར་ན།) གློག་སྒྲོན་དཀར་གསལ་ལེ་བཀར། སྐྱ་རེངས་གསལ་ལེ་ཤར་ལྟ་བུ།2>བློ་རིག་རྣོ་བའི་དོན་ཏེ། (དཔེར་ན།) བློ་རབ་ཏུ་གསལ་བ། རིག་པ་ཤིན་ཏུ་གསལ་བ་ཞེས་པ་ལྟ་བུ། |
| གསལ་ལེ་བ |
(རྒྱན་ཚིག) བཀྲ་ལམ་མེར་གསལ་བ་སྟེ། (དཔེར་ན།) སྒྲ་དབྱངས་རྣ་བར་གསལ་ལེ་བ་ཐོས་པ། ཡུལ་ལྗོངས་རྣམས་ཡིད་ལ་གསལ་ལེ་བར་འཆར་ཞེས་པ་ལྟ་བུ། |
| གསལ་ལྡན |
1.(མངོན་བརྗོད།) 1> མཁས་པ། 2> གཟའ་ལྷག་པ། 3> མཐིང༌། 2.ཀ་ཤིའི་ཡུལ་ཏེ། སྔར་རྒྱ་གར་གྱི་ས་མིང་ཞིག 3.སངས་རྒྱས་ཤིག་གི་མཚན། |
| གསལ་ལྷང་ངེ |
(རྒྱན་ཚིག) ཧ་ཅང་གསལ་བའི་ཁྱད་པར་ཞིག་སྟེ། (དཔེར་ན།) སྟོན་ཀའི་ཟླ་བ་གསལ་ལྷང་ངེར་ཤར་ཞེས་པ་ལྟ་བུ། |
| གསལ་ཤིང |
མིའི་ལུས་ཀྱི་འོག་སྒོ་ནས་ཡར་འབིགས་བྱེད་ཀྱི་ཁྲིམས་ཤིང་ཞིག |
| གསལ་སིང་ངེ་བ |
(རྒྱན་ཚིག) མངོན་པར་གསལ་བ་སྟེ། (དཔེར་ན།) བལྟ་བྱའི་ཡུལ་རྣམས་གསལ་སིང་ངེ་བ་མཐོང་ཞེས་པ་ལྟ་བུ། |
| གསལ་སྟོང |
ངོ་བོ་སྟོང་པ་དང༌། རང་བཞིན་གསལ་བ། |
| གསལ་སྟོང་དབྱེར་མེད |
དབྱིབས་དང་ཡེ་ཤེས་དབྱེར་མེད་ཀྱི་རིག་པ། |
| གསལ་སྟོང་འཛིན་མེད |
དཔལ་ལྡན་ས་སྐྱ་པའི་ལྟ་བའི་འདོད་ཚུལ་ནི། སེམས་རང་གི་ངོ་བོ་གྲུབ་ཙམ་ནས་གསལ་བ་མི་འདོར་བས་གསལ་བ་སེམས་ཀྱི་མཚན་ཉིད་དང༌། གསལ་བ་དེ་དབྱིབས་དང་ཁ་དོག་སོགས་གང་དུ་བཙལ་ཀྱང་མ་རྙེད་པས་སྟོང་པ་སེམས་ཀྱི་རང་བཞིན། དེ་ལྟ་བུའི་གསལ་བའི་དུས་ཉིད་ན་སྟོང་ཞིང་སྟོང་པའི་དུས་ཉིད་ན་གསལ་བས་གསལ་སྟོང་དབྱེར་མེད་ཟུང་འཇུག་བརྗོད་བྲལ་བཅོས་མ་མ་ཡིན་པའི་སེམས་ཀྱི་ངོ་བོའོ། ། |
| གསལ་སྣང |
1.(རྒྱན་ཚིག) གསལ་པོར་ཤར་བ་སྟེ། (དཔེར་ན།) དོན་དག་འདི་ཧ་ཅང་གསལ་སྣང་བྱུང་ཞེས་པ་ལྟ་བུ། 2.འོད་སྣང༌སྟེ། (དཔེར་ན།) ཟླ་འོད་ཀྱི་གསལ་སྣང་ཞེས་པ་ལྟ་བུ། 3.(མངོན་བརྗོད།) ཉི་མ། |
| གསལ་སྤུངས་ཀྱི་ཐལ་འགྱུར |
གསལ་བ་སྟེ་བསྒྲུབ་བྱའི་ཆོས་དུ་མ་སྤུངས་ཤིང༌། ཆོས་ཅན་དང༌། རྟགས་རེ་རེ་ལས་མེད་པ་དཔེར་ན། སྒྲ་ཆོས་ཅན། ཤེས་བྱ་ཡིན་པར་ཐལ། བྱས་པ་ཡིན་པར་ཐལ། ཡོད་པ་ཡིན་པར་ཐལ། བེམ་པོ་ཡིན་པའི་ཕྱིར། ཞེས་པ་ལྟ་བུའོ། ། |
| གསས |
བོན་པོའི་ཆོས་ལུགས་ཀྱི་ལྷ་ཞིག་གི་མིང་། |
| གསས་ཁང |
བོན་པོའི་ལྷ་ཁང༌། |
| གསས་མོ |
1.བོན་གྱི་ལྷ་མོ་དང༌། དེའི་ཁོག་རྟེན་བུད་མེད། 2.འདས་ལོག་ལུང་སྟོན་མཁན། 3.ཆོས་རྗེ། |
| གསིག |
བསིགས་ཀྱི་ད་ལྟ་བ། |
| གསིག་པ |
1.(བྱེད་འབྲེལ་ལས་ཚིག) བསིགས་པའི་ད་ལྟ་བའི་བྱ་མིང་།2.གྱེན་དུ་བསྟོད་པ་སྟེ། (དཔེར་ན།) རྡོག་ཁྲེས་སྟོད་གསིག་བརྒྱབ་ཅེས་པ་ལྟ་བུ། |
| གསིགས |
སིགས་ཀྱི་འབྲི་ཚུལ་གཞན། |
| གསིང |
1.ནེའུ་གསིང་། 2.གཙང་མར་བྱེད་པའི་དོན་དུ་གོ་བའི་བསིང་གི་ད་ལྟ་བ། |
| གསིང་ཆུ |
སྤང་དང་ནགས་ཚལ་ལས་བྱུང་བའི་གསིང་མའི་ཆུ། |
| གསིང་མ |
1.རྩྭ་སྔོན་སྐྱེས་པའི་སྤང་ཐང༌སྟེ། (དཔེར་ན།) ནེའུ་གསིང༌། གསིང་མ་སྔོ་ཐིང་ཐིང་ཞིག་ཅེས་པ་ལྟ་བུ། 2.སྤང་ཐང་དུ་འཁྱིལ་བའི་མཚེའུ་ཆུང༌། |
| གསིང་མ་མེ་ཏོག |
ནེའུ་གསིང་ལ་སྐྱེས་པའི་མེ་ཏོག |
| གསིངས |
བསིང་གི་སྐུལ་ཚིག |
| གསིར |
(བྱེད་འབྲེལ་ལས་ཚིག) བསིར་གྱི་ད་ལྟ་བ། མྱུར་དུ་བསྐོར་བའམ་ཕར་འཕངས་པའི་དོན་ཏེ། (དཔེར་ན།) འཁོར་ལོ་གསིར། སྐུད་ཕང་གསིར། མདའ་གསིར། རྡོ་གསིར་ལྟ་བུ། མ་འོངས་པ་དང་འདས་པ་སྐུལ་ཚིག་ལ་བསིར་འབྲི་སྟེ། (དཔེར་ན།) བསིར་བྱའི་མདའ། མདའ་བསིར་ནས་སོང་། མདའ་བསིར་ཅིག་ལྟ་བུ། |
| གསིལ |
1.གསིལ་བའི་སྐུལ་ཚིག 2.གནས་འོག་མ་འཁོར་ལོས་བསྒྱུར་བ་སྟེ། (དཔེར་ན།) ཆུ་ཚོད་གནས་ནས་གཅིག་ཕབ་ལ་སྲང་དུ་དྲུག་ཅུར་གསིལ། ཚེས་ལོངས་རི་མཁའ་རིའི་བར་གསིལ་ཞེས་པ་ལྟ་བུ། 3.(བྱེད་འབྲེལ་ལས་ཚིག) བསིལ་བའི་ད་ལྟ་བ་དང་སྐུལ་ཚིག་སྟེ། (དཔེར་ན།) དངོས་རྫས་གཅིག་ཆ་ཤས་མང་བོར་བྱེད་པའི་དོན་ཏེ། ཤིང་བཟོས་ཤིང་གསིལ་གྱིན་འདུག ཤིང་གསིལ་ཅིག་ལྟ་བུ། |
| གསིལ་བ |
(བྱེད་འབྲེལ་ལས་ཚིག) 1.འཁྲོལ་བ་དང་སྒྲ་འབྱིན་པའི་དོན་ཏེ། (དཔེར་ན།) འཁར་གསིལ་གསིལ་བ། དྲིལ་བུ་གསིལ་བ། སིལ་སྙན་གསིལ་བ་ཞེས་པ་ལྟ་བུ། 2.འགས་པའམ་སོ་སོར་ཕྱེས་པའི་དོན་ཏེ། (དཔེར་ན།) ཇ་རིལ་གསིལ་བ། རྡོ་དུམ་བུར་གསིལ་བ། མེ་ཤིང་གསིལ་བ་ཞེས་པ་ལྟ་བུ། 3.འཁྲུད་པའི་ཞེ་ས་སྟེ། (དཔེར་ན།) ཞབས་གསིལ་བ། ཕྱག་གསིལ་བ་ཞེས་པ་ལྟ་བུ། 4.བཞར་བའི་ཞེ་ས་སྟེ། (དཔེར་ན།) དབུ་སྐྲ་གསིལ་བ་ཞེས་པ་ལྟ་བུ། 4.གཅིན་པ་གཏོང་བའི་དོན་ཏེ། (དཔེར་ན།) དྲི་ཆུ་གསིལ་བ་ལྟ་བུ། |
| གསིལ་བྱེད |
(མངོན་བརྗོད།) འཁར་གསིལ། |
| གསུ་བེལ |
བུད་མེད་ཀྱི་གསང་ལམ་ནས་ཕྱིར་འཛགས་པའི་མི་གཙང་བའི་རྫས་དཀར་པོ། |
| གསུག |
ལྐོག་རྔན་ནམ་ལྐོག་རྫོངས་ལ་བྱིན་པའི་རྒྱུ་ནོར་གྱི་མིང་སྟེ། (དཔེར་ན།) ཆེན་པོ་རྣམས་ལ་གསུག་ཟོས་པའི། ཉེན་གྱིས་བརླག་པར་འགྱུར་བ་མང་ཞེས་པ་ལྟ་བུ། |
| གསུག་པ |
ལྐོག་རྔན་ཏེ། (དཔེར་ན།) གསུག་ཟ་བ། དཔོན་ངན་ཟ་རྔམ་ཅན་ལ་གསུག་བྱིན་པ། ལེགས་ཉེས་འབྱེད་པོས་གཉེན་ངོ་དང་གསུག་འབུལ་ལ་བལྟས་ན་དོན་རྣམས་བརླག་པར་འགྱུར་ཞེས་པ་ལྟ་བུ། |
| གསུང |
1.(བྱེད་འབྲེལ་ལས་ཚིག) གསུངས་པའི་མ་འོངས་པ་དང་ད་ལྟ་བ། (དཔེར་ན།) དགེ་རྒན་ཁོང་གིས་དཔེ་ཆ་གསུང་བཞིན་འདུག མི་དམངས་ལ་བསླབ་བྱ་གསུང་དགོས་ལྟ་བུ། 2.བཤད་པའམ་ཀློག་པའི་ཞེ་ས་སྟེ། (དཔེར་ན།) སློབ་མས་དགེ་རྒན་གྱི་གསུང་ལ་ཉན། ཞལ་གསུང་ལྟ་བུ། |
| གསུང་ཀུན་ཏུ་བརྗོད་པའི་ཆོ་འཕྲུལ |
ཆོ་འཕྲུལ་གསུམ་གྱི་ཡ་གྱལ་ཞིག་གདུལ་བྱའི་སེམས་དང་མཐུན་པར་ཆོས་སྟོན་པ། |
| གསུང་ཁུངས |
བཤད་པའི་ཁུངས་ཏེ། (དཔེར་ན།) དེ་གསུང་བ་པོའི་གསུང་ཁུངས་གང་ཡིན་ཞིབ་ཕྲ་གསལ་བཤད་ཡོང་བ་ཞུ་ཞེས་པ་ལྟ་བུ། |
| གསུང་གསལ་བ |
1.གཏམ་ཁ་གསལ་པོ། 2.སྐད་གསང་མཐོན་པོའམ་གསལ་པོ། |
| གསུང་གི་ཆུ་རྒྱུན |
གསུང་ཆུ་ཡི་གཟུགས་སུ་བཀོད་པ། |
| གསུང་གི་དཔེ་བྱད་གཉིས |
དཔེ་བྱད་བཟང་པོ་བརྒྱད་ཅུའི་གྲས་ཤིག་སྟེ་གསུང་འབྲུག་གི་སྒྲ་དང་ལྡན་པ་དང༌། གསུང་མཉེན་ཞིང་འཇམ་པའོ། ། |
| གསུང་གི་བདུད་རྩི |
བདུད་རྩི་ལྟར་ཕན་པའི་གསུང༌། |
| གསུང་གི་མངའ་བདག |
(མངོན་བརྗོད།) འཇམ་པའི་དབྱངས། |
| གསུང་གིས་བྱིན་གྱིས་བརླབས་པའི་བཀའ |
སྟོན་པས་གསུང་གིས་བྱིན་གྱིས་བརླབས་པ་མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་ལྟ་བུ། |
| གསུང་གླེགས |
1.འཕྲིན་ཡིག 2.གསུང་རབ་ཀྱི་གླེགས་བམ། |
| གསུང་གླེང |
གཏམ་གླེང༌སྟེ། (དཔེར་ན།) ཐུགས་དགྱེས་པའི་གསུང་གླེང་མང་པོ་མཛད། གསུང་གླེང་ཞིབ་རྒྱས་གནང༌ཞེས་པ་ལྟ་བུ། |
| གསུང་ཆོས |
གསུང་གི་ཆོས་ཏེ་ཆོས་ཀྱི་ཞེ་ས། |
| གསུང་ཆོས་ཀྱི་ཕྱག་རྒྱའི་རྣལ་འབྱོར |
ཡིད་ཀྱི་ཤེས་པའི་གློ་བུར་གྱི་འཁྲུལ་བ་བསལ་ནས་རང་བཞིན་སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱ་བ་སྟེ་རྣལ་འབྱོར་རྒྱུད་ཀྱི་ཕྱག་རྒྱ་བཞིའི་ནང་གསེས་ཤིག |
| གསུང་དབྱངས་ཡན་ལག་ལྔ |
འབྲུག་སྒྲ་ལྟར་ཟབ་པ་དང༌། སྙན་ཞིང་འཇེབས་ལ་རྣ་བར་སྙན་པ་དང༌། ཡིད་དུ་འོང་ཞིང་དགའ་བར་བྱེད་པ་དང༌། རྣམ་པར་གསལ་ཞིང་རྣམ་པར་རིག་པར་བྱེད་པ་དང༌། མཉན་འོས་ཤིང་མི་མཐུན་པ་མེད་པའོ། ། |
| གསུང་ནང་མ |
ཕྱིར་མི་སྟོན་པའི་གསུང༌། |
| གསུང་བ |
(བྱེད་འབྲེལ་ལས་ཚིག) གསུངས་པའི་ད་ལྟ་བའི་བྱ་མིང་། |
| གསུང་བགྲོས |
གྲོས་བྱེད་པའི་སྐད་ཆ་དང་ཡི་གེ་སོགས་ཀྱི་མིང་སྟེ། (དཔེར་ན།) ཁོང་རྣམ་གཉིས་ཀྱིས་གསུང་བགྲོས་གནང་། འཐུས་མི་རྣམས་ཚོགས་ནས་གསུང་བགྲོས་གནང་ལྟ་བུ། |
| གསུང་བཅག་པ |
བླ་མའི་བཀའ་ལ་མ་བརྩིས་པའམ་བཀའ་དང་རྒྱབ་འགལ་བྱས་པ། |
| གསུང་བརྟག |
ཐུགས་བརྟག་དང་མཚུངས་ཏེ་མོའི་བརྟག་དཔྱད། |
| གསུང་བཤད |
བསླབ་བྱ་སོགས་ཀྱི་བཤད་པ་སྟེ། (དཔེར་ན།) གསུང་བཤད་གནང་བ། གསུང་བཤད་ར་བ་ཞེས་པ་ལྟ་བུ། |
| གསུང་བྲིས |
1.འཕྲིན་ཡིག 2.བླ་ཆེན་མི་ཆེན་གྱི་གསུང་བཤད་ཡི་གེར་བྲིས་པ། |
| གསུང་མཁྱེན |
1.སྐད་ཆ་སོགས་བཤད་མཁས་པོ་ཡོད་པ། 2.དོན་དག་ཞུ་སྐབས་ཁྱེད་མཁྱེན་ཟེར་བའི་ཚབ་ཏུ་སྐུ་མཁྱེན་གསུང་མཁྱེན་ཟེར་བ། |
| གསུང་མགུར |
གསུང་གི་མགུར་དབྱངས་སམ། མགུར་གླུ་སྟེ། (དཔེར་ན།) གསུང་མགུར་བཞེས་པ་ལྟ་བུ། |
| གསུང་མཆིད |
1.བཀའ་མོལ། 2.བཀའ་མཆིད། |
| གསུང་མཆོག |
གཞན་ལ་ཕན་པའི་གཏམ། |
| གསུང་མཉེན་ཞིང་འཇམ་པའི་དཔེ་བྱད |
སངས་རྒྱས་ཀྱི་དཔེ་བྱད་བཟང་པོ་བརྒྱད་ཅུའི་ནང་གསེས་ཤིག་སྙན་པ་ལ་སོགས་པར་གསུང་པ་ཉིད་ཀྱིས་གསུང་སྙན་ཞིང་མཉེན་ལ་འཇམ་པ། |
| གསུང་མད |
(བརྡ་རྙིང་།) སྐད་ཆ་བདེན་པ། |
| གསུང་མདུད |
གཟུངས་སྔགས་བཏོན་ནས་ཕུས་བཏབ་པའི་སྲུང་བ། |
| གསུང་ཚངས་དབྱངས་ལྟ་བུ |
ཚངས་པའི་དབྱངས་ཀྱི་མཚན་བཟང་དང་དོན་གཅིག |
| གསུང་ཚོགས |
གསུང་བྲིས་ཡིག་ཚོགས། |
| གསུང་འཕྲིན |
ཆབ་ཤོག་གམ་སྤྲིང་ཡིག |
| གསུང་འཕྲོས |
1.འཕྲོས་པའམ་སྐད་ཆ། 2.གཏམ་གྱི་ལྷག་མ་སྟེ། (དཔེར་ན།) དུས་ཚོད་མ་འདང་བས་གསུང་འཕྲོས་ལུས་ཞེས་པ་ལྟ་བུ། |
| གསུང་འབུམ |
གསུང་རྩོམ་ཕྱོགས་བསྡུས་ཀྱི་མིང་སྟེ། (དཔེར་ན།) ས་སྐྱའི་གསུང་འབུམ་ཞེས་པ་ལྟ་བུ། |
| གསུང་འབྲུག་གི་སྒྲ་དང་ལྡན་པའི་དཔེ་བྱད |
སངས་རྒྱས་ཀྱི་དཔེ་བྱད་བཟང་པོ་བརྒྱད་ཅུའི་ནང་གསེས་ཤིག་བསྙེངས་པ་ཐམས་ཅད་མི་མངའ་བ་ཉིད་ཀྱིས་གསུང་འབྲུག་གི་སྒྲ་ལྟར་བརྗིད་ཆེ་བ། |
| གསུང་རབ |
སངས་རྒྱས་ཀྱི་གསུངསྟེ༌། (དཔེར་ན།) གསུང་རབ་ཀློག་པ། གསུང་རབ་ཀྱི་དོན་ཟབ་ཅིང་རྒྱ་ཆེ་བའི་སྙིང་པོ་མ་འཁྲུལ་ཞིང་མ་བསླད་ཅེས་པ་ལྟ་བུ། |
| གསུང་རབ་ཀྱི་ཡན་ལག་གསུམ |
བསླབ་གསུམ་སྟོན་པ། ཕྱག་རྒྱ་གསུམ་དང་ལྡན་པ། ཐོག་མཐའ་བར་གསུམ་དུ་དགེ་བ། |
| གསུང་རབ་གླེགས་བམ |
ཆོས་པོ་ཏི། |
| གསུང་རབ་བཀའ་རྩོམ |
སངས་རྒྱས་ཀྱི་གསུང་སོགས་སྐྱེས་བུ་དམ་པའི་རྩོམ་ཡིག |
| གསུང་རབ་ཡན་ལག་དགུ |
གསུང་རབ་ཡན་ལག་བཅུ་གཉིས་འབྱེད་སྡུད་བྱས་ནས་མདོའི་སྡེ་དང༌། དབྱངས་ཀྱིས་བསྙད་པ། ལུང་དུ་བསྟན་པ། ཚིགས་སུ་བཅད་པ། ཆེད་དུ་བརྗོད་པ། གླེང་གཞི། ཤིན་ཏུ་རྒྱས་པ། རྨད་དུ་བྱུང་བ། གཏན་ལ་ཕབ་པ་སྟེ་རྒྱལ་བའི་གསུང་རབ་ཡན་ལག་དགུར་གྱུར། |
| གསུང་རབ་ཡན་ལག་བཅུ་གཉིས |
སངས་རྒྱས་ཀྱིས་གསུངས་པའི་རྗོད་བྱེད་ཀྱི་ཆོས་རྣམས་ཡན་ལག་སྡེ་ཚན་བཅུ་གཉིས་སུ་བསྡུས་པ་མདོའི་སྡེ། དབྱངས་ཀྱིས་བསྙད་པའི་སྡེ། ལུང་དུ་བསྟན་པའི་སྡེ། ཚིགས་སུ་བཅད་པའི་སྡེ། ཆེད་དུ་བརྗོད་པའི་སྡེ། གླེང་གཞིའི་སྡེ། རྟོགས་པ་བརྗོད་པའི་སྡེ། དེ་ལྟ་བུ་བྱུང་བའི་སྡེ། སྐྱེས་པའི་རབས་ཀྱི་སྡེ། ཤིན་ཏུ་རྒྱས་པའི་སྡེ། རྨད་དུ་བྱུང་བའི་སྡེ། གཏན་ལ་ཕབ་པའི་སྡེའོ། ། |
| གསུང་རབ་རིན་པོ་ཆེའི་གཏམ |
སྔར་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བརྩམས་པའི་བསྟན་བཅོས་ཤིག |
| གསུང་རྒྱུན |
ཞལ་རྒྱུན་ནམ་ངག་རྒྱུན་ཏེ། (དཔེར་ན།) ཁོ་བོའི་སློབ་དཔོན་གྱི་གསུང་རྒྱུན་ནི་དེ་འདྲ་ཞིག་ཡིན་ཞེས་པ་ལྟ་བུ། |
| གསུང་རྟེན |
ཆོས་པོ་ཏི་ཆེ་ཆུང༌། |
| གསུང་རྩོམ |
བརྩམས་པའི་དཔེ་ཆ་དང་རྩོམ་གྱི་མིང་སྟེ། (དཔེར་ན།) དགེ་རྒན་གྱི་གསུང་རྩོམ་ལྟ་བུ། |
| གསུང་རྩོམ་གཅེས་བསྡུས |
མི་གཅིག་གམ་མི་དུ་མའི་གསུང་རྩོམ་གྱི་ནང་གི་མཁོ་བའམ་གལ་ཆེ་བ་བཏུས་པ་སྟེ། (དཔེར་ན།) ཕྱི་རྒྱལ་མཁས་པའི་གསུང་རྩོམ་གཅེས་བསྡུས་ལྟ་བུ། |
| གསུང་ལན |
སྐད་ཆའི་ལན་པོ་སྟེ། (དཔེར་ན།) གཏམ་ལན། ཡབ་ཀྱི་གསུང་ལན་ཙམ་ཡང་མ་བྱུང་ངོ་། གསུང་ལན་ཡོད་པ་ཞུ་ཞེས་པ་ལྟ་བུ། |
| གསུང་ལྔ |
སྔགས་རྙིང་མའི་རྒྱུད་དུ། སྟོན་པ་སྐུ་ལྔས་རང་རང་གི་འཁོར་ལ་བརྡ་སྤྲོད་པའི་བདག་ཉིད་ཅན་ཏེ། སྐྱེ་མེད་དོན་གྱི་གསུང༌། དགོངས་པ་བརྡའི་གསུང༌། བརྗོད་པ་ཚིག་གི་གསུང༌། དབྱེར་མེད་རྡོ་རྗེའི་གསུང༌། མངོན་བྱང་གི་གསུང་སྟེ་ལྔའོ། འབྲས་ཆོས་ཉེར་ལྔའི་ནང་གསེས་ཤིག |
| གསུང་སྐྱེས |
(མངོན་བརྗོད།) ཉན་ཐོས། |
| གསུང་སྒྲོས |
1.སྐད་ཆ། 2.ཁ་རྒྱུན་ནམ་ངག་རྒྱུན་ཏེ། (དཔེར་ན།) གསུང་སྒྲོས་གཞན་པ་ཞིག་གནང་བ། འདི་ལ་གསུང་སྒྲོས་གཉིས་ཡོད་ཅེས་པ་ལྟ་བུ། |
| གསུང་སྒྲོས |
བཤད་ཚུལ་གལ་ཆེ་ཞིང་དོན་ཟབ་པའི་ཚིག་ཐུང་ངུ་རྣམས་མཉམ་དུ་བསྡུས་པའི་དཔེ་ཆ་སོགས་ཀྱི་མིང་། |
| གསུང་སྙན |
སྐད་ཀྱི་གདངས་སམ་སྐད་ཆ་སྙན་པོ་སྟེ། (དཔེར་ན།) བྱ་ཁུ་བྱུག་ཁ་ན་དབྱར་ཁའི་གསུང་སྙན་ཡོད་ཅེས་པ་ལྟ་བུ། |
| གསུང་སྲས |
སངས་རྒྱས་ཀྱི་གསུང་ལས་སྐྱེས་པའི་ཉན་རང༌། |
| གསུངས |
གསུངས་པའི་འདས་པ་དང་སྐུལ་ཚིག་སྟེ། (དཔེར་ན།) དེ་སྐད་ཅེས་གསུངས་སོ། །དཔེ་ཆ་གསུངས་ཤིག་ལྟ་བུ། |
| གསུངས་པ |
གསུང་བའི་འདས་པའི་བྱ་མིང་། |
| གསུད |
1.ཟས་མ་ཞུ་བར་ཁར་ཐོན་པའི་དྲི་ངན་གྱི་མིང་སྟེ། སྒྲེགས་པ་ཡང་ཟེར། 2.གློ་བ་སྐྲངས་པའི་ནད་རིགས་ཤིག་གི་ནད་རྟགས་ཀྱི་མིང་། དེ་ནི་གློ་བ་དབུགས་ཀྱིས་བརྒྱངས་པ་ལྟ་བུའི་སྣང་བ་ཤར་ཞིང་དབུགས་འཚང་བ་ཞིག་ཡིན་པར་བཤད། |
| གསུད་ནད |
མ་ཞུ་བའི་ནད་རིགས་ཤིག་ཐུར་སེལ་གྱི་རླུང་ལོག་ནས། ནད་རྟགས་སུ་དབུགས་ངན་སྲི་བ་དང༌། དྲི་ཆེན་སྐམ་པ། ཁ་ཟས་གང་ཟོས་ཀྱི་དྲི་མ་ཁ་སྣའི་ལམ་དུ་སྒྲེགས་བརྒྱབ་ནས་ཐོན་པ་ཞིག |
| གསུད་པ |
སྒྲེགས་པ། |
| གསུད་པར་བྱེད་པའི་རླུང |
ལུས་ནང་དུ་རྒྱུ་བའི་རླུང་གི་བྱེ་བྲག་ཅིག |
| གསུབ |
བསུབས་མ་འོངས་པ་སྟེ། (དཔེར་ན།) གསུབ་བྱའི་ཡི་གེ། གསུབ་དགོས་ལྟ་བུ། |
| གསུབ་པ |
1.(བརྡ་རྙིང་།) 1>ཁྱིས་རྨུར་བ། 2>ལག་པས་འཕུར་བ། |
| གསུབས |
བསུབས་ཀྱི་སྐུལ་ཚིག |
| གསུམ |
གྲངས་གནས་ཤིག་སྟེ། མིང་གི་རྣམ་གྲངས་ལ་འཇིག་རྟེན་དང༌། མེ། རྩེ་མོ། ཚ་བ། ཡོན་ཏན། སྲིད་པ་བཅས་སོ། ། |
| གསུམ་ཁ |
གསུམ་གའམ་གསུམ་པོ་ཐམས་ཅད་དེ། (དཔེར་ན།) རྒྱལ་ཁབ་དང་ཐུན་མོང༌། སྒེར་བཅས་ཕྱོགས་གསུམ་ཁའི་ཁེ་ཕན་ལ་ལྟ་རྟོག་བྱས་ལྟ་བུ། |
| གསུམ་ག |
གསུམ་ཁ་དང་འདྲ། |
| གསུམ་གཉིས |
1.གསུམ་ཆ་གཉིས། 2.གསུམ་དང་གཉིས། |
| གསུམ་ཆ |
དུམ་བུ་གསུམ་དུ་བགོས་པའི་ཆ་ཤས་ཏེ། (དཔེར་ན།) གསུམ་ཆ་གཅིག གསུམ་ཆ་གཉིས་ལྟ་བུ། |
| གསུམ་ཐོག |
1.ཁང་པ་གསུམ་བརྩེགས། 2.ཁང་པ་གསུམ་བརྩེག་ཀྱི་ཐོག་ཁ། |
| གསུམ་དགའ |
(མངོན་བརྗོད།) ཟླ་བ། |
| གསུམ་པ |
རིམ་པ་གསུམ་པ་སྟེ། (དཔེར་ན།) དང་པོ། གཉིས་པ། གསུམ་པ་ཞེས་པ་ལྟ་བུ། |
| གསུམ་པའི་རང་བཞིན |
(མངོན་བརྗོད།) ཕོ་མིན་མོ་མིན་གསུམ་པའི་རང་བཞིན་མ་ནིང༌། |
| གསུམ་པོ |
གྲངས་ཀ་གསུམ་དུ་ངེས་པའི་དོན་ཏེ། (དཔེར་ན།) ངེད་ཕ་བུ་གསུམ་པོ་ཞེ་པ་ལྟ་བུ། |
| གསུམ་ཕྲུགས |
གསུམ་རེ་གསུམ་རེ་ཡོད་པའི་གསུམ་ཚན། |
| གསུམ་ཕྲེང་ཅན |
(མངོན་བརྗོད།) ནེ་ཙོ། |
| གསུམ་བརྡ་ལ |
གསུམ་བརྡ་ལ་ཞེས་པའི་གཞས་ཚིག |
| གསུམ་བསྒྲིལ |
ཁག་གསུམ་གཅིག་ཏུ་བསྒྲིལ་བ་སྟེ། (དཔེར་ན།) ཁ་དོག་གསུམ་བསྒྲིལ་གྱི་ཐག་ཁྲ་ཞེས་པ་ལྟ་བུ། |
| གསུམ་མདོ |
ཆུ་དང་ལམ་སོགས་ཁག་གསུམ་གཅིག་ཏུ་འཛོམས་པའི་འགག་སྟེ། (དཔེར་ན།) ཆུ་གསུམ་མདོ། ལམ་གསུམ་མདོ་ཞེས་པ་ལྟ་བུ། |
| གསུམ་ཚ |
རང་གི་བུ་དང་བུ་མོའི་ཕྲུ་གུ་ལ་ཚ་བོ་དང༌། དེ་དག་གི་ཕྲུ་གུ་ལ་ཡང་ཚ། དེའི་ཕྲུ་གུ་ལ་གསུམ་ཚ་ཟེར། |
| གསུམ་ཚན |
གསུམ་རེ་གསུམ་རེ་ཡོད་པའི་ཚན་པ། |
| གསུམ་ཚོང |
(ཡུལ་སྐད།) ཚོང་པ་ཚོས་མ་རྩ་སྒོར་གཅིག་གིས་ཚོང་བརྒྱབ་ནས་སྒོར་གསུམ་བྱུང་བ་ལྟ་བུ། |
| གསུམ་ཟུར |
གསུམ་དུ་བགོས་པའི་ཆ་གཅིག |
| གསུམ་འདུས |
ཁག་གསུམ་གཅིག་ཏུ་འདུས་པ་སྟེ། (དཔེར་ན།) གསེར་དངུལ་རག་གསུམ་བསྲེས་ནས་བླུགས་པའི་སྤྱོད་ཆས། མི་རིགས་གསུམ་འདུས་ཀྱི་ས་ཁུལ་ཞེས་པ་ལྟ་བུ། |
| གསུམ་རིག་པ |
ཚེ་སྔ་མ་རིག་པ་དང༌། ཕྱི་མ་རིག་པ། ཟག་པ་ཟད་པ་རིག་པ་སྟེ་གསུམ་རིག་པའོ། ། |
| གསུམ་རྩེན |
1.ལྷ་ཡུལ་ཏེ་གཙོ་བོ་ཚངས་པ་དང༌། དབང་ཕྱུག་དང༌། ཁྱབ་འཇུག་གསུམ་རྩེན་ཞིང་རོལ་བའི་གནས། 2.མཐོ་རིས། |
| གསུམ་ལྡན་དུས |
འཛམ་གླིང་མི་རྣམས་ཀྱིས་ཆོས་དང༌། ནོར། འདོད་པ། བདེ་བ་བཞི་ལས་ཆ་གཅིག་ཉམས་ནས་ཆ་གསུམ་ལ་ལོངས་སྤྱོད་པའི་དུས་ཏེ་དེའི་ཡུན་ཚད་ལ་ལོ་གྲངས་ས་ཡ་གཅིག་དང་ཉིས་འབུམ་དགུ་ཁྲི་དྲུག་སྟོང་ཡོད་ཅིང༌། དེ་དུས་སངས་རྒྱས་གསེར་ཐུབ་བྱོན་ཡོད་པར་གསུངས་སོ། ། |
| གསུམ་ཤས |
སྔར་ཞིང་པ་དུད་ཚང་གཉིས་ཀྱིས་ཐུན་མོང་དུ་ཞིང་བདག་གི་ས་ཞིང་ཤས་བླངས་པའི་ལོ་ཐོག་རྣམས་ཞིང་བདག་དང་ཞིང་པ་བཅས་ཕྱོགས་གསུམ་སྙོམ་པོར་བགོས་པའི་ཆ་ཤས། |
| གསུམ་སྐོར་མ |
ལུས་རྩའི་བྱེ་བྲག་ཅིག |
| གསུམ་སྒྲ |
བྱེད་པའི་སྒྲ། |
| གསུམ་སྒྲ་ཅན |
(མངོན་བརྗོད།) སྦྲང་མ། |
| གསུར |
1.བོད་ཀྱི་ཡུལ་སྲོལ་དུ་བར་དོ་བ་རྣམས་ལ་སྦྱིན་རྒྱུ་དཀར་གསུམ་དམར་གསུམ་བསྲེས་པའི་རྩམ་པ་མེར་བསྲེགས་པའི་དུད་པ་སྟེ། (དཔེར་ན།) དཀར་གསུར། དམར་གསུར། ཇ་གསུར། མར་གསུར། གསུར་ངད། གསུར་གཏོང་བ། 2.འགྲམ་ངོས་སམ་རྩིབས་ལོགས་ཀྱི་མིང་སྟེ། (དཔེར་ན།) སྒོ་གསུར་གྱི་ཁྱི་མོ་བཙན། ནགས་གསུར་གྱི་སྟག་མོ་ངར། བུ་ཆུང་ཕ་མའི་གསུར་ན་སྐྱིད། ཤིང་མྱུག་ཆུ་བོའི་གསུར་ནས་རྒྱས་ལྟ་བུ། |
| གསུར་ཁོག |
(ཡུལ་སྐད།) བོད་ཀྱི་གོམས་སྲོལ་དུ་ཕུང་པོ་ཡོད་སའི་སྒོའི་ཕྱི་རོལ་ཏུ་འགེལ་བའི་གསུར་སྣོད་ཁོག་མ། |
| གསུར་པ |
(ཡུལ་སྐད།) གོ་གནས་ལ་འདུག་པའི་ཚད་ལོངས་ནས་སྤོར་བའི་མི་ལ་གསུར་ཕའམ་ཟུར་པ་ཟེར་ཏེ་མཁན་པོ་གསུར་པ་ཞེས་པ་ལྟ་བུ། |
| གསུར་བསྔོ |
མར་རྩམ་སོགས་མེར་བསྲེགས་ནས་གསུར་བཏང་བ་དེ་འབྱུང་པོ་སོགས་ལ་བསྔོ་བ། |
| གསུར་འདུག |
སྔོན་དུས་གཞུང་ལ་ཁྲལ་འཇལ་བའི་ནུས་པ་མེད་པའི་མི་རེངས་ལ། གསུར་འདུག་གམ་ཟུར་འདུག་ཟེར། |
| གསུས་ཁོག |
གྲོད་ཁོག |
| གསུས་ཁྱིམ |
ལྟོ་བའམ་གྲོད་ཁོག་སྟེ། (དཔེར་ན།) གསུས་ཁྱིམ་ཆེ་བའི་མི་ལྟ་བུ། |
| གསུས་ཁྲག |
1.ཁོག་པའི་ཁྲག 2.མངལ་གྱི་ཁྲག |
| གསུས་གྲོད |
གྲོད་ཁོག |
| གསུས་པ |
གྲོད་ཁོག་གམ་ལྟོ་བ་སྟེ། (དཔེར་ན།)་གསུས་ལྡིར། གསུས་པ་འགེངས་པ། གསུས་པ་འཕྱང་བ། གསུས་པ་སྦོས་པ། གསུས་ལུག གསུས་པ་ལྟོགས་པ་ཞེས་པ་ལྟ་བུ། |
| གསུས་པོ |
གསུས་པ་དང་འདྲ། |
| གསུས་པོ་ཆེ |
1.གྲོད་ཁོག་ཆེན་པོ། 2.དགྲ་བཅོམ་པ་ཞིག |
| གསུས་འཕྱང |
1.གསུས་པ་འཕྱང་བ། 2 (མངོན་བརྗོད།) རྔ་མོང༌། |
| གསུས་རྐེད |
ལུས་ཀྱི་ལྟོ་བ་དང་རྐེད་པ། |
| གསུས་རྫིང་ཅན |
གྲོད་ཁོག་ལྡིར་ལྡིར་ཅན། |
| གསུས་ལྕིབས |
ལྟོ་དཀྲིས་སམ་རྐེད་དཀྲིས་ཏེ་གྱོན་པའི་རིགས་ཤིག |
| གསུས་ལྟོ |
གྲོད་ཁོག |
| གསེ |
1.(བྱེད་འབྲེལ་ལས་ཚིག) གསེས་ཀྱི་མ་འོངས་པ་དང་ད་ལྟ་བ། དངོས་རྫས་དུམ་བུ་གཅིག་དུམ་བུ་མང་བོར་བཏང་བའི་དོན་ཏེ། (དཔེར་ན།) གསེ་བྱའི་བུད་ཤིང་བུད་ཤིང་། གསེ་བཞིན་འདུག ཤིང་གསེ་མཁན་ཞེས་པ་ལྟ་བུ།2.གདམ་ང་བྱས་པའི་དོན་ཏེ། (དཔེར་ན།) ནོར་ལུག་ཉི་ཤུའི་ནང་ནས་གཅིག་གསེ་དགོས་ལྟ་བུ། |
| གསེ |
(བྱེད་འབྲེལ་ལས་ཚིག) བསེགས་ཀྱི་མ་འོངས་པ་དང་ད་ལྟ་བ། ཕྱོགས་གཅིག་ཏུ་ཡོ་བའི་དོན་ཏེ། (དཔེར་ན།) སྨྱུག་ཁ་ཅུང་ཟད་གསེག་དགོས། ཐིག་གདབ་པ་གསེག་མི་རུང་ལྟ་བུ། |
| གསེག་ཀ |
ཕྱོགས་གཅིག་ཏུ་གསེག་གསེག་བྱས་ནས་བཟོས་པའི་བཅད་ཁ་སྟེ། (དཔེར་ན།) སྨྱུག་ཁ་གསེག གདུང་མར་གསེག་ཀ་བཏོན་པ། ཐད་ཀ་ལ་མ་ཕྱིན་པར་གསེག་འགྲོས་སུ་ཕྱིན། གསེག་ཚད་ཅེས་པ་ལྟ་བུ། |
| གསེག་ཀ་ལི |
དཔེ་ཆའི་སྣོད་ཤོ་ཀ་ལི། |
| གསེག་ཁ |
གསེག་ཀ་དང་འདྲ། |
| གསེག་གཅོད |
འཕྲེད་དུ་གཅོད་བྱེད་ཤིང་བཟོ་བའི་ལྕགས་གཟོང་སོ་ལེབ་མོ་ཅན་ཞིག |
| གསེག་གཅོད་ཁ་གཉིས་མ |
(ཡུལ་སྐད།) ཡིག་འབྲུའི་བར་མཚམས་འདོན་བྱེད་ཁའི་ཕྱོགས་གཉིས་ཀ་བརྡར་བའི་ལག་ཆ་ཞིག |
| གསེག་གཅོད་ཁ་རིལ |
(ཡུལ་སྐད།) ན་ཡིག་སོགས་ཡིག་འབྲུའི་མིག་འདོན་བྱེད་ཀྱི་ལག་ཆ་ཞིག |
| གསེག་གཅོད་ཁ་ལེབ |
(ཡུལ་སྐད།) ཡིག་འབྲུའི་བར་མཚམས་འདོན་བྱེད་ཀྱི་ལག་ཆ་ཞིག |
| གསེག་གཅོད་ཁ་ལོག |
(ཡུལ་སྐད།) ཡིག་འབྲུའི་བར་མཚམས་འདོན་བྱེད་ཀྱི་ལག་ཆ་ཞིག |
| གསེག་གཅོད་ཁ་སྦུབས |
(ཡུལ་སྐད།) ཡིག་འབྲུའི་བར་མཚམས་འདོན་བྱེད་ཀྱི་ལག་ཆ་ཞིག |
| གསེག་གཅོད་ཆེ་སག |
(ཡུལ་སྐད།) པར་ཤིང་གི་སྟོང་ཆ་འདོན་བྱེད་ཆེ་གྲས་ཤིག |
| གསེག་གཅོད་པུས་འགུགས |
(ཡུལ་སྐད།) པར་ཤིང་གི་སྟོང་ཆ་ཆུང་རིགས་འདོན་བྱེད་ཀྱི་ལག་ཆ་ཞིག |
| གསེག་གཅོད་སེན་གཟུགས་མ |
(ཡུལ་སྐད།) ཡིག་འབྲུའི་བར་མཚམས་འདོན་བྱེད་སེན་མོའི་གཟུགས་ཅན་གྱི་གཟོང་ཆུང་ཞིག |
| གསེག་གྲི |
ཤིང་བཟོ་བས་ཤིང་བཞུར་བྱེད་གྲི་རྩེ་གསེག་ཀ་ཅན་ཞིག |
| གསེག་གྲི་ཤུར་ཅན |
ཤིང་བཟོ་བས་ཤིང་བཞུར་བྱེད་གྲི་སོ་གསེག་ཁ་ཅན་ཆུང་བ་ཞིག |
| གསེག་ཆེན |
(ཡུལ་སྐད།) ཟངས་བཟོ་བའི་ལག་ཆ་ཞིག |
| གསེག་མ |
རྡོའི་རྡོག་པོ་ཆུང་ཆུང་ངམ་བྱེ་མའི་རྡུལ་གྱི་མིང་སྟེ། (དཔེར་ན།) རྡོའི་གསེག་མ། བྱེ་མའི་གསེག་མ་ཞེས་པ་ལྟ་བུ། ཚིག་བསྡུས་ན་གསེག་ཅེས་འབྲི་ཆོག་སྟེ། (དཔེར་ན།) བྱེ་གསེག་ཅེས་པ་ལྟ་བུ། |
| གསེག་ལམ |
རིའི་འཕྲེད་དུ་ཡོད་པའི་ལམ་ཁ། |
| གསེག་ལོན |
ཤིང་བཟོ་བའི་ལག་ཆ་ཞིག |
| གསེག་ཤང |
གསིལ་བྱེད་དམ་འཁར་གསིལ། |
| གསེག་ཤིང |
དགེ་སློང་གི་འཁར་བ་ཞིག་གི་མིང་། |
| གསེང |
1.བར་མཚམས་སམ། སྲུབས་ཏེ། (དཔེར་ན།) བྲག་གསེང༌། ཁོག་མའི་གསེང་བསུབ་པ། ཁོང་གསེང་བརྒྱངས་པ། ལས་གསེང༌། གྲལ་གསེང༌། ཀ་བའི་གསེང༌ལྟ་བུ། 2.དཀྱིལ་དང་ཁྲོད་དེ། (དཔེར་ན།) སྤྲིན་པའི་གསེང༌། ནགས་གསེང༌ཞེས་པ་ལྟ་བུ། |
| གསེང་གཡབ |
ཁང་པའི་མཐོངས་སུ་དཀར་གསལ་བསིལ་གཡབ་ལྟར་ཡོད་པ་སྟེ། (དཔེར་ན།) གསེང་གཡབ་ཡངས་ཤིང་མཐོན་པོའི་འདུ་ཁང༌ཞེས་པ་ལྟ་བུ། |
| གསེང་གསེང |
(རྒྱན་ཚིག) བར་བར་རམ་བར་སྟོང་སེང་སེང༌སྟེ། (དཔེར་ན།) སྣམ་བུའི་ཐག་རྐང་གསེང་གསེང་རེད་ཅེས་པ་ལྟ་བུ། |
| གསེང་དབར |
བར་མཚམས་ཏེ། (དཔེར་ན།) ཉིན་གུང་གསེང་དབར་བྱུང་ཚེ་ཡུད་ཙམ་ཕེབས་རོགས་ཞེས་པ་ལྟ་བུ། |
| གསེང་དབྲག |
བར་མཚམས་སམ་བར་གསེང༌། |
| གསེང་ཕྲག |
བར་མཚམས་ཏེ། (དཔེར་ན།) ལས་ཀའི་གསེང་ཕྲག མི་ཚོགས་ཀྱི་གསེང་ཕྲག་ཅེས་པ་ལྟ་བུ། |
| གསེང་བར |
གསེང་དབར་དང་འདྲ། |
| གསེང་བུག |
བར་སེང་ངམ་བུག་པ་ཆུང་ཆུང༌། |
| གསེང་ཡབ |
གསེང་གཡབ་དང་འདྲ། |
| གསེང་ལམ |
གསང་ལམ་མམ། ཐག་ཐོགས་མེད་པའི་ཉེ་ལམ་ཏེ། & |